| Wylie | e-texts based on the ACIP/ALL Input |
མན་ངག་རིན་ཆེན་འཕྲེང་བའི་གཞུང་ཆུང་ངུ་རྫོགས་སོ།། །། !། །ཟབ་མོའི་གླུ་རྣམས་བླངས་ཏེ་མཁའ་འགྲོ་མ་དམའཝེ་དབང་གིས་གླུ་བླངས་པ། གཙུག་ཏོར་ཆེན་པོའི་སྐུ་མངའ་བ། །བླ་མ་བརྒྱད་ཅུ་རྩ་བཞི་བདོག་།མཐོང་བའམ ་ནི་ཐོས་པ་ཡིན། །ཕུང་པོ་ཁམས་སོགས་རྣམ་པར་དག་།འཇིགས་ཚོགས་འཁོར་བའི་རང་བཞིན་ནི། །ལམ་གྱི་དུས་ན་བདེ་བ་ཆེ། །ཆོས་སྐུ་རི་བོ་ལྟ་བུར་གདའ་། །འོད་གསལ་རང་བཞིན་མེད་པར་རྟོགས། །ེ་མ་ངོ་མཚར་པཎྜི་ཏ། །ཞེས་གསུངས་སོ། ། ་མཁའ་འགྲོ་མ་ཀཽཀྐི་ལས་གླུ་བླངས་པ། །སཱ་ལའི་དུར་ཁྲོད་བྱང་སེམས་ཤིང། །གྲུབ་ཐོབ་རྡོ་རྗེ་སེམས་དཔའ་ཨི་སྐུ། །རྟོགས་ཚོགས་སེམས་དཔའ་སེམས་མའི་འཁོར། །རྣམ་འཕྲུལ་ཡེ་ཤེས་རང་བཞིན་ཅན། །འདོད་པའི་ཡོན་ཏན་ཡིད་བཞིན་སྐྱོད། །རྒྱལ་ ་པོའི་ཕོ་བྲང་དེ་ལྟ་བུ། །གར་ནི་སྐྱེ་ཤི་ནགས་ཚལ་རྩེ། །སྒེག་མོ་མཛེས་པའི་མེ་ཏོག་བཀོད། །ཟས་སུ་དུག་གསུམ་རོ་ཏ་ཟ། །སྐོམ་དུ་ཡེ་ཤེས་ཆུ་བོ་འཐུང། །ཁ་བའི་རོ་ནི་དངར་བར་མྱོང། །དེ་བཞིན་ཅི་ཡང་བསིལ་བར་འགྱུར། །ཆོས ་ཀླུའི་སྐྱེ་བ་འདི་བླངས་པས། །སྲེད་པའི་འཆིང་བ་རྣམ་པར་འཆད། །ེ་མ་ངོ་མཚར་པཎྜི་ཏ། །དུས་དང་ལང་བཙོའི་ཕར་ཕར་མཐོང། །རྣལ་འབྱོར་མ་སུ་ཏིས་གླུ་བླངས་པ། །ལྷ་ལ་ལྷ་རུ་མཐོང་བ་བདག་།བྱིན་རླབས་རྒྱུན་མི་འཆད་པ་འབྱུང། །ཐུན་བཞིར ་མ་ཧེ་འཇོ་ཞིང་སྒོམས། །ནམ་ལངས་འགྲོ་བའི་འོད་གཅིག་འབྱུང། །བསྟན་པ་མ་ཐོབ་ལ་མི་སྨྲ། །འབྲལ་བ་མེད་པའི་ཉམས་གཅིག་འབྱུང། །སྣ་ཚོགས་ཡེ་ཤེས་མེ་ལྕེ་དེས། །རྟོགས་པའི་ནགས་ཚལ་སྡོང་པོ་བསྲེགས། །སྣང་བ་ཐུག་ཕྲད་གདམ་ངག ་བསྟན། །ལཱུ་ཡི་མཚར་ན་པཎྜི་ཏ། །དངོས་མེད་སྒྲ་ལ་རྟོག་པ་མེད། །གྲོང་ཁྱེར་སྟོང་པའི་གདམ་ངག་བསྟན། །བིརྭ་མཚར་ན་པཎྜི་ཏ། །འཁོར་བ་མྱ་ངན་འདས་པར་མཉམ། །དྲན་པ་གཅིག་པའི་གདམ་ངག་བསྟན། །ས་ར་ཧ་ལ་ངོ་མཚར་བདོག་། ་མཉམ་པར་རྟོགས་དང་པཎྜི་ཏ། །ཟས་ཟ་གོས་གྱོན་གདམ་ངག་བསྟན། །མིན་པ་ལ་ངོ་མཚར་བདོག་།ཕྱི་ནང་ལྟ་བ་དྲུག་ཏུ་བསྟན། །ཤཱནྟི་པ་ལ་ངོ་མཚར་བདོག་།ཏིལླི་རྐུན་མ་མཁས་པ་ཡིན། །བདག་གི་དུག་གསུམ་རྩད་ནས་བྱུང?། །ཕྱི་ནང ་ཟད་པའི་མི་དགེ་བྱས། །ཚིམ་པར་གྱུར་ཅིག་ཏིལླི་པ། །རྔ་མོའི་མགྲིན་པ་ལྟ་བུ་ཡིས། །འཁོར་བའི་འཕྲེང་འདི་ཤིན་ཏུ་འདི། །ཟད་པར་གྱུར་ཅིག་ཏིལླི་པ། །བདེ་བ་ཤིན་ཏུ་འཚོ་བ་མེད། །ལེགས་པར་ཆོངས་ཤིག་པཎྜི་ཏ། །ཞེས་གླུ་བླངས་སོ།། །། ་(?་ལ་ཐུན་མོངས་བཞི་པ་གཅིག་རྫོགས་ལེགས་པར་བཞུགས་སོ།།)་།ན་མ(རྒྱུད་འགྲེལ་