CLOSE WINDOW

N3890: bstod pa rin po che bdun pa
Wyliee-texts based on the ACIP/ALL Input

རྣམས་རབ་ཏུ་དགྱེས་པ་དང། །འགྲོ་བ་ཐམས་ཅད་རྟག་ཏུ་ཞི་གྱུར་ཅིག་།རྒྱལ་བ་སྲས་བཅས་པ་ཡི་ཡོན་ཏན་རྣམས། །མངོན་པར་འདོད་ལས་ཡང་དག་དགེ་ཐོབ་པ། །ཤིན་ཏུ་འཕེལ་བ་དེ་ཡིས་མཛའ་ཡས་པའི། ། ་འགྲོ་རྣམས་ཡོན་ཏན་ཚོགས་དེས་རབ་གནས་ཤོག་།སྨོན་ལམ་རིན་པོ་ཆེའི་རྒྱལ་པོ་ཞེས་བྱ་བ། །སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་?? ་བའི་པཎྜི་ཏ་ཆེན་པོ་གནས་བརྟན་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་དང། དཔེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས། དཔལ་བསམ་གྲུབ་རྩེའི་ཕོ་བྲང་དུ་བསྒྱུར་བའོ། །འདིས་ཀྱང་འགྲོ་བ་མཛའ་དག་སྨོན་ལམ་རིན་པོ་ཆེའི་རྒྱལ་པོའི་མཐར ་ཕྱིན་པར་གྱུར་ཅིག། (།།དཔལ་ལྡན་བླ་མ་རྣམས?་ཀྱི་རིན་པོ་ཆེ་ལ་བསྟོད?་པ་བདུད་པ་བཞུགས་སོ།།)་།རྒྱ་གར་སྐད་དུ། སཔཏ་མི་རཏན་སྟོ་ཏྲཾ། བོད་སྐད་དུ། བསྟོད་པ་རིན་པོ་ཆེ་བདུན་པ། དཔལ་ལྡན་བླ་མ་མཆོག་གི་ཞབས་ལ་ཕྱག་འཚལ་ལོ།།། ་བདེ་གཤེགས་རིང་ལུགས་དམ་པ་ཀུན་ཏུ་སྤྱོད་པའི་ངེས་པས་ཡུལ་གྱི་རྒྱལ་པོ་ནི་བ་ལང་གནས་པའི། དགེ་སློང་རྒྱལ་པོ་ཟབ་མོའི་ཚོགས་རྣམས་རིག་པར་ལྡན་ལས་སྟུག་པོའི་ཡོན་ཏན་ཚོགས་ཀྱིས་མཛེས་པ་སྟེ། ཟབ་ཅིང་རྒྱ་ཆེའི་བློ་གྲོས་རྣམ་པར ་བཤད་ལ་མི་མཉམ་གྲགས་པའི་རྒྱལ་མཚན་རྒྱ་ཆེའི་བདེན་ཅན། །ཐེག་ཆེན་གྲུབ་པའི་མཛའ་ཡི་མཛོད་དེ་སེམས་ཅན་རྣམས་ཀྱི་སྐྱབས་གཅིག་གནས་ལ་ཡང་དག་ལྷག་པར་གནས། །བརྟུལ་ཞུགས་མཆོག་གིས་གཉིས་མེད་ཆོས་ཀྱི་དེ་ཉིད་རིག་།འདུལ ་པའི་ངེས་པས་ཡང་དག་སྡོམ་ལ་མངོན་བརྩོན་པ། །འདི་ན་ནགས་ཀྱི་རིན་ཆེན་ཞེས་བྱའི་གནས་བརྟན་ཏེ། །ཕས་རྒོལ་གླང་པོའི་དབང་པོའི་རི་དགས་རྒྱལ་པོའོ། །བརྟུལ་ཞུགས་ཆེན་པོའི་རྒྱལ་པོ་མཆོག་སྟེ་དམ་པ་ཡི། །ཆོས་ཚུལ་ལ་ནི་སྐྱེ་བོ་རབ་ཏུ་འདུལ་བ ་བོ། །གཅིག་ཏུ་བརྩོན་པས་སྐྱེ་བའི་སྡུག་བསྔལ་དྲུངས་ཕྱུང་བ། །ནགས་ཀྱི་རིན་ཆེན་གནས་བརྟན་མཆོག་ལ་ཕྱག་བགྱིའོ། །དྲི་མ་ཉིད་དང་དྲི་མེད་ཟུང་འཇུག་ཉམས་མྱོང་གི་།མདའ་ནི་སྲིད་མིན་སྲིད་པ་གཉིས་མེད་འབེན་ལ་སྟེ། །དགའ་བྲལ་སྒྲིབ་པ་ལ་སོགས་དྲིན ་རྣམ་སྤངས་པ། །ནགས་ཀྱི་རིན་ཆེན་གནས་བརྟན་ཆེ་དེ་སྐྱབས་སུ་གྱུར། །མ་ལུས་སེམས་ཅན་སད་པར་མཛད་པ་ལ་ཆགས་པ། །ཕྱག་ན་པདྨའི་མཚན་གྱི་མཛེས་པ་མངའ་བ་སྟེ། །དགྱེས་བཞིན་སྦྱིན?་འཛིན་མའི་མཐིལ་གྱི་རྒྱན་དག་ཏུ། །མཛེས་པའི་གནས ་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་ལགས། །དགའ་བྲལ་དང་པོའི་བདེ་བའི་བདུད་རྩིའི་གསོལ་བ་ལས། །ཆགས་པས་ཆགས་པ་འདུལ་ཞིང་བརྒྱ་ཕྲག་རྣམ་རྟོག་སྤངས། །ལན་བརྒྱར་ཡོངས་སུ་སྨིན་པའི་སེམས་ཅན་ཚོགས་རྣམས་ནི། །ནགས་ཀྱི་རིན་ཆེན་དག་ལ་འདུས ་ལྡན་གནས་བརྟན་ཆེ། །བཞིན་གྱི་ཆུ་སྐྱེས་རང་ཉམས་བྲལ་བྱས་བདུད་ཀྱི་སྡེ། །སོགས་ལས་ངེས་རྒྱལ་ཟླ་བ་གང་བའི་ཞལ་མངའ་བ། །ཕ་རོལ་རྒོལ་བའི་རི་རབ་འཇོམས་ལ་རྡོ་རྗེ་སྟེ། །གཙང་ནས་བརྟན་པ་ཆེན་པོ་ནགས་ཀྱི་རིན་པོ་ཆེའོ། །དཔལ་ལྡན་བླ་མ ་ནགས་ཀྱི་རིན་པོ་ཆེའི་བསྟོད་པ་བདུན་པ་རྫོགས་སོ།། །།འདི་ནི་མ་ག་དྷའི་ཡུལ་དུ་བྱུང་བའི་དགེ་བསྙེན་ཉི་མ་ཞེས་བྱ་བས་མཛོད་པའོ།། །།བསྟོད་པའི་ཡུལ་དམ་པ་པཎྜི་ཏ་ཆེན་པོ ་དེ་ཉིད་ཀྱི་སྤྱན་སྔར་དཱ་རི་དྲངས་རྒྱ་མཚོའི་སྡེ་ཞེས་བྱ་བས་བལ་ཡུལ་ཡེ་རང་གི་གྲོང་ཁྱེར་ཆེན་པོའི་འདབ་དཔལ་གོ་བི་ཙནྡྲའི་གཙུག་ལག་ཁང་དུ་བསྒྱུར་བ་ལས་ཕྱིས་ཅུང་ཟད་ཀྱང་བཅོས་སོ།། །། ་*། (།།དཔལ་ཤ་བ་རའི་བསྟོད་པ་རིན་པོ་ཆེ་ཞེས་བྱ་བ།།)་།རྒྱ་གར་སྐད་དུ། ཤྲཱི་ཤ་བ་ར་སྟེ་ཏྲ་རཏནཾ། བོད་སྐད་དུ། དཔལ་ཤ་བ་རའི་བསྟོད་པ་རིན་པོ་ཆེ། དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་མཆོག་གི་རྡོ་རྗེའི་རང་བཞིན་ནི། ་