CLOSE WINDOW

N3908: dpal rdo rje sems dpa'i sgrub thabs
Wyliee-texts based on the ACIP/ALL Input

ཧཱུཾ་བཛྲ་ཨ་བྷི་ཥོཉྩ་མཾ། ཨོཾ་རཏན་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ། དེ་ནས་ཡང་དག་པར་མཆོད་ཅིང་བསྟོད་ནས། བཟླས་པ་བྱའོ། །ོཾ་མཧཱ་སུ་ཁ་བཛྲ་སཏྭ་ཧཱུཾ་ཛ(རྒྱུད་འགྲེལ་སྒྲུབ་ཐབས་རྫོགས་སོ།། །།གསར་འགྱུར་རོ།། (།།དཔལ་རྡོ་རྗེ་སེམས་དཔའ་ཨི་སྒྲུབ་ཐབས་བཞུགས་སོ།།)་།རྒྱ་གར་སྐད་དུ། ཤྲཱི་བཛྲ་སཏྭ་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་སེམས་དཔའ་ཨི་སྒྲུབ་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག ་འཚལ་ལོ། །ཆག་ཐམས་ཅད་ཇི་ལྟ་བ་བཞིན་དུ་སྤྱད་ནས། བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། །ཕྱག་གཡས་པའི་དང་པོས་རྡོ་རྗེ་གསོར་བའི་ཚུལ་དུ་འཛིན་ཅིང། གཡོན་པས་དྲིལ་བུ་དཀུར་སྟེན་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་གཡོན་ནས ་འཁྱུད་པ། སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འཛུམ་བ་དང། བཞད་པ་དང། རབ་ཏུ་དགེས་པའི་སྤྱན་གསུམ་གདངས་པ། དར་ལ་དཀར་པོའི་ན་བཟའ་དང། དར་ཁྲ་བོའི་སྨད་གཡོགས་གསོལ་བ། བསམ་པ་གཡོས་པས་སྒེག་པ་དང་བཅས ་ཤིང། དབུ་གཡོན་དུ་ཅུང་ཟད་དུད་བ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན་ནོ། །ོཾ་བཛྲ་དྷ་དྭཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཨོཾ། ཨོཾ་སཏྭ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏན་བཛྲ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་དྷརྨ་བཛྲ་ཨ་བྷི་ཥིཉྩ་ཧྲཱི(རྒྱུད་འགྲེལ་ཨོཾ་བཛྲ་སཏྭ་ཧཱུཾ། ཅེས་པ་ནི་སྙིང་པོའོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་སྒྲུབ་ཐབས་རྫོགས་སོ།། །།གསར་འགྱུར་རོ།། །།རྒྱ་གར་སྐད་དུ། ཤྲཱིཾ་བེ་རོ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྣམ་པར་སྣང་མཛད་ཀྱི་སྒྲུབ་ཐབས། ་སངས་རྒྱས་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྔོན་དུ་བཤད་པའི་ཆོ་གས་ཚོགས་བསགས་པའི་སྦྱོར་བ་བརྩམས་ཏེ་སྟོང་པ་ཉིད་བསྒོམ་མོ། །ཕྱི་ནས་ཟླ་བ་ལ་གནས་པའི་ཁཾ་གི་ཡི་གེ་ལས་གྲུབ་པ། དཔལ་རྡོ་རྗེ་རྣམ་པར་སྣང་མཛད་དུ་བདག་ཉིད་བསམ་པར་བྱའོ། །སྐུ ་མདོག་ནི་དཀར་ལ་སེར་བའི་མདངས་དང་ལྡན་པ། གསེར་དང་མཚུངས་པའོ། །ཞལ་མདུན་མ་ནི་དཀར་བའོ། །གཡས་པ་ནི་སེར་བའོ། །གཡོན་པ་ནི་དམར་པོའོ། །རྒྱབ་ནི་ལྗང་ཁུའོ། །གཡས་ཀྱི་ཕྱག་དང་པོ་ན་འཁོར་ལོའོ། །གཉིས་ན་རལ་གྲིའོ། །གཡོན་གྱི་དང་པོ་ན ་དྲིལ་བུའོ་།གཉིས་པ་ན་ཐོད་པ་བདུད་རྩིས་གང་བའོ། །མདུན་དང་རྒྱབ་དང། གཡས་དང། གཡོན་གྱི་འདབ་མ་ལ་ནི། དུར་སྨྲིག་གི་བླ་གོས་དང། གླེགས་བཾ་དང། ལྷུང་བཟེད་བདུད་རྩིས་གང་བ་དང། མཁར་བསིལ་ལོ། །བཅོམ་ལྡན་འདས་ཀྱི་སྐུ་ལ་ནི་དུར་སྨྲིག་གིས་ཁ ་བསྒྱུར་བའི་སྟོད་གཡོགས་དང། སྨད་གཡོགས་དང། རིན་པོ་ཆེའི་རྒྱན་དུ་མས་རྣམ་པར་བརྒྱན་པའོ། །ོཾ་ཤྲཱི་བཻ་རོ་ཙ་ན་ཧཱུཾ་ཧཱུཾ་ཧཱུཾ་ཨ་ལ་ལ་ཧོ་སྭཱཧཱ། ཅེས་པ་ནི་སྙིང་པོའི་སྔགས་སོ། །ོཾ་དྷུ?་ཁཾ་ཅེས་པ་ནི་ཉེ་བའི་སྙིང་པོའོ། །དཔལ་རྣམ་པར་སྣང་མཛད་ཀྱི་སྒྲུབ་ཐབས་རྫོགས་སོ།། །། ་གསར་འགྱུར་རོ།། །།རྒྱ་གར་སྐད་དུ། ཤྲཱི་བཛྲ་དཱི་པ་ཀ་ར་ཧི་ར་ཎྱ་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་སྣང་བྱེད་གསེར་ཞེས་བྱ་བའི་སྒྲུབ་ཐབས། དཔལ་རྡོ་རྗེ་ཉི་མ་ལ་ཕྱག་འཚལ་ལོ། །འདོད་པ་ཐམས་ཅད་རབ་སྩོལ་བ། །ཡིད་བཞིན་ནོར་བུ་སྦྱིན་པའི་སྟོབས།། ་གང་བ་རྒྱས་པ་སྟུག་པོ་སྟེ། དེ་ལ་བཏུད་ནས་བཤད་པར་བྱ། །སྒྲུབ་པ་པོས་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བའི་སྒོ་ནས། སྐྱབས་སུ་འགྲོ་བ་དང། སེམས་བསྐྱེད་པར་བྱའོ། །ོཾ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། ཅེས་པས་བདག་མེད་པར་བྱིན་གྱིས་བརླབ་པར ་བྱའོ། །དེ་ནས་ནམ་མཁའ་ཨི་ཁམས་སུ། ཧཱུཾ་ལས་བྱུང་བའི་ཐོད་པའི་དཀྱིལ་འཁོར་གྱི་དབུས་སུ། ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཏཱ?་གི་ཡི་གེ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་ཉི་མའི་སྐུར་གྱུར་བ་ནི། སྐུ་མདོག་སེར་ལ་དམར་བ། ཞལ་བཞི་ཀར་ཡང་སེར་པ། ཕྱག ་གཡས་ཀྱི་དང་པོ་ན་རལ་གྲིའོ། །དེ་བཞིན་དུ་གཡོན་པ་ན་རྡོ་རྗེས་མཚན་པའི་ཉི་མའི་དཀྱིལ་འཁོར་རོ། །ཕྱག་གཞན་གཉིས་ཀྱིས་མདའ་དང་གཞུ་རྒྱབ་ཀྱི་ཆ་ནས་ཡོངས་སུ་བགེངས་པ་ཕྱོགས་ཀུན་ཏུ་རིན་པོ་ཆེའི་ཆར་འབེབས་ཤིང། གསེར་གྱི་ཕུང་པོའི་གདན་ལ་གནས་པའོ། ་