CLOSE WINDOW

N3910: dpal rdo rje snang byed gser zhes bya ba'i sgrub thabs
Wyliee-texts based on the ACIP/ALL Input

གསར་འགྱུར་རོ།། །།རྒྱ་གར་སྐད་དུ། ཤྲཱི་བཛྲ་དཱི་པ་ཀ་ར་ཧི་ར་ཎྱ་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་སྣང་བྱེད་གསེར་ཞེས་བྱ་བའི་སྒྲུབ་ཐབས། དཔལ་རྡོ་རྗེ་ཉི་མ་ལ་ཕྱག་འཚལ་ལོ། །འདོད་པ་ཐམས་ཅད་རབ་སྩོལ་བ། །ཡིད་བཞིན་ནོར་བུ་སྦྱིན་པའི་སྟོབས།། ་གང་བ་རྒྱས་པ་སྟུག་པོ་སྟེ། དེ་ལ་བཏུད་ནས་བཤད་པར་བྱ། །སྒྲུབ་པ་པོས་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བའི་སྒོ་ནས། སྐྱབས་སུ་འགྲོ་བ་དང། སེམས་བསྐྱེད་པར་བྱའོ། །ོཾ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། ཅེས་པས་བདག་མེད་པར་བྱིན་གྱིས་བརླབ་པར ་བྱའོ། །དེ་ནས་ནམ་མཁའ་ཨི་ཁམས་སུ། ཧཱུཾ་ལས་བྱུང་བའི་ཐོད་པའི་དཀྱིལ་འཁོར་གྱི་དབུས་སུ། ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཏཱ?་གི་ཡི་གེ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་ཉི་མའི་སྐུར་གྱུར་བ་ནི། སྐུ་མདོག་སེར་ལ་དམར་བ། ཞལ་བཞི་ཀར་ཡང་སེར་པ། ཕྱག ་གཡས་ཀྱི་དང་པོ་ན་རལ་གྲིའོ། །དེ་བཞིན་དུ་གཡོན་པ་ན་རྡོ་རྗེས་མཚན་པའི་ཉི་མའི་དཀྱིལ་འཁོར་རོ། །ཕྱག་གཞན་གཉིས་ཀྱིས་མདའ་དང་གཞུ་རྒྱབ་ཀྱི་ཆ་ནས་ཡོངས་སུ་བགེངས་པ་ཕྱོགས་ཀུན་ཏུ་རིན་པོ་ཆེའི་ཆར་འབེབས་ཤིང། གསེར་གྱི་ཕུང་པོའི་གདན་ལ་གནས་པའོ། ་རྒྱན་རྣམས་ཀུན་གྱིས་རྣམ་པར་ཀླུབས། །རབ་ཏུ་བཞད་ཅིང་ཅུང་ཟད་སྒོམ། །དམར་པོའི་གོས་ནི་འཕྱར་བ་སྟེ། །ཁྲོ་བོའི་ལུས་སུ་འདོད་པ་ཡིན། །ལྷ་མོ་རྡོ་རྗེ་མཱ་མ་ཀཱི། །རྡོ་རྗེ་འབར་བ་གཡས་པ་ན། །གཡོན་པའི་ཕྱག་ན་པདྨ་བསྣམས། ་སྟག་གི་པགས་པ་གོས་སུ་གྱོན། །མཁྱུད་ཅིང་མགུལ་ནས་འཛིན་པའོ། །དཔྲལ་བར་ནི་ཨོཾ་དཀར་པོའོ། །མགྲིན་པར་ཨ(རྒྱུད་འགྲེལ་སྭཱཧཱ། ཅེས་པ་ནི་སྤྱན་དྲངས་བའི་སྔགས་སོ། །མཾ་རཏན་སརྦྷ་ཝ་ཧཱུཾ་ཧཱུཾ། ཏྭཱཾ་ཏྭཱཾ་ཨ་ཨ། ཅེས་པ་ནི་སྙིང་པོའི་སྔགས་སོ། ཨོཾ་བཛྲ་ཧཱུཾ་ཀ་ར་ཨ་མྲི་ཏཾ་ཨ་མྲི་ཏཾ། ཨ་མྲི?་ཏཾ་བྷཀྵ་ཡ་བྷཀྵ་ཡཾ། ཤུ་ནྱ་ཏ་ཀཱ་ཡ་ཝཱ་ཀ་ཙིནདྷ་ཌི་དྷོ་ཀུ་རུ་ས་མུཙྪ་ཡེ་ཧཱུཾ་ཧཱུཾ་སྭཱཧཱ། གཏོར་མའི་སྔགས། དཔལ ་རྡོ་རྗེ་སྣང་བྱེད་གསེར་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།གསར་འགྱུར་རོ།། །།རྒྱ་གར་སྐད་དུ། ཨ་མྲི་ཏ་བྷ་སཱ་བྷ་ནཾ?། བོད་སྐད་དུ། བདུད་རྩི་འོད་ཀྱི་སྒྲུབ་ཐབས། པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། ། ་