| Wylie | e-texts based on the ACIP/ALL Input |
ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བཅོམ་ལྡན་འདས་མ་ནོར་རྒྱུན་མའི་རྟོགས་པ་རྫོགས་སོ།། །།འགྱུར་རྙིང་དངོས་ཡིན་ནོ།། །། *། (།ནོར་དཔལ་མོའི་རྟོག་པ་བཞུགས་སོ།།)་།རྒྱ་གར་སྐད་དུ། ་བཱ་སུ་ཤྲཱི་ཀལྤ། བོད་སྐད་དུ། ནོར་དཔལ་མོའི་རྟོག་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །ན་མོ་རཏན་ཏྲ་ཡཱ་ཡ། ཨོཾ་བ་སུ་དྷ་རེ་སྭཱཧཱ། སྙིང་པོའོ། །ན་མོ་རཏན་ཏྲ་ཡཱ་ཡ། ཨོཾ་བ་སུ་ཤྲཱི་སྭཱཧཱ། ཉེ་བའི་སྙིང་པོའོ། །ན་མོ་རཏན་ཏྲ་ཡཱ་ཡ། ཨོཾ་བ་སུ་སྭཱཧཱ། ཉེ་བའི་སྙིང་པོའི་ཡང་ཉེ་བའི ་སྙིང་པོའི། །ཐལ་མོ་སྦྱར་ཏེ་གུང་མོ་གཉིས་དང་དེ་ནས་སྲིན་ལག་གཉིས་དང། མཐེའུ་ཆུང་གཉིས་གཤིབས་ཏེ། སྡིགས་འཛུབ་ཕན་ཚུན་གཉིས་སྒྲིལ་ལ། མཐེའུ་ཆུང་གཉིས་ཅུང་ཞིག་བསྣོལ་ཏེ། རྩེ་མོ་གཉིས་རྒྱབ་སྤྲ་དེ་ཁབ་ལྟ་བུ་བྱས་ལ། གུང་མོ་རྩ་སྤྲད་པ ་ལ་མཐེབ་མོ་ཟུང་ཅིག་གི་དེའི་འོག་ཏུ་སྦྱར་ཏེ། རེག་པར་བཅས་པ་ནི། རབ་ཏུ་བཟུང་བའི་རྟོག་པ་ལས་གསུངས་པ་སྡེ། ལས་ཐམས་ཅད་སྒྲུབ་པའི་བཅོམ་ལྡན་འདས་མ་ནོར་རྒྱུན་མའི་གཟུངས་ནི་ཐུབ་པས་གསུངས་སོ། །ན་མོ་རཏན་ཏྲ་ཡཱ་ཡ། ཨོཾ་ཤྲཱི་ཡེ་ཤྲཱི་ཀ་རི། དྷ ་ན་ཀ་རི། དྷ་ན་ཀ་རི། དྷ་ན་ཀ་རི་སྭཱཧཱ། སྒྲུབ་པར་བྱ་བའི་སྔགས། །དང་པོ་རེ་ཤིག་རིག་པ་འདིའི་དམ་ཚིག་གི་ཕྱག་རྒྱ་ནི་སོར་མོ་རྣམས་ཐལ་མོ་སྦྱར་ལ། མཐེབ་ཆེན་དབུས་སུ་བཅུག་སྟེ། བཅོམ་ལྡན་འདས་མའི་དམ་ཚིག་གི་ཕྱག་རྒྱའོ། །ོཾ་ས་མ་ཡེ། ས་མེ་ས་མ ་ཡ་ཀ་རི། མ་ཧཱ་ས་མ་ཡེ་སྭཱཧཱ། དམ་ཚིག་གི་ཕྱག་རྒྱ་དང་སྔགས་སོ། །ཕྱག་རྒྱ་དེ་ཉིད་ལ་གུང་མོ་དང་སྡིགས་འཛུབ་ཀྱི་ཚིགས་གསུམ་པ་བཀུག་ཅིང། མཐེབ་ཆུང་གཉིས་ཅུང་ཟད་ཕྱིར་ཕྱུང་བ་ནི་བཅོམ་ལྡན་འདས་མའི་ཕྱག ་རྒྱའོ། །འདི་ནི་དབབ་པ་དང། བསྡུ་བ་དང། སྒྲུབ་བྱའི་སྔགས་ཀྱི་བྱའོ། །ཕྱག་རྒྱ་དེ་གཉིས་ལ་སྡིགས་འཛུབ་གཉིས་བརྐྱང་པ་ནི་མེ་ཏོག་གི་ཕྱག་རྒྱ་ཡིན་ཏེ། ཨོཾ་བ་སུན་དྷེ་སྭཱཧཱ། མེ་ཏོག་གི་ཕྱག་རྒྱ་དེ་ཉིད་ལས་གུང་མོ་བརྐྱང་བ་ནི། བདུག་སྤོས་ཀྱི་ཕྱག་རྒྱ་ཡིན ་ཏེ། སྔགས་ནི་ཨོཾ་བ་སུ་དྷ་རི་སྭཱཧཱ། ཕྱག་རྒྱ་འདི་ཉིད་ལ་མིང་མེད་བརྐྱང་པ་ནི་དྲིའི་ཕྱག་རྒྱ་ཡིན་ཏེ། སྔགས་ནི་ཨོཾ་པ་སུ་དྷ་མ་ཏི་ཤྲི་ཡེ་སྭཱཧཱ། ཕྱག་རྒྱ་འདི་ཉིད་ལ་མཐེའུ་ཆུང་གི་སེན་མོ་མཐེབ་ཆེན་གྱིས་བཀབ་སྟེ། སོར་མོ་གཞན་རྣམས་ནི་རྡོ་རྗེའི་མཚན ་ཉིད་དུ་བྱས་པ་ནི། མར་མེའི་ཕྱག་རྒྱ་སྟེ། སྔགས་ནི། ཨོཾ་བ་སུ་དྷཱ་རི་ཎ་སྭཱཧཱ། ཐལ་མོ་གན་རྐྱལ་དུ་བྱས་ལ། མཐེ་བོར་གཉིས་ལོགས་སུ་སྦྱར་བ་ནི་གཏོར་མའི་ཕྱག་རྒྱ་ཡིན་ཏེ། སྔགས་ནི། ཨོཾ་བ་སུ་དྷཱ་རི་ཎི་སྭཱཧཱ། ལྷག་མ་ཉེ་བར་སྤྱོད་པ་ཉི་ཤུ་རྩ་བའི ་སྔགས་ཀྱི་ཐུན་མོང་གི་ཕྱག་རྒྱའམ་སྔགས་ཀྱིས་བསྒྲུབ་པར་བྱའོ། །བཅོམ་ལྡན་འདས་མའི་ཐད་ཀའི་ཆོ་ག་ནི་ཉམས་པ་མེད་ཅིང། སྒྲའི་རྣམ་པ་མེད་ཅིང་སྐུང་པ་མཆོད་པའི་རས་ཞེང་དུ་མཐོ་གང་གི་ཆོད་ཉིད་དང། རིང་དུ་མཐོ་བོ་བྱས་ཏེ། སྟེང་དུ ་བཅོམ་ལྡན་འདས་བྲི། གཡས་སུ་འཕགས་པ་སྤྱན་རས་གཟིགས་བྱ། གཡོན་དུ་རྡོ་རྗེ་འཆང་པ་བྱ། བཅོམ་ལྡན་འདས་ཀྱི་འོག་ཐང་ཀའི་དབུས་སུ་བཅོམ་ལྡན་འདས་མ་བྲིས་ཏེ། གསེར་གྱི་མདོག་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གོས་སྲབ་མོའི་ཤ ་འགག་བསྣམས་ལ། དེ་བཞིན་དུ་གོས་སྲབ་མོའི་སྟོད་གཡོགས་ཅན། ཁ་དོག་སྣ་ཚོགས་ཀྱི་གོས་ཀྱི་ཤམ་ཐབས་དང་ལྡན་པའོ། །དེ་ནས་འོག་ཕྱོགས་སུ་སྒྲུབ་པ་པོ། །ལག་ན་མཆོད་པ་ཐོགས་པ་བྱའོ། །དེ་ནས་སྒྲུབ་པ་པོས་གཙང་སྦྲ་བྱས། གོས་གཙང་མ ་གྱོན་ཏེ། གསོ་སྦྱོང་ཡན་ལག་བརྒྱད་བྱའོ། །དེའི་མདུན་དུ་བསྙེན་པ་འབུམ་ཕྲག་གཅིག་བྱས་ལ་ཇི་ལྟར་འབྱོར་པས་མཆོད་པའི་ཆོ་ག་བྱའོ། །དེ་ནས་སྒྲུབ་པ་པོ་བློ་དང་ལྡན་པས་སྨྱུང་བ་བྱས་ཏེ། ཞིང་གི་དབུས་སུ་ཐང་སྐུ་བཞུགས་སུ་གསོལ་ཏེ། དྲི་དང་མེ་ཏོག་དང། ་བདུག་པ་དང། ཉེ་བར་ལོངས་སྤྱོད་པའི་གཏོར་མ་བྱས་ལ། བརྒྱད་བརྒྱ་བཟླས་པར་བྱའོ། །ཐང་ཁའི་འོག་ཏུ་ལན་བརྒྱ་རྩ་གཅིག་གིས་སྔགས་བྱས་པའི་བུམ་པ་ཆུས་ཡོངས་སུ་གང་བ་བཞག་པར་བྱའོ། །བུམ་པའི་ཆུས་གཏོར་མ་བཏང་ཞིང། གླང་བུ་དང། ཐོང ་འཛིན་གཉིས་ལ་གཏོར་བར་བྱའོ། །གླང་བུའི་མགུལ་བ་དང། ཐོང་འཛིན་གྱི་མགུལ་པར། མེ་ཏོག་གི་ཕྲེང་བ་གདགས་པར་བྱའོ། །དེ་རྣམས་ཀྱི་མདུན་དུ་སྔགས་པས་ཆུའི་རྒྱུན་ཞིང་ལ་ལན་གསུམ་གཡས་ལོགས་སུ་སྐོར་བ་བྱ་བ་ནི་སྔགས་པས་མདུན་དུ་འགྲོ་ཞིང། ་སྔགས་པའི་རྟིང་ནས་ཞིང་རྨོད་འགྲོ་བར་བྱའོ། །ཕྱིས་ས་བོན་འདེབས་པའི་དུས་སུ། ཆོ་ག་འདིས་བརྒྱད་བརྒྱ་བསྔགས་ལ། ས་བོན་སྤར་བ་གང་ལ་ལན་བདུན་བཟླས་ཏེ་ཞིང་ལ་གཏོར་བར་བྱའོ། །ས་བོན་གདབ་པའི་ཆོ་གའོ། །ང་ནི་ཞིང་བརྔ་བའི་དུས་སུ་ཡང་ཆོ་ག ་འདིས་བྱའོ། །ཆོ་ག་ལྷག་པ་ནི་འདིར་དགེ་སློང་བཞི་ལ། ཞིང་གི་མཚམས་བཞིར་ཅི་འདོད་ཀྱི་སྟོན་མོ་བྱས་ཏེ། དེ་ནས་སྔགས་པས་ཆད་པ་བདུན་བཟླས་པ་བྱེད་ཅིང། བརྡ་བ་ནི་ལོ་ཐོག་རྩ་བ་བྱ་བའི་ཆོ་གའོ། །ད་ནི་གཡུལ་འཆག་པ་བྱ་བའི་ཆོ་ག་བཤད་པར་བྱ ་སྟེ། གཡུལ་འཆག་པའི་དུས་སུ་སྔགས་པས་རང་ཉིད་གཙང་སྦྲ་བྱས་ལ། གོས་གཙང་མ་གོན་ལ། ཤར་དུ་ཞལ་བསྟན་ཏེ། སྐུ་གཟུགས་བཞུགས་སུ་གསོལ་ལ། དྲི་དང། མེ་ཏོག་དང། བདུག་པ་དང། ཡང་ཉེ་བར་ལོངས་སྤྱོད་པའི་གཏོར་མ་བྱས་ལ། ་བཟླས་པ་བྱས་ཏེ་འབྲུའི་ཕུང་པོའི་མཚམས་བཞིར། གཞོན་ནུ་མ་གསར་དུ་བག་མ་བྱས་ཤིང་ཁྱོ་ཡོད་པའི་བུད་མེད་བཞི་ལ་སྟོན་མོ་བྱས་ནི། དེ་སྙེད་ཀྱི་མཐར་ཟད་པ་མེད་པར་གནས་སོ། །དེ་ནས་སྐྱེས་བུས་འབྲུ་འཇལ་ཞིང། གྲངས་བྱེད་པའི་དཔྲལ་པ་ལ་སྔགས ་དགོད་པར་བྱའོ། །བཅོམ་ལྡན་འདས་མའི་སྔགས་དེ་སྙེད་དུ་སྨྲ་བཅད་བྱས་ལ་བཟླས་པ་བྱའོ། །ཇི་སྙེད་དུ་སྔོ་ལ་ལྟས་ན་ཉིས་འགྱུར་དུ་འགྲོ་བར་འགྱུར་རོ། །དེ་སྙེད་བཟླས་པ་བྱའོ། །དེ་ནས་འབྲུའི་ལྷག་མ་དེ་མི་འཇལ་བར ་འཕོངས་པའི་མི་ལ་སོགས་པ་པོས་ཤིང་སྦྱིན་པ་འམ། དགེ་འདུན་ལ་སྦྱིན་པ་བྱའོ། །གཡུལ་འཆག་པའི་ཆོ་གའོ། །ད་ནི་འབྲུ་བར་མཛད་དུ་འཇུག་པའི་ཆོ་ག་བཤད་པར་བྱ་སྟེ། དང་པོ་རེ་ཞིག་མཛོད་ཀྱི་སྒོ་གཡས་གཡོན་དུ་འབྱུང་པོ་གཉིས་གཅེར ་བུ་གསུས་པ་འཕྱང་བ། དབང་པོ་འཕྱང་པ། གཡོན་པའི་ལག་ན་འབྲུའི་སྣོད་བཟུང་ཞིང། འབྲུ་སྐྱུག་བཞིན་པ། གསེར་གྱི་མདོག་།རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཉིས་འབྲི་བར་བྱའོ། །མཛོད་ཀྱི་ཁང་པར་ཡང་དྲི་དང། བྱུག་པ་དང། མཆོད ་ཡོན་སྦྱིན་ཞིང། གདུགས་དང། རྒྱལ་མཚན་དང། བ་དན་ལ་སོགས་པས་བཅོམ་ལྡན་འདས་མའི་ཐང་ཁའི་མཛོད་ཀྱི་ནང་དུ་གཞུག་པར་བྱའོ། །དེ་ནས་འོ་མའི་ཆུ་རྒྱུན་གཏོར་བཞིན་པའི་སྔགས་པས་འགྲོ་བར་བྱ་ཞིང། དེའི་རྒྱབ་ནས་དེ་ནས་བྲི་བར ་ཁྱིམ་དུ་གཞུག་པར་བྱའོ། །དེའི་རྗེས་ལ་འབྲུའི་མཛོད་ཁང་དུ་ཕྱག་རྒྱ་བཞག་པར་བྱའོ། །དེ་ནས་མཛོད་ཀྱི་ཁང་པའི་སྒོ་རུ། དགེ་འདུན་གྱི་སྟོན་མོ་བྱས་ལ། དྲི་དང་མེ་ཏོག་དང། བདུག་པ་ལ་སོགས་པས་མཆོད་དོ། །ནོར་རྒྱུན་མིའི་གཟུངས་རྫོགས་པར་ཀློག་པར ་བྱའོ། །གཏོར་མ་རྒྱ་ཆེན་པོ་བྱས་ལ་ཐང་ཁའི་མདུན་དུ། དེ་ནས་སྐྱེས་བུས་འབྲུ་ཕྱིར་འབྱིན་པར་བྱེད་དོ། །དེ་བཅོམ་ལྡན་འདས་མ་དང་འདྲ་བར་བསམ་ལ། གུར་གུམ་གྱི་གྲོ་བ་ལ་སྔགས་བྲིས་ལ། སྤྱི་བོར་བཅིངས་ལ་ཁ་གོས་ཀྱིས་བཀབ་ལ་ཉི་མ་རེ་རེ་ཞིང ་འབྲུ་ཕྱིར་དབྱུང་བར་བྱའོ། །མཛོད་ཁང་གི་སྒོ་རུ་ཉིན་རེ་ནོར་རྒྱུན་མ་ཞེས་བྱ་བའི་གཟུངས་ཀྱི་མདོ་བཀླག་པར་བྱའོ། །སྔགས་པས་སྒྲུབ་བྱའི་སྔགས་ལྟས་ལ། དུས་གསུམ་དུ་བརྒྱད་བརྒྱ་བཟླས་པ་བྱའོ། །ཇི་ལྟར་སྙེད་པའི་བཅོམ་ལྡན་འདས་མ་ནོར་རྒྱུན ་མའི་གཟུངས་ཀྱིས་རྟོག་པ་རྫོགས་སོ།། །།དེ་ལྟར་ཆོས་ཚན་གཉིས་ནོར་རྒྱུན་མའི་ཆོ་ག་སྟེ་རྒྱ་དཔེ་མ་རྙེད། འགྱུར་རྙིང་ཁོ་ནའོ།། །། *། (།རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བཞུགས་སོ།།)་།།རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧི་སཱ?་ནི། བོད ་