| Wylie | e-texts based on the ACIP/ALL Input |
*། (།།དཔལ་ཤ་བ་རའི་བསྟོད་པ་རིན་པོ་ཆེ་ཞེས་བྱ་བ།།)་།རྒྱ་གར་སྐད་དུ། ཤྲཱི་ཤ་བ་ར་སྟེ་ཏྲ་རཏནཾ། བོད་སྐད་དུ། དཔལ་ཤ་བ་རའི་བསྟོད་པ་རིན་པོ་ཆེ། དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་མཆོག་གི་རྡོ་རྗེའི་རང་བཞིན་ནི། ་ནམ་མཁའ་ཨི་ངོ་བོ་རྣམ་པ་ཀུན་ཏུ་ཡོད་རང་བཞིན། །འདོད་པ་སྤངས་པ་དེ་ནི་ཤ་ཡིག་གིས་བརྗོད་བ། །རྣལ་འབྱོར་དབང་ཕྱུག་དཔལ་ལྡན་རི་ཁྲོད་པ་ལ་འདུད། །རྟག་ཏུ་ཤར་ཞིང་ཡོད་ཀྱང་རུ་ཡི་སྟོང་པ་ཡི། །རྡོ་རྗེའི་ལྟ་བུའི་རོ་ལ ་མཉམ་པར་གཞག་གྱུར་པ། །འདི་ནི་ང་ཡི་ཡི་གེས་ཡང་དག་བརྗོད་དེས་ན། །མགོན་བོ་རི་ཁྲོད་བརྟུལ་ཞུགས་དབང་པོ་ལ་ཕྱག་འཚལ། །རྟག་ཏུ་རྒྱལ་བ་སྐྱེས་མཆོག་རྣམས་ཀྱི་གསང་ཆེན་ལ། །དགྱེས་ཤིང་ཡང་ན་ཆོས་རྣམས་དགའ་བ་ཉིད་དུ་ནི། །འདི་ལྟར ་ར་ཡི་ཡི་གེས་ཡིས་ནི་བརྗོད་གྱུར་པ། །རྣལ་འབྱོར་དབང་པོ་མཆོག་ཏུ་གྲགས་ལ་ཕྱག་བགྱིའོ། །ཡིག་གསུམ་ཞེས་བྱ་ཤ་པ་ར་ལ་ར་པ་བཏུང་ནས། །ཡོན་ཏན་ཆུ་གཏེར་སུ་ཞིག་གིས་ནི་བསྟོད་པར་ནུས། །འོན་ཀྱང་བདག་ནི་བླ་མ་ཁྱོད་ལ་དད་དབང་གིས།། ་བསྟོད་པར་འདོད་པ་དེ་སླད་བསྟོད་པར་བགྱི་བ་ལགས། །འགྲོ་བར་གཏོགས་པ་རྣམས་ཀྱི་ཐོག་མ་མེད་དུས་ནས། །ཉེ་བར་བསགས་བའི་སྡིག་རྣམས་ཡོངས་སུ་སྦྱང་པའི་ཕྱིར། །རབ་ཏུ་སྲ་ཞིང་མི་ཕྱེད་ཐབས་ཀྱི་རྒྱུད་དང་བཅས། །ཤེས་རབ་གཞུ་ནི་མངོན་སུམ ་དག་ཏུ་ལེགས་བསྣམས་ཤིང། །ལྷན་ཅིག་སྐྱེས་པ་བདག་མེད་མངོན་སུམ་རང་ཉིད་ཀྱི། །ཉམས་སུ་མྱོང་བའི་མངའ་ནི་རྣ་བའི་བར་བཀང་ནས། །ཉོན་མོངས་ཤེས་བྱའི་སྒྲིབ་སོགས་འབེན་ལ་བསྣུན་པ་ན། །ཕུགས་པ་ལགས་ཏེ་ཀྱཻ་བརྟན་པོ་ཁྱོད་ནི་ཨ་ལ ་ལའོ། །བདག་མེད་ཉིད་ཀྱི་རྡོ་རྗེ་ཅན་ཏེ་ཡང་དག་མཛའ་ཨི། །འཁོར་ལོའི་ཁྱོད་ཀྱི་དཔྲལ་བའི་མཐར་ནི་མཛེས་བྱས་ཤིང། །ེ་མའོ་གཞན་དོན་བདུད་རྩི་དག་ལ་ཆེར་སྲེད་པ། །ཁྱོད་ནི་དགྲ་མེད་དཔའ་བོའི་དབང་ཕྱུག་མ་ལགས་སམ། །འདོད་ཆགས་དང་ནི་གཞན ་བ་སྡང་བྱེད་གཏི་མུག་སྟེ། །གསུམ་པོ་འདི་དག་འཇིག་རྟེན་དུག་ཏུ་རབ་ཏུ་གྲགས། །དེ་དག་མ་ལུས་ཀུན་ནས་བསལ་བར་གྱུར་པ་ལས། །དགྲ་བོ་དྲུངས་ཕྱུང་དཔའ་བོའི་དར་དཔྱངས་བཅིངས་སམ་སྙམ། །གང་ཞིག་འདོད་ལ་ཆགས་བྲལ་གཏམ་གྱིས ་དམན་གྱུར་ཅིང། །སྲ་བའི་དྲེགས་པས་ཆེར་མཐོ་ཚིག་ལས་རྣམ་གྲོལ་བ། །གསུང་གི་རྡོ་རྗེ་རྣམ་དག་རྣ་བའི་རྒྱན་གྱི་མཆོག་།སྙན་ཟུང་ལ་ནི་འཆང་བ་དེ་ལ་ཕྱག་བགྱིའོ། །ནམ་མཁའ་ཨི་རང་བཞིན་རྡོ་རྗེ་མི་རུས་ཕྲེང་བ་དང། །འགྲོ་བ་རྒྱས་བྱེད་རིན་ཆེན་མཆོག་གི ་མགུལ?་རྒྱན་དག་།ཐུགས་རྗེའི་བདག་ཉིད་གང་གི་མགུལ་བའི་རྒྱན་ཉིད་དེ། །རྣལ་འབྱོར་དབང་ཕྱུག་བླ་མ་དེ་ལ་ཕྱག་བགྱིའོ། །སྲོག་གཅོད་པ་དང་བྲལ་བས་ཁྱོད་ཀྱི་ཕྱག་ངག་ལ། །དཔལ་ལྡན་དེ་བཞིན་གཤེགས་པའི་གདུ་བུ་ངེས་བཅིངས་ཤིང། །སྦྱིན་པ་ལ ་སོགས་ཕ་རོལ་ཕྱིན་དྲུག་རྣམ་དག་པས། །མ་རུའི་ཕྲེང་བ་དྲུག་ཀྱང་དཀྲིས་པར་གྱུར་པ་ཉིད། །བཙན་ཐབས་ལས་ནི་མ་དག་འདོད་ཆགས་ངེས་བསལ་ཞིང། །རེག་པ་རྣམ་པར་དག་པའི་སྐྲ་ཡི་སྲང་བུ་ནི། །འཁོར་དང་མྱ་ངན་འདས་པ་རྣམ་དག་ཟུང་ཉིད་ཀྱིས། །རང་གི ་ལྟེ་བའི་འཁོར་ལོ་དཀྲིས་ཤིང་བཅིངས་པ་ལགས། །སྐྱེ་བོ་སྐྲག་པས་ཉམས་ཐག་པ་དང་མི་རྣམས་ཀྱི། །རང་ལ་གནོད་བྱེད་ཁྲོས་པའི་རྣམ་པས་རབ་ཞིའི་སླད། །ཁྱོད་ཞབས་ཆུ་སྐྱེས་རྩ་བར་ཞབས་གདུབ་དེ་ཉིད་ལས། །གཡེར་ཁའི་གདུ་བུ་ཟུང་ངག ་བཅིངས་པར་འདོད་པ་ལགས། །འགྱུར་མེད་སེམས་ཀྱི་ཐལ་བས་སྐུ་ཡི་བ་སྤུ་ནི། །མ་ལུས་ངེས་པར་ཁྱབ་ཅིང་གང་བར་མཛད་པ་ཉིད། །དེ་སླད་ཁྱོད་སྐུ་མེ་ལོང་གཟུགས་བརྙན་ལྟ་བུ་སྟེ། །རྡོ་རྗེ་སྐུ་ཅན་དཔལ་ལྡན་བླ་མ་ཁྱོད་ལ་འདུད། །ཕུང་པོར ་གཟུང་བའི་ལུས་ལ་དགའ་བར་གྱུར་པ་ཡི། །ཆགས་པ་ལ་སོགས་རྣམས་ཀྱང་སྦྱར་བར་བྱ་བའི་ཕྱིར། །ཐལ་བ་དག་གིས་སྐུ་ལ་ཡང་དག་བྱུགས་པ་ཉིད། །དཔལ་ལྡན་ཁྱོད་ལ་བདག་ནི་སྐྱབས་སུ་སོང་བར་གྱུར། །རལ་པ་རིང་གཉིས་ཁྱོ་ཤུགས་ཟུང་སྟེ་བདེ་ཆེན་གྱི ་འཁོར་ལོར་གནས་པའི་རོལ་པ་རིང་པོ་འདི་དག་ནི། །གསལ་པོར་རབ་ཏུ་ཕྱེ་སྟེ་བསྟན་པ་གང་ཡིན་པ། །འོད་གསལ་རང་བྱིན་བརླབ་པ་ཟུང་དུ་འཇུག་བ་ཉིད། །ཇི་ལྟར་སེངྒེས་འཇིགས་པར་བྱེད་པའི་སྒྲ་བསྒྲགས་པས། །གླང་པོ་རྣམས་ནི་ཆེར་སྐྲག་འཇིགས་ཤིང ་ཉམས་ཐག་ག་གཞོམ་མེད་བདག་ཉིད་སྒྲ་ཡིས་རང་བཞིན་རྭ་ཡི་ནི། །སྐད་ཀྱིས་བགེགས་རྣམས་དག་ལ་མགོན་ཁྱོད་དེ་འདྲའོ། །ཁྱོད་ཀྱི་མ་བུའི་ཕྲེང་བའི་རྒྱན་ནི་རྨད་བྱུང་བ། །ཀུན་རྫོབ་བདེན་པ་ཉིད་ཀྱིས་འདི་ཡི་ཕྱེད་དམར་ཞིང། །ཕྱེད་ནག ་བ་ཡང་དོན་དམ་བདེན་པའི་ངོ་བོ་ཉིད། །དེ་དག་གཅིག་ཏུ་བསྟར་བ་གང་ལགས་རབ་ཏུ་ཤིས། །དེ་བཞིན་གཤེགས་པ་ཀུན་གྱི་བཅོས་མ་མིན་དེ་ཉིད། །ལྷན་ཅིག་སྐྱེས་པའི་རང་བཞིན་བདེ་བ་རྒྱས་གྱུར་པ། །དེ་སླད་ཁྱོད་ཀྱི་སྐུ་ལ་རྣམ་པར་བཀྲ་བ་ཡི། །རྨ་བྱའི ་སྒྲོ་མདོང་འཆང་བ་རྨད་བྱུང་ཆེན་པོ་ལགས། །སུམ་ཅུ་རྩ་གཉིས་རྩ་འདི་དག་དང་གྲངས་མཚུངས་བའི། །ཆུན་པོའི་དབང་ཕྱུག་མཆོད་ཕྱིར་ཐོགས་པ་རྣམས་འཆང་བ། །ཞི་བདེའི་ས་བོན་རང་གི་སྙིང་གའི་ཕྱོགས་སུ་སྟེ། །ཤ་བར་དཔལ་ཁྱོད་ལ་རྟག་ཏུ་ཕྱག་འཚལ་ལོ། ། ་རྫོགས་པའི་བྱང་ཆུབ་ཕུན་སུམ་ཚོགས་པའི་གཏེར་གྱི་མཆོག་།དམ་པའི་སྐུ་ཡི་རྡོ་རྗེ་ཡང་དག་ལྡན་ན་ཡང། །དེ་ལས་ཁྱོད་ཀྱི་གཅིག་ཏུ་སེམས་ཅན་ཕན་གྲུབ་ཕྱིར། །སྣ་ཚོགས་བྱེད་བ་འདི་རྣམས་ངེས་བར་གཟུང་བ་ལགས། །ཁ་ཡིག་གིས་ནི་ཨ ་ཡི་བདུད་སྡེ་དུམ་བུར་མཛད། །དེ་ནས་ཁ་ཡིག་སེམས་ཡོངས་ཤེས་བས་མཁའ་ལ་གཤེགས། །གཏི་མུག་ཚོགས་སོགས་སེལ་སླད་ཁ་དང་ག་དག་གིས། །ནམ་མཁའ་ཨི་སྐུ་སྟེ་མཁའ་འགྲོ་ཡང་ནི་ཁྱོད་ཉིད་དོ། །མུ་སྟེགས་ངན་པ་ཀུན་གྱིས་བསྒྲོས་པའི་འདོད་པ ་བཅོམ། །མི་རྣམས་བདེ་བར་བསྒྲོད་པའི་གནས་ལ་གནས་པར་མཛད། །དམ་ཆོས་སྦྱར་རབ་ཏུ་བསྟན་པས་ཕན་པ་ནི། །མྱ་ངན་འདས་གཏད་བདེ་གཤེགས་དམ་པའི་ལམ་གྱིས་སོ། །རྫུ་འཕྲུལ་རྣམ་འཕྲུལ་བརྒྱ་ཕྲག་གནས་ལ་རྩེ་གཅིག་པས། །ཀུན་གྱིས ་བསམ་པའི་བུམ་པ་གང་བའི་སྐལ་བཟང་བྱས། །ེ་མའོ་ཕུལ་དུ་བྱུང་བའི་གཞན་གྱི་དོན་བསགས་པ། །རྒྱལ་བ་རི་ཁྲོད་ཁྱོད་ཞབས་ལ་ནི་བདག་འདུད་བ། །དེ་ལྟར་བླ་མ་དམ་?་བར་བསྟོད་པ་ནི། །རིན་ཆེན་བརྟུལ་ཞུགས་དམ་པ་ནགས་ཀྱི་རིན་གྱིས ་བྱས་འདིར། །དགེ་བ་གང་ཐོབ་དེ་ཡིས་སྲིད་པའི་ཆུ་གཏེར་བྱིང་བ་དག་།བྱུང་ནས་ཀུན་གྱི་ལྷན་སྐྱེས་བདེ་འབྱོར་མྱུར་དུས་ཐོབ་ཤོག་།འདི་ནི་དཔལ་ཤ་བ་རའི་ཞབས་ཀྱི་བསྟོད་པ་རིན་པོ་ཆེ་ཞེས་བྱ་བ། དཔལ་ནགས་ཀྱི་རིན་ཆེན་ཞབས་ཀྱིས་མཛད་པ་རྫོགས་སོ།། །། ་པཎྜི་ཏ་ཆེན་པོ་དེ་ཉིད་དང། འགོས་ལོ་ཙ་བ་དགེ་སློང་གཞོན་ནུ་དཔལ་གྱིས་བསྒྱུར་བ་ལས། སླར་དུ་རྗེ་བཙུན་གྱི་ཞལ་སྔ་ཉིད་ལ་ལེགས་པར་མཉན་ཞིང་དོན་ཁོང་དུ་ཆུད་པར་བགྱིས་ནས། དགེ་སློང་བསོད་ནམས་རྒྱ་མཚོའི་སྡེ་ཞེས་བྱ་བས་ཅུང་ཟད་བཅོས་ཏེ ་གཏན་ལ་ཕབ་པའོ།། །། *། (།དཔལ་རཀཤ་བདག་ཉིད་ཆེན་པོའི་བསྟན་བཅོས་བཞུགས་ལགས་སོ།།)་།རྒྱ་གར་སྐད་དུ། ཤྲཱི་རུ་དྷྲ་ཀྵ་མཧཱ་ཏནྟ?་ཤཱསྟྲ། བོད་སྐད་དུ། དཔལ་རཀཤ་བདག་ཉིད་ཆེན་པོའི་སྟན་བཅོས། དཔལ་ཚོགས་ཀྱི་བདག་པོ་ལ ་