| Wylie | e-texts based on the ACIP/ALL Input |
བསྡུར?་བའི་ཞུས་དག་ཅན་ནོ།། (།།འཇིག་རྟེན་མགོན་པོ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་བཞུགས།།)་།རྒྱ་གར་སྐད་དུ། ཨེ་ཀ་ད་ཤ་བཀྟ་ལོ་ཀ་ནཱ་ཐ་སཱ་དྷ་ན། བོད་སྐད་དུ། འཇིག་རྟེན་མགོན་པོ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས། འཇིག་རྟེན ་མགོན་པོ་ལ་ཕྱག་འཚལ་ལོ། །སྒྲུབ་པ་པོ་ཡིད་དང་མཐུན་པའི་གནས་སུ། ཁྲུས་ཀྱི་བྱ་བ་སྔོན་དུ་འགྲོ་བས། བདག་དང་གནས་དང་རྣལ་འབྱོར་བསྲུང་བ་བྱས་ནས། མཆོད་པ་ལ་འཇུག་པར་བྱའོ། །ཏདྱ་ཐཱ། ཨའི་ལི་མི་ལི་བི་ལི་ཏི་ལི་ཙི་ལི་ཧི་ལི་སྭཱཧཱ། ཅེས ་པ་ནི་བསྲུང་བའི་སྔགས་སོ། །དེ་ནས་ཡང་དག་པའི་མཆོད་པ་རྣམས་བཤམས་ཏེ། ཆོ་ག་ཇི་ལྟ་བར་སྨོན་ལམ་བཏབ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཏདྱ་ཐཱ། ས་ཏྱ་ས་ཏྱ་སིདྷི་སིདྷི་སཱ་དྷུ་སཱ་དྷུ་སྭཱཧཱ། ཅེས་ལན་ཉི་ཤུ་རྩ་གཅིག་གིས་བསྔགས་པར་བྱའོ། །དེའི ་འོག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མདུན་དུ་སྤྱན་དྲངས་ཏེ། ཏདྱ་ཐཱ། ཧ་ཧ་ཧ་ཧ། ཨི་ལི་མི་ལི་ཙི་ལི་པི་ལི་ཁི་ལི་ཧི་ལི་སྭཱཧཱ། ཅེས་བཟླས་པས་མཆོད་ཡོན་དང་ན་བཟའ་དབུལ་བ་བྱའོ།། ་ཏདྱ་ཐཱ། དྷུ་རུ་དྷུ་རུ་ཧ་ཧ་ཧ་ཧ་སྭཱཧཱ། བདུག་སྤོས་དང་མར་མེ་ལ་བཏབ་སྟེ་དབུལ་བར་བྱའོ། །ཏདྱ་ཐཱ། སི་ལི་སི་ལི་དྷི་ལི་དྷི་ལི་སི་ལི་དྷི་ལི་སྭཱཧཱ། མེ་ཏོག་དང་དྲིའི་བྱུག་པ་དང་ཕྲེང་བ་ལ་བཟླས་ཏེ་དབུལ་བར་བྱའོ། །སྔགས་དེ་དག་ཀྱང་ལན་བདུན་བདུན་ཡོངས་སུ ་བཟླས་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་དང། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ་ལན་གསུམ་དུ་བསྔགས་ནས། བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་གྱིས་མཆོད་པར་བྱའོ། །ཏདྱ་ཐཱ། བི་ཊེ་བི་ཊེ། ཏི་ཊེ་ཏི་ཊེ། ཙི་ཊེ་ཙི་ཊེ། ་བིད་ཏེ་བིད་ཏེ། ཀ་ཙ་ཀ་ཙ། བྷ་ག་བཱན། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། སརྦ་སཱ་སྠ་ནཾ་སྭཱཧཱ། ཅེས་པ་འདིས་རང་གི་གནས་སུ་སླར་ཡང་གཤེགས་པར་བྱའོ། །ཆུ་ལ་ཡོངས་སུ་བཟླས་ནས་ཕྱོགས་ཀུན་ཏུ་གཏོར་བར་བྱའོ། །དེའི་འོག་ཏུ་ཚངས་པའི་གནས་པ་བཞི་བསྒོམ ་པར་བྱ་ཞིང། ཆོ་ག་བཞིན་དུ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སེམས་གནས་པར་བྱའོ། །པདྨ་དཀར་པོ་དང་ཟླ་བ་ལ་གནས་པའི་ཡི་གེ་ཧྲཱི(རྒྱུད་འགྲེལ་སྟེ། ཕྱག་ཡོན་ན་ནི་པདྨ་དམར་པོ་དང། རིལ་བ་སྤྱི་བླུགས་དང་པོ་ཏིའོ། །གཡས་ན་ནི་བགྲང་འཕྲེང་དང། མི་འཇིགས་པ་དང། དབྱུ་གུ་རྩེ་གསུམ་པའོ། །ཡང་ན་ནི་ཐལ་མོ་སྦྱར་བ་དང། ལྕགས་ཀྱུ་དང། རྔ་ཡབ་འཛིན་པའི་ཕྱག་སྟེ། ཕྱག་བཅུ་པར་བྱའོ། ། ་ཡང་ན་ནི་ཕྱག་གཉིས་པ། ཡང་ན་ནི་ཕྱག་བཞི་པ། ཡང་ན་ནི་ཕྱག་བརྒྱད་པ། ཡང་ན་ནི་ཕྱག་སྟོང་གི་བར་དུ་སྦྱར་བར་བྱའོ། །ཡང་ན་ནི་ཕྱག་གི་མཐིལ་ན་པདྨ་ལྟ་བུའི་སྤྱན་རྣམས་སོ། །སྐུ་མདོག་དཀར་བ། འོག་གི་ཞལ་བཞི་ནི་དཀར་པའོ། །དེའི་སྟེང་གི་ཞལ ་གསུམ་ནི་སེར་པོའོ། །དེའི་སྟེང་གི་གསུམ་ནི་སྔོ་སངས་སོ། །མདུན་གྱི་གདོང་གསུམ་ནི་རབ་ཏུ་ཞི་པ་ཡིན་ནོ། །གཡས་ཀྱི་གསུམ་ནི་ཞལ་གདངས་པས་ཁྲོས་པ། མཆེ་བ་འབྱུང་བའི་མཚན་ཉིད་ཅན། གཡོན་གྱི་གསུམ་ནི་ཁྲོ་བའི་མཚན་མ་ཅན། ཡ་སོས་མ ་མཆུ་མནན་པའོ། །རྒྱབ་ཀྱི་གཅིག་ནི་ལྗང་ཁུ་ཞལ་རྣམ་པར་འགྱུར་བའོ། །ཐམས་ཅད་ཀྱི་སྤྱི་བོའི་སྟེང་དུ་སངས་རྒྱས་ཀྱི་གཟུགས་ཀྱི་ཞལ་ལོ། །དབུ་རྒྱན་གྱི་ནང་དུ་སངས་རྒྱས་ཀྱི་གཟུགས་སྣ་ཚོགས་པས་མཛེས་པ། སྣ་ཚོགས་པའི་གོས་དང། སྣ་ཚོགས་པའི་དོ་ཤལ་དང། ་སྣ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་མཛེས་པའོ། །དེ་ལྟར་བསམས་ནས་སྔགས་བཟླས་པར་བྱའོ། །ན་མོ་རཏན་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྷུ་ཧཱ་རཱ?་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཏེ་སམྱཀསཾ་ཥད?་དྷཱ་ཡ། ན་མོ་སརྦ ་ཏ་ཐཱ་ག་ཏེ་བྷཡ(རྒྱུད་འགྲེལ་དྷུ་རུ་དྷུ་རུ། ཨིཊཊེ་པཊཊེ། ཙ་ལེ་ཙ་ལེ། པྲ་ཙ་ལོ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་བ་རེ། ཨི་ལི་མི་ལི། ཙེ་ཏཱི་ཛཝ་ལ་མ་བཱ་ན་ཡ་ཤུདྡྷ་ཏེ་སྭཱཧཱ། མཧཱ་ཀ་རུ་ཎི་ཀཱ་ཡ་སྭཱཧཱ། འབུམ་ཕྲག་གཅིག་ཏུ་བཟླས་པས་འཚོམས་མེད་པ་ལྔ་བྱེད་པ་རྣམས་ཀྱང་འགྲུབ་པར ་འགྱུར་བ་ཡིན་ན། གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། དེ་བཞིན་གཤེགས་པ་རྣམས་ཀྱི་འཁོར་གྱི་དལ་དུ་དམ་བཅས་པ་ཡིན་པའི་ཕྱིར། འདི་ལ་ཐེ་ཚོམ་མི་བྱའོ། །གལ་ཏེ་ལ་ལ ་ཞིག་སྡིག་པ་ཆེན་པོ་དང་ལྡན་པར་གྱུར་ཀྱང། ཡཾ་ཤིང་དང། མེ་ཏོག་སྣ་ཚོགས་དང། ཤ?་ཊ་ཞེས་བྱ་བའི་མེ་ཏོག་གི་ཤིང། འོ་མ་དང། ཞོ་དང། མར་དང། སྦྲང་རྩི་དང། ཤ་ཁ་རའི་ནང་དུ། ཞག་གཅིག་ལོན་པར་སྤང་སྟེ། སྦྱིན་སྲེག་ལན་སུམ་ཅུ ་སུམ་ཅུ་འབུལ་བར་བྱའོ། །ཏདྱ་ཐཱ། མ་སི་ཏ་སི། ཧུ་རུ་ཧུ་རུ། ཙུ་རུ་ཙུ་རུ། སུ་རུ་སུ་རུ། མུ་རུ་མུ་རུ་སྭཱཧཱ། ཅེས་པ་ནི་སྲེག་བླུགས་ཀྱི་སྔགས་སོ། །དེ་ལྟར་ཚེས་གཅིག་ནས་བཅོ་ལྔའི་བར་དུ་སྲེག་བླུགས་སྤྱད་པས། དོའི་སྡིག་པ་མ་ལུས་པ་བྱང་བར ་འགྱུར་ཏེ། དེ་ནས་ནི། ཇི་སྐད་བཤད་པའི་ལས་ཐམས་ཅད་འགྲུབ་པ་ལ་ཐེ་ཚོམ་མེད་དོ། །འཕགས་པ་འཇིག་རྟེན་མགོན་པོ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་རྫོགས་སོ།། །།འདི་གསར་འགྱུར་པོ་ན་ཡིན་ནོ།། །། ་