CLOSE WINDOW

N3897: dpal 'jam pa'i rdo rje'i sgrub thabs
Wyliee-texts based on the ACIP/ALL Input

པཎྜི་ཏ་དོན་ཡོད་རྡོ་རྗེ་དང། །ལོ་ཙ་བ་དགེ་སློང་རིན་ཆེན་གྲགས་པས་བསྒྱུར་བའོ། །རྒྱ་དཔེ་མ་རྙེད་འགྱུར་རྙིང་ཟངས་མའོ།། །།རྒྱ་གར་སྐད་དུ། ཤྲཱི་མཉྫུ་བཛྲ་སཱ་དྷ་ནི། བོད་སྐད་དུ། དཔལ་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། ། ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རིན་ཆེན་པདྨ་ར་ག་ལྟར། །ཤེས་རབ་མཆོག་ལྡན་མདངས་གསལ་བ། །འཇམ་པའི་རྡོ་རྗེ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་འདི་རྩམ་བྱ། །དང་པོ་མལ་ནས་ལངས་ནས། གདོང་དག་པ་ལ་སོགས ་བ་བྱས་ནས། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསྒོམ་སྟེ། དེ་ལས་བྱུང་བའི་འོད་ཟེར་གྱིས་བགེགས་རྣམས་ཕྱོགས་བཅུར་བསྐྲད་པར་བྱ་སྟེ། གསང་སྔགས་ནི་འདིའོ། །ོཾ་ཨ་མྲི་ཏ་ཀུཎྜ་ལི་ཧཱུཾ་ཕཊ། དེ་ནས་ནམ་མཁའ་ལ་གནས་པའི་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམས་གསལ་བར་དམིགས་ཏེ། ཡིད་ཀྱིས་མཆོད་པ་བྱ་སྟེ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་སྤྱན་དྲངས་པར་བྱའོ། །ོཾ་ཨེ་ཧཡེ་ཧི་བྷ་ག་བཱན་མཉྫ་བཛྲ་མ་མ་ཤ་རཱི་རེ། ཨ་དྷིཥྛ་ནཾ་ཀུ་རུ་སྭཱཧཱ། དེ་ནས་སྙིང་གའི་ཟླ་བའི་དལ་གྱི་སྟེང་དུ། འཇམ་པའི་རྡོ་རྗེ་སྐུ ་མདོག་དམར་པོའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་ན་རྡོ་རྗེ་དང་དྲིལ་བུ་འཆང་བ། རྨ་བྱའི་ཁྲི་ལ་རྡོ་རྗེའི་སྐྱིལ་མོ་ཀྲུངས་ཀྱིས་འཇོ་སྒེག་དང་བཅས་བཞིན་པར་བཞུགས་པའོ། །མོ་ཧ་ཀུ་མ་རཱི་དང། རཱ་ག་ཀུ་མ་རཱི་དང། ཨིདཥྱ?་ཀུ་མ་རཱི་དང། ཀུ་ལ་ཀུ་མ་རཱི་སྟེ། ་ལྷ་མོ་བཞིའི་འཁོར་གྱིས་ཡོངས་སུ་བསྐོར་བར་བསམ་པར་བྱའོ། །དེ་དག་ཀྱང་ཕྱོག་གཉིས་ན་རྡོ་རྗེ་དང་རལ་གྲི་བསྣམས་པ། རྨ་བྱའི་ཁྲི་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་མདོག་ནི་བཅོམ་ལྡན་འདས་དང་མཚུངས་པར་བསམ་པར་བྱའོ། ཨཱཾ་ཧྲཱི(རྒྱུད་འགྲེལ་ནི་འཇམ་པའི་རྡོ་རྗེའི་ཡི་གེ་དྲུག་པའི་གསང་སྔགས་སོ། །ོཾ་བྷྲུཾ་ལཾ་ཧཱུཾ། ཨོཾ་ཏྲཾ་ཧཱུཾ་ཧཱུཾ། ཨོཾ་ཧྲིཾ་མཾ་ཧཱུཾ། ཨོཾ་ཁཾ་རཾ་ཧཱུཾ། དེ་དག་ནི་ལྷ་མོ་བཞིའི་ཡི་གེ་བཞིའི་གསང་སྔགས་སོ། །མཆོད་པའི་དུས། ཕྱི་རོལ་ཏུ་པདྨ་འདབ་མ་བཞི་པ་བྱས་ཤིང་དམིགས་ཏེ། དབུས་ཀྱི་ལྟེ་བ་ལ ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ཇི་ལྟ་བ་བཞིན་བསམ་པ་དང། ཤར་ལ་སོགས་པའི་འདབ་མ་བཞི་ལ། ལྷ་མོ་བཞི་ཇི་ལྟ་བ་བཞིན་བསམས་ལ། སྔགས་གོང་མ་རྣམས་ཀྱིས་རིམ་པ་བཞིན་མཆོད་པ་བྱའོ། །དེ་ནས་གསང་སྔགས་འདིས་འབྱུང་པོ་རྣམས་ལ ་གཏོར་མ་སྦྱིན་པར་བྱའོ། །མཆོད་སྦྱིན་གྱི་ཕྱག་རྒྱ་དང་སེ་གོལ་ལན་གསུམ་གཏོག་ཅིང། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷཱརྨཱ་ཎཾ། ཨ་དྱ་ནུཏཔནྣ་ཏྭཏ། ཅེས་བྱ་བའི་གསང་སྔགས་འདིས་སྦྱིན་པར་བྱའོ། །དེ་ནས་སྨོན་ལམ་འདི་ལན་གསུམ་བརྗོད་པར་བྱའོ། །ཕྱོགས་བཅུ ་ནམ་མཁའ་ཨི་མཐས་གཏུགས་པའི། །སེམས་ཅན་རྣམས་ནི་རབ་གྲོལ་ཞིང། །འཇམ་དབྱངས་སྤྱོད་པ་ཇི་བཞིན་དུ། །དེ་བཞིན་བདག་ནི་སྤྱོད་གྱུར་ཅིག་།བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་རྫོགས་སོ།། །། ་ལ་ཅེས་བ་རིས་བསྒྱུར་བའོ། །རྒྱུ་དཔེ་མ་རྙེད་འགྱུར་རྙིང་ཟངས་མའོ།། །།རྒྱ་གར་སྐད་དུ། ཨོཾ་ཌི་ཡ་ཎོ་ད་བྷ་ཝ་མཉྫུ་བཛྲ་སཱ་དྷ་ནཾ། བོད་སྐད་དུ། ཨོ་རྒྱན་ལས་འབྱུང་བའི་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། ་