CLOSE WINDOW

N3881: grub thob brgyad cu rtsa bzhi'i do ha 'grel pa
Wyliee-texts based on the ACIP/ALL Input

དུ་ཟུང་འཇུག་གཉིས་མེད་ཀྱི་སྩོལ་བྲལ་དེ་ལ་བྱའོ། །རྣལ་འབྱོར་བ་གྷ་ཧུ་ལའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་།།ུ་དྷི་ལིའི་དོ་ཧ་འགྲེལ་པ་དང་བཅད་པ་བཞུགས་སོ།། །།གུ་རུ་ཨུ་དྷི་ལིའི་ཞལ་ནས། ་ཇི་ལྟར་རྣམ་རྟོག་རྗེས་འབྲེང?་འཁྲུལ། །མ་འགྲེངས་བག་ཆགས་མ་བཏང་གཟུང། །གང་ལ་མི་གནས་འགྲོ་བ་ཟུང། །གཞན་ལས་བཙལ་བས་དེ་རྙེད་མིན། །ཅེས་སོ། །འདིའི་དོན་ནི། ཨུ་དྷི་ལས་མ་རྟོགས་པའི་དུས་ན་ངང་པ་དང། སྦྲིན་སྣ་ཚོགས ་པའི་རྟོག་པ་དང། ཕྱི་གཟུང་བྱའི་ཡུལ། །ནང་འཛིན་པའི་ཤེས་པའི་རྟོག་པ་སྣ་ཚོགས་ཀྱིས་རྗེས་སུ་འབྲངས་པས་འཁྲུལ། ཅེས་པའོ། །རྟོག་པའི་དུས་སུ་མ་འབྲེངས་བག་ཆགས་མ་བཏང་གཟུང། །ཅེས་པ་སློབ་དཔོན་ཨུ་དྷི་པ་ལ་རང་གསལ་གྱི་རྟོག་པ་ཤར་ནས་ཆོས ་ཐམས་ཅད་མི་དམིགས་བ་ནམ་མཁའ་ལྟ་བུར་རྟོགས་པས། མ་འབྲེངས་ཅེས་པ་རྣམ་རྟོག་གི་རྗེས་སུ་མ་འབྲེངས་བའོ། །རྣམ་རྟོག་གི་རྗེས་སུ་མ་འབྲེངས་པས་དེའི་བག་ཆགས་ངན་པ་མ་བཏང་བས་བག་ཆགས་དེ་ཆོས་ཉིད་དུ་ཟང་བར་བྱས་པས་ན་གཟུང་ཅེས་པའི། །གང་ལ ་མི་གནས་ཅེས་པ་ནི། རྣམ་རྟོག་གི་དྲ་བ་ཆོས་ཉིད་དུ་བསྡུས་ནས་ཆོས་ཉིད་ཀྱི་བདེ་བ་དེ་ཡང་གནས་པ་མེད་པས་གང་ལ་མི་གནས་ཅེས་པའོ། །འོ་ན་མི་གནས་པ་གནས་པ་མེད་པ་དེ་ཉིད་གཞན་ནས་ཀྱང་མི་རྙེད་དེ། གཞན་ལས་བཅོལ་བས་དེ་རྙེད་མིན། །ཅེས་ཡུལ་ཡུལ ་ཅན་གང་ནས་བཅལ?་བ་འམ། །སྒོམ་པས་མི་རྙེད་བས་ན་དེ་རྙེད་མིན། །ཅེས་པའོ། །རྣལ་འབྱོར་པ་ཨུ་དྷི་ལའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་།།ཀ་པཱ་ལའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།། །།གུ་རུ་ཀ་པཱ་ལའི ་ཞལ་ནས། དངོས་ཀུན་གཉིས་མེད་རྡ?་རྫ་འཛིན། །རྒྱན་སོགས་ཐོས་བ་བློ་དུང་པ། །དང་འཛིན་འཁྲུལ་པ་དེ་ཉིད་ཀྱང། །རང་གིས་བཙལ་པས་རྙེད་མ་ཡིན། །ཅེས། །འདིའི་དོན་ནི། དངོས་ཀུན་གཉིས་མེད་རྡོ་རྗེ་འཛིན། །ཅེས་པ་སློབ་དཔོན་ཀ་པཱ་ལ་ལ ་དངོས་པོའི་གནས་ལུགས་དེ་བླ་མ་བཟང?་པོ་སྤྱོད་པས་བསྟན་ཞིང། རྟོགས་པའི་དུས་སུ་གཉིས་སུ་མེད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་ནས་ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་དུ་རྟོགས་ཙམ་ན་སྩོལ་བ་དང་བྲལ་བ་ནི། འགྲོ་བའི་ལ་ཁར་དབྱི་བོག་པ་ལྟ་བུ་འམ། ལྟས ་མོ་ལྟ་ཁར་མིག་འཁྲུལ་བལྟ་བུར་རྟོགས་པའོ། །དེ་ལྟར་རྟོགས་ཙམ་ན། རྒྱན་སོགས་ཐོད་པ་བློ་དུར་བ། །ཅེས་སོ། །རྒྱན་ནི་བུ་ཚའི་རུས་པའི་དུམ་བུ་ལ་བྱས་པ་ཡིན་ལ། ཐོད་པ་ནི་ཆུང་མའི་མགོ་བོ་ལ་བྱས་པའི་ཐོད་པ་ཡིན་ནོ། དེ་ཐམས་ཅད་ཀྱང?་བློ་བུར ་གྱི་རྐྱེན་ལས་སྐྱེས་པ་ཡིན་ཅེས་པའོ། །འོ་ན་འཁྲུལ་པ་སྤངས་པའི་ཕ་རོལ་ན་དེ་ཉིད་ཡོད་དམ་བྱས་པས། དེ་མེད་དེ་ངར་འཛིན་འཁྲུལ་པ་དེ་ཉིད་ཀྱང། །ཅེས་པ་ངར་འཛིན་དང་བཅས་པའི་ངོ་བོ་ཉིད་ཀྱི་དོན་ཅེས་བྱའོ། །དེ་ཅེས་ཤེས ་ན། ཐམས་ཅད་རང་བཞིན་བཙལ་བས་མིན། །ཅེས་པ་ཐམས་ཅད་མ་ལུས་པའི་རང་བཞིན་ནི་ངོ་བོ་ཉིད་མ་བཅོས་པ་དེའོ། །དེ་ཡུལ་ལ་གཟུང་ན་མི་རྙེད་དེ། བཙལ་བས་མིན?་ཅེས་པའོ། །རྣལ་འབྱོར་པ་ཀ་པཱ་ལའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་།། ་ཀི་ར་ལའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།། །གུ་རུ་ཀི་ར་ལའི་ཞལ་ནས། ཇི་སྲིད་མ་རྟོག་པར་དུ་རང་གཞན་རྟོག་པས་འཆིང། །དེ་ཚེ་རྟོགས་པར་གྱུར་ན་རང་གཞན་གཉིས་མ་གྲུབ། །དེས་ན་སངས་རྒྱས་ཞེས་བྱ་རང་གི་བླ་དགས་ཡིན། །དེ་ཉིད་སྤྲོས ་བྲལ་མ་བཅོས་རང་སར་རང་སེམས་ཟུང། །ཅེས་སོ། །དེ་ལ། ཇི་སྲིད་མ་རྟོགས་པར་དུ་རང་བཞིན་རྟོག་པས་འཆིང། །ཞེས་བ་སྟེ། ཇི་སྲིད་ནི་ཀི་རབ་རྒྱལ་པོའི་དུས་སུ་འཁོར་བ་ཐོག་མ་མེད་པ་ནས་དེ་སྲིད་དམ། ཇི་སྲིད་དུ་རང་གཞན་མ་གཏོགས་པས་འཆིང་ཅེས ་པ་སྟེ། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དེ་དག་རེ་རེ་ལ་ཡང་བཞི་བཞི་སྟེ། རང་བཞིན་བདག་ཡིན་བདག་ལ་གནས། །བདག་ནི་རང་ཡིན་བདག་དང་ལྡན། །དོན་ལ་སྦྱར་ན་འཇིགས་ཚོགས་ཀྱི་རི་བོ་བདག་འཛིན་ཉི ་ཤུ་ལྟར་གཟུང་བ་དེ་ལ་རང་གཅིག་པུར་བཟུང་བས་ན་རང་ཅེས་པའོ། །གཞན་ཅེས་པ་ཡུལ་གཞན་དུ་གྱུར་པ་ཕ་རོལ་པོ་རང་ལས་གཞན་པ་ཡིན་ཏེ། རང་གཞན་རྟོག་པས་འཆིང་ཅེས་པ་ནི། རང་གཞན་གཉིས་མེད་ལ་གཉིས་འཛིན་གྱི་རྟོག་པ་བྱུང ་བས་ན་འཆིང་ཞེས་པའོ། །གང་དུ་འཆིང་ན་འཁོར་བར་འཆིང་ཞེས་པའི་དོན་ཏོ། །ཇི་ལྟ་བུས་འཆིང་ན། རང་གཞན་གྱི་རྟགས་དེ་སྲིན་བུའི་ཁ་ཆུ་ལྟར་རང་འཆིང་ཞེས་པའོ། །དེ་ཚེ་རྟོག་བར་གྱུར་ན་རང་གཞན་གཉིས་མ་གྲུབ། །ཅེས་པ་ནི། དེ་ཚེ་གང ་གི་ཚེ་ན་བྱས་པ་ལ། །བདག་འཛིན་གྱི་རི་བོ་ཉི་ཤུ་འམ། གཉིས་འཛིན་གྱི་འཁྲུལ་པ་དེ་ཚེ་བདག་མེད་ཉི་ཤུ་འམ། གཉིས་མེད་རྟོགས་པར་གྱུར་ན་རང་གཞན་གཉིས་མ་གྲུབ། །ཅེས་པའོ། །འོ་ན་བདག་མེད་ཉི་ཤུ་ལ་སོགས་པ་ཡིན་ཏེ། གཟུགས་བདག་མ ་ཡིན། གཟུགས་བདག་ལ་མི་གནས། གཟུགས་བདག་གི་མ་ཡིན། གཟུགས་བདག་དང་མི་ལྡན། དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ལ་སོགས་པ་བཞི་བཞིས་བདག་གམ། །རང་གཞན་མ་གྲུབ་པས་ན་གཉིས ་མ་གྲུབ་ཅེས་པའོ། །དེའི་ཕྱིར་གཟུགས་བདག་མ་ཡིན་བྱས་པ་ལ། བདག་ནི་བརྟགས་པ་གཅིག་པུའི་རང་བཞིན་ཡིན་ལ། གཟུགས་ནི་མི་རྟག་པའི་རང་བཞིན་ཡིན་པས་ན་གཟུགས་བདག་མ་ཡིན། དེ་ལྟར་བཞི་པོ་ལ་ཡང་སྦྱར་རོ། །དཔེར་ན་བདག་མེད་པས ་གཞན་མ་གྲུབ་པ་དེ་ལ་སངས་རྒྱས་ཀྱི་དགོངས་པ་གཉིས་འཛིན་དང་བྲལ་བ་ཞེས་བྱའོ། །དེས་ན་སངས་རྒྱས་ཞེས་བྱ་རང་གི་བླ་དགས་ཡིན་ཅེས་པ་འདས་མ་ཐག་པ་འམ། ཐོག་མའི་དབང་དུ་བྱས་པ་ཡིན། གང་དུ་བཤད་པ་རྟོགས་པའི་བདག་འཛིན ་གྱི་རིགས་གང་ཡང་མེད་པས་ན། དེས་ན་སངས་རྒྱས་ཞེས་པ་རང་གི་བླ་དགས་ཙམ་དུ་བཏགས་པ་ཡིན་པ་དངོས་པོ་ལ་ཡོད་པ་མིན་ཅེས་པའོ། །དེ་ཉིད་སྤྲོས་བྲལ་རང་ལ་རང་སེམས་ཟུང། །ཅེས་པ་ནི། དེ་གང་ཡིན་ན། སངས་རྒྱས་ཀྱི་དགོངས་པ་དེ་ཉིད་དེ། དེ་བླ ་དགས་ཙམ་པས་བརྗོད་དུ་ཡོད་པ་མ་ཡིན་པས། སྤྲོས་བྲལ་དང་ལ་རང་སེམས་ཟུང། །ཅེས་སོ། །རྣལ་འབྱོར་བ་ཀི་ལ་བ་ལའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། ?་།།*། །ས་ཀ་རའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།། ་གུ་རུ་ས་ཀ་རའི་ཞལ་ནས། འགྲོ་རྣམས་སྡུག་བསྔལ་གྱིས་གདུངས་ལ། །འདོད་ཡོན་དག་གི་ཚར་ཕབ་པོ། །དེ་བཞིན་ཉིད་ཀྱི་གནས་ཆེན་དུ། །རིག་པའི་ཀླུ་རྒྱལ་ཉིད་གཟིར་ནས། །སྐལ་ལྡན་རིགས་འཛིན་ཕོ་མོ་ལ། །གསང་སྔགས་རིག་པའི་ཆར་ཕའོ། །ཅེས་སོ། །འདི ་ལ་དཔེ་དོན་གཉིས། དཔེ་ནི་ཀླུ་རྒྱལ་གཟིར་བའི་དཔེ་དང་སྦྱར་ཏེ། ཀླུ་རྒྱལ་གྱིས་འདོད་ཡོན་གྱི་ཆར་ཕབ་པ་དང་འདྲ་སྟེ། དེ་ནི་ནང་གི་གནས་ཆེན་ཅེས་པ་ལ་སོགས་པས་བསྟན་ཏེ། །དེ་བཞིན ་ཅེས་པ་གོང་དུ་བཤད་པའི་ཀླུ་རྒྱལ་གཟིར་ཅེས་པ་དེ་བཞིན་དུ་ནང་གི་གནས་ཆེན་ཙས་པ་ནི། ནང་གི་?་ཤེས་བྱ་ཁ་ནང་དུ་ལྟ་བ་ཡིན་ལ། གནས་ཚན་ནི་ཀུན་གཞིའི་གནས་ཡིན། ཆེ་བ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་ཞིང་མི་ཤོང་བ་མེད ་པས་ན་དེ་ལས་ཚ?་བ་མེད་པས་ན་ཚ?་བའོ། །དུས་ཅེས་གནས་ཆེན་དེར་ཅི་བྱེད་ན། རིག་པའི་ཀླུ་རྒྱལ་ཉིད་གཟིར་ནས་ཅེས་པ་ལ་ཟེར་རོ། །འོ་ན་གཟིར་ལུགས་ཇི་ལྟར་དུ་གཟིར་ན། རིག་པའི་རྒྱལ་པོ་ནོར་བུ་རིན་ཆེན་ལྟར་གཟིར་སྐད། རིན་པོ་ཆེ་དེ་ལ་ཡོན་ཏན ་ཅི་འབྱུང་ཞེ་ན། འདི་ཙམ་དུ་འབྱུང་བ་ཡིན་ཏེ། དེ་ཡང་དང་པོར་ཐོས་པ་འམ་རྙེད་པར་དཀའ་བ་ལ་གཉིས་པ་དེ་བཅད་བ་དཀའ་སྐད། གསུམ་པ་མཆོད་པ་དཀའ་སྐད། བཞི་པ་མཆོད་པས་དགོས་འདོད་ཐམས་ཅད་འབྱུང་སྐད། དཔེ་དེ་བཞིན་དུ་རིག ་པའི་ཀླུ་རྒྱལ་དེ་དང་པོར་ངོ་སྤྲོད་པར་དཀའ་བ་ཡིན་སྐད?་གཉིས་པ་ངོ་སྤྲད?་ནས་ཉམས་སུ་ལེན་པ་དཀའ་སྐད། གསུམ་པ་བླངས་ནས་ཡེ་ཤེས་མངོན་སུམ་དུ་སྐྱེ་བ་བཀའ་སྐད། བཞི་བ་ཡེ་ཤེས་མངོན་དུ་སྐྱེས་ནས་ཞི་བ་མྱ་ངན་ལས་འདས་པའི་ཡོན་ཏན ་བརྗོད་ཀྱི་མི་ལང་བ་འབྱུང་ཅེས་པའོ། །དེ་ལྟ་བུའི་ཡོན་ཏན་དེས་སུ་ཞིག་གི་དོན་བྱས་ཅེ་ན། སྐལ་ལྡན་རིགས་འཛིན་ཕོ་མོ་ལ། །གསང་སྔགས་རིག་པའི་ཆར་ཕབ་པའོ། །ཅེས་བ་སྟེ། སྐལ་ལྡན་ཅེས་པ་ནི་སྦྱངས་བ་ཅན་ལས་འཕྲོ་སད་པ། ཐེག ་པ་ཆེན་པོའི་ཆོས་ཀྱི་སྐལ་བ་ཅན། དད་པ་ཅན་མོས་གུས་ཆེ་བའི་སྐལ་བ་ཡོང་པ། བརྩོན་འགྲུས་ཅན་སྦྱོར་རམ་བརྩོམ་པའི་སྐལ་བ་ཡོད་པ། ཤེས་རབ་ཅན་རྟོགས་པ་སྐྱེ་བའི་སྐལ་བ་ཡོད་པས་སྐལ་ལྡན་ཅེས་བྱའོ། །རིགས་འཛིན་ཅེས་བྱ་བས ་བཅུའི་སྐྱེ་གནས་དང་བྱང་ཆུབ་སེམས་དཔའ་ཨི་རིགས་འཛིན་པས་ཅེས་བྱའོ། །ཕོ་མོ་ཅེས་པ་ནི་རྟེན་གྱི་ཁྱད་པར་ལ་བཞག་གོ་།དེ་རྣམ་ལ་དོན་ཇི་ལྟ་བུ་བྱས་ཅེ་ན། གསང་སྔགས་རིག་པའི་ཁར?་ཕབ་བོ། །ཅེས་པའོ། །གསང་སྔགས་ནི་ཤེས་སྐྱོབ་གཉིས་དང ་ལྡན་པ་ལ་བྱ་སྟེ། དེ་ལ་ཤེས་བ་ནི་རྣལ་འབྱོར་པ་ལམ་པའི་ཤེས་པ་ཡིན་ལ། སྐྱོབ་པ་ནི་ཐོགས་མེད་ནས་འགྲོ་ཀུན་སྐྱོབ་པའོ། །རིག་པ་ནི་ཡང་དག་པའི་རིག་པ་ཁོང་དུ་ཆུད་པའོ། །ཆར་ཕབ་པ་ནི་རྟེན་གྱི་གང་ཟག་གོང་མ་རྣམས་ལ་ཀླུ་རྒྱལ་གྱི་དཔེ་ལྟ ་བུར་བབ་པའོ། །རྣལ་འབྱོར་པ་ས་ཀ་རའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་།།*། །སརྦ་བྷ་ཀྵའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།། གུ་རུ་སརྦ་བྷ་ཀྵའི་ཞལ་ནས། གང་གི་མ་རྟོགས་དུས་ན་སྣ་ཚོགས་རོ་ལ་ཁྱད་པར ་ཆེ། །གང་གི་རྟོགས་པའི་དུས་སུ་རོ་རྣམས་ངོ་བོ་བྱེ་བྲག་མེད། དེ་བཞིན་མ་རྟོགས་ཉིད་ན་འཁོར་འདས་ཐ་དད་སྣང། །དེ་ཉིད་རྟོགས་ན་འཁོར་བ་མྱང་འདས་བདེ་བ་ཆེ། །ཅེས་སོ། །འདི་ལ་ཁ་ཟས་ཀྱི་དཔེ་དང། རྟོགས་བའི་དོན་གཉིས་ཀྱི་བསྟན་པ་ལས་དང ་པོ་ནི། བདག་གིས་ཅེས་པ་སརྦ་བྷཀྵ་བདག་གིས་སོ། །མ་རྟོགས་པ་གང་མ་རྟོགས་ན་སྙིང་པོའི་དོན་མ་རྟོགས་པའོ། །དེ་མ་རྟོགས་པ་ཅིག་ཉེས་ཞེ་ན། སྣ་ཚོགས་རོལ་ཁྱད་པར་ཆེ། །ཅེས་པ་སྟེ། སརྦ་བྷ་ཀྵ་ཕོ་བའི་མེ་དྲོད?་ཆེ་བས་ཁ་ཟས་ལ་གཙང་རྨེ ་མེད་པར་མ་རྟོགས་པའི་དུས་སུ་རོ་ལ་ཁྱད་པར་ཆེ་ཅེས་པ་སྟེ། དེ་ནི་གོང་གི་ཁ་ཟས་ཀྱི་གཙང་རྨེ་མེད་པ་སྣ་ཚོགས་པ་དེའི་རོ་ཞིམ་མི་ཞིམ་གྱི་ཁྱད་པར་ཆེ་བར་བྱུང་ཅེས་པའི་དོན་ཏོ། །གང་གི་རྟོགས་བའི་དུས་སུ་རོ་རྣམས་ངོ་བོ་བྱེ་བྲག་མེད། ། ་ཅེས་པ་ནི། དཔེ་དེ་བཞིན་དུ་བླ་མའི་གདམ་ངག་གིས་སྣང་སྲིད་ཐམས་ཅད་ཟས་སུ་བྱས་ནས། སེམས་དེ་བསྐལ་པའི་མེ་རུ་བྱས་སྟེ། སྲིད་གསུམ་ཟས་སུ་བྱས་ནས་ཟོས་བས། སྔར་གྱི་ཁ་ཟས་སྣ་ཚོགས་ལ་དེའི་རོ་ཞིམ་མ་ཞིམ་ཀྱི་བྱེ་བྲག ་མེད་པར་གྱུར་པས་ན་རོ་ཐམས་ཅད་བྱེ་བྲག་མེད་པ་ཅེས་པའོ། །དཔེ་དེ་བཞིན་དུ། དེ་བཞིན་མ་རྟོགས་ཉིད་ན་འཁོར་འདས་ཐ་དད་སྣང་ཅེས་པ་ནི། དེ་བཞིན་མ་རྟོགས་དུས་ཅེས་པ་དཔེ་དྲངས་པ་ཡིན་ཏེ། དེ་གང་ཡིན་བྱས་པ་ལ། ་གང་གི་ཁ་ཟས་ཀྱི་རོ་ལ་ཁྱད་པར་རམ་བྱེ་བྲག་འབྱུང་བ་ལྟར་དུ། འདིར་མ་རྟོགས་པའི་དུས་སུ་འཁོར་བ་དང་མྱང་འདས་ཐད་དུ་སྣང་ཅེས་པའི་དོན་ཏོ། །དེ་ཉིད་རྟོགས་ན་འཁོར་འདས་བདེ་བ་ཆེ། །ཅེས་པ་དེ་ཡང། རྟོགས་པའི་དུས་སུ་ཅེས་པ་ནི་སརྦ ་བྷཀྵས?་སྣང་སྟོང་གཉིས་མེད་ཀྱི་དོན་གཅིག་རྟོགས་པའི་དུས་སུ་འཁོར་བ་མྱང་འདས་བདེ་བ་ཆེ་སྟེ། ཇི་ལྟར་དུ་བདེ་བྱས་པ་ལ། འཁོར་བ་སྙིང་པོ་མེད་པར་ཤེས་པས་མི་མྱང?་མཐུན་པའི་ཕྱོགས་ཀྱི་སྤང་བྱ་མེད། མུན་པའི་ཕྱོགས་ཀྱི་གཉེན་པོ ་ཡེ་ཤེས་མེད་པས་ན། མྱ་ངན་ལས་འདས་པ་ཡང་དང་བུ?་བླང་དུ་མེད་པས་འཁོར་བ་མྱང་འདས་བདེ་བ་ཆེ། ཞེས་སོ། །དོན་གྱིས་ན་འཁོར་བ་ཉིད་ཆོས་སྐུ་ཡིན་པས་མི་སྤོང་ལ། མྱ་ངན་ལས་འདས་པ་སྒྲུབ་རྒྱུ་མེད་པས་མི་སྒྲུབ་བོ། །རྣལ་འབྱོར་པ ་སརྦ་བྷཀྵའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་(།།ནཱ་ག་བོ་དྷིའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།གུ་རུ་ནཱ་ག་བོ་དྷིའི་ཞལ་ནས། ས་ལ་གནས་ན་ཀུན་ཀྱང་སྐལ་བ་བཟང། །རྒྱ་མཚོའི་གཏིང་དུ་ཕྱིན་ན ་དབུལ་དང་བྲལ། །རལ་གྲི་ལག་ཏུ་ཐོགས་ན་ལོངས་སྤྱོད་ཆེ། །ཕྱོགས་མེད་དག་ཏུ་ཕྱིན་ན་གཉེན་དང་འཕྲད། །ཅེས་སོ། །འདིའི་དོན་ནི། དང་པོ་དཔེ་བཞི་ས་དོན་བཞི་བསྟན་པ་ཡིན་ཏེ། དེ་ཡང་དཔེ་དང་པོ་ཐོང་པ་དངོས་གྲུབ་ཅན་གྱིས་ས་དང ་པོ་ཐོབ་པའི་དཔེ། རྣལ་འབྱོར་པ་ཀ་མ་རུ་པས་བསྟན་པ་ནི། ས་ལ་གནས་ན་ཀུན་ཀྱང་སྐལ་བ་བཟང། །ཅེས་པས་བསྟན་ཏེ། ད་ནི་སྔོན་རྣལ་འབྱོར་པ་ཀ་མ་རུ་པ་ཞེས་བྱ་བ་དེ་ནགས་ཁྲོད་ན་གནས་པའི་ཚེ། དུར་ཁྲོད་དུ་ས་འབོར་ཞིག་ལ་སྔས ་གཏང་ནས་ཉལ་བའི་ཆེ། དེའི་ནུབ་མོ་སྲིད་པ་གསུམ་མཐོང་བར་གྱུར་ནས། དེ་གར་འདུག་ལྟའོ་སྙམ་པ་ལ། དེ་ཕྱིས་མ་བྱུང་ན། དུར་ཁྲོད་དེ་བརྐོས་པས་ཐོད་པ་དུམ་བུ་གཅིག་པ་གཅིག་བྱུང་ནས། དེ་བཅངས་པས། དེ་མན་ཆད་དུ་ས་དང་པོ་ལ་གནས་པའི ་བྱང་ཆུབ་སེམས་དཔའ་ཨི་རབ་དགའ་ལྟ་བུའི་མངོན་ཤེས་བྱུང་བས་ན་དེ་ཡི་སྐལ་པ་བཟང་ཅེས་པའོ། །དཔེ་དེ་བཞིན་དུ་འདིར་ཡང་ས་ལ་གནས་ན་ཀུན་ཀྱང་སྐལ་པ་བཟང། །ཅེས་པ་ནི་ཕྱིར་མི་ལྡོག་པའི་ས་ཐོབ་པ་གཅིག་ལ་བྱའོ། །འདིར་ཚོགས་ལམ་དང ་སྦྱོར་ལམ་གྱི་དུས་སུ། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་གསུམ་གྱིས་ལ་གནས་པར་བྱ། མཐོང་ལམ་གྱི་དུས་སུ་ཤེས་རབ་ཀྱི་མིག་གིས་ཡང་དག་མཐོང་བའི་ས་ལ་གནས་པར་བྱས་ནས། སྒོམ་ལམ་གྱི་དུས་སུ་བསམ་གཏན་དང་ཏིང་ངེ་འཛིན ་ལས་མ་ཡེངས་པར་བྱས་ནས་བཞུགས་པས། ཉོན་མོངས་པ་ལ་སོགས་པ་སྐད་ཅིག་མ་ལ་སྐྱེ་ཡང། སྐད་ཅིག་མ་གཉིས་པ་ལ་གཉེན་པོའི་ཡེ་ཤེས་ཀྱིས་སྤངས་ནས། སྐད་ཅིག་མ་གསུམ་པ་ལ་ཡེ་ཤེས་འབའ་ཞིག་ཏུ་གནས་གྱུར་པ་?། །མཐར ་ཕྱིན་པའི་གནས་བགྲོད་ཅིང་སྨིན་པའི་ས་ལ་གནས་པས་ན་གནས་ཅེས་བྱའོ། །ཀུན་ཀྱང་སྐལ་པ་བཟང་ཅེས་པ་ནི། དེ་ལ་ཀུན་ཅེས་པ་ནི། དེ་ལ་ཀུན་ཅེས་པ་གོང་མའི་སྒོ་རུ་འཇུག་པ་ཀུན་ཡིན། སྐལ་པ་ནི་བགྲོད་པར་བྱ་བ་ལམ་གྱི་བསྐལ་པ་དང། ཐོབ་དང་བྱ ་བ་འབྲས་བུའི་སྐལ་པ་དང་ལྡན་པས་ན་སྐལ་པ་ཡིན་ལ། བཟང་བ་ནི་ངན་པ་ལ་སོགས་པ་ལས་འདས་པས་སོ། །དཔེ་གཉིས་པ་རྒྱ་མཚོའི་དཔེ་བསྟན་པ་ནི། རྒྱ་མཚོའི་གཏིང་དུ་ཕྱིན་ན་དབུལ་དང་བྲལ། ཅེས་པ་སྟེ། དེ་དབང་པ་ཚ་ཅན་གྱི་རྒྱ་མཚོ་ལ་ནོར ་བུ་རིན་པོ་ཆེས་གང་ནས་ཡོད་པ་ལ། རྒྱ་གར་ཙ་མ་རི་བྱ་བའི་མི་རིགས་ཡོད་པས། དེ་རྣམས་ཀྱིས་ཏིཏྟ་ཀ་དྷ་ཧཱུཾ་རི་བྱ་བ་ལ་རླུང་སྲོག་སྩོལ་གཅིག་བསླངས་ནས་བསྒོམས་པས། ལོ་ལྡན་གྲུབ་ནས་ཟླ་བ་ཕྱེད་ཀྱི་བར་དུ་རླུང་ཟིན་དབུགས་མི་རྒྱུ་ལ། དེའི ་ལུས་ལ་མོའི་འཕྲེང་བ་ལྟ་བུའི་དྲོད་སྐྱེ་བ་གཅིག་ཡོད་པས། ནུས་པ་དེ་ལྟ་བུ་དེས་རྒྱ་མཚོ་ལ་དེ?་བཞིན་དུ་སོང་ནས། གསེར་དང་དངུལ་དང་མུ་ཏིག་དང་ནོར་བུ་རིན་པོ་ཆེའི་རིགས་བླངས་ནས། གཉེན་འདུན་ཀུན་ལོངས་སྤྱོད་ལ་སྦྱར་ནས ་གཞོག་པས་དབུལ་བ་དོར་བར་བྱེད་དོ། །དཔེ་དེ་བཞིན་དུ་མཐར་ཕྱིན་པའི་འབྲས་བུ་ཆོས་སྐུ་དེ་རྒྱ་མཚོ་དང་འདྲ་བ་ཡོན་ཏན་ཐམས་ཅད་འབྱུང་བས་ན། དེའི་སྟེང་དུ་ཕྱིན་པས་ཉོན་མོངས་པ་ཀུན?་བྲལ་ནས་ཆོས་ཉིད་ནོར་བུ་ལྟ་བུ་ལོན་ཏེ། དེ་ལ་བརྟེན་ནས ་ཉོན་མོངས་པའི་དབུལ་བ་དང་བྲལ་བའོ། །དཔེ་གསུམ་པ་རལ་གྲི་ལག་ན་ཐོགས་ན་ལོངས་སྤྱོད་ཆེ། ཅེས་པ་སྟེ། དེའི་དཔེ་ནི་གྲོང་ཁྱེར་གཉན་ཡོད་ཀྱི་རྒྱལ་པོ་གྷོ་ཕ་ལ་བྱ་བ་དེ་ལ། ནུབ་ཕྱོགས་ཏིཏྟི་ཀའམ་ཏུ་ཏུ་ཀའི་དམག་ཆེན་པོ་གྱུར་ནས ་ཡུལ་ཁམས་ཐམས་ཅད་ཕུང་པར་བྱེད་པ་ལ། དེའི་ལྷོ་ཕྱོགས་ན་སུ་ལི་བྱ་ཁྱོའི་ཡུལ་ཕྱོགས་ན་ཁྱིམ་བདག་ས་མ་ཤྲི་བྱ་བ་གཅིག་ལ་བུ་བདུན། ཚའོ་བཞི་དང་བཅུ་གཅིག་ཡོད་པ་ལས། དེ་རྣམས་ཀྱིས་ཨོ་ཙ་ཞེས་བྱ་རལ་གྲིའི་འཁོར་ལོ་བསྒྱུར ་ཞེས་པ་ཡིན་པ་ལ། རྒྱུ་ཆུང་ལ་ཤིན་ཏུ་དབུལ་བས་ལག་ཆའི་རལ་གྲི་དེ་ཡང་མི་འབྱོར་བར་ཡོད་ལ། གཉན་ཡོད་ཀྱི་རྒྱལ་པོ་དེ་རྣམས་ཀྱི་རལ་གྲི་བསྐོར་བ་དེ་ལ་ཤུགས་ནས། ཏིཏྟི་ཀའི་དམག་བྱུང་དུས་སུ་རལ་གྲི་སྐོར་ཞིང་འཐབས་པས་ཚུ ་རོལ་རྒྱལ་ནས། རྒྱལ་པོ་དེས་རལ་གྲི་བ་དེ་རྣམས་ལོངས་སྤྱོད་དང་སྦྱར་ནས་དབུལ་བ་དོར་བར་བྱེད་དོ། །དཔེ་དེ་བཞིན་དུ་མཐར་ཕྱིན་པའི་འབྲས་བུས་ཆོས་སྐུ་དེས་དངོས་པོ་མཚན་མའི་ཆོས་ཐམས་ཅད་གཅོད་པར་བྱེད་པས་ན་རལ་གྲི་ལག་ཏུ་ཐོགས ་ཅེས་པའོ། །ལོངས་སྤྱོད་ཆེ་ཅེས་པ་ནི་དེ་ལྟར་ཡེ་ཤེས་ཀྱི་རལ་གྲི་དེས་ཆོས་ཉིད་ལ་ལོངས་སྤྱོད་པས་ཆེ་ཞེས་པའོ། །དཔེ་བཞི་པ་ཕྱོགས་མེད་པར་ཕྱིན་པ་ནི། རྒྱ་གར་ཤར་ཕྱོགས་ར་དྷ་བྱ་བ་ན་ཁྱིམ་བདག་ལམ་སྐྱེས་བྱ་བ་གཅིག་ཡོད་པ་ལ། ་དེ་ལ་བུ་ལོ་བཞི་ལོན་པ་གཅིག་ཡོད་པ་ལས། དེ་ལ་ཕ་དང་མ་ཡར་གཉིས་ཀ་སྤང་བས་དེས་ཕྱོགས་སུ་ལྡོམ་བུ་ལ་ཕྱིན་པས། །བ་སརྦ་ཎིའི་ལྷ་ཁང་དུ་ཕྱིན་ཏེ། ལྷའི་མཆོད་པའི་རྫས་རྣམས་བརྐུས་ནས་ཟ་ཡིན་བསྡད་དེ། དེ་ནས་སྤྱན་རས་གཟིགས་ཀྱི་སྒྲ? ་ཡོད་པ་དེ་ལ་མཆོད་པ་ཕུལ་ཞིང་མོས་གུས་བྱས་པས། དེའི་བྱིན་རླབས་ཀྱིས་སྐྱེ་བ་དྲན་པར་གྱུར་ནས་གྲོང་ཁྱེར་ཙམ་པ་ཀ་ན་སྔར་གྱི་ཕ་མ་དང་གཉེན་འདུན་ཡོད་སར་ཕྱིན་ནས་ལོ་རྒྱུས་བཤད་དོ། །ཐམས་ཅད་ངོ་མཚར་སྐྱེས་ཏེ་བུར་བྱམ་པས་གཉེན་དང་ཕྲེད་ཅེས ་པའོ། །དེ་བཞིན་དུ་དང་པོ་མཐར་ཕྱིན་པའི་འབྲས་བུ་ཕྱག་རྒྱ་ཆེན་པོ་ཆོས་སྐུ་དེ་ལ་ཕྱོགས་རིས་རྟོག་པ་དང་བྲལ་བས་ན་ཕྱོགས་མེད་པ་ལ་ཕྱིན་ཅེས་པའོ། །གཉེན་དང་འཕྲད་ཅེས་པ་ཆོས་སྐུ་ཀུན་གྱི་གཉེན་གཅིག་དེ་འཕྲད་ཅེས་པའི་དོན་ཏེ་། ་རྣལ་འབྱོར་པ་ནཱ་ག་བྷོ་དྷིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་། *། (།དྷ་རི་ཀའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་དྷ་རི་ཀའི་ཞལ་ནས། བདེ་བ་ཆེན་པོ་ཡོད་ཀྱང་མ་རྟོགས་འཁྲུལ་པས་སྒྲིབས། །བདེ ་གསལ་འདོར་པས་བསོད་ནམས་ཡེ་ཤེས་ཚོགས་བསགས་བྱ། །ཚོགས་གཉིས་མ་བསགས་སྐྱེ་བ་བརྒྱ་རུ་འབད་བྱས་ཀྱང། །བླ་མ་དག་དང་མི་ལྡན་བདེ་བ་ཆེན་པོ་རྟོགས་མི་འགྱུར། །ཅེས་སོ། །འདིའི་རང་ལ་དོན་ནི། བདེ་བ་ཆེན་པོ་ཅེས་པའི་བདེ་བ་གང ་ཡིན་ན། །ཆོས་སྐུ་ཟག་པ་མེད་པའི་ཡེ་ཤེས་ཅེས་པ་དེ་ལ་བདེ་བ་ཅེས་པའོ། །ཆེན་པོ་དེའི་གོང་ན་གཞན་མེད་པས་ན་ཆེན་པོའོ། །རང་ལ་ཡོད་ཀྱང་ཅེས་པ་ནི། ཆོས་སྐུ་བདེ་བ་ཆེན་པོའི་ཡེ་ཤེས་དེ་གཞན་ལ་བཙལ་མི་དགོས་པ་རང་ཆས་སུ་ཡེ་གདོད ་མ་ནས་ཡོད་ཅེས་པའོ། །མ་རྟོགས་འཁྲུལ་པས་སྒྲིབས་ཅེས་པ། །སྤངས་རྟོགས་དེ་བྱིས་པ་སོ་སོ་སྐྱེ་བོའི་དུས་ན་སྒྲིབ་གཡོགས་ཀྱི་རྟོག་འཁྲུལ་ངན་པས་སྒྲིབས་ཅེས་པའོ། །འོ་ན་སྒྲིབ་གཡོགས་ཀྱི་རྟོག་འཁྲུལ་ངན་པ་དེ་ཐབས་ཅི་འདྲ་གཅིག་གིས་བསལ ་བར་བྱ་ཞེ་ན། དེ་བསལ་འདོད་པས་བསོད་ནམས་ཡེ་ཤེས་ཚོགས་བསགས་བྱ། །ཅེས་པ་སྟེ། དེ་བསལ་ཅེས་པ་ཆོས་ཉིད་ཀྱི་རོལ་བདེ་གསལ་བ་མི་རྟོག་པའི་ངོ་བོར་འདོད་པས་སྒྲིབ་གཡོགས་དེ་བསལ་བར་བྱ་སྟེ། དེ་ཡང་ཚོགས ་རྣམ་པ་གཉིས་ཀྱིས་བསལ་བར་བྱའོ། །གཉིས་གང་ཞེ་ན། བསོད་ནམས་ཡེ་ཤེས་ཚོགས་བསགས་བྱ། །ཅེས་པའོ། །བསོད་ནམས་ཅེས་པ་རྒྱུ་བསོད་ནམས་ཀྱི་ཚོགས་ཡིན་ཏེ། དེ་ཡང་དང་པོ་སྒོམ་པའི་ལམ་ཡན་ཆད་དུ་བསྟན་ནས་བསྒོམས་པས་འབྲས་བུ ་མཐར་ཕྱིན་པའི་དུས་སུ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་གཅིག་ཐོབ་པས་ན་ཚོགས་བསགས་བྱ། ཅེས་པའོ། །དེ་ལྟར་ཚོགས་རྣམ་པ་གཉིས་ཀྱི་མ་བསལ་ན་འབྲས་བུ་བདེ་བ་ཆེན་པོ་མི་ཐོབ་པས། ཚོགས་གཉིས་མ་བསགས་སྐྱེ་བ་བརྒྱ་རུ ་འབད་བྱས་ཀྱང། །ཅེས་པའོ། །དེ་ཅིས་ན་བྱས་པ་ལ། ཚོགས་གཉིས་པོ་དེ་ལ་འབྲས་བུ་རང་ཆས་སུ་ཡོད་པ་ཡིན་ལ་དེ་མིན་པ་འབྲས་བུ་གང་ནས་ཀྱང་མི་རྙེད་པས་སྐྱེ་བ་བརྒྱ་རུ་འབད་བྱས་ཀྱང། ཅེས་པའོ། །འོ་ན་ཚོགས་གཉིས་པོ་དེ་གང་ལ་བརྟེན་ནས ་བསོག་བྱས་པ་ལ། བླ་མ་མི་ལྡན་བདེ་བ་ཆེན་པོ་རྟོགས་མི་འགྱུར། །ཅེས་པའོ། །དེ་ཡང་བླ་མ་མི་ལྡན་པ་ནི་ཚོགས་གཉིས་བསོག་པའི་དོན་སྟོན་པ་བླ་མ་ཡིན་ཏེ། དེ་དང་མི་ལྡན་ན་འབྲས་བུ་ཡེ་ཤེས་ཀྱི་ཚོགས་བདེ་བ་ཆེན་པོ་དེ་རྟོགས་པར་མི་འགྱུར ་ཅེས་པའི་དོན་ཏོ། །རྣལ་འབྱོར་པ་དྷ་རི་ཀའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་(།།སུ་ཏ་ལིའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་སུ་ཏ་ལིའི་ཞལ་ནས། ཐམས་ཅད་བདེ་གཤེགས་རང་བཞིན་སྟེ། ་བློས་བཞག་ལོག་པའི་ལམ་སྤངས་ནས། །སྙིང་པོའི་ལམ་ལ་བརྩོན་བྱས་ནས། །སྙིང་པོའི་འབྲས་བུ་གདོན་མི་ཟ། །གང་གི་བླ་མ་དམ་པ་ལས། །དབང་བླང་ལྷན་ཅིག་སྐྱེས་པ་དེས། །རོ་ཡི་ཀུན་ལ་ཁྱབ་བྱས་ཏེ། །སྐྱེ་མེད་རྒྱས་འདེབས་རྡོ་རྗེ་འཛིན།། ་ཅེས་སོ། །འདི་ཡི་དོན་ནི། དེ་ཡང་དང་པོ་རྒྱལ་པོ་ལ་ལྷ་ལ་བཟང་ངན་ཕྱོགས་རིས་ཀྱི་བློས་མ་ཕྱེ་བར་སྒོམས་གཅིག་པར་གདམས་པ་ནི། ཐམས་ཅད་བདེ་གཤེགས་རང་བཞིན་ཏེ། །ཅེས་ཕྱི་བ་དང་ནང་པ་སངས་རྒྱས་པ་ཐམས་ཅད་བདེ་གཤེགས་གཅིག་གི་དང་ངམ་རང་བཞིན ་ཡིན་པས་ན། ངའི་ལྷ་འདི་ཡིན་ཏེ་བཟང་ཞེས་བའམ། ཁྱེད་ཀྱི་ལྷ་འདི་ཡིན་ཏེ་ངན་ཅེས་པ་མེད་ཅེས་པའི་དོན་ཏོ། །འོ་ན་ཕྱི་ནང་གི་ལྷ་ལ་ང་ཁྱོད་བཟང་ངན་མེད་པ་ཅི་ཙུག་ཡིན་བྱས་པ་ལ། བློས་བཞག་ལོག་པའི་ལམ་སྤངས་ནས། །ཅེས་པ་སྟེ། ལྷ་ལ་ང ་ཁྱོད་བཟང་ངན་དུ་བྱེད་པ་ནི་རང་གི་རྟོག་པའི་བློས་བཞག་པ་ཡིན་ལ། རྟོག་པའི་བློ་ནི་ལོག་པའི་ལམ་ཡིན་པས་ན། ལོག་པའི་ལམ་དེ་སྤངས་ནས་མ་ལོག་པ་སྙིང་པོའི་ལམ་ལ་བརྩོན་པར་བྱས་ན་སྙིང་པོའི་འབྲས་བུ་གདོན་མི་ཟ་བར་ཐོབ་ཅེས་པའི་དོན་ཏོ།། ་དེ་འདྲ་བ་དེ་ཐོབ་པར་བྱེད་པའི་ཐབས་གང་གིས་ཐོབ་བྱས་པ་ལས། ཐབས་ནི་གང་གི་བླ་མ་དམ་པ་ལས། །ཅེས་པ་ལ་སོགས་པས་བསྟན་ཏེ། གང་གིས་ཅེས་པ་སྙིང་པོའི་ལམ་ལ་འཇུག་པའི་གང་ཟག་གོ་།བླ་མ་ལས་ཅེས་པ་ནི་བདེ་སྟོང་གི་དོན་ངོ་སྤྲོད་པར་བྱེད ་པའི་དམ་པ་དེ་ལ་བྱའོ། །དབང་བླང?་ཅེས་པ་རྒྱུ་དབང་ལ་བརྟེན་ནས་བགྲོད་པར་བྱེད་པའི་ལམ་བསྐྱེད་རྫོགས་གཉིས་ཀྱིས་གྲོལ་ཞིང་སྨིན་པར་བྱས་པས་ཐོབ་པར་བྱ་བའི་འབྲས་བུ་དེ་ལ་ལྷན་ཅིག་སྐྱེས་ཅེས་པ་ནི་ཐོབ་བྱར་འབྲས་བུ་དེ་ཐོབ་པའོ། །དེ་དུས་ནམ ་ཐོབ་ཞེན། རོ་ཡིས་ཀུན་ལ་ཁྱབ་ཅེས་པའོ། །རོ་ནི་བདེ་བ་ཆེན་པོའི་རོ་ཡིན་ལ། ཁྱབ་པ་ནི་འགྲོ་དྲུག་གི་སེམས་ཅན་ལ་ཁྱབ་པ་སྟེ། གཞན་ནས་བཙལ་མི་དགོས་པར་རང་དང་ལྷན་སྐྱེས་སུ་ཁྱབ་ཅེས་པའོ། །ལྷན་སྐྱེས་དེའི་ངོ་བོ་ཇི་ལྟ་བུ་གཅིག་ཡིན་བྱས་པ ་ལ། སྐྱེ་མེད་རྒྱས་འདེབས་ཅེས་པའི་ངོ་བོ་སྐྱེ་མེད་དེས་རྒྱས་འདེབས་ཙམ་ན་ས་བཅུ་གཉིས་རྡོ་རྗེ་འཛིན་པའི་ས་ཐོབ་ཅེས་པའོ། །རྣལ་འབྱོར་པ་སུ་ཏ་ལིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་།། ་*། (།པ་ན་ཧའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་པ་ན་ཧའི་ཞལ་ནས། སྙིང་པོ་གཉུག་མའི་དོན་བསམས་པས། །ཇི་ལྟར་བསམས་པ་དེ་ལྟར་རྟོགས། །དེས་ན་དེ་ཉིད་རང་གར་མིན། །འདོད་དགུ་ལྷུག་པ་ཐམས་ཅད ་འབྱུང། །ཅེས་སོ། །འདིའི་དོན་ནི། དེ་ཡང། སྙིང་པོ་གཉུག་མའི་དོན་བསམས་པས། །ཅེས་པ་ནི། སྙིང་པོ་ཅེས་པ་བདེ་བར་གཤེགས་པའི་ཐུགས་བྱང་ཆུབ་སེམས་ཀྱི་སྙིང་པོ་དེ་དག་གི་དོན་མ་བཅོས་པས་ན་གཉུག་མ་ཅེས་བྱ་སྟེ། དེ་ནས་ངེས? ་བར་རྩེ་གཅིག་ཏུ་བསམས་པས་ཅི་འབྱུང་བྱས་པ་ལ། ཇི་ལྟར་བསམས་པ་དེ་ལྟར་རྟོགས་ཅེས་པ་སྟེ། །ཇི་ལྟར་ནི་སེམས་ཉིད་ཀྱི་ངོ་བོ་ཇི་ལྟ་བ་དེ་འདྲ་བ་གཅིག་རྟོགས་ཅེས་པའོ། །ཇི་ལྟར་རྟོགས་པ་གང་ཡིན་བྱས་པ་ལ། རང་གི་ངོ་བོ་གང་དུ་ཡང ་འདོད་པ་མེད་པ་རྐྱེན་གྱིས་ཇི་ལྟར་སྣང་ཡང་ཕྱོགས་དང་རིས་མེད་པ་གཅིག་རྟོགས་ཅེས་པའོ། །དེས་ན་འདི་ཉིད་རང་གར་མིན། །ཅེས་སོ། །དེས་ན་ཅེས་པ་སྟེ་ཕྱོགས་རིས་མེད་པར་རྟོགས་པ་དེས་ན་ཅེས་པའོ། །དེ་ཉིད་རང་གར་མིན་ཅེས་པ་ནི་རྟོགས ་པ་དེ་ཉིད་ལ་འདིའི་ཕྱིར་ན་འདི་ཡིན་བྱ་བ་མེད་པས་ན་རང་གར་མིན་ཅེས་པའོ། །དེའི་གོང་ནས་གསུངས་པ་ནི་ངེས་པར་ཡིན་ཅེས་པའོ། །གང་ངེས་པ་ཡིན་བྱས་པ་ལ། གཉུག་མའི་ངོ་བོ་ངེས་པར་སངས་རྒྱས་ཀྱི་དགོངས་པ་ཡིན་ཅེས་པའོ། ། ་འོ་ན་དེ་ཡིན་པར་དེ་ཅིས་ཤེས་བྱས་པ་ལ། སངས་རྒྱས་ཀྱི་དགོངས་པ་ནོར་བུ་རིན་པོ་ཆེ་ལ་ཡོན་ཏན་བརྗོད་ཀྱིས་མི་ལང་པ་འབྱུང་བས་ན། འདོད་དགུ་ཐམས་ཅད་ལྷུག་པར་འབྱུང། །ཅེས་བའོ་རྣལ་འབྱོར་པ་པ་ཧ་ནའི་རྟོགས་བརྗོད་དང་འགྲེལ ་པ་རྫོགས་སོ།། ?་(།།ཀོ་ཀ་ལིའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།)་།གུ་རུ་ཀོ་ཀ་ལིའི་ཞལ་ནས། བྱ་བ་གཏོང་བ་མན་ངག་ཡིན། །ཞེ་འདོད་མེད་པ་རྟོགས་པ་ཡིན། །བདེ་བ་དངོས་མེད་སྒོམ་པ་ཡིན། །སྒྲུབ་བྱ་མེད་ན?་འབྲས ་བུའི་མཆོག་།ཅེས་སོ། འདིའི་དོན་ནི། བྱ་བ་གཏོང་བ་མན་ངག་ཡིན། །ཅེས་པ་བྱ་བ་དེ་གང་གི་བྱ་བ་གཏོང་ན། བྱ་བ་ནི་གཉིས་འཛིན་འཇིག་རྟེན་གྱི་བྱ་བ་ཡིན་ཏེ། ཆོས་བརྒྱད་ལ་སོགས་པ་དང་པོ་འཇལ་བར་བྱས་པ་དང། །དེ་ལས་གཞན་པའི་ཆོས་ཀྱི་བྱ་བ་སྡེ ་སྣོད་ཀྱི་བྱ་བ་གང་དང་གང་བཏང་བ་གཉིས་སོ། །བྱ་བ་དེ་གཉིས་བཏང་བ་ནི་གང་ཡིན་བྱས་པ་ལ། ཀོ་ཀ་ལི་ཉིད་ཀྱིས་ཆོས་སྐུའི་ཡོན་ཏན་ངོ་བོ་སྐྱེ་བ་མེད་པ། བྱ་རྩོལ་དང་བྲལ་བ་དེ་ལ་རྟོག་དཔྱོད་གང་གིས་ཀྱང་རྟོགས་པར་མི་འགྱུར་བས་ན། བྱ་བ་གཏོང་བ་མན ་ངག་ཡིན། །ཅེས་པའི་དོན་ཏོ། །དེ་ཅིས་བྱས་པ་ལ། བྱ་བ་ཐམས་ཅད་བློ་ཡིན་ལ། བློ་ནི་ཞེན་པ་ཡིན་ཏེ། དེ་ལ་ཆོས་སྐུ་ནི་ཞེན་པ་མེད་ཅིང་དཔེ་དང་བློས་མ་རིག་པ་ཡིན་པས་ན། ཞེ་འདོད་མེད་ན་རྟོགས་པ་ཡིན། ཅེས་སོ། དེ་ལྟར་དུ་ཞེ་འདོད་དྲལ་བས ་ན་གང་ལ་ཡང་དངོས་པོ་གྲུབ་པ་མེད་དེ། བདེ་བ་དངོས་མེད་སྒོམ་པ་ཡིན། །ཅེས་པའོ། །རྣལ་འབྱོར་པ་ཀོ་ཀ་ལི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། 80་།། *། (། ནཾ་གོའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།)་། ་གུ་རུ་ཨ་ནཾ་གོའི་ཞལ་ནས། འཁོར་བ་སྙིང་པོ་མེད་པ་ཡི། །འཇའ་ཚོན་ལྟ་བུའི་ལུས་འདི་ལ། །མ་རིག་མངོན་ཞེན་དྲེགས་པ་ཡི། །དུག་གིས་གཟིར་ནས་བདེ་བར་འཛིན། །མངོན་ཞེན་དུག་ནད་སངས་པ་ན། །འཁོར་བ་ཉིད་ཀྱང་ཆོས་ཀྱི་སྐུ། །ཅེས་སོ། ་འདི་ལ་དཔེ་དོན་གཉིས་དང་པོ་ཨ་ནཾ་གོ་རང་གི་ལུས་དྲེགས་པའི་མངོན་ཞེན་གྱིས་བཅིངས་པར་བསྟན་པ་ནི། འཁོར་བ་སྙིང་པོ་མེད་པ་ཡི། །ཅེས་པ་སྟེ། དེ་ལ་འཁོར་བ་ཐོག་མ་མེད་པ་ནས་སྐྱེ་ཞིང་འཁོར་བ་དེ་ལ་བྱ་སྟེ། འཁོར་བ་དེ་རུ་འཁྱམས་པས་སྲིད་ ་པ་གསུམ་གྱི་ལུས་བླངས་ནས། འདོད་པ་ལྷ་མིའི་ལོངས་སྤྱོད་ངམ?། །མི་འདོད་པ་ངན་སོང་གསུམ་གྱི་སྡུག་བསྔལ་དེ་ལྟ་བུ་དེ་ལ་བདེ་བ་ཡོད་དམ་བྱས་པ་ལ་མེད་དེ་སྙིང་པོ་མེད། ཅེས་པའི་དོན་ཏོ། །འོ་ན་སྙིང་པོ་མེད་པའི་དཔེ་ཇི་ལྟ་བུ་བྱས་པ་ལ། དཔེ་ནི ་དོན་གྱི་ཕྱོགས་མཚོན་པ་སྲིན་བུ་མེ་ཁྱེར་གྱི་དཔེ་ལྟ་བུའོ། །མེ་ཁྱེར་བའི་མེ་དེ་མིག་གི་དབང་པོ་ལ་དཀར་ཡེ་རེ་འདུག་ཀྱང། དངོས་པོ་ལམ་དེ་ཙམ་གང་ནས་བྱུང་བའི་སྙིང་པོ་མི་རྙེད་པ་འམ་མི་འདུག་པ་ལྟ་བུའོ། །དོན་ལ་འཁོར་བའི ་རང་བཞིན་གང་ལ་ཡང་སྙིང་པོ་མེད་དེ་འཇའ་ཚོན་ལྟ་བུ་ཅེས་པའོ། །ལུས་འདི་ལ་ཅེས་པ་ནི་ཨ་ནཾ་གོའི་ལུས་འདི་ལ་ཅེས་པའོ། །མ་རིག་མངོན་ཞེན་དྲེགས་པ་ཡིས། །ཅེས་པ། མ་རིག་པ་ཅེས་པ་གང་མ་རིག་བྱས་པ་ལ། སྙིང་པོ་མེད་པས་མ་རིག ་ཅེས་པའོ། །ཅི་ཉོས་བྱས་པ་ལ། མངོན་ཞེན་དྲེགས་པའི་ཅེས་པ་སྟེ། །མངོན་པར་ཞེན་པ་འམ་དྲེགས་བས་ང་འདྲ་བའམ། ང་ལས་ལྷག་པ་གང་ན་ཡོད་ཅེས་དྲེགས་པའི་ང་རྒྱལ་གྱི་དུག་གིས་ཟིན་ནས་བདེན་པར་བཟུང་ཅེས་པའི་དོན་ཏོ། ། ་གཉིས་པ་མངོན་ཞེན་དུག་དངས་པས་ཆོས་སྐུ་ངོས་ཟིན་པར་བསྟན་པ་ནི། མངོན་ཞེན་གྱི་དྲེགས་ནས་སངས་པས་འཁོར་བ་ཉིད་ཆོས་སྐུ་ཅེས་པས་བསྟན་ཏེ། མངོན་ཞེན་ཅེས་པ་ཕྱི་ནང་གི་ཆོས་ལ་ཡང་མངོན་པར་ཞེན་པ་ཡིན་ཏེ། དེས་ན་འཆིང ་བར་བྱེད་བ་ལང་ཏང་གི་དུག་ལྟ་བུ་ཡིན་ཅེས་པའོ། །དུག་དེ་དངས་པས་ན་ལང་ཏང་གི་དུག་དེ་སངས་ཙམ་ན་རྐྱེན་གྱི་དབང་པོ་འཁྲུལ་པའི་དུག་ལས་ལོག་སྟེ། རབ་རིབ་ཀྱི་འཁྲུལ་པ་དངས་པ་བཞིན་དུ་འཁོར་བ་ལ་མངོན་པར་ཞེན་པ་བཟློག་ཙམ ་ན་འཁོར་བ་ཉིད་ཀྱང་ཆོས་སྐུ་ཡིན་ཏེ། འཁོར་བ་སྤངས་པའི་ཕ་ལོགས་ན། །སངས་རྒྱས་བྱ་བའི་ཡོན་ཏན་མེད། །ཅེས་བསྟན་པའི་དོན་ཏོ། །རྣལ་འབྱོར་པ་ཨ་ནཾ་གོའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?།། ་(མ་ལཀྵིཾ་ཀ་རའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།གུ་རུ་མ་ལཀྵིཾ་ཀ་རའི་ཞལ་ནས། དང་པོར་བློ་ལྡན་རྟོགས་པ་བསྐྱེད། །གཉིས་པར་གནས་ལུགས་མ་ཡེངས་སྒོམ། །དེ་ནས་ཉམས་མྱོང་སྐྱེས་པ་ན། །སྤྱོད་པ་བགས་ཀྱི་སྤྱད་པར་བྱ། །ཅེས་སོ། །འདིའི ་དོན་ནི། དེ་ལ་དང་པོ་སོ་སོ་སྐྱེ་བོ་ཐ་མལ་པས་ལམ་བསྒྲོད་པར་བྱེད་པའི་ལམ་ལ། བླ་མས་དབང་རིམ་པར་བསྐུར་བ་ལ་བརྟེན་ནས་ཐོབ་པར་བྱེད་པའི་འབྲས་བུ་དེ་བརྡའི་སྒོ་ནས་རིག་པ་ཁོང་འཇམས་སུ་ངོ་སྤྲད་ནས། ཆོས་སྐུ་རྟོགས་པར་བྱེད་པ་ལ། དང་པོ་མི་དམིགས ་པའི་ཤེས་རབ་ཀྱིས་རྟོགས་དགོས་པས་ན། དང་པོར་བློ་ལྡན་རྟོགས་པ་བསྐྱེད། ཅེས་པའོ། །ང་ཉམས་མྱོང་དང་མི་འབྲལ་བ་གཅིག་དགོས་པས་ན། གཉིས་པར་གནས་ལུགས་མ་ཡེངས་སྒོམས། །ཅེས་པའོ། །བསྒོམས་ནས་ཉམས་དེ་མངོན་དུ་གྱུར་ཙམ་ན། ་སྤྱོད་པ་བགས་ཀྱི་སྤྱད་པར་བྱ། །ཅེས་པ་སྟེ། བགས་ཀྱིས་ཅི་ལྟར་སྤྱད་པར་བྱ། །བྱས་པ་ལ། རྟགས་ཀྱི་ས་དང་?་ཡེ་ཤེས་གང་དང་གང་སོན་པར་རང་གི་ཉམས་ཀྱིས་བརྟགས་ལ་སྤྱད་པར་བྱ་བ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ལྟ་བུས་བསྟན་པའོ།། ་ལྷ་ལྕམ་ལཀྵིཾ་ཀ་རའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། ?་།། *། (།ས་མུ་དྲའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་ས་མུ་དྲའི་ཞལ་ནས། སྐྱེ་མཆེད་རྟོགས་ཀྱང་ཉམས་མྱོང་དང་བྲལ་ན། །དཔེར་ན་སྲིན་བུའི་ལག་ཏུ་བུ་ཁྱེར་འདྲ།། ་ཉམས་མྱོང་གནས་ལུགས་དག་དང་མ་འབྲེལ་ན། །དེ་ཡང་གླང་ཆེན་འདམ་དུ་ཞུགས་པ་འདྲ། །ཅེས་སོ། །འདི་ལ་དཔེ་དོན་གཉིས་ཀྱིས་བསྟན་ཏེ། དེ་ལ་དང་པོར་རྟོགས་ཀྱང་ཉམས་སུ་མ་མྱོང་ན་མི་ཕན་པའི་དཔེ་ནི། སྲིན་པོ་ལག་ཏུ་བུ་ཁྱེར་བ་ལྟ་བུས་བསྟན་ཏེ། དེ་ཡང ་སྲིན་པོའི་ལག་ཏུ་བུ་ཁྱེར་བ་ནི་ཟ་བར་བྱེད་པ་ཡིན་ལ། ལྷོ་ནུབ་མཚམས་ན་སྲིན་པོའི་གྲང་ཡོད་པ་ལས། དེ་ཡང་ཤ་ཁྲག་གི་དྲི་ཚོར་ན་དཔག་ཚད་སྟོང་གི་བར་དུ་ཡང་རྒྱུགས་ནས་ཤ་དང་ཁྲག་ཟ་བ་ཡིན་པ་ལ། ཤ་ཁྲག་མེད་ན་རང་གི་བུ་དང་བུ་མོའི་ཤ་ཁྲག ་ཟོས་ནས་འཇོག་པའོ། །དེའི་གནད་ཀ་ཅི་ཡིན་ན། རང་གི་བུ་ཡིན་པར་ཆ་ཡོད་ཀྱང་བུའི་རྩེ་གདུངས་མེད་པར་ཤ་ཁྲག་གིས་གདུངས་ནས་ཤ་ཟོས་པ་ལྟ་བུར། དོན་སྐྱེ་བ་མེད་པར་རྟོགས་ཀྱང་དེའི་དོན་ཉམས་སུ་མ་མྱོང་བའི་སྟོབས་ཀྱིས་ཚོགས་བརྒྱད་ཀྱི་སྤྱོད་ཡུལ ་སོ་སོ་སྐྱེ་བོའི་ཉོན་མོངས་པ་དང་ཁྱད་བར་མེད་པར་སོང་བས་ན་སྲིན་པོའི་ལག་ཏུ་བུ་ཁྱེར་བ་འདྲ་ཅེས་པའོ། །ཉམས་སུ་མྱོང་ཡང་གནས་ལུགས་ངོ་མ་ཤེས་ན་མི་ཕན་པའི་དཔེ་གླང་པོ་ཆེ་ལྟ་བུས་བསྟན་པ་ནི། དེ་ཡང་གླང་པོ་ཆེ་འདམ་དུ་བྱིད ་བ་དང་འདྲ་ཅེས་པས་བསྟན་ཏེ། གླང་ཆེན་འདམ་དུ་བྱིད་བ་ནི། དེ་ལུས་ཀྱི་རང་བཞིན་ཆེ་བས་ཁོ་རང་གིས་ཁོ་རང་མ་ཟོན་ན་གཞན་གྱིས་བསྒུལ་ཡང་འགུལ་མི་ནུས་པ་ལྟ་བུར། གནས་ལུགས་སྐྱེ་མེད་ཀྱི་དོན་སངས་རྒྱས་ཀྱི་སའི་ཡེ་ཤེས་དེ་བློ་ལས་འདས་ཏེ། རང ་ངོ་མ་ཤེས་ན་ཉམ་མྱོང་ལུས་ངག་གི་བསྲུང་སྡོམས་མང་པོ་དང། རྟོགས་ཚོགས་ཀྱི་ལམ་རིམ་པ་མང་པོ་ཉམས་སུ་མྱོང་བ་དང། ལྷ་མིའི་བདེ་བ་ཙམ་ལས་སངས་རྒྱས་ཀྱི་ས་མི་ནོན་པ་གླང་པོ་ཆེ་འདམ་དུ་བྱིད་པ་དང་འདྲ། ཅེས་པའོ། རྣལ་འབྱོར་བས་མུ་དྲའི་རྟོགས ་བརྗོད་དང་འགྲེལ་བ་རྫོགས་སོ།། 83་(།།བྱཱ་ལི་བའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་བྱཱ་ལི་བའི་ཞལ་ནས། བླ་མ་དམ་པ་མཐོང་ན་དེ་ཉིད་མཐོང། །ནམ་མཁའ་ཨི་མཐོངས་སུ་བསྒོམས་ན་དབེན་པའི་མཆོག་།ཆོས་རྣམས་ཡོངས་སུ་རྟོགས ་ན་མི་མཐུན་མེད། །ནམ་མཁའ་ཨི་འོ་མ་མཐུངས་ན་འཚོ་བར་འགྱུར། །ཅེས་སོ། །འདིའི་དོན་ནི། དེ་ཡང། བླ་མ་དམ་པ་མཐོང་ན་དེ་ཉིད་མཐོང། །ཅེས་པ་བླ་མ་གསུམ་ཡོད་དེ། བརྡ་དང་དོན་སྦྱོར་བར་བྱེད་པ་བརྒྱུད་པའི་བླ་མ་དང། ཡིད་ཆེས་པར་བྱེད་པ་བཀའ་ཨི་བླ་མ། ་སྒྲོ་མདོག་གཅོད་པ་དངོས་ཀྱི་བླ་མ་དང་གསུམ་ཡོད་པ་ལས། དང་པོ་བླ་མ་གཉིས་ཀྱིས་དོན་ངོ་སྤྲད་པས་ཡིད་ཆེས་ནས་སེམས་ཀྱི་སྒྲོ་མདོག་ཆོད་ཙམ་ན། བླ་མ་དམ་པ་མཐོང་ཅེས་པ། །སེམས་སམ་དངོས་ཀྱི་བླ་མ་དེ་མཐོང་བས་ན་བླ་མ་དམ་པ་མཐོང་ཅེས་བྱའོ ་འོ་ན་སེམས་ཀྱི་བླ་མ་དམ་པ་མཐོང་བས་དེ་ཉིད་མཐོང་བ་ཅིའི་ཕྱིར་བྱས་བྱས་པ་ལ། དེ་ཉིད་ཅེས་བྱ་བ་དེ་སེམས་ཀྱི་ངོ་བོ་མ་ཡིན་པ་གཅིག་ལོགས་ན་མེད་པས་ན། སེམས་ཀྱི་ངོ་བོ་དེ་མཐོང་བ་ལ་དེ་ཉིད་མཐོང་ཅེས་པའོ། ཐོན་ངོ་བོ་དེ་རང་གི་མཚན་ཉིད་ཅི་འདྲ་བ་གཅིག་ཡིན ་བྱས་པ་ལ། དེ་རང་གི་མཚན་ཉིད་འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་མཚན་ཉིད་བཞི་དང་ལྡན་པ་གཅིག་ཡིན་ཏེ། ནམ་མཁའ་དེ་རང་གི་མཚན་ཉིད་ཙམ་དུ་བརྗོད་དུ་བཏུབ་ཀྱང། འདི་ཁོ་ན་ཡིན་ཅེས་བརྗོད་དུ་མ་བཏུབ་པ་དང། ནམ་མཁའ་རང་གི་ངོ་བོ་སྟོང་པ་རུ་འདུག་།ནམ་མཁའ་ ་དེ་རང་ལ་མཛའ་དང་དབུས་སུ་མ་གྲུབ་པས་ཕྱོགས་མ་དང་བྲལ་བ། ནམ་མཁའ་དེ་རང་ལ་ཐམས་ཅད་འབྱུང་བས་སྣ་ཚོགས་འབྱུང་བ། ཐམས་ཅད་གོ་འབྱེད་པས་མཚན་ཉིད་བཞི་དང་ལྡན་པ་གཅིག་ལ་ནམ་མཁའ་ཟེར་བ་ཡིན་ཏེ། དཔེ་དེ་བཞིན་དུ་དངོས་ཀྱི་བླ་མ་དེ་མཚན ་ཉིད་བཞི་དང་ལྡན་པ། ནམ་མཁའ་ཨི་མཐོང་ལྟ་བུར་སྒོམས་ན། དབེན་པའི་མཆོག་ཅེས་པ་ཉོན་མོངས་པ་དང། རྣམ་པར་རྟོག་པས་དབེན་པས་ན་དབེན་པའི་མཆོག་ཅེས་བྱའོ། །ཆོས་རྣམས་ཡོངས་སུ་རྟོགས་ན་མི་མཐུན་མེད། །ཅེས་པ་ནི། ཆོས་རྣམས་གང ་ཡིན་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་སུ། ཡོངས་སུ་རྟོགས་ན་ཅེས་པ་ནི། ནམ་མཁའ་ཨི་མཚན་ཉིད་དེ་ལྟར་སེམས་ཉིད་ཡོངས་སུ་རྟོགས་ན་མི་མཐུན་མེད་ཅེས་བྱ་སྟེ། ནམ་མཁའ་སྟོང་པ་འདི་ཕྱིར་ན་འདི་ཡིན་བྱ་བའམ། འདི་ཕྱིར་ན་འདི་མིན་བྱ་བ ་མེད་པས་ན། མི་མཐུན་མེད། ཅེས་པའོ། །དེ་ལྟ་བུའི་ནམ་མཁའ་སྟོང་པའི་རང་བཞིན་དེ་ནི་ཆོས་ཉིད་ཀྱི་བདུད་རྩི་ཡིན་པས། ནམ་མཁའ་ཨི་ངོ་བོ་ཡིན་ཏེ། ཆོས་སྐུའི་བདུད་རྩི་ཡིན་པས་ན། འོ་མ་དེ་འཐུངས་པས་འཚོ་བར་འགྱུར་ཅེས་པ་ནི། ཉོན་མོངས ་བའི་བདུད་དུ་གྱུར་པས་མ་འཚོ་བར་འགྱུར་ཅེས་པའོ། །སློབ་དཔོན་བྱཱ་ལི་པའོ་རྟོགས་བརྗོད་དང། དེའི་དོན་འགྲེལ། སློབ་དཔོན་ཨ་བྷ་ཤྲཱི་བཤད་པ་རྫོགས་སོ།། 84་(།།དེས་གཞུང་གི་དོན་བསྟན་ནས།)་འཇུག་གི་དོན་བསྟན་པ་ནི ་སྐལ་ལྡན་དག་གི་དོན་ཕྱིར་བླ་མ་རྣམས་ཀྱིས་རྟོགས་པའི་སྙིང་པོ་ཀུན། །ཚད་མེད་བློ་ཡིས་ལེགས་བསྡུས་བསོད་ནམས་རྒྱུ་ཆེན་གང་ཐོབ་དེས། །འགྲོ་རྣམས་བླ་མ་དང་འཕྲད་བྱིན་རླབས་སེམས་ལ་ཞུགས་གྱུར་ནས། །གནས་ལུགས་དོན་ཉིད་ཡང ་དག་སེམས་རྟོགས་རྒྱལ་བའི་ས་ལ་གནས་གྱུར་ཅིག་།ཅེས་སོ། །འདི་ལ་གཉིས་ཏེ་གྲུབ་ཐོབ་རྣམས་ཀྱི་དགོངས་པའི་རྟོགས་པའི་དོན། །སྙིང་པོ་འོ་མ་ལས་མར་བྱུང་བ་ལྟ་བུ་འདི། སྐལ་ལྡན་རྣམས་ཀྱི་ལམ་གཅིག་ཆད་དུ་སྟོན་པ་རྟོགས ་པའི་དཔེ། རྨ་བྱ་ལས་བཙན་དུག་ལྟ་བུར་བསྟེན་པ་དང། བློ་དམན་ལ་སྨོས་སུ་མི་རུང་བའི་དཔེ་བཙན་དུག་དང་འགྲོ་བ་གཞན་དག་ལྟ་བུས་བསྟན་པའོ། །གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་སློབ་དཔོན་དཔའ་བོ་འོད་གསལ་གྱིས་ཕྱོགས་གཅིག ་ཏུ་བསྡུས་ཤིང། དེའི་དོན་འགྲེལ་བླ་མ་ཨ་བྷཡ་ཤྲཱིས་བཤད་པ་སྟེ། བླ་མ་མི་ཉེག་ལོ་ཙ་བས་བསྒྱུར་བའོ། (།ཕྱིས་བསྐོར་གླིང་མཆོག་འཛམ་བུའི་གླིང། །ནང་སྒོར་བོད་ཀྱི་རྒྱལ་ཁམས་སུ། །མར་ཡུལ་འོ་མའི་རྒྱ་མཚོ་ལ། །ཤ་པེ་རི་རྒྱལ་ལྷུན་པོ་ཆགས། །གླིང་བཞི་གླིང་ཕྲན་བརྒྱད་ཀྱི་དབུས། ་འདམ་པ་བཀོར?་ལེགས་ལྷུན་པོའི་རྩེ། །ཐད་ཀར་ལྡིང་དང་གཡུང་དྲུང་འཁྱིལ། །ཁྲི་པང་འདུས་དང་བ་ལང་གནོན། །ཡོན་ཏན་བརྒྱད་ལྡན་མཁར་གྱི་རྩེ། །སྐུ་མཁར་སྒྱུ་དྲུག་གནས་མཆོག་ཏུ། །གྲུབ་ཐོབ་བརྒྱད་ཅུའི་ལོ་ཐབས་འདི། །ལེགས་སྦྱར་མི་ཉག་ལོ་ཅེས་སྦྱར། །འགྲོ་བ་མང?་པོ་ལ་ཕན་པར་གྱུར་ཅིག། །། ་