| Wylie | e-texts based on the ACIP/ALL Input |
སོ།། །།པ་ཚབ?་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། སཾ་ཀྵི་པ་ཏཾ་བཛྲ་ཝ་དཱ་ཧི་སཱ་དྷ་ནི། བོད་སྐད་དུ། མདོར་བསྡུས་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། བཅོམ་ལྡན་འདས་མ་རྡོ་རྗེ ་ཕག་མོ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཤིག་རྣལ་འབྱོར་པས། དུར་ཁྲོད་ལ་སོགས་པ་འདི་དགའ་བའི་གནས་སུ། །རང་གི་སྙིང་གར་ཟླ་བ་ལ་ཡི་གེ་ཨོམ་གྱི་འོད་ཟེར་སྤྲོས་པས་བླ་མ་དང། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ལ་མདུན ་དུ་དམིགས་ཏེ། མཆོང་པ་དང། སྡིག་པ་བཤགས་པ་ལ་སོགས་པ་རྣམས་བྱས་ལ། ནམ་མཁའ་དང་མཚུངས་པར་ཁམས་གསུམ་རྣམ་པར་བསམ་སྟེ། ཧཱུཾ་ལས་རྡོ་རྗེའི་རྣམ་པར་གྱུར་པའི་ས་གཞིར། དུར་ཁྲོད་བརྒྱད་ཀྱི་དབུས་སུ་ཆོས་འབྱུང་གི་ནང་དུ་ཆུད ་པའི་པདྨའི་ལྟ་བ་ལ་ཟླ་བ་ལ་གནས་པའི་ཉི་ཟླ་ཁ་སྦྱར་བའོ། །དེ་ལ་གནས་པའི་ཡི་གེ་པཾ་ལས་རྡོ་རྗེའོ། །དེའི་ས་བོན་ལས་ལེགས་པར་བྱུང་བའི་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྟེ། བསྲེག་པའི་བསྐལ་པའི་མེ་དང་ཁ་དོག་མཚུངས་པ། ཞལ་གཅིག་ཕྱག ་གཉིས་མ། གཡས་པས་ནི་ཕྱོགས་ཐམས་ཅད་དུ་འགྲོ་བ་མ་རུང་ས་རྣམས་ལ་སྡིགས་འཛུབ་མཛད་ཅིང་རྡོ་རྗེ་བསྣམས་པ། ཡང་ན་ནི་ཅང་ཏེའུ་འཛིམ་པའོ། །གཡོན་པས་ཐོད་པ་དང། ཁ་ནཱཾ་ག་བསྣམས་པ། འཇིགས་བྱེད་དུས་མཚན་བརྐྱང་བསྐུམ་གྱིས ་མནན་པ། ཞལ་ཕྱོགས་རྣམས་སུ་གཟིགས་པ། སྒྲ་ལྷུག་པར་གྱུར་ཅིང། ཐོད་པའི་དུམ་བུའི་འོག་དཔག་དང་ལྡན་པ། ཞལ་མཆེ་བ་རྣམ་པར་གཙིགས་མ། སྤྱན་གསུམ་མ། ཞལ་རྣམ་པར་འགྱུར་མ། སྤྱི་འོ་ན་སྣ་ཚོགས་རྡོ་རྗེ་དང་ལྡན་ཞིང། ཐོད་པའི་འཕྲེང ་བས་མཛེས་པ་མ། མགོ་བོ་བརྒྱུས་པའི་འཕྲེང་བས་འཇིགས་ཤིང་སྐུ་མཛེས་པ། རྒྱན་ཐམས་ཅད་ཡིས་སྐུ་བརྒྱན་པའོ། །སངས་རྒྱས་ཐམས་ཅད་དབང་བསྐུར་གནས། །རྣམ་པར་སྣ་བ་མཛད་རིགས་བྱུང་བའི། །དངོས་གྲུབ་ཐམས་ཅད་རབ་སྦྱིན་མ། ། ་སྐུ་ནི་?་དང་བསྡུ་བར་ཏེ། །མཆོད་བསྟོད་བདུད་རྩི་མྱང་བ་ཡང། །རྣལ་འབྱོར་མཉམ་པར་བཞག་པར་བྱ། །གུས་དང་བཅས་པས་རྟག་བསྒོམས་ན། །སངས་རྒྱས་ཉིད་ནི་བླ་མར་ཐོག་།སྡོམ་པ་བྱས་ལ་དགོད་བྱ་ཞིང། །རྣལ་འབྱོར་རིག་པས་གཏོར་མ་བཏང། ་ཨོཾ་བཾ་རྡོ་རྗེ་ཕག་མོ་ནི་ལྟེ་བར་རོ། །ཧ་ཡཾ་ཡ་མི་ནཱི་ནི་སྙིང་གར་རོ། །ཧྲི་མོཾ་རྨུགས་བྱེད་མོ་ནི་ཁ་ལའོ། །ཧྲོ་ཧྲི་ཀུན་དུ་སྐྱོང་མ་ནི་མགོ་ལ་ལའོ། །ཧཱུཾ་ཧཱུཾ་ཀུན་དུ་སྐྲག་བྱེད་མ་ནི་སྤྱི་བོ་ལའོ། །ཕཊ་ཕཊ་གཏུམ་མོ་ནི་ཡན་ལག་ཐམས་ཅད་ལ་མཚོན་ཆ་རོ། །ལྟེ་བ་སྙིང་ག་དེ་བཞིན ་ཁ་དང་ནི། མ་གཽ་སྤྱི་བོ་མཚོན་ཆ་ཉིད་ཀྱའོ། །རྩེ་མོ་མདུད་བྱས་གུང་མོ་ངེས་པར་རྩེ་སྦྲང་ཅིང། །མཐེ་བོང་རྡོ་རྗེ་དག་ནི་བརྟན་པར་ལེགས་བཙིར་ཏེ། །དཔྲལ་བའི་དབུས་སུ་ལེགས་པ་ཉིད་དུ་བཞག་བྱས་ལ། །ཀུན་ནས་སྐོར་བའི་སྐོར་བར་བྱེད་པས་བསྐོར་བར་བྱ།། ་རྐང་པ་མནན་ཅིང་གྱེན་དུ་ལྟ་བྱེད་པས། །སྤྱི་ནས་ཕྲེཾ་གི་སྒྲ་ནི་བརྗོད་བྱ་ཞིང། །ཕྱོགས་བཅུ་འཇིག་རྟེན་ཁམས་ན་གནས་པ་ཡི། །དཔའ་བོ་རྣལ་འབྱོར་མ་རྣམས་བོད་པར་བྱ། །ོཾ་ཡི་གེ་ཤུདྡྷ(རྒྱུད་འགྲེལ་ས་མ་ཡ་སྟཝཾ་དྲི་ཤྱ་ཧོ(རྒྱུད་འགྲེལ་ཡ་ཐཻ་བཾ་ཡཾ་?་བྷུཾ་ཛ་ཐ། པི་བ་ཐ། ཛི་གྷ་ཐ། མ་ཏི་ཀྲ་མ་ཐ་མ་མ་སརྦ་ཀ་ཧ་ཡ་སད་སད་སུ་ཁ་བི་ཤུདྡྷ་ཡེ་ས་ཧཱ་ཡི་ཀཱ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། གཏོར་མའི་སྔགས་སོ། །ོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱཧཱ། སྙིང་པོའི་སྔགས་ཡི་གེ་བཅུ་པའོ། །ོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ ་བརྞ?་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོ་ཡི་གེ་ཉི་ཤུ་རྩ་གཅིག་པའོ། །ོཾ་སརྦ་ག་མི་ནི་སརྦ་བྷ་ཀྵཾ་ཤོ་དྷ་ཡ། གུ་ཧཡཾ་བཛྲི་ཎི་ཧཱུཾ་སྭཱཧཱ། ཟས་ཐམས་ཅད་སྦྱོང་བར་བྱེད་པའི་སྡུགས་སོ། །ཡང་ན་གདམ་ངག་གིས་རང་གི་སེམས་?་པར་བྱེད་འདོད? ་པས། རང་གི་ལྟེ་བའི་པདྨའི་སྟེང་དུ་ཟླ་བ་ཁ་སྦྱོར་གྱི་ནང་ན་གནས་པའི་ཡི་གེ་བཾ་ཡུངས་ཀར་ཕྲ་མོའི་ཆད་ཙམ་ལས་ངེས་པར་བྱུང་བའི་པདྨའི་དེ་ཁོ་ན་ཉིད་ཀྱི་རྣམ་པའི་འོད་ཟེར་བསྒོམ་པར་བྱའོ། །ཁམས་གསུམ་འོད་གསལ་ཞིང་བདེ་བ་ཆེན་པོའི་རྣམ་པར་མཐོང ་བར་འགྱུར། །འདི་ནི་མདོར་བསྡུས་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྫོགས་པ་ཡིན་ནོ།། །།སློབ་དཔོན་ཨ་ཌཧ་ཡའི་ཞལ་སྔ་ནས་དང། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྐུར་བའོ།། །། ་