| Wylie | e-texts based on the ACIP/ALL Input |
བཞིན་ཐིག་ལེ་སྒྲ་སྤངས་ལ། །བརྟན་གྱུར་སྟོབས་བསྐྱེད་ཏིང་འཛིན་སྦྱངས། །མན་ངག་རིམ་པས་སྒྲ་ནང་དུ། །ཆུ་སྐྱེས་འདབ་བཞི་འདབ་བརྒྱད་ནས། །འདབ་མ་སྟོང་གི་བར་དུ་དམིགས། །སླར་བསྡུས་སྒྲ་ཡི་ངོ་བོ་ལས།། ་འདས་པ་མི་ཕྱེད་ཡེ་ཤེས་འདོད། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །མཁས་པ་རབ་ཏུ་བསྟེན་གྱིས་ཅེས། །སེམས་ཅན་རྣམས་ལ་བདག་གསོལ་འདེབས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྡོ་རྗེ་ལྟ་བུ་ཞེས་བྱ་བ། དཔལ་ཀམྦ་ལ་པས ་མཛད་པ་རྫོགས་སོ།། །།རྡོག་འགྱུར་གཅོད་མ་ཡིན་ནོ།། །།རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏ་ཨུ་པ་དེ་ཤ་།བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་།སངས་རྒྱས་ལ་ཕྱག་འཚལ་ལོ།། ་རྟོག་པ་ཀུན་ལས་ངེས་གྲོལ་གང། །མཚན་མེད་སྟོང་པའི་ངོ་བོ་ཅན། །དགེ་མ་དེ་ལ་ཕྱག་འཚལ་ནས། །དེ་ཉིད་གསལ་བར་བྲི་བར་བྱ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་འདི་ལ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རབ་ཏུ་དབྱེ་བ ་དག་ཤེས་པའི་སྒོ་ནས། ཁོང་དུ་ཆུད་དགོས་པ་ཡིན་ནོ། དེ་ཡང་ཕལ་ཆེ་བའི་སྤྱོད་ཡུལ་མ་ཡིན་པས། སྒྲ་ལས་འདས་པའི་རིམ་པ་འདི་བསྟན་ནོ། །དང་པོར་སེམས་མི་གཡོ་བར་འདུག་པ་སློབ་པར་འདོད་པས། ལུས་སེམས་ངལ་དུབ་མེད་པར ་བྱས་ནས། གནས་བདེ?་བར་གནས་པར་བྱའོ། །དེ་ནས་རང་གི་སྙིང་དབུས་སུ། །ཆུ་སྐྱེས་དཀར་པོ་འདབ་བཞིའི་དབུས། །པྲཾ་ནི་དཀར་པོ་བསམ་བར་བྱ། །བརྟན་འགྱུར་རིམ་པས་སྒྲ་ལ་དམིགས། །དེ་ནས་པདྨ་འདབ་བརྒྱད་དང། །བརྒྱ་ཡི་བར་དུ་སྤྲོ་བནདུ ་བྱ། །དེ་ནས་མི་གཡོ་བརྟན་གྱུར་ན། །དམ་པ་རྣམས་ལ་རྙེད་བཀུར་གྱིས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྫོགས་སོ།། །།རྒྱ་དཔེ་མ་རྙེད་རྡོག་འགྱུར་གཙང་མ་ཡིན།། །། ་*། (།ཞི་བར་བྱེད་པ་སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་བཞུགས་སོ།།)་།རྒྱ་གར་སྐད་དུ། ཤཱན་ཏ་ཀྲིཏ་པི་ཤཱ་མཱ་ཏ་སཱ་དྷ་ནཾ། བོད་སྐད་དུ། ཞི་བར་བྱེད་པ་སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཕྲ་རབ་རྡུལ་གྱིས་ཆོས་ཉིད་འདས། །ཕྲ་ཕབ་པ་ཡི ་རང་བཞིན་ཅན། །རྣམ?་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །འདིར་སྙིང་གར་གནས་པའི་པདྨ་དཀར་པོ་དང་ཟླ་བ་ལ། །པ་སྡེའི་གཉིས་པ་ཆུའི་ཁམས་ཏེ་ཕ་ཡིག་དང། འོག་ཏུ་མེའི་ཁམས་ར་ཡིག་དང། སྟེང་དུ་རླུང་གི་ཁམས་ཨེ་ཡིག་དང། རྗེས་སུ་རོ? ་ཐམས་ཅད་ལ་ཁྱབ་པ་ཉིད་ཀྱི་ཕྱིར། དེ་རྣམས་གཅིག་པ་ཉིད་ནི་ཕྲེཾ་ཕྲེཾ་མོ། །དེ་ལས་དྲི་མེད་རི་བོང་ཅན་གྱི་འོད་དང་མཚུངས་པའི། །བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་ཇི་སྐད་བཤད་པ་ལྟར་བསྒོམ་པར་བྱ་སྟེ། དེའི་ཐུགས་ཀར་ཡང་ཟླ་བ་ལ་ཕྲེཾ་ཕྲེཾ་ཡིག་བསམ་པར ་བྱའོ། །དེ་ཡང་ཞལ་བཞི་པ་ཕྱག་བརྒྱད་མ། ཇི་སྐད་བཤད་པ་ལྟ་བུ་འམ། ཕྱག་གཉིས་ན་གྲི?་གུག་དང་ཐོད་པ་འཛིན་པར་ཡང་བསྒོམ་མོ། །ཡང་ན་ཇི་སྐད་བཤད་པའི་ཞི་བའི་ལྷ་མོ་ཉིད་དེ། ལས་དང་རྗེས་སུ་མཐུན་པར་སྒྲུབ་པའི་ཕྱིར། ཐམས་ཅད་ཀྱང་མི་འགལ་བ་ཁོ་ནའོ། ་དེའི་ཕྱིར་བླ་མ་དམ་པ་ལ་མན་ངག་ཇི་ལྟ་བ་བཞིན་ནོས་ཏེ་བསྒོམ་པར་བྱའོ། །ོཾ་ཕྲེཾ་ཕྲེཾ་བི་ཤྭ་མཱ་ཏ་བཛྲ་ཀཎྜ་ཀཱ་ན་ནཱ་ཤ་ཡ་ནཱ་ཤ་ཡ། མ་མཱ་ཤཱན་ཏཾ་ཀུ་རུ་ཀུ་རུ་སྭཱཧཱ། ཅེས་པ་ནི་བདག་ཉིད་ཀྱི་དོན་དུ་སྔགས་སོ། །སྲན་ཆུང་ལ་སོགས་པ་ལན་བདུན་དུ་མངོན་པར་བསྔགས ་པ། ཇི་ལྟ་བ་དེ་བཞིན་ཉིད་དུ་དེ་ཉིད་ཀྱི་སྲུང་བ་སྟེ། སྤྱི་གཙུག་དང། མགོ་བོ་དང། མགྲིན་པ་དང། སྙིང་ག་དང། ལྟེ་བ་དང། གསང་བ་སྟེ་གནས་དྲུག་པོ་འདི་རྣམས་སུ། ཐུན་གསུམ་དུ་བསྲུང་བ་བྱའོ། །གཞན་སྲུང་བའི་དོན་དུ། ལྷ་སྦྱིན་ལ། ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱཧཱ། ་ཞེས་པ་ནི་ངེས་པའོ། །སྡིག་པའི་ནད་ཞི་བར་བྱེད་པའི་སྲན་ཆུང་དག་དང་བཏགས་ཏེ་འཐུང་བ་དང། རུ་ཏྲཱཀྵ་དང་བཏགས་ཏེ་འཐུང་བ་དང། རིམས་ནད་ཀྱིས་མཐར་གྱུར་པའི་ཐོད་པ་བརྡར?་བ་མི་སྐྱོད་པ་དང་བསྲེས་ནས། སྔགས་ཀྱིས་མངོན་པར་བསྔགས་ཏེ་བྱིན་པ་ ་