CLOSE WINDOW

N3882: rin chen 'phreng ba zhes bya ba
Wyliee-texts based on the ACIP/ALL Input

འདམ་པ་བཀོར?་ལེགས་ལྷུན་པོའི་རྩེ། །ཐད་ཀར་ལྡིང་དང་གཡུང་དྲུང་འཁྱིལ། །ཁྲི་པང་འདུས་དང་བ་ལང་གནོན། །ཡོན་ཏན་བརྒྱད་ལྡན་མཁར་གྱི་རྩེ། །སྐུ་མཁར་སྒྱུ་དྲུག་གནས་མཆོག་ཏུ། །གྲུབ་ཐོབ་བརྒྱད་ཅུའི་ལོ་ཐབས་འདི། །ལེགས་སྦྱར་མི་ཉག་ལོ་ཅེས་སྦྱར། །འགྲོ་བ་མང?་པོ་ལ་ཕན་པར་གྱུར་ཅིག། །། ་གྲུབ་ཐོབ་བརྒྱད་བཅུ་རྩ་བཞིའི་ཆོས་སྐོར་ལམ། རིན་ཆེན་འཕྲེང་བ་བཞུགས་སོ།།)་།རྒྱ་གར་སྐད་དུ། རཏན་མཱ་ལ་ནཱ་མ། བོད་སྐད་དུ། རིན་ཆེན་འཕྲེང་བ་ཞེས་བྱ་བ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དབུ་སུ?་ཁམ་ནག་གྱེན་དུ་བརྫེས། །སྤྱན་ནི་མཐོན ་མཐིང་ཨུཏཔལ་མདོག་།འཇིགས་པའི་ང་རོ་དྲག་པོའི་སྐུ། །མི་གཡོ་མགོན་ལ་རབ་བཏུད་ནས། །མངོན་དགའ་ཨི་ཞིར་དུ་ལྷག་པ་ཡི། །གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ལས། །དྷ་མ་དྷུ་མས་ལེགས་སྤྱད་པས། །མཐོང་ཐོས་ལ་སོགས་འདིར་མ་བཀོད། །གནོད ་སྦྱིན་མོ་ལ་གདམས་པ་ཡི། །རིན་ཆེན་འཕྲེང་བ་བཤད་པར་བྱ། །དངོས་མེད་རྒྱུན་མི་འཆད་པ་རུ། །མཛའ་དབུས་མེད་པར་ཁྱབ་བྱས་པའི། །དངོས་པོ་དེ་ཉིད་རབ་ཏུ་ཟབ། །མ་ལ་ཡའི་མེ་བཞིན་དུའོ། །ཁྱོད་ནི་ཇི་ལྟར་དངོས་པོ་ཡིས། །མཚོ་ལས་སྐྱེས ་ཤིང་འདམ་ལ་ཞེན། །བུང་བ་སྦྲང་རྩི་མེ་ཏོག་དང། །མི་ལྡན་པ་ནི་ཅི་ཞིག་མྱོང། །ཕྱི་ནང་སྣོད་བཅུད་ཚངས་པ་དང། །དུས་ཀྱི་དྲེད་དང་ཁོ་རྩི་དང། །ཡུངས་ཀར་ལས་ནི་མར་བཞིན་དུ། །ངེས་པར་རྟོགས་ན་ངེས་པར་ཡིན། །མི་མངོན་མི་སྣང་གསལ་བ་རུ།། ་ནམ་མཁའ་ཨི་དེ་ཉིད་སྟོན་པར་བྱེད། །གྲོང་ཁྱེར་ཐམས་ཅད་སྟོང་པ་ལ། །ཁམས་གསུམ་མེ་སྲིད་གསུམ་ལུས་ངག་གིས། །བྱེད?་པོ་གང་ཡིན་བདག་ལ་དྲིས། །བདག་གིས་བདག་ཉིད་སྟོང་པ་སྟ། །གང་གི་མཛའ་ལ་མི་གནས་སོ། །གྲོང་ཁྱེར་ཐམས་ཅད་སྟོང་པ་ལ། །དངོས་པོར ་གྲུབ་པ་ག་ལ་ཡོད། །སྣང་གྲག་སྟོང་བའི་གྲོང་ཁྱེར་ལ། །གཟུང་བ་དང་ནི་འཛིན་པ་ཡི། །སྲིན་བུ་ཡི་ནི་ཁ་ཆུས་བསྡམས། །མ་བཟུང་བཏང་ན་བདེ་བར་འགྱུར། །མི་སྤོང་བ་དང་མི་ལྡན་པར། །ཤེས་པར་གྱུར་ན་གྲོང་མི་འཇུག་།དཔའ་བོ་མ་ནོར་བུའི་འོད ་བཞིན་དུ། །གྲོང་ཁྱེར་བདེ་བ་ཆེན་པོར་འགྱུར། །གང་ཞིག་ཆོས་རྣམས་ཅི་སྨྲ་བ། །སྨྲ་བ་དེ་དག་དྲན་པ་སྟེ། །ཇི་ལྟར་མྱ་ངན་འདས་སྨྲ་བ། །དྲན་པའི་དབང་པོ་མ་ཡིན་ནམ། །ས་ཆུ་མེ་རླུང་གང་སྣང་བ། །སྟོང་པ་ཉིད་དུ་དུས་མཉམ་འགྱུར། །ཡེ་ཤེས་སྣང་བ ་ལམ་མེ་བ། །དྲན་པ་གཅིག་བ་ཉིད་དུ་འགྱུར། །ཉི་ཟླ་གཉིས་སྦྱོར་མ་ཤེས་པས། །ཆུ་ཡི་རླབས་ལྟར་སྣང་བ་མེད?། །དེ་ཉིད་གཅིག་ཏུ་གྱུར་པས་ན། །འདི་ལ་ཐ་དང་བྱ་བ་མེད། །འདི་ལ་ངེས་པ་རྡུལ་ཙམ་མེད། །སྦྱོར་བས་བྱུང་བ་མ་ཡིན་ནོ། །མི་རྟོག་པ ་ཡི་རྒྱ་མཚོ་ལ། །རྟོག་པའི་རི་བོ་རྣམ་པར་ནུབ། །འཛིན་པའི་?་བ་ཆོས་ཉིད་ལ། །གཟུང་བའི་རྟོག་པ་གང་ལ་ཡོད། །བུམ་པའི་ལུས་ལ་འབྱུང་བའི་འོད། །སྟེང་དུ་ལྷ་ཡི་བདུད་རྩི་ཞུ། །ཆོས་ཉིད་འོད་ཀྱི་གོང་དུ?་ལ། །ཚོགས་དྲུག་རྟོག་པ་རྣམ་པར་ཟད? ་རིགས་དྲུག་རྟོག་པ་སྣ་ཚོགས་པ། །ལོག་སྲེད་རྟོགས་པའི་མཐུ་ལས་བྱུང། །དེ་བཟློག་རིགས་པའི་མཐུ་ལས་ནི། །སངས་རྒྱས་ཡིན་ཕྱིར་གང་འདོད་འབྱུང། །ཡུལ་དང་རྐྱེན་དང་འགག་པ་མིན། །ཆུ་ལས་ཆུ་བུར་ཇི་ལྟ་བུར། །རྗེས་ཀྱི་གཉེན་པོས་བཟློག ་བ་སྟེ། །ཆུ་ཡི་དབྱུག་པ་དེ་ལྟ་བུར། །གཞོན་ནུ་མཛེས་པའི་ས་བོན་ཅན། །འགྲོ་བ་ཀུན་ལ་ཁྱབ་པར་གནས། །དབང་པོ་རང་སྣང་འཛིན་པར་འགྱུར། །ཡེ་ཤེས་གཅིག་གི་སྣང་བ་ཡིན། །ནམ་མཁའ་སྤྲིན་གྱི་གཟུགས་བྱད་བཞིན། །མེ ་ལོང་ལས་ནི་གཟུགས་བརྙན་བཞིན། །རང་གིས་རྟོགས་ན་དེ་ལྟ་བུར། །མུན་པས་སྣང་བའི་དོན་བྱེད་མེད། །དེ་ཡང་གསང་བའི་སྟོབས་ཀྱི་སྤྱད། །ཡེ་ཤེས་གསལ་བའི་ཕྱག་རྒྱ་ནི། །ཕྱོགས་གཅིག་ལུས་ཀྱི་གནད་ལ་བཅས། །སྒྱུ་མའི་འཁྲུལ་འཁོར ་དེ་ལས་ནི། །དབང་པོའི་ནུས་པ་བརྟགས་པར་བྱེད། །ན་རི་ཀེ་ལའི་ཤིང་བཞིན་དུ། །ཤ་དང་རུས་པ་རྐང་མར་རྣམས། །བསྐྱེད་བར་བྱེད་པ་གང་ཡིན་པ། །དེ་བཞིན་ས་དང་རླུང་རྣམས་སོ། །རྒྱུ་མེད་འབྲས་བུ་མེད་པ་རུ། །ཀུན་གྱི་གསལ་བ་སྟོན་པར་བྱེད།། ་དཔེ་ཡིས་མ་ཡིན་ཐ་སྙད་མེད། །མ་བྲལ་བ་ལ་གསལ་ཅི་དགོས། །ཤོར་དང་གོལ་བས་མ་བསྐྱེད་པ། །འཁྱམས་མེད་ལྡེངས་བ་དེ་ལས་ལོག་།སྐྱེས་ནས་མ་ཤིའི་བར་དོ་རུ། །རྣམ་སྨིན་ལུས་ཀྱི་རྟོག་པ་ལ། །འདོད་ཆགས་འོད་གསལ་དག་ཏུ ་འགྱུར། །བླ་མའི་གདམ་ངག་ངོ་མཚར་ཆེ། །སྦྱོར་བ་དང་ནི་དངས་གཞི་ལས། །གཟུང་བ་དང་ནི་སྤྱད་པ་དང། །སྒྱུ་མར་བསླབ་ཅིང་ཡང་མེད། །དེ་ཉིད་མི་འདའ་སྒོམ་པར་བྱེད། །རྣམ་ཤེས་བརྒྱུད་པའི་བར་ངོ?་རུ། །བག་ཆགས་ལུས་ཀྱི་ཀུན་ནས་སླང ་མཚམས་སྦྱོར་སྔོན་དུ་རྨི་ལམ་སྦྱར། །གཏི་མུག་འོད་གསལ་ཉིད་དུ་འགྱུར། །འདུན་པ་དྲག་པོས་རབ་ཏུ་སྦྱོར། །རྣམ་སྨིན་ལུས་ནི་ཞིག་པ་ན། །བག་ཆགས་དང་བཅས་ཡིད་ཀྱི་ལུས། །འདོད་ཆགས་འོད་གསལ་མངོན་དུ་བྱ། །ཕ་མ་ལ་སོགས་ཆགས ་པ་སྤོང། །དུས་དང་ལུས་ཀྱི་བཅའ་བ་དང། །ཡུལ་དང་དབང་པོའི་སྦྱོར་བ་སྟེ། །གཏུམ་མོའི་གནད་ནི་རླུང་བཞིར་བཤད། །འོད་གསལ་བཞི་རུ་འདོད་བ་སྟེ། །འཆི་བ་བསླུ་བར་མི་ནུས་ན། །འཕོ་བ་རྣམ་པ་གསུམ་ཡིན་ཏེ། །དང་པོ་སྙིང་ཁ་ལྟེ་བའོ། །དང ་པོ་སྦྱོར་བ་སྒོ་དགུ་འགག་།ཁ་དོག་གསེར་འོད་འབད་པ་ཡི། །ཀ་བ་ཉིས་འགྱུར་ཡི་གེ་ནི། །དྲང་པོར་ལྡན་པའི་ས་བོན་གྱིས། །ཚངས་པའི་སྒོ་རུ་དེ་བསྲུང་ངོ། །དྲིལ་བུ་ཡི་གེ་མིག་ལའོ། །སྟོང་པའི་ས་བོན་ལྡན་པ་ནི། །རྣ་བ་སྣའི་དབང་པོར་བཞག་།བདུད་རྩི ་ཆུ་ཡི་ས་བོན་གྱིས། །ལྕེའི་དབང་པོའི་རྩེ་མོར་གཟུང། །སེངྒེའི་ས་བོན་བརྩེགས་པ་ཡིས། །སྣ་ཡི་སྒོ་ཡང་བསྲུང་བར་བྱེད། །སྟག་མོའི་ས་བོན་གཙེགས་པ་ཡིས། །མཐོང་དཀའ་ཀུན་ཏུ་བཞག་པར་བྱ། །ལྕེ་སྤྱང་ས་བོན་བརྩེགས་པ་ཡིས། །སྙིང་གའི་གནས་སུ ་བཞག་པར་བྱ། །གནད་ཚིག་པ་ཡི་ལྟེ་བ་རུ། །ཕྱུགས་ཀྱི་ས་བོན་གྱིས་བསྲུང་དེ། །དེ་ནས་འོག་གི་སྒོ་ཡང་བསྲུང། །ཆུ་ཡི་ས་བོན་དཀར་སེར་རོ། །ཆུ་དང་ཆུ་མིན་པ་ཡིས་ནི། །དེ་ཡི་ས་བོན་འབད་བར་བྱེད། །ལུས་ལ་རླུང་གི་ས་བོན་དང། །སེམས་ཀྱི་རླུང་ནི ་དཀྱིལ་འཁོར་ལ། ?བན་བུན་རླུང་མཛའ་ཨི་རྩ་བར་ནི། །ཐིག་པ་ངོ་བོར་ལྡན་པ་ཡིས། །སེམས་ཀྱི་དེ་ནི་དྲན་པར་བྱ། །མ་ལུས་ཀུན་གྱི་མངོན་རྟོགས་ནི། །གནོད་སྦྱིན་མོ་ཡི་དོན་ཕྱེད་དུ། །དྷ་མ་དྷུ་མས་ལེགས་སྤྱད་པས། །འགྲོ་རྣམས་རྫོགས་པའི་ས་ཐོབ་ཤོག་། ་མན་ངག་རིན་ཆེན་འཕྲེང་བའི་གཞུང་ཆུང་ངུ་རྫོགས་སོ།། །། !། །ཟབ་མོའི་གླུ་རྣམས་བླངས་ཏེ་མཁའ་འགྲོ་མ་དམའཝེ་དབང་གིས་གླུ་བླངས་པ། གཙུག་ཏོར་ཆེན་པོའི་སྐུ་མངའ་བ། །བླ་མ་བརྒྱད་ཅུ་རྩ་བཞི་བདོག་།མཐོང་བའམ ་