CLOSE WINDOW

N3884: zab lam thun mong ma yin pa gcig rdzogs
Wyliee-texts based on the ACIP/ALL Input

(?་ལ་ཐུན་མོངས་བཞི་པ་གཅིག་རྫོགས་ལེགས་པར་བཞུགས་སོ།།)་།ན་མ(རྒྱུད་འགྲེལ་མཆོག་འདོད་སྐྱེས། །འདིར་དཔལ་རི་ཁྲོད་དབང་ཕྱུག་གི་ཞལ་སྔ་ནས། །ཕྱག་ན་པདམོ་ཅན་གྱི་དྲིན་ལས་མཆོག་གི་བདེ་བ་ཆེན་པོའི་གནས་མངོན་དུ་མཛད་པས་གྲོལ་བ་བརྙེས་པ་ནི། ཐོག་མར་ཀླུ་སྒྲུབ་ཞབས་ཀྱིས་རང་བྱིན་གྱིས་བརླབ་པའི་ལམ་དུ་སྨིན་པར་མཛད་པ ་ལས་ཏེ། དེའི་ཕྱིར་རྣལ་འབྱོར་ཆེན་པོའི་རྒྱུད་གཉིས་ཀྱི་ངེས་བ་མཐར་ཐུག་པའི་ཟུང་འཇུག་གི་ལམ་སྲོལ་ཆེན་པོ་ཡན་ལག་དྲུག་གམ་རིམ་པ་ལྔ་ལ་སོགས་པར་ཕྱེ་སྟེ་རིམ་གྱིས་བཀྲི་བའི་ཚུལ་མཛའ་དག་།དབང་པོ་རྣོན་པོ་ལས་ཆེས་རྣོན་པོ་སྒྲལ་བ་མཆོག་ལས ་ཀྱང་མཆོག་ཏུ་གྱུར་པ་དག་ལ། བསམ་གཏན་གྱི་ཡན་ལག་གམ། རང་བྱིན་རླབས་ཀྱི་རིམ་པ་གཅིག་པུས་འདོད་པ་འཇོ་བ་ནི། བླ་ན་མེད་པའི་ལམ་གྱི་སྙིང་པོ་རི་ཁྲོད་ཞབས་ཀྱི་ཐུགས་ཀྱི་བཅུད་ཐུན་མོང་དུ་མ་གྱུར་པ་དག་ཡིན་ལ། འདི་ལ་ཡང་ལམ་གྱི ་རྟོགས་པ་གཅིག་ཆོད་ཀྱི་གོམས་པས་བསྒྲོད་པ་ཤིན་ཏུ་སྤྲོས་མེད་རྒྱུད་ཡོངས་སུ་སྤྲིན་པ་ཁྱད་པར་ཅན་གྱི་དབང་དུ་བྱས་པ་དང། ཡན་ལག་གམ་རིམ་པ་གཞན་རྣམས། བསམ་གཏན་ནམ་རང་བྱིན་རླབས་སུ་རྗེས་སུ་མཐུན་པ་སྒྲུབ་པའི་སྒོ་ལས་གནད་བཅིངས ་ཏེ་གཅིག་ཆོད་དུ་བྱ་བ་ཅུང་ཟད་སྤྲོས་པ་དང་བཅས་པ་གཉིས་ལས། འདིར་ཕྱི་མའི་དབང་དུ་མཛད་དེ། དང་པོར་མཆོག་གི་གོ་འཕང་མངོན་པར་འདོད་པ་ཐབས་དང་བཅས་པའི་ངེས་པ་ལ་རྟེན་པའི་མན་ངག་གི་རྩ་བའི་ཚིག་གསུང་བ་ནི། ཙིཏྟས་མཱ་རོ་པིཏ་དུ: ་ཁ་བི་ཇ་མ་ན་ཀ་ཛ་ན?་ནྟ?་པེཾ་བྲདྡྷི་མེ་ཏི། ཏསྨ་ཏཱི་ཤུདྡྷཻ(རྒྱུད་འགྲེལ་བདེ་མཉམ་འདོད་པ་བྱ། །དེ་ལཱ་ཞལ་སྔ་ནས་སོ།། 1་།།གང་གིས་སྡུག་བསྔལ་ས་བོན་དང་བཅས་པ་སྤོང་ཞིང། རང་གི་ངོ་བོ་ཉིད་དུ་རྣམ་པར་དཔྱད་པ་ལས་བདེ་མཉམ་དུ་འགྱུར་བའི་རྣམ་པར་དག་པའི་ལམ་དེ་གང་ཞེ་ན། ་ཤིན་ཏུ་རྣམ་དག་གི་ལམ་མོ་ཞེས་རྩ་བའི་ངེས་པ་ལས་གདམས་པའི་མདོ་ནི། ནིརྦི་ཀལྤཱནྣ་བུདྡྷ་ཏཱཾ་ས་བི་ཀལྤཱཏསྩ་ནོ་ཏ་ཐཱ། སུ་བིསུདྡྷ་པ་རི་ཛྙཱ་ནཱ་དྡྷ་བེ་དེ་བ་མ་ཎཱི་ཥི་ཎཱཾ། རྣམ་མི་རྟོག་ལས་སངས་རྒྱས་མིན། །དེ་བཞིན་རྣམ་རྟོག་བཅས ་ལས་ཀྱང། །ཤིན་ཏུ་རྣམ་དག་ཡོངས་ཤེས་ན། །མཁས་པ་རྣམས་ནི་འགྱུར་བ་ཉིད། །ནག་པོ་སྤྱོད་བའི་ཞལ་སྔ་ནས་སོ།། 2་།།དེའི་ཕྱིར་ཤིན་ཏུ་རྣམ་དག་གི་ལམ་གྱི་ངོ་བོ་ཡང་རྣམ་ཤེས་ལས་འདས་པའི་ཡེ ་ཤེས་སོ་ཞེས་གོལ་ས་བཅད་པ་ལས་སྣང་བ་དང་བཅས་པའི་མངོན་སུམ་དུ་གདམས་པའི་མདོ་ནི། ཨཛྙཱ་ན་ནཾ་ཡ་ཏིཛྙཱ་ནནྟི་དྲཱ་དྲིཥྚནྟ་སཱ་དྷི་ཏཾ། ཨིནྡྲི་ཡོ་པ་ར་ཏཾ་ཡཏསྩ་ཛྙཱ་ནཾ་བཻ་བྷཱ་ཥི་ཀམམ་ཏ:། གལ་ཏེ་ཡེ་ཤེས་སྣང་མེད་ཉིད་ཡིན་ན། །གཉིད་འཐུག་ལྟ་བུ ་བསྒྲུབ་བྱར་འགྱུར་བ་སྟེ། །གང་ཡང་དབང་པོ་འགོག་ལ་ཡེ་ཤེས་ནི། །བྱེ་བྲག་སྨྲ་བ་རྣམས་ཀྱི་ལུགས་ཡིན་ནོ། །དཱ་རི་ཀ་པའི་ཞབས་ཀྱིས་སོ།། 3་།།ཇི་ལྟར་སྣང་བ་དང་བཅས་པ་དཔེས་བསྟན་པ་ཉིད་ཀྱིས་འཁོར་བ་དང ་མྱ་ངན་ལས་འདས་པ་རྣམ་ཤེས་དང་ཡེ་ཤེས་ཀྱི་སྣང་བ་ཙམ་དུ་གདམས་པའི་མདོ་ནི། ཀེ་ཤོ་ཊཱུ་ཀཾ་ཡ་ཐཱ་ཀཱ་ཤེ་ཏཻ་མི་རོ་མ་ཎུ་ཏེ་ཛ་ན(རྒྱུད་འགྲེལ་ཤུདྡྷ་རཱི་ན(རྒྱུད་འགྲེལ་ཉིད་ལས། །སྐྲ་ཤད་འཁྲུལ་བ་ཇི་ལྟར་མཐོང་བར་འགྱུར། །དེ་བཞིན་རྣམ་དག་མིག་ཅན་རྣལ་འབྱོར་པར། །ཐམས་ཅད་དུ་ཡང་དངོས་རྣམས་མཐོང་བའོ། ། དྭ་ཡ་བཛྲ་ཞབས་ཀྱིས་སོ།། 5་།།དེ་ལྟ་བས་ན་སྐྱེ་བ་ཅན་རྣམས་ཀྱི་འདོད་པས ་བརྟགས་པའི་རྟོག་གེའི་ལམ་ཇི་ལྟ་བ་བཞིན་ཕྱི་རོལ་ཡོད་ན། ཐམས་ཅད་དུ་རང་རང་གི་འདོད་པ་ཇི་ལྟ་བར་ཚད་མས་ཀྱང་ཉམས་སུ་མྱོང་དགོས་པས་དོན་གྱི་གནས་ཚུལ་མང་པོ་ཉིད་དུ་ཐལ་ཆེས་ཤིང། དོན་ལ་མ་གྲུབ་པའི་རིགས་པས་རྣམ་ཤེས་རང་ཉིད་ཀྱིས་མྱོང ་བྱར་བྱས་པ་ཡང་བདེན་པ་མ་ཡིན་པའི་ཕྱིར། གནས་ཚུལ་ལ་མྱོང་བའི་ངོ་བོ་ཉིད་ནི་རང་རིག་པ་ནམ་མཁའ་ལྟ་བུ་ལས་གཞན་སྲིད་པ་མ་ཡིན་ནོ་ཞེས་སྣང་ཙམ་ཉིད་རང་བཞིན་གྱི་ཚུལ་ལས་རང་བྱིན་རླབས་སམ་བསམ་གཏན་གྱི་སྒྲུབ་གཞིར་གདམས་པའི་མདོ་ནི། ་ཡ་དྱ་པྱཱཥྚེ་བ་ཧུ་བིདྷ་མ་ཏེ་ཤྭཱི་ཀྲ་ཏཾ་བྷཱུ་ཏ་བྲིནདཾ?་སརྦབེ་ཥཱ་མ་བྱ་ནུ་བྷ་ཝ་མ་ཏ་བརྟྟ་ཏེ་སརྦབ་ཀཱ་ལ:། ནཱ་ཏོ་གྲཱ་ཧཡཾ་ཡང་ནུཔཏ་ཝ་ན་ཏྲ་ཤྲཱི་ཀྲི་ཏེ་ར་བྱས་དྱ་ཀིནྣ་ཀཱ་ཤཾ་ཧཡ་བན་ཏ་མིཧཱ་བྷཱ་ཤ་ཏེ་སརྦབ་ཛནྟོ། །རང་གི་འདོད་པས་བྱས་པའི་ཆོ་ག་མང་པོ་ཞིག་ནི་གལ་ཏེའང་འབྱུང་པོའི་ཚོགས་ཡོད་ན། ་ཐམས་ཅད་དུས་སུ་ཐམས་ཅད་ཀྱི་ནི་འདོད་པ་ཀུན་ནས་ཉམས་སུ་མྱོང་བར་འགྱུར་བ་སྟེ། །གཟུང་བྱ་མ་ཡིན་པ་གང་ཉམས་སུ་མྱོང་ཕྱིར་འདི་ནི་རང་གིས་བྱས་པའི་དེ་བདེན་པ་མིན། །སྐྱེ་བ་ཅན་རྣམས་ཀུན་ལ་ནམ་མཁའ་མིན་ན་འདིར་ནི་མངོན་པར་སྐབས་ཡོད་སྣང་བ་ཅི། ། ་ནང་གི་སྙིང་པ་བརྒྱ་པ་ལས་ཏེ།། 6་།།སྣང་བ་རྗེས་དྲང་ཡི་མན་ངག་གི་རྩ་པར་ཡང་འགྱུར་རོ། །རང་རིག་པའི་སྒྱུ་མ་དེ་ནི་མི་ཤིགས་པའི་ངེས་པ་ཉིད་ཀྱིས་རང་གི་ལུས་ལ་གནས་ཀྱང། རྣམ་འགྱུར་བློ་བུར་གྱི་དྲི་མའི་གཞན་དབང ་ཅན་ཡིན་པའི་ཕྱིར། ཐམས་ཅད་ལ་མངོན་དུ་འགྱུར་བ་མ་ཡིན་པས། ཐར་པ་བླ་ན་མེད་པའི་ཆ་དང་མཐུན་པའི་བསོད་ནམས་སྟོབས་སུ་གྱུར་བ་དག་གི་རྟོག་གེས་མ་བསླད་པའི་ཡང་དག་པའི་མན་ངག་གི་སྒོ་ལས་མངོན་དུ་བྱ་བར་གདམས་པའི་མདོ་ནི། སྭ་སཾ ་བེདྱཱ་ཧི་སཱ་མཱ་ཡཱ་ཏྭ??་ཀཎད་མ་ཤོ་ཙ་ར། ནི་ཛ་དེ་ཧ་ཥཌི་ཧཱ་ཙཱ་པ་མིནབྷ་པུཎྱཻ་ན་ལ་བྷཡ་ཏེ། རང་རིག་ངེས་པའི་སྒྱུ་མ་དེ། །རྟོག་གེ་རྣམས་ཀྱི་སྤྱོད་ཡུལ་ཡིན། །རང་གི་ལུས་ལ་གནས་གྱུར་ཀྱང། །བསོད་ནམས་དམན་པས་དེ་མི་འཐོབ། །ཨཱརྱ་དེ་བའི་ཞལ་སྔ་ནས་ཏེ།། 7་།། ་མི་ཤིགས་པ་རྗེས་དྲན་གྱི་མན་ངག་གི་རྩ་བ་ཡང་ཡིན་ནོ། །དེ་ནས་ཡང་དག་པའི་མན་ངག་གི་དེས་བ་ལ། ཐོག་མར་སོ་སོར་བསྡུད་པ་འམ། རྫོགས་བའི་རིམ་པའི་ལུས་རྣམ་པར་དབེན་པའི་ཏིང་ངེ་འཛིན་ཙམ་ལ་གདམས་པའི་མདོ ་ནི། བི་མ་ལན་བྷ་སི་ཡསྨིནྣཾ?་རྨི་ཏེ་ལོ་ཙ་ནཱ་ཛཧེ་སྠུ་ར་དུ་རུ་ཀ་རཱུ་ནཱ་རྡར་དཱ་ཤ་ཡཱ་དཱ་ཤ་ཏྲ། སངས་དུ་བྷ་ཡ་བྷཱ་ཝཱ་བྷཱ་ཝ་ནི་ཝེ?་དྱ་ཀརྨཱ་དུ་ད་ཡ་ར་ཁི་ལ་ཛཧཱུ་མཱ་དྱ་ནཱཾ་ཡ(རྒྱུད་འགྲེལ་རྗེ་ཆེན་པོས་བརླན་ཞིང་འཕྲོ་བའི་མེམ?་མ། །ཡོད་མེད་གཉིས་དང་གཉི་ག་མིན་པས་མ་ལུས་མྱུར་དུ་འཇག་བྱེད་ལས། དུ་བ་ལ་སོགས་སྟོང་པ་ཉིད་ཀྱི་མཚན་མ་མཛའ་དག་འཆར་བར་འགྱུར། །ཉི་མ་དཔལ་ཡེ་ཤེས་ཀྱིའོ། 8་།། ་ཚུལ་ཇི་ལྟ་བུ་ཉིད་ཀྱིས་རྣམ་བར་རྟོག་པ་ཟོས་ཏེ་མི་རྟོག་པ་ཉིད་དུ་བྱ་བའི་མན་ངག་གི་མདོ་ནི། ཨུཏཔཊཊ་ཙ་མ་ནོ་མཱུ་ལཾ་ཀྲི་ཏྲ་ཤཱུ་ནྱོ་ཐཱ་ཐ་གྷྲ་ཥ་ཎཾ། ཨ་བིདྱཱ་ཏི་མི་རཱཾ་ཛྙཱ་ནཱ་མཾ་ཛ་ནཾ་ཀི་མཏ(རྒྱུད་འགྲེལ་རབ་རིབ་ཀྱིས་ལྡོངས་ལ། །འདི་ལས་མིག་སྨན་མཆོག་ཅི་ཞིག་།རཱ་བི་ཤྲཱི་ཡེའོ།། 9་།།མི་རྟོག་པའི་སྣང་བ་ལ་བྱེད་པ་བཅིངས་པ་ལས་བསམ་གཏན་གྱི་ཡན་ལག་གམ་ལུས་དབེན་ཁྱད་པར་ཅན་མངོན་དུ་བྱ་བའི་མདོ་ནི། ནཱ་སཱ ་གྲེ་ནི་ཧི་ཏི་ཀ་ལོ་ཙ་ན་ཡུ་གཱི་སཾ་ཡཾ་མྱ་ཛཱི་བཱ་ནི་ལཾ་ཛཾ་ཧྭཾ་ཧཱ་ལུ་ཏ་ལཱ་བ་ལ་མཝ་ན་ག་ཏཱི་ཀྲི་ཏཱ་ཛཧ་རཾ་སཾ་ཡ་ཏཾ། ཛྙ་ན་ཛཡོ་ཏི་ཧ་ཏནདྷ་ཀཱ་ར་བ་ཊ་ལཾ་ཙནྡྲཾ་ཤུམྦུ་ཛཧ(རྒྱུད་འགྲེལ་ལ་གཏད་བས་གནས་ཤིང་མཆུ་ལ་བར་ཡོད་པར་བྱས་ནས། །ཡེ་ཤེས་འོད་ཀྱི་ཟླ་ཟེར་ཚོགས་ཀྱིས་མུན་པ་འཇོམས་པ་ལ་མཁས་པ། །རྣམ་མི་རྟོག་ལས་འགྲོ་འདི་དྲི་མེད་ཐམས་ཅད་སྟོང་པར་མཐོང་བར་འགྱུར། །འཕགས་པ་ལྷའི་གནས་ཀྱིས ་ཏེ།། 10་།།ལྕེ་རྩེ་རྐན་སྤྱན་ནཱ་དའི་གསང་གནད་ཀྱི་རྩ་བའོ། །ཇི་ལྟར་བྱེད་པ་བཅིངས་པ་ལས་ཐབས་ཤེས་དབྱེར་མེད་ཀྱི་ལྷག་པའི་ལྷ་ཐོག་མར་མངོན་དུ་འགྱུར་བའི་རྩ་བའི་མདོ་ནི། ཤཱ་ཏ་ཙི་ཏ་དེ་བཏཱ་ཀཱ་རཾ་བི་ཤྭཉྩ་ཀྲ་མཱུ་པཱ་ཡ་ཀེ་།པྲཛྙཱ་ཙ་ཤཱུ་?་ཏཱ་? ་སཱ་དྷཡཾ་ཏཱ་དཱ་ཏྨཡ་ཀ་ཥྱ་ཏེ། བད་པའི་སེམས་ཀྱི་རྣམ་པ་ལྷ། །ཤེས་རབ་སྟོང་པ་ཉིད་དུ་གསུངས། །སྣ་ཚོགས་འཁོར་ལོའི་ཐབས་གྱུར་པ། །དེ་ཡི་བདག་ཉིད་འདོད་བསྒྲུབ་བྱ། །གཉིས་མེད་རྡོ་རྗེའི་ཞལ་སྔ་ནས་ཏེ།། 11་།། ་བསྐྱེད་རྫོགས་དབྱེར་མེད་ཀྱི་ངེས་པ་ཡང་འདི་ཉིད་ལས་ཁོང་དུ་ཆུད་པར་བྱ་བའི་རྩ་བའོ། །འདི་ཉིད་དུ་རིགས་བརྒྱའི་དབྱེ་བ་སོགས་གསང་ཆེན་རིགས་གཅིག་ཏུ་གཅིག་ཆེད་དུ་བྱ་བའི་རྩ་བའི་མགོ་ནི་པཉྩཱ་ཏྨ་ཀཾ་པཉྩ་བྷི་རེ་བ་བྷཱུ་ཏཻ་དྲིཥྚི་ན་རཱ་ཎཱཾ་ནི་ཡ་ཏེ་ཤ་རཱི་རཾ། ཏབྷཱ་བ་བྷཱ་བཻ་ནི་ཡ་ཏཾ་སྭ ་ཙིཏྟཾ་པྲ་བྷཱ་ཝ་ཡནྟ(རྒྱུད་འགྲེལ་རྡོར་སེམས་གསང་ཆེན་རིགས་གཅིག་གི་རྩ་བ་ཡང་ངོ། །འདིར་སོ་སོར་བསྡུད་པ་དང་བསམ་གཏན་ནི་རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་ངེས་པས་རྡོ་རྗེ་བཟླས་པའི་གཞིར་གྱུར་པའི་ཕྱིར། དེའི་ཡན་ལག་ཏུ་བསྡུས་པའང་ཡིན་ནོ། །དེ་ནས་འདི ་ཉིད་དུ་སྲོག་འགོག་པའི་ཡན་ལག་མཐུན་པའི་རྒྱུར་བྱས་ཏེ། བརྡར་གྱུར་དང་དོན་དམ་པའི་རྡོ་རྗེ་བཟླས་པ་ལ་བཙན་ཐབས་སུ་སྦྱོར་བ་ནཱ་ད་རང་བྱུང་གི་གསང་གནད་ཀྱི་རྩ་བའི་མདོ་ནི། དྭཱ་ཏྲིཾ་ཤ་ཏྱཱ་ཏྲ་ཏ་ཨི་ཡཾ་གུ་ཧཡ་པདམཱ་དབྲ་ཛ་ནྟཱི?་ཤཀྟི་རྣཱ་བྷེ་བྲ་ཛ་ཏི་ཙ་ཙ་ཏྟུ(རྒྱུད་འགྲེལ་པདེ?་ཏྲི་ཏཔ་དམོ་ཉ་ཥྚ་མ་ལ་ད་ལ་ཡུ་ཏེ་ཀཎྛ་ཏོ་རྭཱ་ཥྚ་?་གུ་ཧཡཱ་བཛ་བྷེ་ཤིར་སི་ཙ་ཙ་ཏུ(རྒྱུད་འགྲེལ་དྲི་མེད་འདབ་མ་བརྒྱད་ལྡན་སྙིང་གའི་པདྨ་མགྲིན་པ་བརྒྱད་གཉིས་འདབ་ཅན་དང། །མགོ་བོ་གསང་བ་མཚུངས་པ་དག་ནི་འདབ་མ་བཞི་བ་ཚངས་པའི་བུག་པ་ལའོ། །སྤྱོད་པའི་མཛོད་ལས་སོ།། 13་།། ་དེ་ལྟར་ཤེས་ནས་ཟླ་ཉི་རང་ལམ་དུ་བཅིངས་ཏེ་ནཱ་ད་སྨ་གཅན་གྱི་ལམ་དུ་བཞེངས་བའི་སྲོག་རྩོལ་གྱི་སྦྱོར་བ་རླུང་སྔགས་གཉིས་མེད་ཀྱི་དེ་ཁོ་ན་ཉིད་མཐར་ཐུག་པ་ལ་གདམས་པའི་རྩ་བའི་མདོ་ནི། བ?་?་པདྨ་ས་ན་མ་དྷ་ར་ཏོ་བཱ་ཡུ་མཱ་ཀྲི་པྱ?་བ་?་ད་ཏཱ་ཧ་སྟ་དྭི?་ཧ་ཡ་མ་རུ་ཏོ་གྷཱ་ཎ་བ་སྟེ? ་པི་དྷཱ་ཡ། དོ་རྔཎྜ?་བྷཡཱཾ་སྟན?་ཡུག་ལ་ཀོ་པཱ་ཌི་ཧེ་མ་དྡཡ་ཝཱ་ཧཱ་རྒ་ཊ་ཀརཥཱ་དུ་པ་རི་པུ་ན་རུ་ཏ?་མ་ཧེ་པྲཱ་ན་བཱ་ཏ། ?་གདན་ནི་བཅིང་ཞིང་དེ་ལས་མཐུ་ཡིས་འོག་གི་རླུང་བཀུག་ནས། །རླུང་རྣམས་ལ་ནི་ལག་གཉིས་བྱིན་ཏེ་སྣ་དང་མཆུ་དག་སྡམས་ནས་ནི། །ལག་པར་གཉིས་ཀྱིས་ནུ་མ ་ཟུང་ལ་འཐེམས་པར་གཏོད་དེ་དབུགས་ཀྱི་རྒྱུན། །སྟེང་དུ་དྲག་པོར་ཕྱིར་ཞིང་བཀུག་ལས་སྲོག་རླུང་ཡོན་པོ་འཕོ་བར་འགྱུར། །བི་བུདྡྷ་ཀ་རའི་ཞལ་སྔ་ནས་ཏེ།། 14་།།བཙན་ཐབས་ཐུན་མོང་མ་ཡིན་པ་ལ་པདྨའི་གདན་ཞེས་པ ་འོག་གི་པདྨའི་གནས་བཅིང་བ་སོགས་སོ། །དེའི་ཕྱིར་ཕྱག་རྒྱ་སྲོག་རྩོལ་གྱི་ཡན་ལག་གི་?་བ་ཡང་ངོ། །དེ་ལྟར་སྲོག་རྩོལ་ལམ་རྡོ་རྗེ་བཟླས་པའི་སྦྱོར་བ་ཐུན་མོང་མ་ཡིན་པས་ཉི་ཟླ་སྒྲ་གཅན་གྱི་ལྟོ་བར་བཙན་ཐབས་སུ་རེངས་པ་དེ་ཉིད་དུ། །སྲོག་ཐུར་གྱི་བྱེད་པ་ཉེ་བར ་གནས་བའི་དབང་ལས་མེ་ཆུའི་བྱ་བ་བཟློག་པར་དཀའ་བ་དང། །བཙན་ཐབས་སུ་གོང་བུར་བྱ་བའི་སྦྱོར་བ་འཛིན་པ་འམ་སེམས་དབེན་གཅིག་ཆོད་ཀྱི་ངེས་པ་ལ་སྦྱར་བར་བྱ་བ་ལ། །དང་པོ་ཉིད་དུ་རྟེན་གྱི་གནད་ངེས་པར་བྱ་བའི་མདོ་ནི། མ་ར་ནཾ་བིནདུ་པཱ་ཏེ་ན་ཛཱི ་བ་ནཾ་བིནདུ་དྷཱ་ར་ཎཱ་ཏྲ། སིདྡྷེ་བིནད་མཧཱ་རཏནེ་སརྦབ་སིདྡྷི(རྒྱུད་འགྲེལ་རིན་ཆེན་ཆེན་པོར་སྒྲུབ་པའི་དུས་གནད་ལ་གདམས་པའི་མདོ་ནི། ཨུཏབཱ་དེ་མྲི་ཏྱུ་ཀཱ་ལེ་ཙ་མཻ་ཐུ་ནེ་ཤུ་ཀྲ་བཱ་ཧི་ཎཱི། ཏ་མི་ནཱི་ཙ་བ་ཧ་ཏྱུ་ཛཧེ་ཤཾ་ཀྲཱནྟྲེ་བི་ཤུ་བེ་ཙ་བེ:། སྐྱེ་དང་འཆི་དང་འཁྲིག་པ་དང། །ཉི་མའི་འཕོ་བ་བི་ཤུ་ཡེའི། །དུས་ལ་ཁུ་བའི་ལམ་དང་ནི། །མུན་ཙན་ལམ་ཡང ་སྟེང་དུའོ། །སེ་གོད་དེ་ཤ་ལས་སོ།། 16་།།ཆོ་ག་དངོས་ལ་ཡང་དག་པར་མངོམས་པའི་མདོ་གསང་གནས་ཀྱི་འཛིན་པ་གཅིན་ཆོད་ཀྱི་ངེས་པ་མཐར་ཐུག་པའི་རྩ་བ་ནི། ན་བེ་པ་བན་ནི་རི་ཛཧཱ་ཏ?་?་ཏེ་?་རུ་དྷ?་ཨཤིཏི?་ཏབྷི་བྷ་ཡ་བྷཱི་ཏཾ་བྷུ་ཏ་དྲིནདྷཾ་བ་ལོཀྱ། སྭ་ཡ་མ ་ནུ་བྷ་བ་རཱུ་བ(རྒྱུད་འགྲེལ་ཐིག་ལེར་སྲོག་གི་མགོན་པོ་སྟེ། །ནཱ་ད་རིང་པ་སྟེང་དུ་དྲངས་ལས་མཁའ་མཉམ་དངོས་པོ་ཐོབ་པར་འགྱུར། །པ་ར་མོ་པ་དེ་ཤེ་ཏི།། 17་།འདི་ཉིད་ནི་སྟེང་དུ་འགྱུར་བ་དྲུག་གི་གནད་དང་སྦྱར་བ་ལས་ཏིང་འཛིན་ནམ་ཟུང་འཇུག་གི་རིམ ་པའི་སྦྱོར་བ་གཅིག་ཆོད་ཀྱི་རྩ་བར་ཡང་འགྱུར་ཏེ། །རྡོ་རྗེ་ཉི་མ་འང་ཞེས་སོགས་རྡོ་རྗེའི་ཚིག་གི་ངེས་པ་དང་སྦྱར་རོ། །སྦྱོར་བ་འདི་ཉིད་ཅུང་ཟད་བརྟན་ནམ་མགོ་རྣམ་ཡང་རུང་རྒྱུན་གྱི་སྦྱོར་བར་བོགས་འབྱིན་ཞིང། །གནས་སྐབས་དང་མཐར་ཐུག་གི་འཆི་བ་ལས་རྒྱལ ་བ་ཐོབ་པར་འགྱུར་བའི་མན་ངག་ཐུན་མོང་མ་ཡིན་པའི་རྩ་བའི་མདོ་ནི། ཡ(རྒྱུད་འགྲེལ་བྷཡ་སན་བེདྷ་ནཱི་ཀ་རཱ་ཎེ་ཙོ་བ་ནཱི་ཏེ་སྭཱ་ཛཧེ?་ལ་ཏྭཾ་དྲ་བྷ་བ་ཏི་ཡ་དཱ་བིདྱ་ད་བྷོ་ཉ་ནི་ལོ་ཉ་སྨན། ཨེ་ཝཾ་ཙོནྡྲི?་དྲི་མ་ལ་སུ་ཁ་དཻ་རླཾ་བི་ཀཱ་ཏ(རྒྱུད་འགྲེལ་འཇུག་རླུང་དག་ཡང་དང་ཡང་དུ་སྦྱོར་བའི་ལས་བྱ་སྟེ། །བཤད་པའི་གནས་ཡོངས་བཙུམ་ལས་གྱེན་དུ་དྲང་ཞིང་ཨོ་ཌི་ལཱ་གནས་བསྡམ། །སྲོག་རྣམས་སྟེང་དུ་བཀུག་ལས་མགྲིན་པའི་དྲིལ་ཆུང་བུ་གང་རྣོ་བ་བྱ།། 18་།། ་འདི་ལྟར་རླུང་ནི་ཆོ་ག་གོམས་པར་བཀུག་པས་རང་དབང་ཉིད་དུ་ནི། །རབ་འབྱུང་འགྱུར་བ་གང་ཚེ་རླུང་ནི་གློག་དང་འདྲ་བར་འགྱུར་དེ་ལས། །འདི་ལྟར་དྲི་མེད་པ་དེ་འགྱུར་བའི་ཟླ་བ་ལྕེའུ་ཆུང་ལས་འབབ་པས། །བསྐམས་པའི་རྩ་ཚོགས་ཉིན་དང་མཚན་དུ་ཚིམ་བྱ་དེ་བཞིན་བཟའ་ ་བས་སོ། །བི་བུ་དྷ་ཀ་རོ་པ་དེ་ཤེ་ཏི།། ?་།།འདི་ནི་ཟླ་བ་རྗེས་དྲན་གྱི་རྩ་བའང་ཡིན་ཞིང། །བཙན་ཐབས་ཀྱི་འབྱུང་པོ་དགུ་འགོག་གི་གནད་དང་སྦྱར་བས་འཛིན་པའི་ཁྱད་པར་དུ་འགྱུར་བའོ། །འཛིན་པ་འམ་སེམས་དབེན་བཙན་ཐབས་ཀྱི ་སྦྱོར་བ་དེ་ཉིད་ལས། །རྗེས་དྲན་ནམ་སྒྱུ་ལུས་ཀྱི་རིམ་བུའི?་སྦྱོར་བ་ཡང་དག་པར་བཅིང་བ་ལ་སྦྱར་བའི་མདོ་ནི། ཡཱ་བནམོ?་པ་ཏ་ཏི་པྲབྷྲ་སུ་ར་མ་ཡ(རྒྱུད་འགྲེལ་པ་ལ་མྱས?་ཧ་ཛ་ཉྫཱ་ནཱི་ཧི?་རཱུ་པ་མྦི་བྷོ:། ཇི་སྲིད་མ་ལྷུང་བ་ན་འོད་གསལ་ལས་བྱུང?་བསིལ་བའི་འོད་ཟེར་རྒྱུན་འབབ་པས། །ལྷ་མོའི་པདྨའི་སྦུབས?་སུ་རྒྱལ་པའི་ཚིགས་རྣམས་ཀྱིས་ནི་རོ་མཉམ་གྱུར། །རྡོ་རྗེ་ནོར་བུའི་རྩེ་མོར་སྙིང་རྗེ་ཐ་དད་མན་ལས་ཁྱབ་པར་འགྲོ་བའི་རྒྱ། །དེ ་སྲིད་དཔལ་ལྡན་སྙིང་རྗེ་སྟོབས་ཏེ་ཁྱབ་བདག་གཟུགས་ལ་སྙན་སྐྱེས་ཤེས་པར་བྱོས། །དགེ་བའི་མགོན་པོའི་ཞལ་སྔ་ནས་ཏེ།། 20་།།གང་ཞིག་ཕྱག་རྒྱ་གཅིག་སྦྱོར་དང་ཞེས་སོགས་རྡོ་རྗེའི་ཚིག་གི་ངེས་པ་དང་སྦྱར་རོ། །ཇི་ལྟར ་རྗེས་སུ་དྲན་པར་བྱ་བའི་མདོ་ནི། པྲ་བི་རྟི?་?་ནི་བི་?་?་བསྟི་ནཱ?་ནཻ?་བསྟི་མནས(རྒྱུད་འགྲེལ་དེ་བའི་ཞལ་སྔ་ནས་ཏེ།། 21་།།ལྕེ་རྩེ་རྐན་སྦྱར་ཞེས་སོགས་རྡོ་རྗེའི་ཚིགས་གིས་བསྟན་པའི་མཁའ་ཁྱབ་སྒྱུ་འཕྲུལ་རྡོ་རྗེའི་མན་ངག་གི་རྩ་བའོ། །དེའི་ཕྱིར་རང་བྱིན་གྱིས་བརླབ་པ་ཉིད་ཀྱི་ལམ་དུ་བསྒྲོད་པ་གཅིག་པ་རྩ་བའི་ངེས་པ་ལ་འགྱུར་པའི ་མདོ་ནི། ཨཱཛྙཱ་ནཱ་ནཱཾ་ཧྲཱི་ཡ་ཏྭ་ཛྙཱ་ནཾ་ཀྵྛ་ཛྙཱ་ནི་བྲས་ཧཡ་ཏེ། བ་རཾ་ས་མཱ་དྷི་མ་དཤེ་སེ་བུན་ནཱ་ནུ་བྷ་ཝ་ཡ་ཏུ། ཡེ་ཤེས་མི་ཤེས་ཉིད་ཡིན་ན། །ཤིང་ནི་ཡེ་ཤེས་དག་ཏུ་འགྱུར། །སླར་ཡང་ཉམས་སུ་མྱོང་གྱུར་པའི། །ཏིང་འཛིན་འདི་ན་ལམ་མཆོག་ཡིན། །འདི་ཡང་འཕགས་པ ་ལྷའི་ཞལ་སྔ་ནས་ཏེ།། 22་།།ཆད་པ་དང་བེམས་པོའི་སྟོང་པ་ཉིད་སྣང་མེད་ལས་གཞན་སོ་སོ་རང་གིས་ཉམས་སུ་མྱོང་བ་ཉིད་ལམ་དངོས་ཡིན་པར་གསལ་བར་བསྟན་པ་ལས། །སྣང་བ་སྒྱུ་མའི་རྗེས་དྲན་གྱི་རྩ་བ་ཡང་ངོ། །གནས ་འདི་ལ་ཟླ་བ་རབ་འབྱམ་གྱི་ཐིག་ལེའི་ངེས་པ་གསུངས་ཏེ། ཉི་མ་དང། སྒྲ་གཅན་ཡང་ཤེས་པར་བྱ་བའོ། །འདི་ཤེས་ནས་ཐམས་ཅད་དུ་བྱེད་པ་བཅིང་བ་ལ་ཡང་དག་པར་སྦྱར་པའི་མདོ་ནི། ཨུ་ནམི?་ཥི་ནི་མམི་ཥི་ཙཱ་པི་སུ་བྱན་ཛ་ལྱཾ་ཏ་ཥཻ་བ་ཙེ?། གཙྪེ་?་?་?་བྷཉྫཾ? ་མཱ་ཡཱ་ད་ཧ་མ་ནུ་སྨ་རེ་དྲ། མིག་ཕྱེ་བ་དང་བཙུམས་པ་དང། །གཉིད་ལོ་གསང་དང་དེ་བཞིན་དཱུང། །འགྲོ་གནས་རྒོད་དང་ཟ་བ་ན། །སྒྱུ་མའི་སྐུ་ནི་རྗེས་དྲན་བྱ། །ཨཱརྱཱ་དེ་བིའོ་སྟེ།། 23་།།རྡོར་སེམས་དང་པོའི་མགོན་པོ་རྗེས་དྲེན ་གྱི་རྩ་བ་ཡང་ངོ། །འདི་ལས་མཛའ་རྣམ་པར་བསལ་ཏེ། །མཉམ་རྗེས་རིས་མེད་པར་ཁམས་གསུམ་པའི་བརྟན་གཡོ་རང་བཞིན་གྱི་ཚུལ་ལས་ངེས་པའི་ལྷར་སློང་བའི་རྩ་བའི་མན་ངག་གི་མདོ་ནི། མཱ་ཡཱ་སྭ་བན?་ནི་དྷཾ་སརྦབ་ཏྲེ་ལོ་ཀྱཱིས?་ཙ་རཱ་?་རཱ་ཨི་ཏི་ནཻ་ཝས་མཱི་ཀྵནྟེ་ཀཨཱརྱ ་ཀཨཱརྱཥཙ་ཡོ་གིན(རྒྱུད་འགྲེལ་མིན་པའང་དེ་ལྟར་རོ།། 24་།།འགྲོ་བ་གསུམ་པོ་ཆུ་ཟླ་དང་མཚུངས་ཀྱི། །ཐམས་ཅད་མེད་པ་ཉིད་དུ་གྱུར་ཏོ་ཞེས། །རྣལ་འབྱོར་པ་རྣམས་ཀྱིས་ནི་མི་བྱ་བ། །ཉིད་ནི་རང་གི་ལུས་ཀྱི་གནད་སྐབས་ལའང། ། ་འདི་ཡང་ཨཱརྱ་དེ་བའི་སྟེ།། 25་།།དུམ་བུ་མ་ཡིན་དཀྱིལ་འཁོར་གྱི། །རྣམ་པ་གང་གིས་བརྟན་གཡོ་ཁྱབ། །ཅེས་སོགས་རྡོ་རྗེའི་ཚིག་གི་ངེས་པ་དང་སྦྱར་རོ། །བདག་ཉིད་ལ་ངེས་པའི་ལྷ་མངོན་དུ་གྱུར་ནས་ཕྱི་རོལ་གྱི་ལྷ་ལ་ཞེན་པ་སྤང ་ཞིང་ཕྱག་སོགས་ལ་ཇི་ལྟར་སྦྱར་བའི་མདོ་ནི། ཀཱཥྛ་པཱ་ཋ་ན་མྲི་དྡ་བཱན?་ན་ན་མེཏྶ་ཧ?་ཛཱཏྨ་ཀ(རྒྱུད་འགྲེལ་ཉེས་མི་འགྱུར། ཨཱརྱ་དེ་བའི་སྟེ། འདོད་ཡོན་གྱི་རྣམ་པ་ཐམས་ཅད་དུས་ཐམས་ཅད་པའི་མཆོད་པར་བྱ་བའི་རྩ་བ་ཡོད་དོ།། 26་།།གནས་སྐབས་འདི་ཉིད་དུ་ཏིང་ངེ་འཛིན་གྱི་ཡན་ལག་གི་སྦྱོར་བ་འམ་འོད་གསལ་གྱི ་རིམ་པ་སྤྱོད་པའི་རྗེས་སུ་མཐུན་པ་སྒྲུབ་པའི་སྒོ་ལ་སྤྱིར་གདམས་པའི་མདོ་ནི། པྲ་ཏི་བཛྲ་དྷ་ར(རྒྱུད་འགྲེལ་ཤྭར(རྒྱུད་འགྲེལ་གྲོ་བགྱི། །འདི་ལས་ཀུན་དུ་དབང་པོ་འཕོ་བ་མིན་པའི་ཡིད་ཀྱིས་རྣལ་འབྱོར་དབང་ཕྱུག་འགྲུབ་པར་འགྱུར། །གུཾ་ཌ་རཱི་པའི་ཞབས་ཀྱིས་ཏེ།། 27་།།དུས་ཐམས་ཅད་པའི་ཚོགས་ཀྱི་འཁོར་ལོའི་མན་ངག་གི་རྩ་བ་ཡང་ངོ། །ཀུན་ཏུ ་དབང་པོ་མི་འཕོ་བའི་ངེས་པ་ལ་ཇི་ལྟར་སྦྱར་བའི་མདོ་ནི། པྲི་ཡཱ་སངྒ་ཏཱུ་ཊཾ་ཡ་དི་དམཱ་ཏཎྚི་ཀ་སུ་ཁཾ་ཏ་དེ་པ་དཱ་ནི་ཙཡེཏྟི་མི?་ཏི་བར་མུདྲཱ་བྷི་གམ་ནཾ། ཨི་ཧ་སྟེ་སཾ་བི་དྭཱ?་སྭ་སུ་ཁ་པི་ཥ་ཡཱ་ད་ནཱ་ད་པ་རཾ་ཏ་ཏ(རྒྱུད་འགྲེལ་ཏུ་བདེ་དེ་ཉིད་ཡིན་ན། །ད་ནི་མཆོག་གི་ཕྱག་རྒྱ་དག་ལ་མཉམ་པར་འཁྱུད་པ་ཞེས་བྱ་ཅི། །གཞན་པ་ཡང་དག་རིག་པ་འམ་རང་གི་བདེ་བ་ཡུལ་ལས་གཞན་མིན་ན། །ལྷན་སྐྱེས་བདེ་བ་བདག་པོར་འགྱུར་ཏེ་དེ་ནས་སུ་ཡང་གཞན་ཞིག་ཡིན། །འདི་ཡང་གུཾ?་? ་པའི་ཞབས་ཀྱི་སྟེ།། 28?། །།བསམ་གཏན་རིས་མེད་དམ། ཁང་ཆེན་གཅིག་ཆོས?་ཀྱི་མན་ངག་གི་རྩ་བ་ཡང་ངོ། །ངེས་པ་འདི་ཉིད་ཏིང་ངེ་འཛིན་གྱི་གནས་སྐབས་ཀྱི་འབྲས་བུའི་སྦྱོར་བ་འམ་ཟུང་འཇུག་གི་རིམ་པ་རྗེས་མཐུན་པ་སྒྲུབ་པའི་མདོ་ནི། སུ་བྷ་? ་པྲ་བུདྡྷ་ཨི་ཏེ་ཏ་ད་བ་སཌ་དྭ་ཡ་བརྫི་ཏཾ། ཡུ་ག་ན་ཛཧ་བདྱ་?་སྟཝཱ་སྭ་བ་བོ་ཛཧ་བི་བརྫི?་ཏཾ། གཉིད་ལོག་སད་པ་ཞེས་འདི་ལས། །གཉིས་ཀྱི་གནས་སྐབས་རྣམས་སྤངས་པ། །རྨི་ལམ་སད་པ་རྣམ་པར་བྲལ། །ཟུང་འཇུག་བསྟན་པར་བརྗོད་པ་ཡིན། །ཀླུ་སྒྲུབ་ཀྱི་ཞལ་སྔ་ནས ་ཏེ།། 29?་།།གཉིད་?་འོད་གསལ་དང། རྨི་ལམ་སྒྱུ་མར་འཆིད་བའི་མན་ངག་གི་རྩ་བ་ཡང་ངོ། །དེ་ནས་ཐམས་ཅད་དུ་བླང་དང་ལ་སོགས་པའི་རིས་སུ་བཅད་པ་མཛའ་དག་ལ་ལྟོས་པ་མེད་པར་རིས་མེད་ཟུང་འཇུག་གི་དབྱིངས་ཇི་ལྟ་བ་ལ་ཡང་དག ་པར་སྦྱར་བའི་མདོ་ནི། སཾ་སཱ་རོཉ?་སྟི་ན་ཧ་ཏྭ་སྟ་ནུ་བྷཱི་ཏཱ་མཧཱནྟ?་སྱ?་བཱཏྟེ་བཀའ་?་བ་ནདྷོ་ཡ་ཏྲན་ཡཱ་ཏི་ཏ་ཏྲ་བི་ཏ་ཐཱ་མུཀྟ་སྱ་མུཀྟི་ཀྲི་ཡཱ། ཨི་ཏྱཱ་རོ་པྱ་ཀྲི་ཏོ་ཉ་ཐར?་ཛཛུ?་བྷུ་ཛ་ག་ཚུ་ཡ་པི་ཤཱ་ཏེ་བྷ་མོ་ཀིཉྩིཏྱ་ཛ་མཱ་གྲིཧཱ་ཎ་པི་ལས་སྭེ་ཙྪོ་ཡ་ཐཱ་བ་སཌ?་ཏི(རྒྱུད་འགྲེལ་ནི་འཆིད་བར་སྨྲ་བ་ནི། །གང་དུ་འཆིད་བ་མེད་ན་གྲོལ་ཟིན་དེ་ལ་གྲོལ་བའི་བྱ་བ་བརྫུན་པ་ཉིད་དུ་འགྱུར། །ཐག་པ་སྤྲུལ་དང་གྲིབ་མ་ཤ་ཟ་རོ་འཁྲུལ་པ་བཞིན་དུ་སྒྲོ་བཏགས་པས་ནི་བྱས་དེས་ན། །ཅུང་ཟད་དོར་བར་མི་བྱ་བླང་མི་བགྱི་སྟེ་རང་ཉམས་ཇི་ལྟ་བ་བཞིན ་གསལ་བར་གནས། །ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཏེ།། 30་།།སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་མཐར་ཐུག་པའི་རྩ་བ་ཡང་ངོ། །དེ་ལྟར་ན་སྦྱོར་བ་དེ་མཛའ་དག་བསམ་གཏན་གྱི་ཡན་ལག་ཏུ་སྤྱད་པས། བསམ་གཏན་ཡན་ལག་དྲུག་ལྡན་གྱི་སྒོ་ནས་སྤྱན ་གཉིས་ཀྱི་བྱ་བ་ཡོངས་སུ་རྫོགས་པ་མངོན་སུམ་དང་པོའི་ངོ་བོ་ཉིད་དུ་སྐྱེས་བ་ན། སྦྱོར་བ་དེ་ཉིད་རླུང་དང་ཐིག་ལེའི་བྱེད་བ་གཙོ་བོར་བཅིངས་པ་ལ་གནད་དུ་བཏང་བས། ཚོགས་ཆུང་དུས་ཡན་ལག་ཕྱི་མ་རྣམས་ཀྱང་ཡན་ལག་དྲུག་ལྡན་དུ ་སྒྲུབ་པ་ལས་མངོན་པར་རྟོགས་པའི་ངོ་བོ་ཉིད་དུ་སྐྱེས་ཏེ། སྤྱན་དང་མངོན་སུམ་ཕྱི་མ་གསུམ་བདེ་བླག་ཏུ་མངོན་དུ་གྱུར་པའི་རིམ་གྱིས་སངས་རྒྱས་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཐར་ཐུག་པར ་འགྱུར་བ་ཞེས་བྱ་བ་འདི་ཡིན་ནོ། །ངེས་པ་འདི་ཉིད་ཕ་རྒྱུད་ཀྱི་ལམ་སྲོལ་ལ་རྫོགས་རིམ་པའི་ལུས་དབེན་ཁྱད་པར་ཅན་རང་བྱིན་རླབས་སུ། རིམ་པ་ཕྱི་མ་རྣམས་ཀྱི་གནད་བཅིངས་པས། རིམ་པ་ཁོངས་སུ་བསྡུ་བའི་མན ་ངག་ཏུ་གྱུར་ཏེ། སོ་སོའི་འབྲས་བུ་ལ་ཚོགས་ཆུང་དུས་སྦྱོར་བའི་ཐབས་མཁས་སུ་འགྱུར་བ་དང་གནད་གཅིག་པ་ནི། དང་པོའི་སངས་རྒྱས་ཀྱིས་རྒྱུད་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མངོན་དུ་གྱུར་པར་བྱས་པ་དང། སངས ་རྒྱས་རིན་ཆེན་ཟ་མ་ཏོག་ཁ་ཕྱེ་བའི་ངེས་པ་མཐར་ཐུག་པ་དེ་ཉིད་ལས་དང་པོ་ལས་ཀྱང་ལག་ཏུ་ལོངས་པའི་མན་ངག་ཏུ་བརྩལ་བ་སྟེ། དཔེ་ཟླ་ཐམས་ཅད་དང་བྲལ་བའི་ཡིད་བཞིན་ཀྱི་ནོར་བུ་རིན་པོ་ཆེའི་གཏེར་ལ་རང་དབང་བྱས་པ་འམ། དབུལ་པོ ་བཙན་ཐབས་སུ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་ལ་བག་ཡངས་སུ་སྦྱར་བདག་ཡིན་ནོ། །འདི་ལ་ཡང་བརྩོན་འགྲུས་ཅན་མཐོང་བའི་ཆོས་ཉིད་ལ་ལྕགས་ལ་སྨན་ཆེན་པོའི་སྦྱོར་བས་གསེར་དུ་བྱ་བ་ལྟར་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱ་བ་དང། མ་ནུས་ན་འཛིན་པ་གཅིག་ཆོད་ཀྱི་ར་ནད་ལས། ཙམ་བར? ་ཀྱི་འཕོ་བས་འཆི་སྲིད་གཙུག་ཏོར་གྱི་འཛིན་པའམ་སེམས་དབེན་དུ་བསྒྲུབས་ཏེ། ལས་མཛའ་རྣམ་པར་ཕྱེ་ནས་སྒྱུ་མ་ལྟ་བུའི་ལུས་སུ་ལངས་བའི་མཁའ་སྤྱོད་ཀྱི་རྟེན་ལ་ཡན་ལག་གམ་རིམ་པས་ཕྱི་མ་གཉིས་སྤྱོད་པའི་ངོ་བོ་ཉིད་དུ་བསྒྲུབས་པས་ཡེ་ཤེས་ཀྱི་སྐུ ་མངོན་དུ་བྱེད་ཅིང་གོང་ནས་གོང་དུ་བོགས་འབྱིན་པ་སྟེ། བླ་མ་གཅིག་རྫོགས་ལས་མཆོག་མངོན་དུ་བྱེད་པའི་སྒོ་ཡང་རབ་ཏུ་གྱུར་བ་རྣམ་པ་གཉིས་སོ། །འདི་མཛའ་དག་ཀྱང་ཡང་དག་པའི་རྡོ་རྗེའི་སློབ་དཔོན་དཔལ་ལྡན་བླ་མ་ཚུལ་བཞིན་དུ་བསྙེན་པ་ལས་? ་པའི་ཐབས་ཀྱིས་རྙེད་པ་མ་ཡིན་ནོ་ཞེས་ཟབ་མོ་དཔལ་ལྡན་བླ་མའི་ལམ་རྫོགས་ལ་འདོམས་པའི་མདོ་ནི། ན་བི་ནཱ་བཛྲ་གུ་རུ་ཎཱ་སརྦབ་ཀཱི་ཤ་པྲ་ཧཱ་ཎ་ཀ:། ནི་ཏཱ་ཎཾ་བར་མི་ཤཱནྟ་མ་བཻ་བ་ནྱིཀྩ?་པབྷ?་ཡཱ:། རྡོ་རྗེའི་བླ་མ་སྤངས་ནས་ནི། །ཉོན་མོངས་ཐམས་ཅད་སྤངས་པ་དང། །མཆོག ་ཏུ་ཞི་ཞིང་མི་ལྡོག་བའི། །མྱ་ངན་འདས་པ་ཐེ་བ་མི་འགྱུར། །རི་ཁྲོད་ཞབས་ཀྱི་ཞལ་སྔ་ནས་སོ།། 32་།།གནས་འདི་ལྷ་བུ་ལ་ནན་ཏན་དུ་བྱེད་པའི་རྣལ་འབྱོར་བསྐལ་པ་མཆོག་ཏུ་གྱུར་པ་དག་གིས། སྤྲོས་པ་དང་བྱ་བ་ཐམས་ཅད་བཏང་སྟེ་ཏིང་ངེ་འཛིན་གྱི ་གནས་པ་འབའ་ཞིག་གིས་གནས་པ་ལ་གཅིག་ཏུ་བརྟུལ་བ་བརྟན་པར་བྱ་བའི་མདོ་ནི། ཨི་ཐཾ་ཛྙཱ་ནཱ་བྷཡ་སིཏ་མ་ན་ཤོ་ཡོ་གི་ནོ་ནཻ་བ་ཡུ་ཁཾ་བྷི་ཀྵཱ་ཀྲི་ཏྱཾ་ན་ཙ་བ་ཧུ་ཏ་རཾ་བྷོ་ཛ་ན་ནཱཾ་བིན་དྲ། ནོ་བགྒ?་ཡོན་ཙཧ་ཋ་བ་ཤ(རྒྱུད་འགྲེལ་ཡེ་ཤེས་གོམས་བྱེད་རྣལ་འབྱོར་པ་ཡི་ཡིད་ནི་འདི་ལྟར་རིགས་མིན་ཉིད། །སླེར་བ་བགྱིད་དང་ཤིན་ཏུ་མང་པོའི་བཟའ་བ་དང་ནི་གཉིད་ཀྱང་སྟེ། །མྱུར་བའི་དབང་ལས་མང་དུ་སྨྲ་དང་སྒྲ་སྒྲོགས་རླུང་དང་ཀློག་པ་དང། །མཆོད་དང་སྦྱིན་སྲེག་སོགས ་ཀྱང་དེ་བཞིན་སྤང་བྱ་འདིར་ནི་ཏིང་ངེ་འཛིན་པའོ། །བི་བུདྡཉཱ་ཀ་རའི་ཞལ་སྔ་ནས།། 33་།།དེ་ལྟར་རྣལ་འབྱོར་ཕ་མའི་རྒྱུད་གཉིས་ཀྱི་ངེས་པ་མཐར་ཐུག་པ་མཆོག་གི་དང་པོའི་སངས་རྒྱས་ཀྱིས་ཡང་དག་པར་གསལ་བར་བྱས་པ་ལས ་བརྩམས་ནས། ཐམས་ཅད་ཀྱང་མཐར་ཐུག་གི་ཞི་སྒོ་གཅིག་ལ་ཡང་དག་པར་སྦྱོར་བ་གནད་གཅིག་པ་གསལ་བར་ལག་ཏུ་ཡོངས་པའི་ལམ་གཅིག་རྫོགས། རི་ཁྲོད་ཞབས་ཀྱི་གཤེགས་ཤུལ་ལ་རྗེ་བཙུན་རང་ཉིད་ཀྱིས་ཀྱང་མངོན ་པར་བསྒྲོད་པའི་བྱིན་རླབས་ཀྱི་ཉི་ལམ་ཐུན་མོང་མ་ཡིན་པ། རྒྱལ་བའི་བསྟན་པ་མཛའ་དག་གི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པའི་གདམས་པ་འདི་སྙེད་ཅིག་།གྲུབ་པའི་དབང་ཕྱུག་ཨཀྵོ་བྷཡ་བཛྲས་ཀྱི་ཞལ་སྔ་ནས་སློས་བཤད་དུ་བསྩལ་བའི་མན་ངག ་གི་དཔའ་པོའི་ལུང་སྐབས་ཇི་ལྟ་བའི་རྩ་ཚིག་ཏུ་འང་སྦྱར་ནས་གསུང་བ་རྣམས་བསྐྱུད་པས་འཇིགས་པ་ལས། རྗེ་ཉིད་ཀྱི་བཞེལ་པ་ཇི་ལྟ་བར་བལ་ཡུལ་ཡེ་རང་གི་འདབ་དཔལ་གོ་བི་ཙནྡྲའི་གཙུག་ལག་ཁང་དང། མཆོད་རྟེན་གོམ་སེའི་དྲུང་ཤཱནྟ་སྟུ་རི ་གསང་བ་མཆོག་གི་གནས་ལ་སོགས་པར་བསྒྱུར་ཏེ། ཕྱིས་མཚན་མ་ཁྱད་པར་ཅན་དང་སྦྱར་ནས་མཚམས་སྦྱོར་དང་མིང་ཐོའི་ས་བོན་ཙམ་དང་སྤྲོའི་དབེན་གནས་ལྷུན་གྲུབ་སྣང་ཞེས་བྱ་བར་རི་ཁྲོད་པ་རྒྱ་མཚོས་ཡི་གེར་བགྱིས་པའོ།། །། ་ཨོཾ་ཙནྟྲ་ཀཱ་ཡ་ཨཱ(རྒྱུད་འགྲེལ་