CLOSE WINDOW

N3895: 'jig rten mgon po ri khrod pa'i sgrub thabs
Wyliee-texts based on the ACIP/ALL Input

ཨོཾ་ལོ་ཀ་ནཱ་ཐ་ཤཱ་ཝ་ར་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་མགོན་པོ་རི་ཁྲོད་པའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འདིར་སྔོན་དུ་བཤད་པའི་ཆོ་གས་ཚངས་པའི་གནས་པ་བཞི་དང། སྟོང་པ་ཉིད་བསྒོམ་པ་སྔོན་དུ་འགྲོ་བར་བྱའོ། །ཕྱི་ནས ་ཡི་གེ་ཧཱུཾ་ལས་སྐྱེས་པ། རྡོ་རྗེ་ཁྲོ་བོ་ཆེན་པོ་སྤྲོ་བར་བྱ་སྟེ། ཨོཾ་ཨཱ(རྒྱུད་འགྲེལ་བསྣམས་པ་ཡིན། །གཡོན་ན་དྲིལ་བུ་ཞགས་པ་དང། དེ་བཞིན་ཚངས་པའི་མགོ་པོ་བསྣམས། །ཕྱོགས་རྣམས་བཅིང་བར་བྱེད་པའི་མཆོག་།འོད་ཟེར་རྡོ་རྗེའི་དྲ་བ་དང། །མགོ་ཐོད་སྐམ་པོས་ཡོངས་སུ་བསྐོར། །རྡོ་རྗེ་ཕུར་བུས་གདབ་པར་བྱ། །དེའི་དབུས་སུ ་རི་བོ་དང་ནགས་ཚལ་གྱི་ནང་ན། ལོ་མ་དང་རྩ་དག་གི་ཁང་པ་རབ་ཏུ་ཡངས་པའོ། །དེའི་དབུས་སུ་ཟླ་བ་དང་ཧྲཱི(རྒྱུད་འགྲེལ་གྱི་དོ་ཤལ་དང་ལྡན་པ། ཟླ་བའི་དལ་གྱིས་དབུ་ལ་བརྒྱན་པ། མེ་ཏོག་དང་འབྲས་བུ་སྤེལ་མའི་འཕྲེང་བ་ཅན། དེར་ཕྲ་མོའི་སྨད་དཀྲིས་དང། སྟོད་གཡོགས་དང། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པའོ། །གཡས་སུ་དཔྱིད་ཀྱི་ལྷ་མོ་ནམ་མཁའ་ལྟར་སྔོ་སངས། དེའི ་གཡས་སུ་དབྱར་གྱི་ལྷ་མོ་དཀར་བའོ། །དེ་གཉིས་ནི་ཞགས་པ་དང་ལྕགས་ཀྱུ་བསྣམས་པ་ལོ་མའི་གོས་ཅན་ནོ། །གཙོ་བོའི་གཡོན་དུ་ནི་སྟོན་གྱི་ལྷ་མོ་སེར་མོའོ། །དེའི་ཡང་གཡོན་དུ་ནི་དགུན་གྱི་ལྷ་མོ་དམར་མོའོ། དེ་དག་ནི་མདའ་དང་གཞུ་ཐོགས་པ་རྨ་བྱའི་སྒྲོའི ་གཤམ་བུ་ཅན་ནོ། །མགོན་པོ་རི་དགས་ལྤགས་པ་ཡིས། །སྟོད་གཡོགས་ལྤགས་པའི་གདན་ལ་བཞུགས། །འདོད་ཆགས་རྡོ་རྗེས་སུ་ཆགས། །འོད་དཔག་མེད་པས་དབུ་ལ་བརྒྱན། །རྡོ་རྗེ་གསུམ་ཡང་དག་པར་བྱིན་གྱིས་བརླབས་པ་དང། དམ་ཚིག་སེམས་དཔའ་ ་དང་ཡེ་ཤེས་སེམས་དཔའ་ཡོངས་སུ་བསྲེས་པར་བྱས་ནས། རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་ཡང་དག་པར་དབང་བསྐུར་བར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་དང་ཐུགས་བྱིན་གྱིས་བརླབས་པའི་སྔགས་སོ། །ོཾ་ཨཱ(རྒྱུད་འགྲེལ་ཧཱུཾ། ཨོཾ་ཨཱ(རྒྱུད་འགྲེལ་པའི་སྔགས་སོ། །ོཾ་ཨཱ(རྒྱུད་འགྲེལ་བཟླས་པས་སྒྲུབ་བྱ་མཛའ་དག་དབང་དུ་བྱེད་པར་འགྱུར་རོ། །ོཾ་ཨཱ(རྒྱུད་འགྲེལ་སྐྱོ་བར་གྱུར་ནི། རིག་པའི་བརྟུལ་ཞུགས་ཀྱི་སྦྱོར་བས། སྤྱོད་ཡུལ་དུ་རྒྱུ་བར་བྱ་སྟེ། འགྲོ་བ་ཀུན་གྱི་ཉོན་མོངས་པའི་འདམ་རྫབ་ཆེན་པོ་དེ་དག་སྲོག་ཆགས་ཀྱི་གཟུགས་སུ་རབ་ཏུ་བསྒྱུར་བར་བྱ་སྟེ། ང་རྒྱལ་གླང་པོའི་གཟུགས་ཡིན་ཏེ། །གཏི་མུག་ཕག་གི་རྣམ་པར་བྱ ་བ?་སྡང་སྦྲུལ་གྱི་གཟུགས་ཡིན་ཏེ། །གནོད་སེམས་སྟག་གི་གཟུགས་སུའོ། །བྱ་གག་གཟུགས་ནི་འདོད་པ་སྟེ། །བསེ་ནི་ཕྲག་དོག་གཟུགས་ཀྱིས་གནས། །རྣམ་གཡེངས་རི་དགས་གཟུགས་སུ་བརྗོད། །འདི་དག་གཏོར་མར་བྱ་བ་ཉིད། །མདའའཕང་བ་ཡི་སྦྱོར་བས་ཏེ། ། ་ཡི་གེ་གསུམ་གྱིས་སྤྱད་པར་བྱ། །དུས་བཞི་རབ་ཏུ་སྦྱོར་བ་ཡི། །རྡོ་རྗེ་བཞི་དང་མཉམ་པར་ལྡན། །ལྷ་མོ་བཞི་དང?་མཉམ་སྦྱོར་བ། །དགའ་བ་བཞི་ཡི་དེ་ཉིད་མཆོག་།ོཾ་ཨཱ(རྒྱུད་འགྲེལ་ཧི་ཁཱ་ཧི་ཨ་ན་ཀ་ས་ཏྭ་ཏཱ་ས་མ་ཡ་སིདྡྷི་སྨ་ར་སྨ་ར་ཧཱུཾ་ཧཱུཾ། གཏོར་མ་དང་ཟས་ཀྱི་བྱ་བའི་སྔགས་སོ། །ོཾ་པདྨ་པདྨ་ཧྲི་ཧྲཾ་ཞེས་གླུ་བླངས་ཤིང། །གར་གྱི་མཆོད་པས་མཆོད་པར་བྱའོ། །འཇིག་རྟེན་མགོན་པོ་རི་ཁྲོད་པའི་སྒྲུབ་ཐབས་རྫོགས་སོ།། །། ་གསར་འགྱུར་ཁོ་ན་ཡིན་ནོ། །། *། (གསོ་སྦྱོང་རང་གི་བླང་བའི་ཆོ་ག་བཞུགས་སོ།།)་།རྒྱ་གར་སྐད་དུ། བོ་ཥ་དྷ་སྭཱ་ཡཾ་བྲ་ཧ་ན་བིདྷི། བོད་སྐད་དུ། གསོ་སྦྱོང་རང་གི་བླང་བའི་ཆོ་ག་།བཅོམ་ལྡན་འདས་ངོམ་ཡོད་ཞགས་པ་ལ་ཕྱག་འཚལ་ལོ། །ཇི་ལྟར ་