CLOSE WINDOW

N3893: dam tshig gsum bkod pa'i rgyal po yi ge brgya pa'i sgrub thabs
Wyliee-texts based on the ACIP/ALL Input

ཀི་པཎྜི་ཏ་ཤྲཱི་གཽ་སཱ་ལ་ནཱ་ཐ་དང། བཙུན་པ་མཁྱེན་བརྩེའི་དབང་ཕྱུག་གིས་བསྒྱུར་བའོ།། (།།སྒྲུབ་ཐབས་རྒྱ་མཚོའི་ཁ?་སྐོང་གི་??་བཞུགས་སོ།)་།རྒྱ་གར་སྐད་དུ། ?་མ་ར་བྷུ་ཧ་རཱ་ཛ་ཤ་ཏ་ཨ་ཀྵ་ར་སཱ་དྷ་ནཾ། བོད ་སྐད་དུ། རྗེ་བཙུན་མཁྱེན་རྩེ་ཉེ་བར་གནས་པ། རྗེ་དཔོན་རིན་པོ་ཆེས་སོ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ཡི་གེ་བརྒྱ་པའི་སྒྲུབ་ཐབས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་འདིར་ངན་འགྲོའི་རྒྱུན་གཅོད་ཅིང། །མངོན་མཐོ་དངོས་གྲུབ་ཀུན ་འབྱུང་བ་ནས། །སྔོན་བསགས་སྡིག་པ་དག་བྱའི་ཕྱིར། །བླ་མར་གྱུར་པ་ཀུན་ལ་འདུད། །དེ་ལ་དང་པོར་རྣལ་འབྱོར་པ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང། །སེམས་ཅན་ཀུན་ལ་སྙིང་བརྩེ་བ། །ཡིད་དང་རྗེས་མཐུན་གནས་སུ་ནི། །འཇམ་པའི་སྟན་ལ་ལེགས ་འདུག་ནས། །སེམས་དཔའ་ཨི་སྐྱིལ་མོ་ཀྲུང་བཅས་ཏེ། །ཁྲོ་བོ་འདོད་པའི་རྒྱལ་པོ་ཡི། །སྔགས་ཀྱིས་བགེགས་རྣམས་གཞོམ་པར་བྱ། །ན་མ(རྒྱུད་འགྲེལ་སྭཱཧཱ། ཨོཾ་བྷུ་ར་བྷུ་ཝ་སྭཱཧཱ། རིགས་ཀྱི་སྙིང་པོ་ལེགས་བཟླས་ཤིང། །གསར་ཞིང་མ་གྲུགས་ཀུ་ཤ་ཡི། །དག་བྱེད་སོར་ནི་བཅུ་གཉིས་ཚད། །སྲིན་ལག་ལ་ནི་གདགས་པར་བྱ། །ོཾ་ཨཱ(རྒྱུད་འགྲེལ་ཆུ་དང་ལྕི་བ་རྣམས། །ཤར་བལྟས་མི་སྨྲ་ཙོག་ཙོག་བོར། །འདུག་སྟེ་སྦྱར་ལ་སྲང་གསུམ་ཙམ། །བ་ལ་ཤ་ཡི་འདབ་མས་བཏུང། །ོཾ་བཱག་བི་ཤུདྡྷེ་སྭཱཧཱ། དེ་ནས་ཆུ་ངོགས་སུ་ཕྱིན་ལ། ལུས་ཐམས་ཅད་དམ། ཡང་ན་ཡན་ལག་ལྔ་བཀྲུས་ཏེ། ཆུའི་བགེགས ་?་བ་ནི་གཡས་པའི་ཁྱོར་པས་ཆུ་བཅུས་ཏེ། གཡོན་པའི་སྡིགས་འཛུབ་བསྒྲེངས་ལ། ཨོཾ་དྷུ་བི་དྷུ་པི་ཀཱ་ཡ་དྷུ་པི་སྭཱཧཱ། ཞེས་བཟླས་བས་ལུས་ལ་གཏོར་བར་བྱའོ། །ལུས་ཐམས་ཅད་འཁྲུ་བའི་སྔགས་ནི། །ོཾ་པྲ་ཀྲི་ཏི་བ་རི་ཤུདྡྷ་སརྦ་?་?་པྲ་ཀྲི་ཏི ་པ་རི་ཤུདྡྷོཉ་ཧཾ། དེ་ནས་ལག་པ་གཡས་པའི་ཁུ་ཚུར་བཅངས་པའི་མཐེ་བོ་བསྒྲེངས་ཤིང་འཛུབ་མོ་བཀུག་བས་སྙིང་ག་དང། ལྐོག་མ་དང། སྤྱི་གཙུག་དང། དཔུང་པ་གཉིས་ཏེ་གནས་ལྔར་གཏུག་ཅིང། ཁྲོ་བོ་གཙང་མ་མེད་པའི་སྔགས་ཀྱིས་བདག ་ཉིད་བསྲུང་སྟེ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཛ(རྒྱུད་འགྲེལ་འོག་ནས་འཆང་བ་བཞིན་འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་ལ་དམིགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བ་ད་བན་ད་ནཾ་ཀ་རོ་མི་ཞེས་པས་ཞབས་ལ་ཕྱག་བྱའོ། །ོཾ་པྲ་ཝ་ར་སད་ཀཱ་ར་པྲ་ཏཱིཙྪ་སྭཱཧཱ། ཞེས་པས་ཞབས་བསིལ་འབུལ་བ་དང། ཇི་ལྟར་རྙེད་པའི་མཆོད ་པ་ལྔ། ཨོཾ་བཛྲ་པུཥཔེ་ཧཱུཾ། ཨོཾ་བཛྲ་གནདྷེ་ཧཱུཾ། ཨོཾ་བཛྲ་དྷུ་པེ་ཧཱུཾ། ཨོཾ་བཛྲ་ནཻ་ཝེ་དྱ་ཧཱུཾ། ཨོཾ་བཛྲ་ཨཱ་ཡོ་ཀེ་ཧཱུཾ། ཞེས་པས་གོ་རིམ་ཇི་ལྟ་བ་བཞིན་དུ་མཆོད་པ་དབུལ་བ་དང་སྡིག་པ་བཤགས་པ་དང། ཡི་རང་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར ་བསྐུལ་བ་དང། གསོལ་བ་གདབ་པ་དང། དགེ་བའི་རྩ་བ་བསྔོ་བས། དེ་ལྟར་ཚོགས་བསགས་པས། བརྟན་པ་དང། གཡོ་བ་ཐམས་ཅད་སྟོང་བ་ཉིད་དུ་བལྟས་ནས། དེ་བརྟན་པར་བྱེད་པའི་སྔགས་བརྗོད་པར་བྱའོ། །ོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོཉཧཾ། ་དེ་ནས་སྟོང་པའི་ངང་ལས་མཾ་ལྗང་གུ་ལས་བྱུང་བའི་པདྨ་འདབ་མ་བརྒྱད་པ། ལྟེ་བ་དང་ཟེའུ་འབྲུ་མཾ་གྱིས་མཚན་པ་དང་བཅས་པ་བསམས་ལ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཏྲཻཾ་ལས་བྱུང་བའི་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད ་པའི་རྒྱལ་པོ་སྐུ་མདོག་གསེར་བཅོམ་ལྟ་བུ། །མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཆོས་འཆད་ཀྱི་ཕྱག་རྒྱ་ཅན་དུ་བདག་ཉིད་བསྒོམས་ལ། དེའི་གཡས་ཕྱོགས་སུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་སྟོན་ཀའི་འདམ་བུ་ལྟར་སེར ་སྐྱ། རྒྱན་ཐམས་ཅད་ཀྱིས་བརྒྱན་བ། ཕྱག་གཉིས་ཀྱིས་རྡོ་རྗེ་བཟུང་ནས་སྙིང་ཁར་ཐལ་མོ་སྦྱར་བའོ། །གཡོན་དུ་བྱང་ཆུབ་སེམས་མ་རྡོ་རྗེ་འཛིན་ཆེན་མོ། །སྐུ་མདོག་སེར་པོ། །གཡས་ན་ནོར་བུ་བཟང་པོ་བསྣམས་པ། གཡོན་པས་དུང་ངམ་རྡོ་རྗེ་བཟུང་བ། ་རྒྱན་ཐམས་ཅད་ཀྱིས་སྤྲས་པའོ། །གཡས་ཀྱི་མདུན་རོལ་དུ་ཁྱེའུ་མཛའ་ཡས་ཁྲོ་བོའི་ཆ་བྱད་ཅན། སྐུ་མདོག་མེ་ཏོག་པ་ལ་ཤ་ལྟ་བུ། གཡས་ན་ཟངས་གྲི་།གཡོན་ན་ཀ་པཱ་ལ་མེ་ཏོག་གི་ཚོགས་ཀྱིས་བཀང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྤྲུལ་དཀར ་པོ་མཆོད་ཕྱིར་ཐོགས་པ་འཆང་བའོ། །གཡོན་གྱི་མདུན་རོལ་དུ་བུ་མོ་མཛའ་ཡས་ཞི་བའི་ཆ་བྱད་ཅན། སྐུ་མདོག་དུར་བའི་མྱུ་གུ་ལྟ་བུ། གཡས་པའི་ཐལ་མོས་རང་གི་གཙོ་བོ་ལ་ཕྱག་འཚལ་བ། གཡོན་པས་པདྨ་ཡུ་བ་དང་བཅས་པ་བསྣམས་པ། རྒྱན་ཐམས་ཅད ་ཀྱིས་བརྒྱན་པར་བསམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ཟླ་བའི་སྟེང་དུ་ས་བོན་གྱི་ཡི་གེ་ཏྲཻཾ་ལས་འོད་ཟེར་ཁ་དོག་ལྔ་བ་ཤིན་ཏུ་གསལ་བ་སྤྲོས་པས། བཅོམ་ལྡན་འདས་འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ། མཆོད་པ་རྣམ་པ་ལྔ་ཕུལ་ནས། ་དེའི་སྤྱན་སྔར་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྒྲིབ་པའི་ཚོགས་དག་བར་བྱ་བའི་ཕྱིར། ལྷའི་སྐུ་སྒྱུ་མ་ལྟ་བུ་དེ་ཉིད་ལ་དམིགས་ཏེ་བཟླས་བརྗོད་བྱའོ། །བཟླས་བརྗོད་བྱེད་ཚེ་མི་དལ་མི་མྱུར་ཞིང། །ཧ་ཅང་ཆེ་མིན་ཧ་ཅང་ཆུང་བའང་མིན། །སྨྲ་བཞིན་མ ་ཡིན་གཞན་དུ་ཡེངས་བཞིན་མིན། །གུག་སྐྱེད་ཀླད་སྐོར་ཚོག་དྲག་ཉམས་པས་མིན། །འཕགས་པ་ཡི་གེ་བརྒྱ་པ་ཡི། །རྟོག་པའི་རྒྱལ་པོའི་ཆོ་གར་བཤད། །སྔགས་ཀྱི་མཐུ་ནི་བསམ་མི་ཁྱབ། །མཐུ་ནི་རྣམ་པ་དུ་མ་མཐོང། །བཟང་སྤྱོད་ཡིད་དམ་བཅས་པ་ཡི། །ཆོ ་ག་ཡིས་ནི་འདི་བཟླས་ན། །ཐར་བའང་ངེས་པར་བསྐྱེད་བྱེད་ན། །འཆི་བ་བསླུ་བ་སྨོས་ཅི་དགོས། །ོཾ་ན་མ་སྟྲཻ་ཡ་དྷཱི་ཀཱ་ནཾ། སརྦ་ཏ་ཐཱ་ག་ཏཱ་ནཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་བཱ་བ་ཏི་དྷརྨ་ཏཱ་བ་ལི་ནཾ། ཨོཾ་ཨཾ་ས་མ་ས་མནྟ་ཏོ་ཉ་ནན་ཏ་བསྟི་ཤཱ་ས་ནི་ཧ་ར་ཧ་ར། སྨ་ར་སྨ་ར་?་བི ་ག་ཏ་རཱ་བ། བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བ་ལཱ། ཧ་ས་ཧ་ས། ཏཱ་ཡ་ཏྲ་ཡ། ག་ག་ན་མཧཱ་བ་ར་ལ། ཀྵ་ནེ་ཛཝ་ལ་ཛཝ་ལ་ན་སཱ་ག་རེ་སྭཱཧཱ། བཅོམ་ལྡན་འདས་ཀྱིའོ། །ོཾ་བཾ་བཛྲ་དྷ་རཱ་ཡེ་སྭཱཧཱ། ཨོཾ་མཾ་མཧཱ་བཛྲ་དྷ་རོད་བྷ་ཝཱ་སྭཱཧཱ། ཨོཾ་ཊཾ་ཊཀྐི་ཡེ་སྭཱཧཱ། ཨོཾ་ནཾ་ནནདི ་ཀཱ་ཡེ་སྭཱཧཱ། འཁོར་རྣམས་ཀྱི་སྔགས་སོ། །འདིའི་ཆོ་ག་ནི་ཡར་གྱི་ངོ་ཚེས་བརྒྱད་རྒྱུ་སྐར་བཟང་པོ་དང་ལྡན་པའི་ཞག་ནས་བརྩམས་ཏེ། རང་ཉིད་ཁྲུས་དང་བསྲུང་བ་ལ་སོགས་པ་སྔར་སྨོས་པ་བཞིན་བྱས་ལ། ཙན་དན་དཀར་པོའི་ཆུས་ཉེ་བར་བྱུགས་པའི་? ་བྱས་ནས། འདོད་བའི་ལྷའི་གྲངས་དང་མཉམ་པའི་མེ་ཏོག་གི་ཚོམ་བུ་ལེགས་པར་བཀོད་ནས། དང་པོར་བསྙེན་པ་བརྩམས་པར་བྱ་སྟེ། དེའི་འོག་ཏུ་ནི་ལས་ལ་སྦྱར་བར་བྱའོ། །རྟོག་པའི་རྒྱལ་པོ་ལ་བརྟེན་ནས། །བླ་མའི་མན་ངག་ཇི་བཞིན་དུ། །གོ་རིམ་ཇི་བཞིན་ ་བྲིས་པ་ལ། །མཁས་པ་རྣམས་ཀྱིས་བཟོད་པའི་རིགས། །སྔོན་དུ་བསྙེན་པ་བྱས་ནས་ནི། །སྔགས་འདི་ཡིས་ནི་ལས་རྣམས་ཀུན། །བརྩོན་ལྡན་ཐེ་ཚོམ་མེད་པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དམ་ཚིག་གསུམ་བཀོད་པའི་རྒྱལ ་པོའི་ཡི་གེ་བརྒྱ་པའི་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་ཀེ་ལ་དྷ་ར་ནན་དིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་བཏཀ་ར་ཤྲི་ཛྙཱ་ན་དང། བོད་ཀྱི་ལོ་ཙ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ། །འགྱུར་རྙིང་ལ་རྒྱ་དཔེ་དང ་བསྡུར?་བའི་ཞུས་དག་ཅན་ནོ།། (།།འཇིག་རྟེན་མགོན་པོ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་བཞུགས།།)་།རྒྱ་གར་སྐད་དུ། ཨེ་ཀ་ད་ཤ་བཀྟ་ལོ་ཀ་ནཱ་ཐ་སཱ་དྷ་ན། བོད་སྐད་དུ། འཇིག་རྟེན་མགོན་པོ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས། འཇིག་རྟེན ་