| Wylie | e-texts based on the ACIP/ALL Input |
པར་མཆོད་པར་བྱའོ། །རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་རྫོགས་སོ།། །།གསར་འགྱུར་རོ།། (།འདུས་པ་ལས་བྱུང་བ་ཆུ་སྦྱིན་དབང་པོའི་སྒྲུབ་ཐབས་བཞུགས་སོ།།)་རྒྱ་གར་སྐད་དུ། ས་མཱ་ཛ་ནི་ཤཙ་ར ་ཛ་ལེནྟྲ་སཱ་དྷ་ནཾ། བོད་སྐད་དུ། འདུས་པ་ལས་བྱུང་བ་ཆུ་སྦྱིན་དབང་པོའི་སྒྲུབ་ཐབས། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བདེ་ཆེན་ཀུན་དུ་བཟང་པོ་ཡི། །འོད་འཕྲོ་ཤིན་ཏུ་རྣམ་དག་དྲི་མ་མེད། །མཛའ་མེད་ཐུབ་པའི་ཚོགས་ཀྱི་དཀྱིལ ་འཁོར་ཅན། །འབར་བས་མཛེས་པ་འཇམ་དཔལ་དེ་ལ་འདུད། །བློ་བཟང་འདུས་པའི་དོན་ལ་མཉམ་མོ་གཞག་པ། རྡོ་རྗེའི་སློབ་དཔོན་དམ་པ་རབ་མཉེས་བྱས། །ཆོ་ག་བཞིན་དུ་རྗེས་སུ་གནང་བ་ཐོབ། །གང་འདི་བསྒྲུབས་པས་འཁོར་ལོ་སྒྱུར་གནས་ཐོབ? ་སྡིག་པ་དག་ནི་བཤགས་པ་ལ་སོགས་དང། །སྙིང་རྗེས་འཇིག་རྟེན་འདི་ནི་མ་ལུས་པ། །ངན་པའི་རྟོག་པས་མ་རུངས་བྱས་ལ་རྩེ། །ཡང་དག་བྱང་ཆུབ་སེམས་ནི་མཉམ་མེད་པ། །སྒོམ་ཞིང་སྔགས་ཀྱིས་བྱིན་རླབས་ཆོ་ག་བྱ། །རྡོ་རྗེའི་རང་བཞན་? ་དག་བསམ་བྱས་ཏེ། །ཆོས་འབྱུང་ཞེས་བྱའི་ཕྱག་རྒྱའི་དབུས་གནས་པ། །གཞལ་ཡས་ཁང་པ་དེ་ནི་བསམ་པར་བྱ། །བཅུ་དྲུག་ཆ་དང་ཆོ་གས་ལས་བྱུང་བ་ཡི། །ཟླ་བའི་དཀྱིལ་འཁོར་དག་གི་དབུས་ཉིད་དུ། །དཔལ་མཆོག་དང་པོ་ལས་བྱུང་རྡོ་རྗེ་བཟང།། ་ཐུབ་པའི་འོད་ཚོགས་འཕྲོ་བ་ལས་བྱུང་བ། །ཀུན་ཏུ་བཟང་པོ་རིག་པ་དམ་པས་འཁྱུད། །རིག་མའི་ནང་བཅུག་དཀྱིལ་འཁོར་སྤྲུལ་པ་ལས། །བློ་ཡིས་འགྲོ་བ་མ་ལུས་གཞུག་པར་བྱ། །པདྨའི་ནང་ཞུགས་ཡི་གེ་ལྔ་འོད་ཀྱི། །ཟླ་བ་ལྟ་བུར་ཞུ་བ་ཉིད་གྱུར ་པ། །ལྷ་མོ་རྣམས་ཀྱིས་སྒྲ་ཡིས་བསྐུལ་བར་བསམ། །དེ་ཐོས་སྒྱུ་མ་ལྟ་བུར་ཡང་དག་རིག་།རང་གི་སྔགས་ཀྱི་ལུས་སུ་རང་ཉིད་གྱུར། །དེ་ཡི་འོད་ཟེར་མ་ལུས་པ་རྣམས་ཀྱིས། །རང་མཚུངས་ཐུབ་པ་དཔག་མེད་ནང་བཅུག་པས། །རྡོ་རྗེ་གནོད་གནས ་གཟུགས་སུ་རང་ཉིད་གྱུར། །དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན་པ་ཉིད། །སེར་པོ་ནག་པོ་དཀར་པོ་འོད་ཀྱི་ཞལ། །རྡོ་རྗེའི་སྐྱིལ་ཀྲུངས་ཟླ་བའི་དབུས་ན་གནས། །ཕྱག་གཉིས་ཤེས་རབ་དམ་པ་འཁྱུད་པ་ཉིད། །གཡས་ན་བི་ཛ་པུ་ར་རལ་གྲི་དང། །ནོར ་བཟང་འབབ་པའི་ནེའུ་ལེ་པདྨ་ནི། །གཡོན་པའི་ཕྱག་དག་གིས་ནི་རབ་ཏུ་འཛིན། །དྲི་མེད་ཛམ་བུ་ན་དའི་གསེར་འོད་འདྲ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན་པ་ཡི། །འོད་ཆེན་སྐུ་ནི་ནང་ཞིག་སྤོམ་པར་བསྒོམ། །མཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། སྙིང་ནད ་ས་བོན་འོད་ཀྱིས་ཡང་དག་བསྐུལ། །བདེ་བར་གཤེགས་རྣམས་ལྕགས་ཀྱུས་དྲང་བྱས་ནས། །སྔགས་ཀྱིས་བསྲུང་དང་མཆོད་ཡོན་བཟང་སོགས་འབུལ། །མཐར་བྱེད་ལ་སོགས་རྣམས་ཀྱིས་རབ་ཏུ་གཞུག་།རང་གི་མིག ་སོགས་ཀྵིཾ་ཡིག་ལ་སོགས་པས། །ཇི་བཞིན་བཀང་ནས་སྙིང་གར་ཐུགས་ཀྱི་ནི། །རྡོ་རྗེ་དགོད་བྱ་ཁ་དང་མགོ་བོ་ལ། །གསུང་དང་སྐུ་ཡི་རྡོ་རྗེ་བསམ་པར་བྱ། །དེ་ལ་ཕྱོགས་བཅུའི་སངས་རྒྱས་རིག་བཅས་པ། །རྡོ་རྗེ་གསུམ་གནས་ཚུལ་དུ་གཞུག་པར་ ་བྱ། །སྙིང་གར་དཔལ་ལྡན་རྡོ་རྗེ་འཆང་བ་སྟེ། །དེར་གནས་སྙིང་པོའི་འོད་ཀྱིས་ཡང་དག་བསྐུལ། །རིག་པའི་ཚོགས་རྣམས་ཕྱག་ན་བུཾ་བསྣམས་ཏེ། །ཡེ་ཤེས་ཆུ་ཡིས་མངོན་པར་དབང་བསྐུར་བས། །ཐུགས་ཀྱི་རྡོ་རྗེ་ཅོད་པན་ཉིད་དུ་གྱུར། །བད?་ནང་རང ་གི་ས་བོན་འོད་རྣམས་ཀྱིས། །གཟུགས་ལ་སོགས་པ་ཐམས་ཅད་དྲངས་ནས་ནི། །བད?་དག་བྱང་ཆུབ་ཡིད་ཀྱི་ངོ་བོ་ནི། །འོད་ཀྱི་དཀྱིལ་འཁོར་དག་ཏུ་བསྒོམ་པར་བྱ། །འོད་ཀྱི་སྣང་བས་སྤྲུལ་པ་སྣ་ཚོགས་པའི། །མཆོད་པའི་སྤྲིན་གྱི་དྲ་བ་ཁྱབ་པར ་སྤྲོ། །བློ་དང་ལྡན་པའི་དབྱངས་ཀྱིས་དེ་ནས་བསྟོད། །རང་སྙིང་འོད་ཀྱིས་སངས་རྒྱས་ལ་སོགས་པ། །ལུས་ནང་བཅུག་སྟེ་ཤེས་རབ་ཡན་ལག་སྤྲོས། །སྣ་ཚོགས་རྡོ་རྗེ་དང་ནི་ཟླ་དབུས་གནས། །དཔལ་ལྡན་གནོད་གནས་དེར་ནི་རབ་ཏུ་བསམ། །སངས ་རྒྱས་ཡེ་ཤེས་དེ་ནང་ཆུད་བྱས་ནས། །ཛམ་བྷ་ལ་ནི་གནོད་སྦྱིན་དེ་ལ་གཞུག་།མིག་དང་སྐུ་སོགས་བྱིན་གྱིས་བརླབས་ནས་ཀྱང། །ཕྱོགས་བཅུ་ཀུན་ན་གནས་པའི་རྫོགས་སངས་རྒྱས། །འོད་བྱུང་རིག་མའི་ཚོགས་ཀྱི་དབང་བསྐུར་བས། །ཐུགས་ཀྱི་དབང ་པོས་སྤྱི་བོས་བརྒྱན་པར་གྱུར། །རྒྱལ་བའི་བདག་པོ་ཀུན་ལས་བསྒྲུབས་པ་ཡི། །བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་འབུལ་ལོ། །ོཾ་ཨཱ(རྒྱུད་འགྲེལ་ནང་ཆུད་པ། །ཤིན་ཏུ་རྒྱས་པའི་དཀྱིལ་འཁོར་འཁོར་ལོ་འམ། །ཤེས་རབ་ཡན་ལག་གིས་འཁྱུད་རྡོ་རྗེ་འཛིན། །ཡུན་རིང་བསམ་ནས་སྙོམས་པར་ཞུགས་པ་ལས། །བྱང་ཆུབ་བདུད་རྩིའི་ཆུ་རྒྱུན་རབ་ཏུ་བྱུང། །སྔོན་གྱི་ཆོ་གས་རབ་བྱུང་གནོད་སྦྱིན ་བདག་།དེ་ལ་ཁྱོར་ཆུ་ཡང་ཡང་སྦྱིན་པར་བྱ། །ོཾ་ཨཱ(རྒྱུད་འགྲེལ་ཆོ་ག་མཆོག་འདི་ཡིས། །འབྱོར་དང་ལོངས་སྤྱོད་ཐོབ་འགྱུར་སྔོན་དང་མཚུངས། །འཇིག་རྟེན་ཁམས་རྣམས་མ་ལུས་མྱུར་བཀུག་ནས། །དེ་ཡི་ལུས་ཀྱི་ནང་དུ་ཡང་ཡང་བཅུག་།དྲི་བྲལ་རྒྱ་མཚོ་བདུན་དང་མཚུངས་པ་ཡི། །ནོར་བུའི་ཆུ་ངོ་རླབས ་ལྡན་དབབ་པར་བྱ། །གང་ཞིག་འདི་དོན་བསྒོམ་དང་བཟླས་པ་ལ། །བརྩོན་ལྡན་དེ་དག་གཏེར་གྱི་མཆོག་ཐོབ་བཾ། །ཡང་ན་ས་ཆེན་དབང་བའི་རྒྱལ་པོར་འགྱུར། །མིག་སྨན་བྱུག་པ་དང་ནི་གནོད་སྦྱིན་མོ། །མུ་ཏིག་གསེར་དང་གཡས་སུ་འཁྱིལ་བ་དང། ་མཆོག་གྱུར་དངུལ་ཆུ་བུད་མེད་མཆོག་ཐོབ་ཅིང། །རྟག་ཏུ་གོམས་ལ་བདེ་བར་གཤེགས་པ་ཡིས། །ཕུན་ཚོགས་མ་ལུས་པ་ཡང་སྦྱིན་གྱུར་ན། །འདི་ལ་གཞན་ལྟ་བརྗོད་པའི་གོ་སྐབས་ཅི། །ཤེས་རབ་ཀྱིས་ནི་རབ་ཏུ་དཔྱད་གྱུར་ན། །བདག་དང ་གཞན་དུ་སྣང་བ་འགའ་ཡང་མེད། །རྒྱུ་དང་མི་རྒྱུའི་དངོས་པོ་མ་ལུས་པ། །དྲི་ཟའི་གྲོང་ཁྱེར་དག་དང་མཚུངས་པར་ལྟ། །དེ་ལྟར་རབ་ཏུ་རྣམ་བསམ་དངོས་གྲུབ་ཐོབ། །ཡང་ན་དཀྱིལ་འཁོར་ཐུགས་ཀྱི་བདག་པོ་ལས། །གནོད་སྦྱིན་ཆེན་པོའི་ཆོ་ག་ ་མདོར་བསྡུས་པ། །ནང་དང་ཕྱི་རོལ་རིམ་པས་མཆོད་གྱུར་ན། །དམ་པའི་དངོས་གྲུབ་འབྱུང་བར་ཐེ་ཚོམ་མེད། །བློ་གྲོས་མཆོག་གྱུར་ཤིན་ཏུ་རྒྱས་པ་ལ། །མངོན་འདོད་གང་ཡིན་གནོད་སྦྱིན་དཀྱིལ་འཁོར་ཆེ། །མངོན་པར་འདོད་ལ་རབ་གསལ ་གང་ཡིན་པ། །དེ་ཉིད་གཞན་དུ་བཤད་ལས་ཤེས་པར་བྱོས། །འདིར་ནི་མདོར་བསྡུས་ཙམ་དུ་མངོན་བརྗོད་པ། །ཉམས་ཆུང་བློ་ཅན་རྗེས་སུ་བཟུང་ཕྱེར་ཏེ། །འདི་ཙམ་གྱིས་ཀྱང་བྱང་ཆུབ་སེམས་དཔའ་ཆེ། འོད་ཆེན ་གནོད་གནས་དེ་དང་མཚུངས་པར་འགྱུར། །གང་ཞིག་བསྟེན་པས་སྡུག་བསྔལ་ཆུད་པ་ཀུན། །སྐད་ཅིག་རེ་རེ་ལ་ཡང་ཡོངས་ཟད་ནས། །དཀའ་བ་མེད་པར་མཆོག་བདེ་དམ་པ་ནི། །ཐོབ་འགྱུར་འདི་ལ་ཅི་ཕྱིར་འཇུག་མི་བྱེད། །ལམ་གྱི་ཆུ ་བོའི་ཤུགས་དྲག་འཁོར་བ་ལས། །འདོད་པའི་སེམས་ཀྱིས་རྣམ་མང་བྱ་བ་ཡང། །སྣ་ཚོགས་འབྲས་བུ་མེད་ལ་བློ་བཟློག་སྟེ། །དོན་ཡོད་ཚུལ་འདིར་འབད་ན་བདེ་བར་འགྱུར། །རིགས་སྔགས་སྟེར་བའི་སློབ་དཔོན་དྲིན་ལས་ནི། །དམ་པའི་གསུང ་དང་མཐུན་པར་སྒྲུབ་པའི་ཐབས། །འདི་བ་རྩམས་དགེ་བས་སྲིད་གསུམ་འགྲོ་བ་ཀུན། །ནང་གི་ཕུན་ཚོགས་ཐུབ་དབང་ཉིད་ཐོབ་ཤོག་།འདུས་པ་ལས་བྱུང་བ་ཆུ་སྦྱིན་དབང་པོའི་སྒྲུབ་ཐབས་རྫོགས་སོ།། །། ་གསར་འགྱུར་ཡིན་ནོ།། (།།རྣམ་ཐོས་ཀྱི་བུའི་སྒྲུབ་ཐབས་བཞུགས་སོ།།)་།རྒྱ་གར་སྐད་དུ། བཻ་ཤྲ་པ་ཎ་སཱ་དྷ་ནཾ། བོད་སྐད་དུ། རྣམ་ཐོས་ཀྱི་བུའི་སྒྲུབ་ཐབས། སངས་རྒྱས་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྒྱལ་པོ་རྣམ ་