| Wylie | e-texts based on the ACIP/ALL Input |
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་རྣམས་དང། བ?་རྒྱུད?་པའི་བླ་མ ་མཁས་སྤྱོད་གཤེགས་པ་རྣམས། དངོས་ཀྱི་བླ་མ་མཆོག་གི་དངོས་གྲུབ་བརྙེས་པ་མི་འཇིགས་པ་དཔལ་ལ། ལུས་ངག་ཡིད ་གསུམ་དང་བས་ཞབས་ཀྱི་པདམོ་དག་ལ་གུས?་བཏུད་ནས། །ལཱུ་ཨི་པ་སོགས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡང་དག་ལོ་རྒྱུས་བྲི། །དེ ་ལ་གུ་རུ་ལཱུ་ཨི་པའི་ལོ་རྒྱུས་ནི་ལཱུ་ཨི་པ་ཞེས་བྱ་བ་ནི་ཉའི་རྒྱུ་ལྟོ་གསོལ་བ་ལས་མཚན་དུ་བཏགས་ཏེ། དེ་ཡང་རྒྱལ་པོ་གཅིག་ལ་རྒྱལ་སྲིད་ཀྱང ་རྣམ་ཐོས་ཀྱི་བུ་དང་མཉམ་པ། རྒྱལ་པོའི་ཁང་བཟང་ཐམས་ཅད་ནི་རིན་པོ་ཆེ་དང། མུ་ཏིག་དང་གསེར་དངུལ་ལ ་སོགས་པས་བརྒྱན་པ་ཡོད་ལ། སྲས་ཀྱང་གསུམ་མངའ་བ་ལས། ཡབ་རྒྱལ་པོ་གྲོངས་ནས་དུས་རེ་ཞིག་གི་ཚེ། རྩིས་མཁན་ལ་སྲས ་གང་གི་རྒྱལ་སྲིད་ཟིན་པ་རྩིས་བྱས་པས། དེ་ན་རེ། སྲས་བར་པས་རྒྱལ་སྲིད་གཟུང་ན་ཆབ་སྲིད་བརྟན་པ་དང། འཁོར་འབངས་སྐྱིད ་པ་ལ་སོགས་པའི་ཡོན་ཏན་ཡོད་དོ་ཞེས་ཟེར་བ་དང། ཡབ་ཀྱིས་རྒྱལ་སྲིད་དེ་ལ་གཏད་དེ། གཅེན་དང་གཅུང་དང་འབངས་ཐམས ་ཅད་ཀྱིས་ཀྱང་རྒྱལ་ཚབ་དུ་དབང་བསྐུར་བ་དང། དེས་མ་འདོད་ནས་འབྲོས་པར་བརྩམས་པ་ལས། གཅེན་གཅུང་འབངས་རྣམས་ཀྱིས་དེ་གཟུང་ནས ་གསེར་སྒྲོག་གི་ལྕགས་སུ་བཅུག་པ་དང། རྒྱལ་བུ་དེས་འཁོར་དང་བཙོན་བསྲུངས་ཀུན་ལ་གསེར་དང་དངུལ་ལ་སོགས་པའི་བྱ་དགའ་སྦྱིན་ནས། མཆན ་ལ་གོས་ཚོམ?་བུ་ཅན་གྱོན་ཏེ། སྐྱེལ་མ་ལའང་གསེར་ལ་སོགས་པའི་བརྡན་པ་བྱིན་ནས། རྒྱལ་པོ་རཱ་མ་ལའི་ཡུལ་ར་མེ་དགའ་བྱེད་དབང་ཕྱུག་ཤྭ་རར་ཕྱིན་པ་དང། སྟན ་དར་ཟབ་ལས་བྱས་པ་བོར་ནས། ཀྲིཥྞ་སཱ་རའི་སྟན་ལ་འདུག་།གནས་རྒྱལ་ས་སྤངས་ནས་ཐལ་བའི་ནང་དུ་ཉལ་ལོ། རྒྱལ་བུ་དེ ་གཟུགས་བཟང་ཞིང་ལྟ་ན་སྡུག་པས། ཀུན་གྱིས་བཟའ་བ་དང་བཅའ་བ་ལ་སོགས་པ་མི་བྲེལ་བ་སྦྱིན་ནོ། །དེ་ནས་རྡོ་རྗེ་གདན་དུ་བྱོན་པས་མཁའ་ ་འགྲོ་མས་རྗེས་སུ་གཟུང་སྟེ་གདམས་པ་བསྟན་ནོ། །རྒྱལ་པོ་རང་གི་བཞུགས་པ་སཱ་ལི་པཱུ་ཏྲར་བྱོན་པ་དང། མི་ཀུན་གྱིས་ཟས་བྱིན་པ་ཟ་ཞིང་དུར་ཁྲོད ་དུ་ཉལ་གིན་འདུག་པ་ལས། ཚོང་འདུས་སུ་བྱོན་ནས་ཆང་ཚོང་མའི་གནས་སུ་ཕྱིན་པ་དང། ཆང་ཚོང་མའི་གཙོ་མོ་དེ་ནི་འཇིག་རྟེན་གྱི་མཁའ་འགྲོ་མ་གཅིག་ཡིན་པས། ་དེས་རྒྱལ་བུ་ལ་ལྟས་ནས། འདིའི་འཁོར་ལོ་བཞིའི་དྲི་མ་ལ་སོགས་པ་ཐམས་ཅད་ནི་དག་ནས་འདུག་པ་ལ། སྙིང་ཀ་ན་སྲན་མ་ཙམ་གཅིག་གི་རིགས་ཀྱི་རྟོག་པ་མ ་དག་པར་འདུག་གོ་ཟེར་རོ། །དེ་ནས་བུད་མེད་དེས་རྫ་མའི་ནང་དུ་ཟས་རུལ་པ་བླུག་ནས་བྱིན་པ་དང། རྒྱལ་བུས་དེ་བསྐྱུར་བས་མཁའ་འགྲོ་མ་དེ་འཁྲོས་ནས། ཁྱོད་ཀྱིས་ཟས ་བཟང་ངན་གྱི་རྣམ་པར་རྟོག་པ་མ་སྤངས་ན། །ཆོས་ག་ལ་འོང་ཞེས་སྨྲས་པས། རྒྱལ་བུ་དེས་རྣམ་རྟོག་དང་མཚན་མ་ནི་བྱང་ཆུབ་ཀྱི་གེགས་སུ་འདུག་སྙམ་ནས། རྣམ་རྟོག་དང ་མཚན་མ་སྤངས་ཏེ། ཉ་པས་གངྒཱ་ནས་ཉ་བསད་པའི་རྒྱུ་མས་ལ་སྐྱུར་བ་རྣམས་བླངས་ནས། དེ་ཟ་ཞིང་ལོ་བཅུ་གཉིས་ཀྱི་བར་དུ་བསྒྲུབས་ཏེ། ཉའི་རྒྱུ་མ་ཟ་བ་ཉ་ཚོང་མའི་བུད་མེད་ཀུན་གྱིས་མཐོང་ནས། ཐམས་ཅད་ཀྱིས་ལཱུ ་ཡེ་པ་ཞེས་སྨྲས་པ་དང། ཕྱོགས་མཚམས་ཐམས་ཅད་དུ་ལཱུ་ཡི་བ་ཞེས་གྲགས་ཏེ་དེའི་མིང་དང་དངོས་གྲུབ་ཐོག་།འདིའི་འཕྲོས་དཱ་རི་ཀཱ་བ་དང། ཌཱིད?་བའི་སྐབས་སུ་ཡང་ཕྱུང་ངོ། །གྲུབ་ཆེན་ལཱུ་ཡི་པའི་རྣམ་པར་ཐར་པ ་རྫོགས་སོ།། །། *། །ཆིས?་པའི?་ལོ་རྒྱུས?་བཞུགས?་སོ།?་གུ་རུ་ལི་ལ་པའི་ལོ་རྒྱུས་ནི། རྒྱ་གར་ལྷོ་ཕྱོགས་?་?་ཀྱི་རྒྱལ་པོ་གཅིག་སེང་གེའི་ཁྲི་ལ་བཞུགས་པའི་ཚེ། ཡུལ་གཞན ་ཞིག་ནས་རྣལ་འབྱོར་བ་ཞིག་དེའི་ཐད་དུ་བྱན་པ་དང། རྒྱལ་པོ་ན་རེ། ཁྱོད་རྒྱལ་ཁམས་ཐམས་ཅད་དུ་ལ་བྱམ་པ་ཉོན་རེ་མོངས་གསུངས་པས། བདག་མི་སྡུག་སྟེ་ཡས་རང་ཉོན་མོངས། དེ་ཅིས་ཏེ་ན། ཉིད་རྒྱལ་སྲིད ་ཤོར་གྱིས་དོགས། འབངས་རྣམས་མ་འགུའི་དོགས་བས་ཉིད་རང་སྡུག་བསྔལ་ལོ། །བདག་ནི་མེའི་ནང་དུ་འཆོངས་ཀྱང་མི་འཚིག?་།དུག་ཟོས་ཀྱང་མི་འཆི། རྒས་པ་དང་འཆི་བའི་སྡུག་བསྔལ་མེད་དེ་བཅུད་ལེན་གྱི ་གདམ་ངག་ཡོད་གསུངས་བས་རྒྱལ་པོ་དང་ནས། དངོས་ཀྱི་ཉིད་བཞིན་དུ་རྒྱལ་ཁམས་འགྲིམ་པ་ནི་མི་ནུས། འོན་ཀྱང་རང་གི་རྒྱལ་སར་སྟན་ལ་འདུག་ནས་བསྒོམ་པར་ནུས་ན། དངོས་ལ་ཉིད་ཀྱིས་གདམས་ངག ་ཅིག་ཞུ་བྱས་ནས་ཕྱག་བྱས་པས། གནང་སྟེ། ཀྱེའི་རྡོ་རྗེའི་དབང་བསྐུར། གདམ་ངག་སྦྱིན་ནས་དྲན་པ་ཅིག་པའི་ཏིང་ངེ་འཛིན་བསྒོམ་དུ་བཅུག་གོ་།དེ་ནས་རྒྱལ་པོ་རང་ཉིད་ཀྱིས་སེང་གེའི་ཁྲི་ལ་ཟ་འོག་ལ་སོགས ་པའི་སྟན་ནང་ཆངས?་ཅན་དང། རྔས?་ལ་སོགས་པའི་སྟེང་དུ། བཙུན་མོ་དང་བློན་པོའི་ཚིགས་དང། རོལ་མོའི་བྱེ་བྲག་སྣ་ཚོགས་པས་བསྐོར་ནས་བསྒོམས་པས་མཚན་ཡང་ལོངས་སྤྱོད་པའམ། སྒེག་པ་ལ་སོགས་པས་ལི་ལ ་པ་ཞེས་གྲགས་སོ། །གདམ་ངག་དངོས་ནི་ཕྱག་གཡས་པའི་སོར་གདུབ་ལ་མ་ཡེངས་པར་སྒོམ་པའོ། །དེ་མི་འགྱུར་བར་འདུག་བྱས་པས། དེའི་ནང་དུ་དགྱེས་པ་རྡོ་རྗེའི་ལྷ་ཚོགས་བསྒོམ་པའི་གདམ་ངག་བྱིན་པ་དང། དེ་སོགས? ་ཡང་མི་འགྱུར་བར་འདུ་གེ་ཟེར་ནས། བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམས་པས་རྟོགས་པ་རང་ཤུགས་སུ་ཤར་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། མངོན་བར་ཤེས་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་ནོ། །དེས ་ན་བླ་མའི་གདམ་ངག་རང་གི་བརྩོན་པ། སྔོན་མའི་ལས་འཕྲོ་དང་གསུམ་འཛོམས་ན་འདོད་ཡོན་མ་སྤངས་ཀྱང་གྲོལ་ལོ། །དེས་ཀྱང་འགྲོ་དོན་དཔག་ཏུ་མེད་པ་མཛད་ལ། མིང་དུ་ཡང་ལི་ལ་པ་ཞེས་ཕྱོགས་མཚམས་ཐམས ་ཅད་དུ་གྲགས་ཤིང་མཐར་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ལི་ལ་པའི་ལོ་རྒྱུས་རྫོགས་སོ།། །།ཡི?་རུ?་བའི?་ལོ་རྒྱུས?་བཞུགས་སོ།། །།གུ་རུ་བི་རཱུ་པའི་ལོ་རྒྱུས་ནི། ཤར་ཕྱོགས་རཱ་ཛ་དེ་ཝ་ཕ་ལའི་ཡུལ་ཏྲཻའུ་རར་སྐུ་འཁྲུངས་པ ་རྒྱ་གར་ལྷོ་ཕྱོགས་སོ་མ་པཱ་རི་ཞེས་བྱ་བའི་གཙུག་ལག་ཁང། དགེ་འདུན་སྟོང་གི་སྐུ་མཚོ་ཡོད་པའི་ཆོས་འཁོར་ཆེན་པོ་གཅིག་ཡོད་པ་ལ། བི་རཱུ་པ་རྟེན་དགེ་སློང་ཡིན་ཡང་དབང་བསྐུར་ཞུས་ནས། རྡོ་རྗེ་ཕག་མོའི་བཟླས་པ་ལོ་བཅུ་གཉིས་ཀྱི་བར་དུ་འབུམ་ཕྲག་བརྒྱ་ལན? ་གཉིས་བཟླས་པས། ཟླ་བའི་གྲོང་རྨི་ལམ་གྱི་རྟགས་ཙམ་ཡང་མ་བྱུང་བས་ཐུགས་མུག་སྟེ་འཕྲེང་པ་འཆག་ཁང་དུ་སྒྱུར་ནས་ཅི་བདེར་བཞུགས་པའི་དགོངས་ཁ་མཆོད་པའི་དུས་སུ་འཕྲེང་བ་མེད་པའི་རྟོག་པ་བྱུང་བ་དང། ཌཱ་ཀཱི་མས་འཕྲེང་བ་ལག་པར་བྱིན་ནས་གསུངས ་གི་སྣང་བ་འདི་ལྟར་བྱིན་སྟེ། རིགས་ཀྱི་བུ་ཁྱོད་ཡི་མ་མུག་པ་བྱིན་གྱིས་བརླབས་ཀྱི། རྣམ་རྟོག་དང་མཚན་མ་ཐམས་ཅད་སྤོང་ལ་བསྒྲུབ་པ་གྱིས་ཤིག་།སེམས་ཉིད་གཉུག་མར་གནས་པ་དེ་རྡོ་རྗེ་ཕག་མོའི་ངོ་བོ་ཡིན། །རང་ལ་ཡོད་ཀྱང་གཞན་ལ་རེ།། ་ཤིན་ཏུ་མི་མཁས་བྱིས་པའི་ངང། །སེམས་ཉིད་ཡིད་བཞིན་ནོར་བུ་དེ། །རྣམ་པར་རྟོག་པས་མ་གོས་པར། །ཆོག་ཤེས་བསྒྲུབ་པ་དམ་པ་ཡིན། །ཅེས་ཟེར་རོ། །དེ་ནས་ཡང་ལོ་བཅུ་གཉིས་བསྒྲུབས་པས་དངོས་གྲུབ་ཐོབ་ནས། གཡོག་པོས་ཤ་དང་ཆང ་ཉོས་ཤིང་དྲངས། དེ་ནས་གཙུག་ལག་ཁང་གི་ཕུག་རོན་ཡོ་བསད་ནས་ཟོས་པ་དང། ཕུག་རོན་རྣམས་ཟད་ནས་དགེ་འདུན་གྱིས། ངེད་ཀྱི་མཆོད་གནས་སུས་ཟོས་བྱས་པས། བཙུན་པ་ཀུན་གྱིས་ངེད་ཀྱིས་མ་ཟོས་ཟེར་བ་དང། བྲན་ཁང་ཀུན་ཏུ་ལྟས་ནས། ་བི་རཱུ་བའི་བྲན་ཁང་ལྟར་བཏང་བ་དང། སྐར་ཁུང་ནས་ལྟས་པས། དེ་ཆང་ཐུང་ཞིང་ཕུག་རོན་གྱི་ཤ་ཟ་བ་མཐོང་ནས། དགེ་འདུན་གྱིས་གཎྜི་བརྡུངས་ཏེ་གནས་ནས་དབྱུང་བར་བྱས་པ་དང། བི་རུ་པས་ཆོས་གོས་དང་ལྷུང་བཟེད་སྐུ་གཟུགས་ཀྱི་སྤྱན་སྔར་ཕུལ ་ཕྱག་བྱས་ཏེ་ཕྱིན་པ་དང། གཙུག་ལག་ཁང་དེའི་རྩ་ན་མཚོ་ཆེན་པོ་གཅིག་ཡོད་པ་ལ། དགེ་སློང་གཅིག་གིས་ཁྱོད་ལམ་གང་ལ་འགྲོ་བྱས་པ་ལ། ང་ཁྱེད་ཀྱིས་བཀྲད་པ་ལ་ལམ་བཟའ་གཏང་ཅི་ཡོད་གསུང་ནས། ཆུ་དེའི་ཐོག་ན་ཕར?་པདྨའི་འདབ་མ་ལ་ ་ཞབས་བཞག་ནས་པདྨའི་མེ་ཏོག་ཆུར་མ་ནུབ་པ་སྤྱད་ནས། སངས་རྒྱས་ལ་མཆོད་པ་བྱས་ཏེ་ཕ་མཐར་སོད?་དོ། །སོམ་བཱུ་རིའི་མི་ཀུན་འགྱོད་པ་སྐྱེས་ནས་ཞབས་ལ་མཐུས་ཏེ་ཕྱག་བྱས་ནས། ཁྱེད་ཀྱིས་ཕུག་དོན་ཅི་ལ་བསང་བྱས་པས། བསམ་བསང ་པ་ཡོད་ཟེར། གཡོག་པོས་ཕུག་རོན་གྱི་གཤོག་པའི་དུམ་བུ་རྣམས་ཁྱེར་འོངས་པ་དང། སློབ་དཔོན་གྱིས་མེ་གོལ་ཅིག་རྟོག་མཛད་པས་ཕུག་རོན་ཉིད་དུ་སོང་ནས། དེ་ཡང་སྔར་པས་ཀྱང་ཆེ་བ་དང་བཟང་བ་བྱས་ཏེ་ནམ་མཁའ་ལ་འཕུར་ནས་སོང་བ་ཀུན་གྱིས་མཐོང་ངོ། ། ་དེ་ནས་བི་རཱུ་པས་དགེ་སློང་གི་རྟགས་བསྐྱུར་ནས་རྣལ་འབྱོར་པའི་སྤྱོད་པ་མཛད་དེ། གངྒཱའི་འགྲམ་དུ་ཕྱིན་ནས་གངྒཱའི་ལྷ་མོ་ལ་བཟའ་བཏུང་བླངས་བས་མ་སྟེར་བས། སློབ་དཔོན་ཁྲོས་ནས་ཆུ་ཡར་མར་དུ་རྦད་ཀྱིས་བཅད་ནས་ཕ་མཐར་གཤེགས་སོ། །དེ་ནས ་ཀ་ནས་ཏའི་གྲོང་ཁྱེར་དུ་ཆང་འཚོང་མ་ལ་ཆང་ཉོས་པ་དང། དེས་ཆང་པོར་པ་གང་དང་འབྲས་སྡེར་མ་གང་སྦྱིན་པ་ལ་ལོངས་སྤྱོད། །དེ་ནས་ཞག་ཕྱེད་གསུམ་གྱི་བར་དུ་ཉི་མ་དགྲོད་མ་འདོད་པ་དང། དེའི་རྒྱལ་པོ་ཧ་ལས་ནས་འདི་འདྲ་བ་སུའི་རྫུ་འཕྲུལ་ཡིན ་ཞེས་ཡོངས་སུ་སྒྲོགས་པར་བྱས་པ་དང། ཉི་མའི་ལྷ་མོས་རྒྱལ་པོའི་རྨི་ལམ་དུ་རྣལ་འབྱོར་པ་གཅིག་གིས་བདག་ཆང་འཚོང་མ་ལ་གདམ་ར་བཅུག་ནས་ཡོན?་ཞེས་ལུང་བསྟན་པས། རྒྱལ་པོ་དང་སྐྱེ་བོའི་སོགས་ཀྱིས་ཆང་རིན་བརྩིས་པས་བྱེ་བར་སོང་བ་སོ་སོར ་བཅལ་ནས་བི་རཱུ་པ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་མིནྡྲ་ཞེས་བྱ་བའི་མུ་སྟེགས་ཀྱི་ཡུལ་དུ་ཕྱིན་པ་དང། དེའི་ཡུལ་ན་དབང་ཕྱུག་ཆེན་པོའི་སྐུ་ཁྲུ་བརྒྱད་ཅུ་རྩ་གཅིག་པ་ཅིག་འདུག་པ་ལ་ཕྱག་གྱིས་ཟེར་བ་ལ། ད་ཕོ་བོ་ཡིན་པ་ལ་ནུབ་བོ་ལ་ཕྱག་འཚལ ་བའི་ལུགས་མེད་བྱས་པས། འོ་ན་ཁྱོད་གསོད་པ་ཡིན་ཞེས་དེའི་རྒྱལ་པོ་ལ་སོགས་ཀུན་ཟེར་བ་དང། སློབ་དཔོན་ན་རེ། ངས་འདི་ལ་ཕྱག་བྱས་ན་སྡིག་པ་འོང་བས་ཕྱག་མི་བྱེད་པ་ཡིན་ཞེས་སྨྲས་པ་དང། རྒྱལ་པོས་དེའི་སྡིག་པ་ང་ལ་ཤོག་གཅིག་ཟེར ་ནས། སློབ་དཔོན་གྱིས་ཕྱག་ཐལ་མོ་བྱས་པས་མ་ཧཱ་དེ་དེའི?་སྟན་ཕྱེད་ཚལ་དུ་གས་པ་དང། བར་སྣར?་ནས་སྒ་གཅིག་བྱུང་ནས། ང་ནི་དམ་བཅས་པ་བཞིན་དུ་ཉ་ནོ་ཟེར། འོ་ན་མནའ་བོར་བྱས་པས། མནའ་བོར་བས་ལྷ་གས་པ་ཡང་སླར་འབྱར་རོ། །དེ་ནས་མ་ཧཱ་དེ་བའི་རྟེན ་གྱི་མཆོད་པའི་ཡོ་བྱད་རྣམས་སློབ་དཔོན་ལ་ཕུལ་ནས། དེ་ནང་བ་སངས་རྒྱས་པ་གཞན་གྱི་འཚོ་བ་བྱས་ནས་ད་དུང་ཡོད་ཆེར་རོ། །དེ་ནས་སློབ་དཔོན་གྱི་རྒྱ་གར་ཤར་ཕྱོགས་དེ་ཝཱི་ཀོ་ཊིར་བྱོན་པས་ཡུལ་དེའི་མི་ཐམས་ཅད་ཕྲ་མེན་མར་སོང་ནས། ཕྲ་མེན་མ་གཅིག ་ལམ་ཁར་སྡང་ནས་ཕྲ་མེན་གྱི་སྔགས་ཀྱི་སྟབས་ཀྱིན་སྟོང་བ་ཆོས་ལུགས་ཡིན་པ་ལ། སློབ་དཔོན་གྱིས་སྔོན་ལ་བྱོན་སྟེ་གཙུག་ལག་ཁང་ཞིག་ཏུ་ཉལ་བར་བྱས་ནས་འདུག་ལྷ་མོའི་མཁར་པ་དང། བྲམ་ཟེའི་ཕྲུ་གུ་ཞིག་ཕྱི་ནས་འོང་བ་ལ་སྔགས་བཏབ་ནས ་བཏང་བས། གྲོང་དེར་ཟས་ནི་རྙེད་ལ་ཉལ་ས་ནི་མ་རྙེད་པ་དང། དེར་ནང་པ་སངས་རྒྱས་པ་གཅིག་དང་ཕྲད་ནས། དེས་བྲམ་ཟེའི་ཕྲུ་གུ་ལ་སྨྲས་པ། ཡུལ་འདི་ན་ཐམས་ཅད་ཕྲ་མེན་མར་སོང་ནས་མི་མེད་ཅིང། ངེད་ཀུན་གྱི་བར་ཆད་བྱེད་པ་ཡིན་པས། གཙུག ་ལག་ཁང་ཕ་གིར་སོང་ལ་འདུག་ཟེར་ནས་དེར་ཕྱིན་པ་དང། སློབ་དཔོན་བི་རཱུ་པས་བྲམ་ཟེ་དེ་ལ་སྔགས་དང་བྱིན་རླབས་བྱས་ཏེ་བོར་བ་དང། ཕྲ་མེན་མ་ཀུན་འཚེགས་ནས་མཆོད་པའི་ཡོ་བྱད་ཅི་ཡོང་ཟེར་བ་ལ། ཤ་སྣའི་ཚགས་གཞན་ཀུན་ཡོ་དེ་ཤ་ཆེན་མ་རྙེད ་ཟེར་བ་ལ། དེའི་ནང་ནས་གཅིག་ན་རེ། ངས་ཤ་ཚན་གཉིས་ཁུགས་ནས་ཡོད་ཟེར། ཁྱེར་ལ་ཤོག་ཟེར་བས་ལེན་པར་རྩམས་པ་ན། བྲམ་ཟེའི་ཕྲུ་གུ་ལ་བྱིན་རླབས་མཛད་པ་དེས་འཁོར་མ་ནུས། ལེན་པར་ཡང་ཡང་བཏང་བས་བི་རཱུ་པ་ཤིང་འགལ་གཅིག ་གི་སྟེང་ན་ཡོད་པ་ཤིང་དང་བཅས་པ་ཕྱེར་ནས་འོངས་པ་ལ། ཕྲ་མེན་མ་ཀུན་གྱིས་ཕྱག་ཚང་བྱེད་དུ་བྱུང་བ་དང། བི་རཱུ་པས་ལོ་པའི་ཆང་ཀུན་འཐུངས། ཕྲ་མེན་ཀུན་གྱིས་བི་རཱུ་པ་བསང་བར་བྱ་སྙམ་ཐམས་ཅད་ཀྱི་གར་རྒྱངས་ཀྱི་སྒྲ་སྒྲགས་པ་དང། སློབ ་དཔོན་གྱིས་ཁྲོ་བོའི་རྒད་མོ་བཅུ་གཉིས་རྒད་པས། ཕྲ་མེན་ཐམས་ཅད་བརྒྱལ་བར་བྱས། ཕྱིས་ཕྲ་མེན་ཐམས་ཅད་དམ་ལ་བཏགས་ནས་ཕྱིན་ཆད་སྐྱབས་འགྲོ་བྱེད་པ་དང། ང་ལ་དང་པའི་སེམས་ཅན་ལ་གནོད་འཚེམ་བྱེད་པར་འདུག་ཅིག་། ་སྐྱབས་འགྲོ་དང་སེམས་སྐྱེད་མི་བྱེད་པའི་ལུས་ལ་མི་གནོད་པའི་ཁྲག་ཁྱོར་བར་ཙམ་འཐུང་ཅིག་།རྒྱལ་དམ་ལས་འདས་ན་འཁོར་ལོ་འདིས་རྐེ་ཆོང་ཅིང། བྱང་གི་གནོད་སྦྱིན་འདིས་ཁྲག་འཐུངས་ཞིག་གསུངས་པས་དེ་ལྟ་ཡང་གནོད་སྦྱིན་དང ་འཁོར་ལོའི་གཟུགས་ནམ་མཁའ་ལ་ཡོད། །བསྲུངས་མའི་འཁོར་དུ་བྱས་ནས་དམ་ལ་བཏགས་ཏེ་སློབ་དཔོན་གཞན་དུ་གཤེགས་སོ། །སླར་ཡང་ཕྱིར་ལོག་ནས་དེ་ཝཱི་ཀོ་ཊིར་བྱོན་པ་དང། ལམ?་མཁར་མ་ཧཱ་དེ་ཐ་དད། ལྷ་མོ་ཨུ་མ་གཉིས་ཀྱིས་སྤྲུལ་བའི ་གྲོང་ཁྱེར་འབུམ་ཚེ་ཕྱེད་དང་ལྔ་ལེགས་པར་སྤྲུལ་ནས། བི་རཱུ་པ་ལ་སུམ་ཅུ་རྩ་གསུམ་ལ་སོགས་པ་ལྷའི་གནས་ཐམས་ཅད་ནས་ཞལ་ཟས་བླངས་ཏེ་མཆོད་པ་རྒྱ་ཆེན་པོ་བྱས་སོ། །དེ་ནས་ཚིགས་སུ་བཅད་པ་གསུངས་པ། སོམ་བཱུ་རིའི་གཙུག་ལག་ཁང ་ཆེན་དུ། །རབ་བྱུང་བསྙེན་རྫོགས་འདུལ་ཁྲོམས་ལེགས?་པར་བསྐྱངས། །སྔ་མའི་ལས་འབྲེལ་དབང་གི་སྤྲུལ་བ་ཡི། །དབང་བསྐུར་བྱིན་རླབས་གདམས་པ་ཡང་དག་སྣང། །རྣམ་པར་རྟོག་པས་ལོ་ནི་བཅུ་གཉིས་སུ། །སྒྲུབ་པས་རྨི་ལྟས་ཙམ་ཡང་མ ་བྱུང་ནས། །ངལ་པའི་སེམས་ཀྱི་གཤེ་ཞིང་ཕྲེང་བསྐུར། །དེ་ནམ་མཁའ་འགྲོའི་གསུང་གིས་སྣང་བ་སྦྱིན། །དེའི་རྐྱེན་གྱིས་ཁམས་ཀྱི་ནུས་པ་བརྐུས།?་།འཁོར་བའི་མཚན་ཉིད་ཡང་དག་ལེགས་རྟོགས་ཏེ། །རྟོག་མེད་སྤྱོད་པ་བདག་གིས ་སྦྱད་བྱས་པས། །ཡོད་པར་སྨྲ་བའི་དགེ་འདུན་ཀུན་གྱིས་ཀྱང། །འཁྲུལ་བཅས་དག་ཏུ་རྟོགས་ནས་གནས་ནས་ཕྱུང། དེ་དག་ཀུན་གྱི་རྟོག་པ་འཇོམས་སླད་དུ། །ཚུལ་བྱིང་བ་མེད་པར་བསམ་གཏན་བྱས། །པདྨ་གྱེན་ལ་བསྒྱུར་ནས་སྣ་ཚོགས་ཟློས།། ་རིམ་གཏེད?་བར་བཅུ་གནས་འདོད་ཡོན་སྦྱང། །ཕྱི་བའི་ལྷ་རྟེན་བཀས་ནས་ང་རྒྱལ་བཅག་།དེ་ཝཱི་ཀོ་ཊིར་ཕྲ་མེན་ཚོགས་རྣམས་བཏུལ། མ་ཧཱ་དེ་ཝས་ཡོན་ཏན་མངོན་ཕྱུང་ནས། །གྲོང་ཁྱེར་སྤྲུལ་ནས་བདག་ལ་བསྙེན་བཀུར་བྱས། །དེ་ཙམ་སྤྱོད་པ་བདག་གིས་མ་སྦྱད་ན། །མཚན ་བཅས་ཆོས་ལ་མོས་པར་གལ་འགྱུར། །ཅེས་གསུངས་ཏེ་མཁའ་སྤྱོད་དུ་གཤེགས། །གུ་རུ་བི་རཱུ་པའི་ལོ་རྒྱུས་རྫོགས་སོ།། །། *། །ཌོ་མྦྷཱི?་བའི་ལོ་རྒྱུས་བཞུགས།། །གུ་རུ་ཌོམྦྷུ?་པའི་ལོ་རྒྱུས་ནི། ཡུལ་མ་གྷ་དྷ། རིགས་རྒྱལ་རིགས། དངོས་གྲུབ་དགྱེས་པ་རྡོ ་རྗེ་ལས་བརྙེས་སོ། །དེ་ཡང་བླ་མ་བི་རཱུ་བས་དབང་བསྐུར། གདམ་ངག་གནང་ནས་དོན་ཉམས་སུ་བླངས་པ་དང། འབད་ས་རྣམས་ལ་བུ?་གཅིག་བའི་བསམ་པ་བཞིན་དུ་དགོངས་པས། མི་རྣམས་ཀྱིས་རྒྱལ་པོ་ཆོས་ཀྱི་སྒོར་ཞུགས་པ་ནི་མཚོར། རང་བཞིན་གྱིས་འབངས་རྣམས་ལ་བྱམས ་པར་འདུག་པ། རྒྱལ་པོ་འདི་ནི་ཆོས་པ་འདྲ་བ་གཅིག?་?་ཞེས་འབངས་ཐམས་ཅད་མཐུན་པར་སྨྲའོ། །དེའི་དུས་རྒྱལ་པོས་བློན་པོ་ལ་སྨས་པའོ་སྐོལ་གྱི་ཡུལ་འདིར་གུན་མོ་དང་འཇིགས་པས་མི་ཀུན་ལ་འཕྲོག་འཇོམས་བྱེད་པ་དང། རང་གི་བསོད་ནམས་ཀྱི་ལས་འཕྲེས་དབུལ་བ་དང ་འཕོངས་པ་ཤིན་ཏུ་མང་བས། འདི་ཀུན་འཇིགས་པ་དང་འཕོངས་པ་ལས་སྐྱབ་པའི་ཕྱིར་ལྕོད?་ཆེན་པོ་བརྡུངས་ལ་ཤིང་གི་སྡོང་པོ་ཆེན་པོ་ལ་ཐོགས་ལ་ཞོག་གཅིག་།གནོད་པ་དང་འཕོངས་པ་མཐོང་ན་ཅོད་དེ་བརྡུངས་ཤིག་།དེ་མ་ཡིན་པར་མ་རྡུང་ཞིག་།ཅེས་རྒྱལ་པོས་བློན་པོ་ལ ་སྒྲས་ནས་བློན་པོས་ཀྱང་དེ་བཞིན་དུ་བྱས་ཏེ། མ་གྷ་དྷར་འཕོངས་པ་དང་འཇིགས་མཁར་བའི་ལ་ཐམས་ཅད་རྒྱུན་ཆད་པར་བྱས་སོ། །དུས་རེ་ཤིག་ན། རྒྱལ་སར་རིགས་ངན་གྱི་གླུ་མཁན་ཚན་གཅིག་འོངས་ནས། རྒྱལ་པོ་ལ་གླུ་དང་རོལ་མོ་འབུལ་ཅིང་བདུག་པ་དང། གླུ་མཁན་ངལ་བུ ་མོ་ལོ་བཅུ་གཉིས་ལོན་པ། འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ། བཞིན་སྡུག་ཅིང་ཁ་དོག་ལེགས་པ། ལྟན་སྡུག་ཅིང་ཡིད་དུ་འོང་བ། པདྨ་ཅན་གྱི་ཡོན་ཏན་ཐམས་ཅད་ཚང་བ་གཅིག་འདུག་པ་ལ། རྒྱལ་པོས་རིགས་ངན་གླུ་མཁན་དེ་ལ་གསུངས་པ། ཁྱོད་ཀྱིས་བུ་མོ་འདི་ང་ལ ་བྱིན་ཅིང། །དེ་ན་རེ། འདི་མ་གྷ་དྷའི་རྒྱལ་པོ་གྲོང་ཁྱེར་འབུམ་ཚེ་བརྒྱད་ལ་དབང་བྱེད་ཅིང། རྒྱལ་པོའི་འབྱོར་པས་བྲེལ་བ་མེད་པའི་རྒྱལ་པོ་ཆེན་པོ་ལགས་ན། དངོས་ཅག་རིགས་དམན་ཞིང་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་དམད་ཅིང་སྤང་བར་བྱ་བ་ཉིད་ན། དེ་འདྲའི་བཀའ་ ་བསྩལ་གྱི་གནས་མ་ལགས་སོ། །ཞེས་ཞུས་པ་དང། རྒྱལ་པོས་གལ་གྱིས་བཅུན་ནས། རྒྱལ་པོས་བུ་མོ་དང་མཉམ་པའི་གསེར་བགར་ནས་ཕ་ལ་བྱིན་སྟེ་བུ་མོ་རྒྱལ་པོས་ཁྱེར་རོ། །དེ་ནས་ལོ་བཅུ་གཉིས་ཀྱི་བར་དུ་ཕྱག་རྒྱར་བསྟེན་པ་མིས་མཚར་བ་ལ། བཅུ་གཉིས་ནས་ཚོར་ཏེ། རྒྱལ་པོས ་རིགས་ངན་མ་བླང་པོ་ཞེས་མ་གྷ་དྷའི་ཕྱོགས་ཐམས་ཅད་དུ་བསྒྲགས་པ་དང། རྒྱལ་པོས་སྲས་ལ་སོགས་པ་ལ་རྒྱལ་སྲིད་གཏང་ནས་རིགས་ངན་མ་དང་གཉིས་ནག་བསེབ་དུ་བསྒྲུབས་པ་ལ་ལོ་བཅུ་གཉིས་ལོན་པ་དང། སྲས་དང་འབངས་རྣམས་ཀྱིས་རྒྱལ་སྲིད་མ་ཟིན་པར་ཡུལ་ཁམས? ་སྔར་བས་བསོད་ནམས་འགྲིབ་པ་ལས། མི་ཀུན་གྱིས་གྲོས་བྱས་ཏེ་སྔར་གྱི་རྒྱལ་པོ་ཉིད་བཙལ་ལ་རྒྱལ་སྲིད་བྱེད་དུ་གཞུག་དགོས་ཟེར་ནས། མི་འགའ་ལྟར་བཏང་ནས་དེའི་བཞུགས་སར་ཕྱིན་ནས་ལྟས་བ་དང། རྒྱལ་པོ་ནི་ཤིང་སྡོང་གཅིག་གི་དྲུང་ན་བཞུགས་པ་ལ། བུ་མོ་དེ་ཆུ་ལེན་དུ་སོང་བ ་ན་མཚོའི་ཁལ་པདྨའི་འདབ་མའི་སྟེང་མཆུ་ལ་མི་ནུབ་པར་ཕྱིན་ནས་ཆུ་འདོམ་བཅོ་ལྔ་ཙམ་གྱི་འོག་ནས་ཆུ་བླངས་ཏེ། རྒྱལ་པོ་ལ་དྲངས་པ་དང། མི་དེ་ཀུན་ངོ་མཚར་སྐྱེས་ནས་ཡུལ་དུ་ལོག་ཏེ་དེའི་གཏམ་བྱས་པ་དང། རྒྱལ་འབངས་ཀུན་གྱིས་སྤྱན་འདྲེན་བཏང་ནས་སྤྱན་དྲངས་པས། ནཌ?་? ་ཡབ་ཡུམ་གཉིས་སྟག་གྲུས་མ་ལ་ཞོན། དུག་སྤྲུལ་ལ་ཅིག་བྱས་ཏེ་འོངས་པས་མི་ཀུན་ངོ་མཚར་སྐྱེས་ནས་ཉིད་ཀྱིས་རྒྱལ་སྲིད་གཟུང་ན་ཟིན་པས་གཟུང་འཚལ་ཅེས་ཞུས་པས། རྒྱལ་པོ་ན་རེ། ང་རིགས་ངན་ཡིན་པས་རྒྱལ་སྲིད་བྱེད་དུག་ལ་རུང། འོན་ཀྱང་ཤི་ཕན་ཆད་རིགས་བཟང ་ངན་གྱི་རྟོག་པ་ཆད་པ་ཡིན་པས། མེར་བསྲེགས་ཞིག་དང་དེ་ནས་སྐྱེས་པ་དང་བཟོད་བྱ་ཆེར་ནས། ཡུལ་མི་རྣམས་ཀྱིས་ཙན་དན་གོ་ཤིརཥའི་ཤིང་གི་ཡབ་ཡུམ་གཉིས་བསྲེགས་པས། ཤིང་མངས་ནས་ཞག་བདུན་མེ་མ་ཤི་བ་དང། དེ་ནས་བལྟས། ??་ཙན?་པདྨའི་སྡོང་པོ་གང?་བུ་ཁ་བྱེ་བའི ་ནང་ན་ཡབ་ཡུམ་གཉིས་རང་བྱུང་གི་སྐུར་གྱུར་ནས་ཟིལ་ཕྲོམ་མེད་གྱིས་རྡོར་ཡབ་ཡུམ་དུ་གྱུར་པ་མཐོང་བས་མ་གྷ་དྷ་པའི་མི་ཐམས་ཅད་དང་ནས། མིང་དུ་ཡང་སློབ་དཔོན་ཌོ་མྦྷི་པ་ཞེས་བྱ་བར་གྲགས་སོ། །དེ་ནས་རྒྱལ་པོས་བློན་པོ་ལ་སོགས་པ་ཐམས་ཅད་ལ་སྨྲས་པ། ཁྱེད་ཐམས་ཅད་ཀྱི་ང་བཞིན་དུ་བྱད་ནུས་ན་རྒྱལ ་སྲིད་བྱེད། དེ་མི་ནུས་ན་མི་བྱེད་གསུངས་པས། ཐམས་ཅད་ཧ་ལས་ནས་འདི་འདྲ་བ་གར་ནུས་ཟེར་ནས་འདུག་གོ་།སླར་ཡང་རྒྱལ་པོས་གསུངས་པ། རྒྱལ་སྲིད་ནི་མནོག་ཆུར་ལ་ཉེས་དམིགས་ཆེ་བར་འདུག་པས་ང་ནི་ཆོས་ཀྱི་རྒྱལ་སྲིད་བྱེད་པ་ཡིན་གསུང་ནས། དེ་ཉིད་ནས་མཁའ་སྤྱོད་ཀྱི་གནས་སུ་འགྲོ་བའི་དོག?་? ་གཤེགས་སོ། །གུ་རུ་ཌོམྦྷི་བའི་ལོ་རྒྱུས་རྫོགས་སོ།། །། *། །ཤ་འདི་བའི་ལོ་རྒྱུས་བཞུགས་སོ།། །།གུ་རུ་ཤ་ཝ་རའི་ལོ་རྒྱུས་ནི། རི་མནྡྲ་བི་ཀྲ་མ་ཞེས་བྱ་བའི་རི་ལ། ཤ་ཝ་རི་པ་བྱ་བའི་རྔོན་པ་གཅིག་ཡོད་པ་ལ། དེ་ལས་སུ་སྲོག་ཆགས་མང་པོ་བསད་ཅིང། ཟས་སུ་ཤ་ཟ། དུས་རྟག་ཏུ་འཆི་བའི་ཕྱིར་སེམས་ཅན་མང་པོ་ལ ་གནོད་ཅིང་འཆི་བའི་སྡིག་པ་འབའ་ཞིག་བྱེད་པ་དེ་ལ། འཕགས་པ་སྤྱན་རས་གཟིགས་ཀྱིས་གཟིགས་ནས་སྙིང་རྗེ་སྐྱེས་ཏེ། དེ་འབུལ་རྣམ?་གན?་རྒྱུད་པའི་དོན་དུ་ཤ་ཝ་ར་པ་འདྲ་བའི་རྔོན་པ་འཇིག་ཏུ་སྤྲུལ་ནས། དེའི་གན་དུ་ཕྱིན་པ་དང། ཤ་ཝ་ར་པས་དྲིས་པ། ཁྱོད་སུ་ཡིན། དེས་སྨྲས་པ། ང་ཡང་ཤ་ཝ་ར་པ་ཡིན་བྱས་པས ་ཁྱོད་ཀྱི་ཡུལ་གང་ཡིན་ཟེར་བ་ལ། ཐག་རིང་པོ་ན་ཡོ་བྱས་པས། ཤ་ཝ་ར་པས་སྨྲས་པ། ཁྱོད་ཀྱི་མདའ་གཙིགས་ཤ་ཝ་དུ་སོད་དྲིས་པས། སྤྲུལ་པས་སྨྲས་པ། སུམ་བརྒྱ་གསོང་བྱས་པས། ཤ་ཝ་ར་པ་ན་རེ། འོ་ན་མདའ་དེ་འདྲ་བ་ང་ལ་ཡང་སློབས་ཤིག་ཟེར་བ་དང། ནང་པར་སྤྲུལ་པས་ཤ་ཝ་ར་པ་ཁྲིད ་དབང་ཆེན་པོ་གཅིག་ལ་ཕྱིན་ནས། སྤྲུལ་པའི་ཤ་ཝ་ལྔ་བརྒྱ་ཙམ་བསྟན་ནས། དེ་ཤ་ཝ་ར་པས་མཐོང་བ་དང། སྤྲུལ་བ་ལ་དྲིས་པ། ཁྱོད་ཀྱི་མདས་ཤ་བ་དུ་སོད། དེས་སྨྲས་པ། ལྔ་བརྒྱ་ལོ་ཐམས་ཅད་སོད། ཤ་ཝ་ར་པ་ན་རེ། བཞི་བརྒྱ་འབར་བོར་ལ་རྒྱ?་སོང་བྱས་པས། སྦྲུལ་པས་ཤ་ཝ་བརྒྱ ་མདའ་གཙིགས་གིས་བསད་ནས། ཤ་ཝ་ར་?་ཅིག་ཤ་ཝ་ར་ལ་བསྐུར་བས། དེ་མ་ཐེག་པར་ཤ་ཝར་ང་རྒྱལ་ཆག་སྟེ། ཁྱིམ་དུ་རོངས་ནས་སྤྲུལ་པ་ལ་སྨྲས་པ། དེ་འདྲ་བའི་འཕོང་གི་སྟོབས་དེ་བདག་ལ་ཡང་སློབས་བྱས་པ་དང། སྤྲུལ་པས་སྨྲས་པ། དེ་སློབས་ལ་ཟླ་བ་གཅིག་ཤ་པོ་ཟ་བ་གཅིག་དགོས་བྱས ་པ་དང། དེ་ནས་ཤ་ཝ་ར་པས་སེམས་ཅན་ལ་གནོད་འཚེ་སྤངས་པ་དང། སྤྲུལ་པས་ཞག་བདུན་ནས་དེའི་གམ་དུ་ཕྱིན་ནས་སྨྲས་པ། ཁྱེད་ཅག་གིས་ཅི་ཟོས། དེ་ན་རེ་ཤིང་ཐོག་ཟོས་ཟེར་རོ། །དེ་ནས་སྦྲུལ་པས་སྨྲས་པ། ད་འབྱེད?་ཅག་གིས་སེམས་ཅན་ལ་བྱམས་དང ་སྙིང་རྗེ་བསྒོམས་ཤིག་བྱས་ནས། ཟླ་བ་གཅིག་ལོན་པ་ན་དེར་གཤེགས་པ་དང། ཤ་ཝ་ར་པ་ནི། །ད་ཤ་ཝ་གཤོར་བའི་ཆོས་བཤད་དོ་ཟེར་བ་ལ། །སྤྲུལ་པས་དེར་མཎྜལ་ཞིག་མཛད་ནས་མེ་ཏོག་བཀྲམ་སྟེ་ཤ་ཝ་ར་པ་བཟའ་མི་གཉིས་ལ་མཎྜལ་པ་ལ་ལྟོས་ཤིག་དང། ཅི་མཐོང་དྲིས་པས ་མཎྜལ་གྱི་ནང་དུ་དམྱལ་བ་ཆེན་པོ་བརྒྱད་དང་ཁོ་རང་གཉིས་ཀྱང་དེར་འཆེད་པར་མཐོང་ནས། །འཇིགས་ཤིང་སྐྲག་ལ། དངངས་ཤིང་འདར་ནས་སྐད་མ་ཐོན་པ་ན། སྤྲུལ་པས་ཡང་དང་ཡང་དུ་དྲིས་པས་སེམས་ཅན་དམྱལ་བ་འདི་འདྲ་བ་གདང་ཞུས་པས། སྤྲུལ་པས་ཁྱེད?་སྐྱེ་བ་ལ་མི ་འཇིགས་སམ་གསུངས་པས། དེ་དག་ན་རེ། འཇིགས་ལགས་ཏེ་དེ་ལས་ཐར་བའི་ཐབས་མཆིས་ལགས་སམ་ཞུས་པས། དེ་ཡོད་ན་ཁྱོད་ཀྱིས་སྒྲུབ་ནུས་སམ་གསུངས་པས། ནུས་ཟེར་ནས་སྤྲུལ་པ་དུ་ཤ་ཝ?་ར་བ་བཟའ་མི་གཉིས་ལ་ཆོས་བཤད་དེ། སྲོག་བཅད་པའི་རྣམ་པར་སྨིན་པས་ནི་སེམས་ཅན ་དམྱལ་བར་སྐྱེ་བ་ཡིན་ལ། བྱེད་ལ་རྒྱུ་མཐུན་ནི་སྲོག་གཅོད་སྙིང་འདོད་པ་ཡིན་ཅིང། དབང་གི་འབྲས་བུས་ནི་ཚེ་ཐུང་བ་ཡིན་ལ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་གཟི་བརྗིད་ངན་པ་ཡིན་ནོ། །སྲོག་གཅོད་པའི་ལས་སྤངས་པས་བྱང་ཆུབ་ཐོང་བ་ཡིན་ལ། བྱེད་པ་རྒྱུ་མཐུན?་ནི་སྲོག་ཅོད་སྙིང་མི་འདོད་པ་དང ་དབང་གིས་འབྲས་བུ་ནི་ཚེ་རིང་བ་ཡིན་ལ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་གཟི་བརྗིད་དང་ལྡན་པ་ཡིན་ནོ། །ཞེས་སོགས་མི་དགེ་བ་བཅུའི་ཉེས་དམིགས་དང། དགེ་བར་བཅུའི་ཕན་ཡོན་བཤད་པས། ཤ་ཝ་ར་པ་འཁོར་བ་ལ་སྐྱེ་བ་སྐྱེས་ནས། ཆོས་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་པར ་ཕྱུར་ཏོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས་གདམ་ངག་གནང་ནས་རི་བོ་དན་ཏིར་གཤེགས་པ་དང། ཤ་ཝ་རས་ལོ་བཅུ་གཉིས་སུ་རྣམ་པར་མེ་ཏོག་པའི་སྙིང་རྗེ་ཆེན་པོ་བསྒོམས་པས་ཕྱག་རྒྱ་ཆེན་པོ་?་པོ་མཆོག་རི་ངོས?་གྲུབ་ཐོབ་ནས། སྙིང་རྗེ་ཆེན་པོའི་ཆོས་ཉིད་ལས་ལངས་ཏེ་འཕགས་པའི ་སྤྱན་ལམ་དུ་ཕྱིན་པ་དང། འཕགས་པས་ཤ་ཝ་ར་ལ་ཡོན་ཏན་གྱི་སྔགས་པ་དུ་མ་བརྗོད་ནས། རིགས་ཀྱི་བུ་རྩའི་མེ་ཤི་པ་དང་འདྲ་བའི་ཕྱོགས་གཅིག་གི་མྱ་ངན་ལས་འདས་པ་ནི་མཆོག་མ་ཡིན་ལ། ཁྱོད་ཀྱིས་སེམས་ཅན་གྱི་དོན་དུ་འཁོར་བར་འདུག་ལ་སེམས་ཅན་བསམ་གྱིས་མི་ཁྱབ་པའི་དོན་གྱིས་ཤིགས་གསུངས་པས་ཤ་ཝ ་ར་པ་རང་གི་ཡུལ་དུ་བྱོམ་ནས་བཞུགས་སོ། །མཚན་དུ་དཔའ་ཤ་ཝ་ར་པ་ཞེས་པའམ་བྱེ?་རྨ་བྱའི་གཤོག་པ་གྱོན་ནས་འདུག་པས་རྨ་བྱའི་གོས་ཅན་ཞེས་ཀྱང་བྱ་ལ། དུས་རྟག་ཏུ་རི་ལ་བཞུགས་པས་རི་ཁྲོད་མགོན་པོ་ཞེས་ཀྱང་ཟེར་ཏེ་མཚན་གསུམ་དུ་གྲགས་སོ། །སྐལ་པ་དང་ལྡན་པ་ལ་བརྡ་དང་མགུར་ལ་སོགས་པའི་དོན་མཛད་དེ ་བྱམས་པའི་བསྟན་པ་འཆར་གྱི་བར་དུ་སྐུ་འདི་ཉིད་ཀྱིས་འཛམ་བུའི་གླིང་འདིར་བཞུགས་སོ། །གུ་རུ་ཤ་ཝ་ར་བའི་ལོ་རྒྱུས་རྫོགས་སོ།། །། *། །ས་ར?་ཧ་བའི་ལོ་རྒྱུན་ལ་ཞུགས་སོ། །གུ་རུ་ས་ར་ཧ་པའི་ལོ་རྒྱུས་ནི། ཅིག་ས་བྲམ་ཟེ་ཡུལ་རྒྱ་གར་ཤར་ཕྱོགས་ཀྱི་གྲོང་ཁྱེར་རཱ་ཛཧི་ཞེས་བྱ་བའི་བྱེ་བྲགས་ངོ་ལ་པ་བྱ་བ་ཡིན་ལ། མཁའ་འགྲོ་མའི ་སྲས་ཡིན་ནོ། །བྲམ་ཟེ་ཡིན་ཡང་སངས་རྒྱས་པའི་ཆོས་ལ་གདན་ས་སློབ་དཔོན་དཔག་ཏུ་མེད་པ་ལ་ཆོས་ཉན་པས་གསང་སྔགས་ཀྱི་ཆོས་ལ་ཡིད་ཆེས་ནས། བྲམ་ཟེ་དང་སར?་??་པའི་སྡོམ་པ་གཉིས་ཀ་སྲུང་བ་ལ། ཉིན་བྲམ་ཟེའི་ཆོས་ལུགས་བྱེད། མཚན་ལ་སངས་རྒྱས་ཀྱི་ཆོས་ལུགས་སུ་བྱེད། ཆད་ཡང་གསོལ ་བ་ན་བྲམ་ཟེ་ཀུན་གྱིས་ཚོར་ནས་དེ་བསྐྲད?་པའི་ཕྱིར་བྲམ་ཟེ་ཐམས་ཅད་འདུས་ནས། །རྒྱལ་པོ་རཌཎ?་ས་ལ་ལ་ཞུས?་པ། ཁྱེད་རྒྱལ་པོ་ཡིན་ན་ཡུལ་དུ་ཆོས་ལུགས་འཆོལ་?་བྱེད་དུ་འཇུག་རིགས་སམ། ས་?་འདི་ཡུལ་?་?་གྲོང་ཁྱེར་ཁྲི་ཚོ་ཕྱེད་དད?་གཉིས་ཀྱི་གཙོ་བོ་ཡིན་པ་ལ། ཆང་འཐུང་ནས་རིགས་ཉམས་པར་བྱས་པས ་སྐྲོད་ཅིག་བྱས་པས། རྒྱལ་པོས་སྨྲས་པ། ཁྲི་ཚེ་ཕྱེད་དང་གཉིས་ལ་དབང་བྱེད་པ་འདི་བཀྲོད?་དུ་མི་འདོད་ཟེར་ནས་རྒྱལ?་ངོས?་ས?་ར་ཧའི་གན་དུ་བྱོན་ནས་སྨྲས་པ། ཁྱེད་བྲམ་ཟེ་རིན་པ་ལ་ཆང་འཐུང་མདའ?་?་པ་འདི་མ་ལེགས་སོ་བྱས་པས། ས་ར་ཧ་ན་རེ། ངས་ཆང་འཐུངས་པ་མེད། ངེས་ཀྱང་མནའའདོར་བ་ཡིན་པས་བྲམ་ཟེ་ཀུན ་དང་མི་ཐམས་ཅད་བསྡུས་ཤིག་ཟེར་ནས། ཐམས་ཅད་བསྡུས་པ་དང། ས་ར་ཧ་པས། ངས་ཆར?་འཐུངས་པར་གྱུར་ན་ལག་འཚིག་ལ། མ་འཐུངས་ན་མ་ཚིག་ཅིག་ཟེར་ནས་མར་?་ཁོལ་མའི་ནང་དུ་ལག་པ་བཅུག་པས་མ་ཚིག་པ་དང། རྒྱལ་པོས་ཆང་འཐུངས་པ་བདེན་རྣམ་བྱས་པས། བྲམ་ཟེ་ཀུན་ན་རེ། བདེན་དེ? ་འཐུངས?་ཟེར། ཡང་སྔར་བཞིན་དུ་སྨྲས་ནས་ཟངས་ཞུན་མ་འཐུངས་པས་ཀྱང་མ་ཚིག་པ་དང། ཡང་འཐུངས་ཟེར་།འོ་ན་ཆུའི་ནང་དུ་ཞུགས་ལ་གང་ནུབ་ནས་འདུག་པ་དེས་འཐུངས་པ་ཡིན་ལ། མནུབ་པ་དེས་འཐུངས་པ་མིན་ནོ་ཞེས་སྨྲས་ནས། བྲམ་ཟེ་གཞན་གཅིག་དང་གཉིས་ཆུའི་ནང་དུ་ཞུགས ་པས་ན། ས་ར་ཧ་པ་ནུབ་གཅིག་ཤོས་ནུབ་པ་དང། ས་ར་ཧ་པས་མ་འཐུངས་ཟེར། ཡང་སྲང་ལ་སྒོར། གང་ལྕི་བས་མ་འཐུངས་པ་ཡིན་ནོ་ལ། ཡང་བ་དེས་འཐུངས་པ་ཡིན་སྨྲས་ནས་དེ་བཞིན་བྱས་པས། ས་ར་ཧ་པ་ལྗི་ནས་ངས་མ་འཐུངས་ཟེར་རོ། །དེ་བཞིན་དུ་མི་དང་ལྗིད་མཉམ་པའི་ལྕགས་ཀྱི་རྡོ་གསུམ་དང་བཀའ་ ་བས་ཀྱང་ས་ར་ཧ་ལྗི་བ་དང། དྲུག་ལས་ཀྱང་ས་ར་ཧ་ལྗི་ནས་།རྒྱལ་པོས་སྨྲས་བ། ལོ་འདྲ་བའི་ནུས་པ་ཡོད་ན་ཆང་འཐུང་ན་ཡང་འཐུང་ཅིག་ཅེས་སྨྲས་པས། བྲམ་ཟེ་ཐམས་ཅད་དང་རྒྱལ་པོས་ཀྱང་ཕྱག་བྱས་གདམས་པ་ཞུས་པས། རྒྱལ་པོ་དང་བཙུན་མོ་དང་འབངས་ཐམས་ཅད་ལ་མ་གུར་གསུངས་པས་འོག? ་སྐོར་གསུམ་དུ་གྲགས?། །བྲམ་ཟེ་རྣམས་ཀྱི་རང་གི་ཆོས་ལུགས་སྤངས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཤིང་རྒྱལ་པོ་འཁོར་དང་བཅས་པས་དངོས་གྲུབ་ཐོབ་བོ། དེ་ནས་ས་ར་ཧ་ས་བྱང་མོ་ལོ་བཅོ་ལྔ་ལོན་པ་ཞིག་བོད་པ་ཁྲིད་ནས་ཡུལ་གཞན་དུ་བྱིན་པ་དང་དགོན་པ་གཅིག་ཏུ་འདུག་ནས་ཁྱོས་སྒྲུབ་པ ་བྱེད་ཆུང་མས་བྱན?་བླངས་ཀྱན?་བསྐྱལ་བ་དང། ཐེང་གཅིག་ལ་ཕུག་གི་ཚོད་མ་ཟ་ཟར་ནས་ཆུང་མས་མ་དེའི་ཞོ་དང་ལ་ཕུག་?་ནས་འདྲེན་དུ་ཕྱིན་པ་དང། ཏིང་ངེ་འཛིན་ལ་བཞུགས་འདུག་བསམ་བླང་བར་ལོག། དེ་ནས་ས་ར་ཧ་པས་ལོ་བཅུ་གཉིས་ཀྱི་བར་དུ་ཏིང་ངེ་འཛིན་དེ་ལས་མ་བཞེངས། དེ་ནས་བཞེངས ་ཏེ། ལ་ཕུག་གི་ཚད་མ་ག་རེ་བྱས་པས། བྱན་མོ?་ན་དེ་ཁྱེད་ལོ་བཅུ་གཉིས་སུ་ཏིང་ངེ་འཛིན་བསམ་?་?། མ་བསད?་ལྟ་ག་ན་ཡོད་།ང་ནི་དཔྱིད་ཀྱི་དུས?་སུ་སོང་ནས་ངོ?་ཞེ་སྨྲས། དེར་ས་ར་ཧ་ས་ཆུང་མ་ལ། ང་རི?་ལ་སྒྲུབ་བ་ལ་འགྲོ་བ་ཡིན་སྨྲས་པས། ཆུང་མ་ན་རེ་ལུས་དབེན་པ་ནི་དབེན་བ་མ་ལགས། སེམས་མཚན་མ་དང ་?་པར་རྟོག་པས་དབེན་པ་ནི་དབེན་པའི་མཆོག་ལགས་ཏེ། ཁྱེད་ཀྱིས་ལོ་བཅུ་གཉིས་སུ་ཏིང་ངེ་འཛིན་ལ་བཞུགས་ཀྱང། མཚན་མ་ཕྲ་མོ་ལ་ཕུག་གི་རྟོག་པ་མ་ཆོད་མ་རི་ཁར་ཕྱིན་པས་ཅི་ལ་ཕན། ཞེས་སྨྲས་པས། ས་ར་ཧ་པས་བདེན་དགོངས་ཏེ། མཚན་མ་དང་རྣམ་པར་རྟོག་པ་སྤངས་ཏེ། གཉུག་མའི ་དོན་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་འགྲོ་དོན་དཔག་མེད་མཛད་དེ། ཆུང་མ་དང་གཉིས་ཀ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ས་ར་ཧ་པའི་ལོ་རྒྱུས་རྫོགས་སོ།། ། *། །ཀི་ཀ་རི་བའི་ལོ་རྒྱུས་བཞུགས་སོ། །གུ་རུ་ཀཾ་ཀ་རི་པའི་ལོ་རྒྱུས་ནི། ཡུལ་མ་གྷ་ཧུ་ར། རིགས?་དམའ་རིགས་སོ། །? ་ཡང་ཡུལ་མ་གྷ་ཧུ་རའི་ཁྱིམ་བདག་གིས་རང་གི་རིགས་དང་མཉམས་པའི་ཆུང་མ་བླངས་ནས། ཁྱིམ་དུ་འདོད་པའི་ཡོན་ཏན་གྱི་རོ་ཉམས་སུ་མྱོང་བར་བྱེད་ཀྱིན་འདུག་ལ། ཐར་པའི་ལམ་དགེ་བའི་ཆོས་ལ་ནི་བློ་བག་ཙམ་ཡང་མ་ཞུགས་པར་འཇིག་རྟེན་འདི་འབའ་ཞིག་དོན་དུ་གཉེར་ཞིང་འདུག་པའི་ཚེ། །? ་ལ་འདུས་བྱས་ཀྱི་ལས་ཀྱིས་སླེབས་ནས་ཤི་བར་གྱུར་པ་དང། དེར་ཆུང་མའི་རོ་དུར་ཁྲོད་དུ་རྐྱལ?་ན་ས་རོ་བློས་གཏོང་མ་ནུས་པར། རོའི་རྩར་དུ་ཡིན་འདུག་པ་ལ། དེའི་གམ་དུ་ལེགས་པར་རྟོགས་པའི་རྣལ་འབྱོར་པ་གཅིག་བྱོན་ནས། ཁྱིམ་བདག་དེ་ལ་ཁྱོད་དུར་ཁྲོད་འདི་ན་ཅི་བྱེད་ཀྱིན་འདུག་ཅེས་སྨྲས་པ་དང། ཁྱིམ་བདག ་ན་རེ་རྣལ་འབྱོར་པ་བདག་གི་སྐྱིད་སྡུག་འདི་ཉིད་ཀྱི་ལམ?་གཟིག་སམ། མིག་སྟོན་པའི་ལོང་བ་ཁྱིམ་ཐབ་དང་བྲལ་བའི་དཔལ་ཟད་པ། འཇིག་རྟེན་ན་བདག་ལས་སྡུག་པ་སུ་མཆིས་ཞེས་ཞུས་པ་དང། རྣལ་འབྱོར་པས་ཁྱིམ་བདག་ལ་སྨྲས་པ། སྐྱེས་པའི་མཛའ་འཆིལ་འདུས་པའི་མཛའ་འབྲལ་བ་འདུས་བྱས་ཐམས་ཅད ་མི་རྟག་པ་ཡིན། འཁོར་བར་སོང་བ་ཐམས་ཅད་ནི་སྡུག་བསྔལ་བ་ཡིན་པས། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་ཁྱོད་མི་སྐྱེ་འམ། ཁྱོད་མིའོ་ས་རྡོ་འདྲ་བ་གཅིག་བསྲུངས་ནས་ཅི་བྱེད། དེ་བས་ཁྱོད་རང་ཆོས་ཀྱིས་ལ་སྡུག་བསྔལ་སྤངས་བྱས་པས། རྣལ་འབྱོར་པ་འཁོར་བ་སྐྱེ་འཆིའི་སྡུག་བསྔལ་ལས ་ཐར་པའི་ཐབས་ཡོད་ན་ཆོས་ཅིག་ཟེར་བ་ལ། དེ་ལས་ཐར་པའི་ཐབས་བླ་མའི་མན་ངག་ཡོད་གསུངས་པས། དེ་བདག་ལ་སྣང་བ་ཞུ་ཟེར་ནས། རྣལ་འབྱོར་པས་དེ་ལ་དབང་བསྐུར་སྟེ་བདག་མེད་ཐིག་ལེའི་གདམ་ངག་བྱིན་པ་དང། ཁྱིམ་བདག་ན་རེ། ཇི་ལྟར་སྒོམ་ཟེར་བ་ལ་ཤི་བའི་ཆུང་མའི་རྣམ་པར་རྟོག་པ་སྤོངས་ལ། ་བདག་མེད་པའི་ཆུང་མ་བདེ་བ་དང་སྟོང་པ་གཉིས་སུ་མེད་པར་སྒོམས་ཤིག་བྱས་ནས་སྒོམ་དུ་བཅུག་པས། ལོ་དྲུག་ན་ཐ་མལ་བའི་ཆུང་མའི་རྣམ་རྟོག་བདེ་བ་དང་སྟོང་པའི་ངང་དུ་སྟོར་ནས། དེའི་སེམས?་ཀྱི་དྲི་མ་དག་སྟེ་བདེ་ཆེན་འོད་གསལ་གྱི་རྟོག་པའི་ཉམས་?་?་པ་དང། ཁྱིམ་བདག་དེས་དཔེར་ནའང་ཏང་གི་དུན ་དངས་པས་འཁྲུལ་པ་སངས་རྒྱས་པ་ལྟ་བུར་མ་རིག་འཁྲུལ་པའི་དུག་དངས་པས་བྱིན་ཅི་མ་ལོག་པའི་བདེན་པའི་དོན་མཐོང་སྟེ། གྲུབ་པ་ཐོབ་ནས། མིང་ཡང་རྣལ་འབྱོར་པ་ཀཾ་ཀ་ལི་པ་བྱ་བར་ཕྱོགས་མཚམས་ཐམས་ཅད་དུ་གྲགས་ལ། ཤི་ཡུག?་གྷ་ཧུ་རིར་སྐྱེད་འགྲོ་དུ་མ་ལ་ཆོས་བསྟན ་ནས་ལུས་དེ་ཉིད་ཀྱི་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀཾ་ཀ་ལི་པའི་ལོ་རྒྱུས་རྫོགས་སོ།། །།མིན་པའི་ལོ་རྒྱུས་བཞུགས་སོ། །གུ་རུ་མིན་པའི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས་རིགས་?་པ?་བླ་མ་མོ?་?་?་པ། དངོས་གྲུབ་འཇིག་རྟེན་པའི་དངོས་གྲུབ་ཐོབ་པའོ། །དེ་ཡང་ཀ་མ་རུ་པའི་ཐ་ཚད་ན་རྒྱ་མཚོ་ཨི?་ཏ་བྱ་བ་ལ། ཉ་པ་ཀུན་ཏ? ་གཤོར་ནས་དུས་རྟག་ཏུ་ཚོང་འདུས་སུ་འཚོང་པ་ཡིན་པ་ལ། ཉ་པ་གཅིག་གིས་རས་བལ་གྱི་སྲད?་བུ་ལ་ལྕགས་ཀྱུ་བཏགས་ནས། དེའི་རྩེ་མོར་ཤ་དང་བཅས་ཏེ་ཆུར་སྐྱུར་བ་དང། ཉ་ཆེན་པོ་ཅི་ཟིན་ནས་ཐེན་པས། ཉས་ཕར་གྲུ་དེ་རྒྱ་མཚོར་ཉ་བ་ནུབ་ནས། དེར་ཉ་པ་དེ་ཉ་ཆེན་པོ་ཅིག་གི་མིད་པ་ལ་ལས་ཀྱི་དབང་གི ་དེར་མ་ཤི་བར་ཡོད་པ། དེའི་དུས་སུ་དབང་ཕྱུག་ཆེན་པོ་ལ་ལྷ་མོ་ཨུ་མས་ཆོས་ཞུས་པས། དབང་ཕྱུག་ཆེན་པོ་ན་རེ། དེའི་ཆོས་འདི་གང་རུང?་རྩལ་བཤད་པ་མ་ཡིན་གྱི། ཤིན་ཏུ་གསང་བ་ཡིན་པས་རྒྱ་མཚོའི་ནང་དུ་ཁང་བརྩིགས་ཤིག། དེར་གཤོད་ཟེར་ནས། དེ་བཞིན་དུ་བྱས་པ་དང། དེའི་ནང་དུ་ལྷ་མོ་ཨུ་མ་ལ ་ཆོས་བཤད་པས་དེའི་དུས་སུ་ཁང་པའི་འོག་ཏུ་ཉ་དེས་འོངས་པ་དང། ཆོས་ཀྱི་འཕྲོ་བ་ལྷ་མོ་གཉིད་ལོག་དང་མཚུངས་ནས། དབང་ཕྱུག་ཆེན་པོས་ལྷ་མོ་ཨུ་མ་ལ་གོའམ་བྱས་པས། ཉ་བས་གོ་ལགས་བྱས་ཀྱིན་ཆོས་ཉན་པ་དང། ཆོས་ཐོན་པ་དང་ལྷ་མོ་གཉིད་སད་དེ་ཆོས་ཤོད་བྱས་པས་དབང་ཕྱུག ་ཆེན་པོ་ན་རེ། ངས་ཆོས་བཤད་ཟིན་ཟོར། ལྷ་མོ་ན་རེ། དངས་ཀྱིས་ཆོས་འདི་ཙམ་བར་དུ་ཐོས་དེ་ནས་གཉིད་ཀྱིས་མྱོས་ནས་མ་ཐོས་བྱས་པ་ལ། འོ་ན་ཐོས་ལགས་ཟེར་བ་དེ་སུ་ཡིན་ཟེར་ནས། ལྷ་མོས་དེ་སྐད་ཟེར་བ་བདག་གིས་མ་སྨྲས་ཟེར། དབང་ཕྱུག་ཆེན་པོས་མངོན་ཤེས་ཀྱིས་གཟིགས་པས། ཁང་པའི ་འོག་གི་ཉའི་ལྟོ་བ་ན་མི་གཅིག་འདུག་པ་དེས་ཆོས་ཉན་པར་མཐོང་ནས། དེར་བསམ་པ་ལ་འདི་ངའི་སློབ་མར་སོང་བས་དམ་ཚིག་གཅིག་པ་ཡིན་སྙམ་དུ་དགོངས་ནས། དེར་ཉ་པ་ལ་དབང་བསྐུར་ནས་ཉ་པ་དེས་ལོ་བཅུ་གཉིས་ཉའི་ལྟོ་བར་སྒྲུབ་པ་བྱས་པ་དང། དེ་ནས་ཡུལ་ཤྲི་ཏ་པ་རི་ཞེས་བྱ་བའི་ཉ ་པ་གཅིག་གིས་རྒྱ?་ཆེན་པོ་དེ་གཟུང་ནས་སྟོན་པ་དང། ཉ་པས་བསམས་པ་ཉ་ཆེན་པོ་འདིའི་ལྗི་ལུགས་ཀྱིས། འདིའི་ཁོག་པ་ན་གསེར་དངུལ་ལ་སོགས་པའི་རྫས་འགའ་འབྱུང་ཡང་སྲིད་སྙམ་སྟེ། ཉའི་ལྟོ་བ་གཤགས་པས་མི་ཅིག་འདུག་ནས། ཁྱོད་སུ་ཡིན་བྱས་པ་ལ། དེ་ན་རེ?་བདག་རྐྱང་ཉ་པ་ཡིན་པ་ལ ་རྒྱལ་པོ་འདི་ཞེས་བྱ་བའི་དུས་ཉ་འདིས་ཁྱེར་སྟེ་མིང་པ་ཡིན་ཟེར་ནས། མི་ཀུན་གྱིས་རྩིས་པས་ལོ་བཅུ་གཉིས་ལོན་འདུག་པས། མི་ཐམས་ཅད་ངོ་མཚར་སྐྱེས་ཏེ་མིང་དུ་མང་རྣལ་འབྱོར་པ་མིན་ཞེས་བྱ་བར་གྲགས་སོ། །དེ་ནས་མི་ཐམས་ཅད་ཀྱིས་མཆོད་པ་དང། མིན་བས?་ས་ལ་གར་བྱས་པ་དང་ཤ? ་ས་ལ་མ་ནུབ་པ་དང། རྡོའི་སྟེང་དུ་གར་བྱས་པས་ཀྱང་འདམ་ལྟར་?་ནས་ཀུན་ངོ་མཚར་སྐྱེས་སོ། །ངོ་ནས་མིན་པའི་ཞལ་ནས། སྔར་བསགས་ལས་ཀྱི་འབྲེལ་པ་དང། དུས་འདིར་ཆོས་ལ་མོས་པ་ཡིས། །ཡོན་ཏན་ཕུན་ཚོགས་འདི་ལྟར་བྱུང་མེ?་མ་རང་སེམས་རིན་པོ་ཆེ། ཅེས་གསུངས་ནས་ལོ ་ལྔ་བརྒྱར་སེམས་ཅན་གྱི་དོན་མཛད་དོ། མཚན་ཡང་མིན་པ་རྡོ་རྗེའི་ཞབས། ཨིཙནད་པ་ཏོ་གསུམ་དུ་གྲགས་ཤིང། དང་པོར་འཇིག་རྟེན་གྱི་དངོས་གྲུབ་ཐོབ་ནས་རིམ་གྱིས་ས་ལམ་བགྲོད་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་མིན་པའི་ལོ་རྒྱུས་རྫོགས་སོ།། ། *། གོ་རཀྵའི་ལོ་རྒྱུས་བཞུགས ་གུ་རུ་གོ་རཀྵའི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས་ན་རྒྱལ་པོ་ལྷ་སྐྱོང་ཞེས་ས་མཚམས་?་?་ལ་སྲས་གཅིག་བལྟམས་པ་ལས་དེས་ལོ་བཅུ་གཉིས་ལོན་པ་ན་སུམ?་ཅུང་ནས་དགུ?་ཡང་?་པའི་ཚེ་དུ་མ་གྱིས་?་?་?་ཅན་ཀྱི་བདེ་སྡུག་ཐམས་ཅད་ནི་ལས་དགེ ་བ་བླང་བསྲུང་སྡིག་ལས་འབྱུང་བས་ན་སྲོག་ལ་བབ་ཀྱང་སྡིག་པའི་ལས་མ་བྱེད་ཅིག། ཞེས་གསུངས་ནས་གྲོང་སོ། །དེ་ནས་ཡབ་རྒྱལ་པོ་ལ་བབས་རྣམས་ཀྱིས་ཞུས་པ་ཡུལ་གཞན་གྱི་བཙུན་མོ་གཅིག་བཞེས་དགས་ཟེར་ནས། ངས་ཀྱང་བཙུན་མོ་བཞེ། །ནས་ཞག་འགའ་ལོན་པ་ན་རྒྱལ་པོ་ནགས ་?་དུ་སྐྱེ་གསང་ལ་གཤེགས་པའི་ཤུལ་དུ་རྒྱལ་མོས་ཁེར?་བཟངས་ཀྱི་སྟེང་དུ་ཕེབས་ནས་བལྟས་པ་ན། དེ་ན་རྒྱལ་བུ་བཞུགས་པ་མཐོང་ནས་ཆགས་པ་སྐྱེས་ཏེ། ?་ཕོ་ཧ་བཏང་ན?་?་ཆགས་པར་དུ་བྱས་ལས། རྒྱལ་བུམ་?་?་དང། རྒྱལ་མོ་སྐྱོངས་ནས་བསམ་པ་ལ། ་འདིས་ང་ལ་བརྙས་པ་འདི་བྱས་པ། དགྲ་ལས་སྙིང་ན་བ་འདི་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསད་དགོས་སྙམ་སྟེ། རང་གི་འཁོར་ཀུན་ལ་འདི་སོད་ཅིག་སྨྲས་པས། དེ་རྣམས་ན་རེ། འདི་བསད་པས་མི་ཡོང་སྟེ། རྒྱལ་པོའི་སྲས་?་མ་པ་ཡིན་ཟེར་བས། མོས་སྒྲུ?་བྱས་ཏེ། རང ་གི་ལུས་ཐམས་ཅད་ལ་པྲད་ནས་ཁྲག་བྱུང། གོས་ཐམས་ཅད་པྲལ་ཏེ་མལ་དུ་ཞུགས་ནས་འདུག་པ་དང། རྒྱལ་པོ་བྱོན་ནས་བཙུན་མོ་ལ་ཁྱོད་ཅི་ཉེས་དྲིས་པས། མོན་རེ་ཉིད་ཀྱི་སྲས་ཀྱི་རིའི་ལུགས་མ་ལེགས་པ་བྱས་པས་འདི་ལྟར་བྱུང་ཏོ་ཟེར་ནས། རྒྱལ་པོ་ན་རེ་།ཁྱེད་ལ་འདི་འདྲ ་བ་བྱས་ན་རྒྱལ་བུ་འདི་གསོད་པྲེད་ཏེ་གཤེད་མ་གཉིས་བསྐོས་ནས། འདི་ནགས་བསེབ་དུ་ཁྲིད་ལ་རྐང་ལག་རྣམས་ཆོད་ལ་ཤོག་གསུངས་པས། གཤེད་མ་གཉིས་ཀྱིས་བསམས་པ། འདི་གསོད་པ་ནི་མ་ལེགས་ན། རང་གི་བུ་བསད་པ་འདི་གསོ་དགོས་སྙམ་ནས། རྒྱལ་བུ་ལ་སྨྲས་པ། ་ཉིད་གསོད་པ་ནི་བདག་གི་མི་ཕོད་ན་འདི་ག་བུ་ཉིད་ཀྱི་དོན་དུ་བསོད་ཞེས་བྱས་པས། དེ་ན་རེ། དེ་ནི་མི་རུང་སྟེ། བདག་རང་སོད་གཅིག་བདག་གི་ཡུམ་གྱི་ཞལ་ཆེམས་སུ། ལུས་དང་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མ་བྱེད་གསུང་པས་ཡབ་ཀྱིས་ཇི་ལྟར་བཀའ་བསྩལ་བ་ལྟར་གྱིས་ཤིག་གསུང་བ ་དང། ད་ནས་ཤིང་རྐང་པ་གཅིག་པའི་རྩར་རོལ་བས། གཤེད་མས་རྐང་ལག་བཅད་དེ་རང་གི་ཁྱིམ་དུ་སོང་ངོ། །དེ་ནས་ས་ཕྱོགས་དེར་རྣལ་འབྱོར་པ་ཆེན་པོ་ཨ་ཙིནྟ་བྱ་བ་གཅིག་གིས་རྒྱལ་དུ་དེ་ལ་དབང་སྐུར་གདམ་ངག་བྱིན་ནས། རྒྱང་གྲགས་གཅིག་ཙམ་ན་ང?་རྫི་རྣམས་ཀྱི་ནང་དུ་རྣལ་འབྱོར ་པ་དེས་བྱོན་ཏེ། དེ་རྣམས་ལ་ཕ་གིའི་བྱ་རྒོད་ལྡིང་བའི་འོག་ན་ཤིང་རྐང་པ་གཅིག་པའི་དྲུང་ན་མི་ཡན་ལག་བཅད་པ་གཅིག་ཡོད་པས། དེའི་གན་དུ་སུ་?་མི་བྱ་བ་འགྲོ་ནུས་གསུངས་པས། དེ་རྣམས་ཀྱི་ནང་ནས་སྤོས་ཚོང་གི་རིགས་ཀྱི་ཁྱེའུ་གཅིག་ན་རེ། བདག་གིས་ནུས་ཟེར་རོ། །འོན་ཀྱང ་བདག་གིས་ཉིད་ཀྱི་བྱ་བ་བསྒྲུབ་ཀྱིས། དངོས་ཀྱིས་བྱ་བ་ཉིད་ཀྱིས་བསྒྲུབས་གཅིག་ཟེར་ནས། བ་ལང་རྣལ་འབྱོར་པ་ལ་གཏད་དེ། བྱ་རྒོད་ལྡིང་བ་མཚན་མར་བྱས་ནས་ཕྱིན་པས། ཤིང་རྐང་གཅིག་པའི་དྲུང་ན་དེ་འདུག་པ་མཐོང་ནས་ལོག་ཕྱིན་ཏེ་རྣལ་འབྱོར་པ་མ་ཙིནྟ་ལ་འདི་བཞིན་དུ་འདུག་གོ་བྱས ་པས། རྣལ་འབྱོར་པས་བ་ལང་རྫི་ལ་ཁྱོད་ལ་བཟའ་བཏུང་ཅི་ཡོད་བྱས་པས། བདག་བ་ལང་འཚོ་བའི་དེད་དཔོན་གཅིག་གི་ནང་ནུབ་བཟའ་བཅའ་དུམ་རེ་སྟེར་བས། དེའི་ཕྱེད་ཁོ་ལ་སྐྱེ་ལོ་ཞུས་པས། དེ་རུང་ཙཽ་རཱངྒ?་བསྲེལ་གཅིག་གསུང་ནས། ཁོས་ཤིང་གི་འཁོར་དུ་ལོ་མའི་ཁང་བ་ཕུག་ཟས ་སྦྱིན་ཞིང་མི་གཙང་བའི་ལྗིན་རྫབ་ཐམས་ཅད་ལག་གིས་བླངས་ཤིང་བསལ་ཏེ། ལོ་བཅུ་གཉིས་སུ་ད་ལྟར་བྱས་སོ། །དེ་ནས་དུས་གཅིག་གི་ཚེ་དེར་ཕྱིན་པས། དེ་ལངས་ནས་འདུག་པ་མཐོང་བས། ངོ་མཚར་ནས་དྲིས་པས། དེའི་ཞལ་ནས། ཐབས་མཁས་བླ་མ་དམ་པ་ཡིས། །དབྱིངས་དང་རིག ་པ་ང་སྤྲད་པས། །ཆོས་རྣམས་ངོ་བོ་གཅིག་ཏུ་རྟོགས། བདེ་སྡུག་མེད་པ་ངོ་མཚར་ཆེ། །ཅེས་གསུངས་ནས། དངོས་འདི་བཞིན་དུ་རྐང་པ་དང་ལག་པ་གསར་དུ་སྐྱེས་སོ། །ཞེས་གསུངས་ཏེ། བར་སྣང་ལ་ཕགས་ནས་བ་ལང་རྫིལ། ངས་གདམ་ངག་སྦྱིན་ན་མ་བྱས་བས། བ་ལང་རྫིན་རེ། གདམ་ངག་མི ་འདོད། བདག་གི་སློབ་དཔོན་ཞིག་ཡོད་པས། དེས་ཁྱེད་ལ་བསྙེན་བཀུར་གྱིས་གསུང་ནས་ཉིད་ལ་འདི་ཅུག་བསྙེན་བཀུར་བྱས་བ་ཡིན་ནོ། །ཞེས་བྱས་སྟེ། བ་ལང་རྫི་དེ་སླར་ལོག་ནས་བ་ལང་སྐྱོང་གིན་འདུག་པ་དང། རྣལ་འབྱོར་པ་ཨ་ཙིནྟས་བ་ལང་རྫིའི་གན་དུ་འོངས་བ་དང། བ་ལང་རྫིས་སྔར ་གྱི་གཏམ་བྱས་པས། ཤིན་ཏུ་དགྱེས་པར་གྱུར་ཏོ། ། ཙིནྟོས་བ་ལང་རྫི་ལ་དབང་བསྐུར་གདམ་ངག་བྱིན་ནས་ཡུལ་གཞན་དུ་གཤེགས་སོ། །བ་ལང་རྫིས་ཀྱང་བསྒོམས་པས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་ཡོད་པའི་ཚེ། བླ་མ་དེར་བྱོན་ནས། ཁྱོད་སེམས་ཅན་འབུམ་ཕྲག་བརྒྱ ་ལ་གྲོལ་གྱི་བར་དུ་སངས་མ་རྒྱ་གཅིག་གསུངས་ནས། དེས་ཀྱང་སེམས་ཅན་བྱུང་ཚད་ལ་དབང་བསྐུར་བྱས་པས། མཧཱ་དེ་ཝས། ཁྱོད་སེམས་ཅན་བྱུང་ཚད་ལ་དབང་བསྐུར་མ་བྱེད་པར་གང་གསོལ་བ་འདེབས་པ་ལ་བགྱིས། སེམས་ཅན་མ་དད་པ་དང་ཤེས་རབ་མེད་པ་ལ་མི་རུང་བ་ཡིན་ཟེར་ནས ་དེ་མན་ཆད་ལུང་བསྟན་པ་ལྟར་མཛད་དོ། །གདུལ་བྱ་མང་དུ་སྒྲོལ་ཞིང་བ་ལང་སྐྱོང་བྱེད་པ་ཡིན་པས་གཽ་རཀྵ་ཞེས་ཕྱོགས་ཐམས་ཅད་གླགས་ཤིང། ད་ལྟ་ཡང་ལས་འཕྲོ་ཡོད་པ་ལ་དབང་བསྐུར་ལ། ལས་དག་པས་དུས་བཟང་ལ་རམ་རུའི་སྒྲ་ཙམ་ཐོས་ཤིང། གཞས་ནི་མི་ཐོས་སོ། །གུ་རུ་གོ་རཀྵའི་ལོ་རྒྱུས་རྫོགས་སོ།། །། ་ཙཽ་རཱངྒའི་ལོ་རྒྱུས་བཞུགས་སོ། གུ་རུ་ཙཽ་རཱངྒའི་ལོ་རྒྱུས་ནི། གོང་དུ་བརྗོད་མ་ཐག་པའི་རྒྱལ་བུ་ཡན་ལག་བཅད་ཅིང་ཤིང་རྐང་གཅིག་པའི་དྲུང་དུ་གནས་པ་དེ་ཡིན། དེ་ལ་ཨ་ཙིནྟས་དབང་དང་?་བུམ་པ་ཅན་གནང། གྲུབ་པའི ་དུས་ན་ལུས་ཀྱང་གྱོན?་བཞིན་འགྱུར་རོ། །ཚོམ་ཀུན་གྱི་ཡན་ལག་ཞེས་ལུང་བསྟན་ནས་གཤེགས་སོ། །དེས་ཀྱང་བསྒོམས་པས་ལོ་བཅུ་གཉིས་ལོན་པ་ན། རྒྱལ་པོའི་ཚོང་པ་མང་པོས། གསེར་དངུལ་མན་ཤེལ་སོགས་རིན་པོ་ཆེ་མང་དུ ་ཁྱེར་ནས་འོངས་སྟེ། ས་དེར་ཆོམ་རྐུན་སོགས་བྱུང་ངོ། །མཚན་མོ་འོངས་ནས། ཤིང་དེའི?་རྩན་མར་ཕྱིན་པ་ན། རྒྱལ་བུ་དེས་རྐང་པའི་སྒྲ་ཐས་ནས་སྨྲས་པ། དེས་སུ་ཞིག་།ཆོང་པ་དེ་དག་ཆོམ་རྐུན་ཡིན་སྙམ་ནས། ངེད་རྣམས་སོལ་བ་བྱེད ་པ་ཡིན་ནོ་སྨྲས་པ་དང། རྒྱལ་བུ་དེས་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་སོ། །ད་ནས་ཚོང་པ་དེ་རྣམས་རང་གི་གནས་སུ་ཕྱིན་པ་དང། གསེར་སོགས་ནོར་གྱི་དངོས་པོ་རྣམས་སོལ་བར་གྱུར་པ་མཐོང་ནས། ཀུན་ཧ་ལས་ཏེ། འདི་ལྟར་གྱུར་པ་ནི ་ཅི་ཡིན་སྙམ་དུ་སེམས་བར་བྱེད་དོ། །དེ་ནས་དེ་རྣམས་ཀྱི་ནང་ནས་བློ་དང་ལྡན་པ་ཞག་གིས་སྨྲས་པ། ནུབ་མོ་འོང་དུས་ལམ་དུ་སུ་ཡིན་འདྲི་བ་དེ་བདེན་ཚིག་འགྲུབ་པ་ཞིག་ཡིན་པར་གར་མ་ཆག་།དེ་འདྲ་བ་ཞིག་ལྟར་འདེང་ཟེར་ནས། ་སླར་དེ་རྣམས་ཀྱིས་དེར་ཕྱིན་པ་ན། ཤིང་གཅིག་གི་དྲུང་ན་ཡན་ལག་བཅད་པའི་མི་དེ་འདུག་པ་མཐོང་ནས། དེ་ལ་སྔར་གྱི་ལོ་རྒྱུས་རྣམས་བྱས་ཏེ་སླར་བདེན་པའི་ཚིག་འདོར་དུ་བཅུག་པས། རྒྱལ་བུ་ན་རེ། ངས་ལན་པ་མིན་ནམ། ་ཡིན་ན་ཁྱེད་རྣམས་ཀྱི་ནོར་སྔ་ན། ཁོ་ན་ལྟར་གྱུར་ཅིག་ཅེས་བརྗོད་ནས། ཚོང་པ་རྣམས་ལོག་སྟེ་རང་གི་ནོར་རྣམས་སྔ་མ་ཁོ་ན་ལྟར་གྱུར་པ་མཐོང་སྟེ། ཡ་མཚན་སྐྱེས་ནས་རྒྱལ་བུ་དེ་ལ་མཆོད་པའི་ཕྱིར་ཕྱིན་ནས་ལོ་རྒྱུས་བྱས་པས། རྒྱལ་བུ ་དེས་སྔར་གྱི་བླ་མ་ལུང་བསྟན་པ་དྲན་ཏེ། དེ་ལྟ་ན་བདག་གི་ལུས་ཀྱང་སྔ་མ་ལྟར་གྱུར་ཅིག་ཅེས་བརྗོད་པས་དེ་ལྟར་གྱུར་ཏོ། །དངོས་གྲུབ་ཐམས་ཅད་ཐོབ་ནས་རྫུ་འཕྲུལ་བསྟན་ཏེ། གང་མ་དག་ལ་གནག་པས་འགྲོ་བ་ལ་ནི་མ་བསྟན་ལ། འོན་ཀྱང་ཤིང ་ལ་བསྟན་པས་ཤིང་འཆི་མེད་དུ་གྱུར་པ་ད་ལྟ་ཡོད་ཟེར་རོ། །འཆི་མེད་བརྙེས་པའི་གུ་རུ་ཙཽ་རཱངྒའི་ལོ་རྒྱུས་རྫོགས་སོ།། །།ཝིན?་པའི་ལོ་རྒྱུས་བཞུགས་སོ། གུ་རུ་ཝིན་པའི་ལོ་རྒྱུས་ནི། ཝིན་བ་བྱ་བ་བསྒྱུར་ན་པི་ཝང་བརྡུང་བྱ་བའོ ་དེའི་ཡུལ་གྷ་ཧུ་ར། རིགས་རྒྱལ་རིགས། བླ་མ་ནི་བྷུདྡྷཱ་པ། དངོས་གྲུབ་ནི་དགྱེས་པ་རྡོ་རྗེ་ལས་ཐོབ་པ་ཡིན་ནོ། །ད་ཡང་ཡུལ་གྷ་ཧུ་རའི་རྒྱལ་པོ་ལ་སྲས་གཅིག་ཡོད་པ་ལས། ཕ་མ་དང་འབངས་རྣམས་ཤིན་ཏུ་གཅེས་པར་གྱུར་ནས། མ་མ་བརྒྱད ་ལ་སོགས་པ་ལ་གཏད་དེ་བསྐྱེད་བསྲིངས་པ་དང། རྒྱལ་བུ་དེ་སྐུ་སྐྱོང་འབུལ་བའི་རོལ་པོ་མཁན་དུ་མ་དང་རྟག་ཏུ་ལྷན་ཅིག་ཏུ་བསྡད་པས། ཤེས་པ་གོམས་པའི་སྟོབས་ཀྱིས་ཏམ་བུ་རའི་སྒྲ་ལ་བློ་རྩེ་གཅིག་ཏུ་ཞུགས་ཤིང་པི་ཝང་སྒྲེང་བ ་ལས། འཇིག་རྟེན་གྱི་བྱ་བ་གཞན་ལ་བླེ་སྣང་ཡ་མི་འཇུག་པས། དེའི་ཡབ་ཡུམ་དང། བློན་པོའི་ཚོགས་དང་འབངས་ཐམས་ཅད་ཀྱང་ཁ་ཟེར་བར་བྱེད། རྒྱལ་བུ་འདི་ནི་ཡབ་རྒྱལ་པོའི་རྒྱལ་ཚབ་ཀྱི་ཆེད་དུ་བསྐྱེད་བསྲིངས་པ་ཡིན་ལ། རྒྱལ ་སྲིད་ཀྱི་བྱ་བ་མི་བྱེད་པར་པི་ཝང་གི་སྒྲ་ལ་ཆགས་པས་ཅི་བྱེད་ཅེས་གླེང་པ་ན། རྒྱལ་བུ་དེའི་གན་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་བུདྡྷ་པ་བྱོན་པས། རྒྱལ་བུ་དད་པར་གྱུར་ཏེ་རྣལ་འབྱོར་པ་དེ་ལ་ཕྱག་དང་བསྐོར་བ་བྱས ་པས། གསོང་པོར་སྨྲ་བའི་གཏམ་སྣ་ཚོགས་བྱས་ཏེ། རྣལ་འབྱོར་པ་དེས་རྒྱལ་བུ་དེའི་ཐད་དུ་ཅུང་ཞིག་བཞུགས་ནས། རྒྱལ་བུ་དེ་འདུལ་བའི་དུས་ལ་བབ་པར་གཟིགས་ནས། རྣལ་འབྱོར་པས་རྒྱལ་བ་དེ་ལ། རྒྱལ་བུ་ཁྱོད་ཆོས་མི་བྱེད་དམ ་བྱས་པས། རྒྱལ་བུ་དེ་ན་རེ། རྣལ་འབྱོར་པ་བདག་ཆོས་བྱེད་པ་ལ་བདག་གི་རོལ་མོ་ཏམ་དུ་ར་འདི་སྤོང་བར་མི་ནུས་པས། འདི་མ་སྤངས་པར་ཆོས་སྒྲུབ་པའི་ཐབས་མཆིས་ན་དག་ཆོས་བགྱིད་ལགས་སོ། ། ་ཞེས་ཞུས་པས། །རྣལ་འབྱོར་བ་ན་རེ། ཆོས་བྱེད་བའི་དད་པ་དང་བརྩོན་འགྲུས་ཡོད་ན་ཏམ་བུ་ར་མ་སྤངས་པར་ཆོས་སྒྲུབ་པའི་ཐབས་གདམ་ངག་བདག་ལ་ཡོད་བྱས་པས། དེ་ཞུ་ཟེར་ནས། རྣལ་འབྱོར་པའི་དེ་ལ་རྒྱུད་མ་སྨིན་པ་སྨིན་པར ་བྱེད་པའི་དབང་བསྐུར། བསྒོམ་པའི་གདམ་ངག་ནི། རྒྱལ་བུ་ལ་འདི་སྐད་དུ། ཏམ་བུ་རའི་སྒྲེ་རྣ་བར་གྲགས་པའི་རྣམ་རྟོག་བོར་ལ། སེམས་ཀྱི་དམིགས་པ་དང་སྒྲའི་རྣམ་རྟོག་གཉིས་ཅིག་ཏུ་གྱིས་ལ་བསྒོམས་ཤིག་བྱས་ནས། དེས ་བསྒོམས་པས་ལོ་དགུ་ནས་སེམས་ཀྱི་དྲི་མ་དག་སྟེ་མར་མེ་ལྟ་བུའི་འོད་གསལ་གྱི་ཉམས་སྐྱེས་ནས་ཕྱག་རྒྱ་ཆེན་པོ་ཐོབ། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱི་ཆོས་དུ་མ་རྒྱུད་ལ་སྐྱེས་ནས། མིང་དུ་ཡང་རྣལ་འབྱོར ་པ་ཝིན?་པ་ཞེས་བྱ་བར་ཕྱོགས་ཐམས་ཅད་དུ་གྲགས་ཤིང། གྷ་དུ་རའི་གྲོང་ཁྱེར་གྱི་སྐྱེ་པོའི་ཚོགས་ཐམས་ཅད་ལ་ཆོས་དཔག་ཏུ་མེད་པ་བསྟན། མཐར་རྟོགས་པ་བརྗོད་པ་ལ་སོགས་པ་གསུངས་ནས་ལུས་དེ་ཉིད་ཀྱིས་མཁའ་ ་སྤྱོད་དུ་གཤེགས་སོ། །གུ་རུ་ཝིན་པའི་ལོ་རྒྱུས་རྫོགས་སོ།། །།ཤནྟི་བའི་ལོ་རྒྱུས་བཞུགས་སོ།། །གུ་རུ་ཤནྟི་པའི་ལོ་རྒྱུས་ནི། མ་གྷ་དྷའི་གྲོང་ཁྱེར་ན་རྒྱལ་པོ་དེ་ཝ་ཕ་ལ་རྒྱལ་སྲིད་མཛད་པའི་དུས་སུ། ་པ་ཀཱ་མ་ཤཱི་ལར་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བའི་སློབ་དཔོན་ཆེན་པོ་རཏན་ཨཱ་ཀ་ར་ཤཱནྟི་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པའི་སློབ་དཔོན་ཆེན་པོ་གཅིག་བྱུང་སྟེ། དེ་མཁས་ཤིང་བཙུན་པའི་ཡོན་ཏན་གྱི། ་སྙན་པ་ཕྱོགས་མཚམས་ཐམས་ཅད་དུ་ཁྱབ་པར་གྱུར་པ་དང། དེའི་དུས་སུ་སིངྒ་གླིང་གི་རྒྱལ་པོ་ཀ་བི་ན་བྱ་བ་རང་རང་གི་བསོད་ནམས་འདོད་ཡོན་གྱི་བྲེལ་བ་མེད་པ་གཅིག་བཞུགས་པ་ལས། སིངྒ་གླིང་དུ་སངས་རྒྱས་ཀྱི་བསྟན་པ་སྔར་མ ་བྱུང་ཞིང་འཛམ་བུའི་གླིང་གི་མི་འོངས་བ་ཀུན་ལས་སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་ཐོས་ལ། ཆོས་སྟོན་པའི་གང་ཟག་དང་ནི་མ་ཕྲད་པའི་དུས་དེར། མ་གྷ་དྷ་ན་སློབ་དཔོན་ཆེན་པོ་ཤཱནྟི་བ་བྱ་བ་མཁས་པ་ཆེན་པོ་གཅིག་བཞུགས ་བྲེར?་བ་ཐོས་ནས། རྒྱལ་པོ་ཀ་བི་ན་ལ་སོགས་སིངྒ་གླིང་པའི་སྐྱེ་བོ་ཐམས་ཅད་ཀྱིས་སྐུ་སྐྱེས་དང་སྤྱན་འདྲེན་གྱི་ཕོ་ཉ་བཏང་སྟེ། བི་ཀཱ་མ་ལ་ཤཱི་ལར་མཐར་གྱིས་ཕྱིན་ནས། ཕོ་ཉ་བས་ནང་བར་སློབ་དཔོན་ལ་ཕྱག་བྱས། སིངྒ ་ལའི་རྒྱལ་པོ་ལ་སོགས་པས་བསྐུར་བའི་སྐུ་སྐྱེས། གསེར་དངུལ་དང་མུ་ཏིག་དར་ཟབ་ལ་སོགས་པ་ཕུལ་ནས་འདི་སྐད་དུ། རྒྱལ་པོ་ལ་སོགས་པའི་ཞུ་བ། དངོས་ཅག་གླིང་བྲན་མཛའ་ཁོབ་དུ་ནི་སྐྱེས། མ་རིག་པའི་མུན་པ་ནི ་ཐིབས། འདོད་ཆགས་ཀྱི་མེས་ནི་བསྲེགས་ཞེ་སྡང་གི་མཚོན་གྱིས་ནི་གཙེས། ལོག་པའི་རྙོག་པས་ཤེས་རབ་ཀྱི་སྣང་བ་ནི་གཡོགས། ཐེག་པ་ཆེན་པོའི་ཆོས་ཀྱིས་ཐར་ལམ་ནི་གཏོར་ན། བདག་ཅག་རྣམས་ལ་ཐུགས་རྗེ་ཆེན་པོས་དགོངས ་ནས་སིངྒ་གླིང་འདིར་འགྲོ་དོན་ལ་མི་གཤེགས་སུ་མི་རུང་ཞུ་ཡིན་བདའ་ཞེས་ཞུས་པས། སློབ་དཔོན་གྱིས་དགོངས་པ་མངོན་དུ་མཛད་ནས་གཤེགས་པར་ཞལ་གྱིས་བཞེས་སོ། །དེ་ནས་སློབ་དཔོན་ཤཱནྟི་པ་འཁོར་སློབ་མའི་ཚོགས་ཉིས་སྟོང ་ཙམ་དང། སྡེ་སྣོད་ཀྱི་གླེགས་བམ་རྣམས་རྟ་དང་གླང་པོ་ལ་སོགས་པ་ལ་བཀལ་ནས་ཆས་ཏེ། ནཱ་ལནད་དང། ཨོ་ཏནྟ་པཱུ་རི་དང། རྒྱལ་པོའི་ཁ་བ་དང། རྡོ་རྗེ་གདན་ལ་སོགས་པའི་གྲོང་རྣམས་རིམ་གྱིས་བགྲོད་ནས། སིངྒ་གླིང་གི་རྒྱ ་མཚོའི་འགྲམ་དུ་ཕྱིན་པ་དང། སྔོན་ལ་ཕོ་ཉ་བཏང་སྟེ། ཕྱིན་ནས་སློབ་དཔོན་འཁོར་དང་བཅས་པ་རྣམས་ཟུར་ཞུགས་ནས་བྱོན་པ་དང། ཕོ་ཉ་བས་སློབ་དཔོན་ཕེབས?་ཀྱི་ཡོད་དོ་བྱ་པའི་གཏམ་སྨྲས ་པས། རྒྱལ་པོ་ཀ་བི་ན་བློན་པོ་དང་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་ས་དང་པོ་ཐོབ་པ་ཙམ་གྱི་དགའ་བ་སྐྱེས་ནས། དེ་ཐམས་ཅད་ཀྱིས་རང་རང་གི་འཇིག་རྟེན་གྱི་བྱ་བ་བློས་བཏང་སྟེ། རྒྱ་མཚོའི་ཕྱོགས་སུ་ཡིད་གཏང་ནས་ཞག་བདུན ་ལོན་པ་ན། གདུགས་དང་གླང་པོ་ལ་སོགས་པའི་རྟགས་ཐམས་ཅད་མཐོང་ནས་སྐྱེ་བོའི་ཚོགས་ཐམས་ཅད་རབ་ཏུ་དགའ་སྟེ། རང་གི་ཡུལ་ནས་རྒྱ་མཚོའི་བར་ཐམས་ཅད་ནི་ཕྱག་བདར་བྱས། དར་ལ་སོགས་པས་ས་གཞི་ཐམས ་ཅད་གཡོགས་ནས། དེ་ལ་སློབ་དཔོན་ལ་སོགས་པ་ཐམས་ཅད་ཀྱིས་ཞབས་བཞག་ནས་གཤེགས་པ་ལ། རྒྱལ་པོ་ཀ་བི་ན་འཁོར་དང་བཅས་པ་ཐམས་ཅད་ཀྱིས་མེ་ཏོག་དང། བདུག་སྤོས་ལ་སོགས་པ་ཐམས་ཅད་ཀྱིས་རྒྱ་ཆེ ་མཆོད་དེ། སློབ་དཔོན་དགྱེས་པའི་གནས་མལ་ལ་སོགས་པ་ཀུན་ཏུ་ཕུལ་ནས། ལོ་གསུམ་གྱི་བར་དུ་སྡེ་སྣོད་ཀྱི་ཆོས་མང་དུ་བཤད་ནས། སློབ་དཔོན་ཤཱནྟི་པ་འཁོར་བཅས་ཡུལ་དབུས་སུ་ཆས་པ་དང། རྒྱལ་པོ་ཀ་བི་ན་ལ་སོགས ་པ་ཐམས་ཅད་ཀྱིས་རྟ་དང་གླང་པོ་དང་གསེར་དངུལ་དང། མུ་ཏིག་ལ་སོགས་པ་དཔག་ན་མེད་པ་ཡུལ་ནས་ཡུལ་དབུས་སུ་ལོག་པ་ལ་ལམ་གཉིས་ཡོད་པའི་རིང་ཤོས་ནས་ཆས་སོ། །དེ་ནས་ར་མེ་ཤྭ་རི་བྱ་བ་རྒྱལ་པོ་རཱ་མཎ ་པ་ལ་ཀ་རཱུ་རིང་ཆུང་མ་འཚོལ་བའི་དུས་སུ། དབང་ཕྱུག་ཆེན་པོའི་རྟེན་གྱི་ལྷ་བར་བྱས་ནས་ཡོད་པས། དེའི་མིང་རཱ་མོ?་ཤྭའི་ཡུལ་ཞེས་བྱ་བ་དེར་ཕྱིན་པ་དང། དེ་ནས་བར་ལ་མི་མེད་པའི་ལམ་ཞག་བདུན་ཡོད་པ་ལ ་འཁོར་རྣམས་ལ་ཞག་བདུན་གྱི་ཆས་ཁྱེར་ཅིག་གསུངས་ནས། དེ་བཞིན་དུ་བྱས་ཏེ། ཞག་བཞིའི་ལམ་དུ་ཕེབས་པ་ན། སྐལ་ལྡན་ཏེ་གཙེ་པ་དང་འཇལ་སྟེ། དེའི་ལོ་རྒྱུས་ཁོ་རང་གི་སྐབས་སུ་བཏོན་ནོ། །སློབ་དཔོན་འཁོར་དང་བཅས་པ་བི ་ཀཱ་མ་ཤཱི་ལར་བྱོན་པ་དང། སློབ་དཔོན་ཤིན་ཏུ་བགྲེས་པར་གྱུར་པས་སྤྱན་ལྡོང?་ཞིང་ལུས་པོས་སྦྱོར་མི་བཟོད་ནས། སློབ་མ་རྣམས་ཀྱིས་མ་ཧེའི་ཞོལ་ཀར་བཏབ?་ནས་འདྲེན་པ་ལས། གཞན་ཁ་ཟས་རགས་པ་རྣམས་སྤངས་ནས་ཕྲབ་བསྟན་ནོ།། ་ཡོངས་སུ་སློབ་དཔོན་གྱི་ལོ་བརྒྱ་རྩ་བཞེས་པའི་དུས་སུ། སློབ་དཔོན་ནི་ལོ་བཅུ་གཉིས་སུ་རྟོགས་པའི་ངང་ལ་གནས་ལ། རྟོག་རྩེ་བ་རྣམ་པར་མི་རྟོག་པ་བསྒོམས་པས། ལ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་སྟེ་གཉུག་མའི་ཆོས་ཉིད་ལ ་གནས་སོ། །དེ་ལས་བཞེངས་པ་ལས། སློབ་དཔོན་ཤཱནྟི་པ་ལ་ནི་སློབ་མ་རྣམས་ཀྱིས་བསྙེན་བཀུར་བྱེད་ལ། ཏོག་རྩེ་པ་ལ་མཁའ་འགྲོ་མ་ཀུན་དང། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པས། བདུད་རྩི་སྤྱི་བོ་ཚངས་པའི་བུ་ག་ན་མར་བླུགས་ནས་ཚིམ ་པར་བྱས་སོ། །ལྷ་དང་མཁའ་འགྲོ་མ་ཐམས་ཅད་ན་རེ། རྡོ་རྗེ་སེམས་དཔའ་དངོས་ཡིན་ཟེར་རོ། །ཏོག་ཅེ་པའི་བྱིན་རླབས་ཀྱི་ལྷའི་འདོད་ཡོན་ཐམས་ཅད་འཕེལ་བྱུང་ངོ། །བླ་མའི་གདམ་ངག་མ་ཐོབ་བར་ལ་ཕྱི་རོལ་གྱི་རི་?་ལ། ཐོབ་ནས་སེམས་ཀྱི་རི ་བཀོས་ནས་དངོས་གྲུབ་ཐོབ་གསུང་ངོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་སུམ་ཅུ་རྩ་གསུམ་ལ་སོགས་པའི་ལྷ་གནས་སུ་སྤྱན་དྲངས་པ་ལ། ཏོག་ཙེ?་པ་གཤེགས་སུ་མ་བཞད་དོ། །བདག་གི་བླ་མ་ལ་ཕྱག་འཚལ་བ་ཡིན་ཏེ། ་སངས་རྒྱས་པས་ཀྱང་བླ་མ་བཀའ་དྲིན་ཆེ་ལ། དེ་གསུངས་ནས། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ན་ཡུལ་གཉིས་ཀྱི་བར་ལ་ཟླ་བ་དྲུག་པའི?་ལམ་ཡོད་ཀྱང། སྒད?་ཅི?་རི་ཀཱ་མ་ལ་ཤཱི་ལར་བྱོན་ནས། ཡེ་ཤེས་ཀྱི་ལུས?་ཀྱི་བླ་མ་ལ་ཕྱག་དང་བསྐོར་བ་བསྙེན ་བཀུར་མཛད་པ་བླ་མ་འཁོར་དང་བཅས་པས་མ་མཁྱེན་ནས། ཏོག་ཙེ?་པས་རྣམ་སྤྲིན་གྱི་ལུས་དངོས་སུ་བསྟན་ནས་ཕྱག་དང་བསྐོར་པ་གྲངས་མེད་པ་མཛད། ཞབས་ལ་མགོ་བོས་གཏུགས་པ་དང། ཤཱནྟི་པས་སུ་ཡིན་དྲིས་པ་ན། ་བདག་བླ་མའི་སློབ་མ་མིན་ཞེས་ཞུས་པ་ན། བདག་ལ་སློབ་མ་དཔག་ཏུ་མེད་པ་ཡོད་པས་ངོས་མ་ཟིན་གསུངས་པས། སླར་བདག་རྟོག་ཙེ་པ་ལགས་ཞུས་པ་སློབ་དཔོན་གཉིས་བརྡས་འཇལ་ནས་ཡིད་ཕེབས་པའི་གཏམ་མང་དུ་མཛད་དེ། བླ་མས་སློབ ་མ་ལ་ཁྱོད་ཀྱིས་ཡོན་ཏན་གྱི་ཆོས་ཅི་ཐོབ་གསུངས་པས། དངོས་ཀྱིས་བླ་མའི་གདམ་ངག་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ་མཆོག་ཐོབ་ནས་མཆི་ཞུས་པས། བླ་མའི་ཞལ་ནས། ངས་ནི་སྨྲ་བ་གཙོ་བོར་བྱས་ཤིང་སྒྲུབ་པ་གཙོ་བོར་མ་བྱས ་པས་དོན་དང་མ་ཕྲད་ན། ཁྱོད་ཀྱིས་ནི་སྒྲུབ་པ་གཙོ་བོར་བྱས་ཤིང་སྨྲ་བ་གཙོ་བོར་མ་བྱས་ནས་དོན་དང་འཇལ་ནས་འདུག་པ། ངས་ཁྱོད་ལ་གདམ་ངག་སྦྱིན་པ་ཡང་རྗེད་ནས་བདུག་པ། ང་གདམ་ངག་ཡང་སྟོན། ཡོན་ཏན་གྱིས་ཆོས་ཅི་ཡོད་པ་ཡང ་སྟོན་ཅིག་གསུངས་པས་ཏོག་ཅེ་པས་དཔོན་པའི་ས་ཕྱོགས་སུ་བླ་མ་ལ་ཆོས་ཀྱི་སྐུའི་ཡོན་ཏན་དུ་མ་ཡང་བསྟན། སྔར་བླ་མ་རང་གི་གདམ་ངག་ཀྱང་ཕར་ཕུལ་བས། བླ་མས་ཀྱང་ལོ་བཅུ་གཉིས་སུ་གདམ་ངག་ཉམས་སུ་བླངས་པས། བླ་མ་རཏན་ཨཱ་ཀ་ར་ཤཱནྟི་པས ་ཀྱང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་འགྲོ་བའི་དོན་མཛད་དེ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་རཏན་མཱ་ག་ར་ཤཱནྟི་པའི་ལོ་རྒྱུས་རྫོགས་སོ།། །།ཏནྟི་པའི་ལོ་རྒྱུས་བཞུགས་སོ།། །།གུ་རུ་ཏནྟི་པའི་ལོ་རྒྱུས་ནི། ཡུལ་སོནདྷོ་ན ་ག་ར་བྱ་བ་ན། ཐགས་མཁན་གཅིག་ལ་བུ་མང་དུ་ཡོད་པ་ལས། དེ་རྣམས་ཀྱི་ཕས?་ཡུལ་དེར་ཐགས་ཀྱི་ལས་བྱས་པས་དེ་འབྱོར་པ་དཔག་ཏུ་མེད་པ་དང་ལྡན་པར་གྱུར་ཏོ། །དེར་བུ་རྣམས་ལ་རིགས་དང་མཚམས་པའི་མནའ་མ་བསུས་ཏེ་འགྲོགས་པས། ་ཡུལ་དེར་ཐགས་མཁན་གྱི་རིགས་རྒྱུད་དཔག་ཏུ་མེད་པ་འཕེལ་བར་གྱུར་ཏོ། །ཐགས་མཁན་དེའི་བྱན་མོ་ནཱི་ཤི་།ཐགས་མཁན་རང་གིས་ལོ་བརྒྱད་ཅུ་རྩ་དགུ་ལོན་པ་ན་རྒས་ཤིང་འཁོགས་པས་ལུས་ཀྱི་སྦྱོར་མི་བཟེད་པ་དང། མནའ་མ་ཀུན་གྱི་གམ་དུ་གསོ་རེས ་བྱེད་ཅིང་ཡོད་པ་ལས། དེ་རྒས་པའི་སྤྱོད་ལམ་ལ་ཀུན་གྱིས་འཕྱ་ཞིང། བཞད་རྒད་དུ་བྱེད་པ་དང། དེའི་མནའ་མ་ཀུན་གྱིས་གྲོས་བྱས་པ། འོ་སྐོལ་གྱི་གྱོས་པོ་རྒན་པོ་འདི་མིས་མཐོང་ན་ཞེ་ལྡོག་ལ། རང་རེ་ཀུན་ཀྱང་སྡིག་གསོག་པར་འདུག་པས། སྐྱེང་མོས ་ཚལ་དུ་རྩཝའི་སྤྱིལ་པོ་བྱས་ཏེ། དེར་བཞག་ལ་ཟས་རེས་ཀྱིས་བསྐྱེལ་ལོ་ཟེར་ནས་ཐམས་ཅད་མཐུན་ཏེ་དེ་བཞིན་དུ་བྱས་སོ། །དེས་བླ་མ་ཛ་ལནདྷ་ར་བ་བྱ་བ་མཐར་གྱིས་ཡུལ་དེར་བྱོན་པ་དང། ཐགས་མཁན་གྱི་བུ་ཆེ་ཤོས་ཀྱི་གམ་དུ་བྱོན་ནས་བདག་ལ་ཟས ་བྱིན་ཅིག་བྱས་བས། དེར་བཞུགས་ཤིག་ཟེར་ནས། ནང་དུ་གཡོས་སྣ་ཚོགས་བྱས་ཟིན་ནས་ཆུང་མ་ན་རེ། ཁྱོ་ལ་ད་ནང་དུ་སྤྱན་དྲོངས་ཤིག་ཟེར་ནས་དེ་བཞིན་དུ་བྱས་ཏེ། བླ་མ་ནང་དུ་བྱོན་ནས་ཟས་ཀྱི་བྱ་བ་གྲུབ་ཏེ། བླ་མ་ཛཱ་ལནདྷ་ར་བ་གཞན་དུ ་གཤེགས་པར་ཆས་པ་ལ། ཐགས་མཁན་གྱི་ཆུང་མས་བླ་མ་གཞན་དུ་མ་གཤེགས་པར་གནས་འདིར་གཟིམས་པར་ཞུ་ཞུས་པས། བདག་མིའི་ནང་དུ་མི་ཧལ་གསུངས་པས། འོ་ན་དངོས་ཅག་གི་སྐྱེད་མོས་ཚལ་དུ་གཟིམས་པར་ཞུ་བྱས་ནས་། ་སྐྱེད་མོས་ཚལ་དུ་སྤྱན་དྲངས་ཏེ། ཐགས་མཁན་གྱིས་མེ་མར་ལ་སོགས་པ་བསྐྱལ་ནས་དེར་བཞུགས་པ་ན། ཐགས་མཁན་རྒད་པོས་མིའི་སྒྲ་ནི་ཐོས། སུ་ཡིན་ནི་ཆ་མེད་ནས་དྲིས་པ། དེ་ན་སྒྲ་གྲགས་པ་དེ་སུ་ཡིན། སློབ་དཔོན་གྱིས་བདག་འགྲོན་པོ ་ཆོས་པ་གཅིག་ཡིན། ཉིད་རང་སུ་ཡིན་སྨྲས་པ་དང། དེ་ན་རེ། བདག་ཐགས་མཁན་དེ་རྣམས་ཀྱི་ང་ལགས་ཏེ། བདག་གཞོན་པའི་དུས་སུ་གནས་དང་ལོངས་སྤྱོད་ཀུན་གྱི་བདག་པོ་དངོས་ཡིན་ཀྱང། ད་ལྟ་བུ་དང་མནའ་མ་ཀུན་གྱིས་བདག་ལ་འཕྱས་སྨོད ་བྱེད་ཅིང། གཞན་གྱིས་མཐོང་གི་དོགས་ནས་སྐྱེད་མོས་ཚལ་འདིར་སྦས་ནས་བཞག་པ་ཡིན་ལགས་འཁོར་བའི་ཆོས་ལ་སྙིང་པོ་མེད་པ་འདི་འདྲ་བ་ལགས་སོ་ཞེས་སྨྲས་པ་ལ། ཛཱ་ལནདྷ་ར་པས་ཐགས་མཁན་ལ་གསུངས་པ། འདུས་བྱས ་ཐམས་ཅད་མི་རྟག་པ། སྲིད་པར་སོང་བ་ཐམས་ཅད་ནི་སྡུག་བསྔལ་བ། ཆོས་ཐམས་ཅད་ནི་བདག་མེད་པ་མྱ་ངན་ལས་འདས་པ་ཞི་ཞིང་བདེ་བ་ཡིན་པས། ཤི་རྒྱགས་ཀྱི་ཆོས་མི་དགོས་སམ་ཞེས་གསུངས་པས། དགོས་ཞུས་ནས། ཛཱ་ལནདྷ་ར་པས་ཐགས ་མཁན་དེ་དགྱེས་རྡོར་གྱིས་དཀྱིལ་འཁོར་དུ་དབང་བསྐུར་གདམ་ངག་བྱིན་ནས་སྒོམ་དུ་བཅུག་སྟེ་བླ་མ་གཞན་དུ་གཤེགས་པ་ན། དེས་ཀྱང་བླ་མའི་གདམ་ངག་ཡིད་ལ་བྱས་ཏེ། སྔར་བཞིན་མནའ་མ་ལ་སོགས་པ་ཀུན་ལ་ཁ་ཡང་མི་ཟེར་ངག ་གདམ་བྱས་ནས་ལོ་བཅུ་གཉིས་སྒྲུབ་པ་བྱས་ནས་ཡོན་ཏན་མང་པོ་ཐོབ་པ་མིས་མ་ཚོར་བ་ལ། དུས་གཅིག་ན་བུ་ཆེ་བ་དེས?་ཟ་འོག་བཟང་པོ་ཞིག་རྟགས་ནས། བཀྲ་ཤིས་བྱེད་པའི་བྱ་བ་ལ་གཡེང་སྟེ་ཕལ་ཟན་སྐྱེལ་པ་བརྗེད་པ་དང། མཚན་མོ ་མནའ་མས་?་ནས་ཁྱོ་ལ་སོགས་པའི་མིས་མི་ཆོར་བར་ཟས་སྐྱེལ་དུ་ཕྱིན་པ་ན། སྤྱིལ་པོའི་ནང་ན་མེ་མར་གྱི་གནང་བ་ཆེན་པོ་དང། བུ་མོ་བཅོ་ལྔ་ཙམ་གྱི་སྐོར། ཁ?་ཟས་ཀྱི་རྣམ་པ་གྱ་ནོམ་པ་མང་པོ་དང། མི་ཡུལ་དུ་མི་འབྱུང་བའི ་གོས་དང་རྒྱན་མང་པོ་ཐོགས་པར་མཐོང་ནས་རིངས་པར་ལོག་སྟེ། ཁྱོ་ལ་ཉིད་ཀྱི་ཕར་རྒན་ལྟར་འདོང་བྱས་པས། ཁྱོས་ཕ་ཤི་བ་ཡིན་སྙམ་ནས་དུས་པ་ན། མི་གཞན་ཡང་འོངས་ནས་སྐྱེད་མོས་ཚལ་དུ་ལྟར་བྱིན་པས། སྔ་མ ་བཞིན་དུ་ཐམས་ཅད་ཀྱིས་མཐོང་ནས་ཡ་མཚན་སྐྱེས་ཏེ། ནང་དུ་ལོག་འོངས་ནས་སྔར་གྱི་གཏམ་བརྗོད་པས་བུ་ལ་སོགས་པའི་གཉེན་ཀུན་འདི་འདྲ་བ་མི་མ་ཡིན། འདྲེ་གཅིག་འདུག་ཟེར་ནས་སྡད་དོ། །ནང་བར་མི་ཀུན་གྱིས་ཐོས་ནས། ་སནདོ་ན་ག་རའི་མི་ཐམས་ཅད་ཀྱིས་ལྟར་ཕྱིན་ནས་ཕྱག་བྱས་པ་དང། དེ་ཕྱིར་བྱུང་བ་ན་ལུས་རྗེས་ཏེ་ལོ་བཅུ་དྲུག་ལོན་པའི་ན་ཆོད་དུ་གྱུར་ནས། སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་བས་མི་ཀུན་གྱིས་མིག་གི་ལྟར་མི་བཟོད་པ་དང། ལུས་མེ་ལོང་གཡའ་དག་པ ་ལྟར་སོང་བས་སྣང་བ་ཐམས་ཅད་འོད་དུ་ཤར་སྟེ། མིང་ཡང་ཏནྟི་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་འགྲོ་དོན་དཔག་མེད་མཛད། མཐར་སནདྷོ་ན་ག་རའི་སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་རང་གི ་དང་གུས་དང་བླ་མའི་གདམ་ངག་ཉམས་སུ་བླངས་ནས། ན་ཚད་རྒན་པ་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་དུ་རུང་བ་ཡིན་གསུང། གུ་རུ་ཏནྟི་པའི་ལོ་རྒྱུས་རྫོགས་སོ།། ། *། །ཙ་མ་ར་པའི་ལོ་རྒྱུས་བཞུགས་སོ། ། ་གུ་རུ་ཙམ་རི་པ་ཞེས་བྱ་བ་ལྷ་མ་མཁན་དེ། དེའི་ལོ་རྒྱུས་ནི་ཡུལ་རྒྱ་གར་ཤར་ཕྱོགས། བིཥྞུ་ནཱ་ག་ར་བྱ་བའི་གྲོང་ཁྱེར་ན། བཟོ་རིགས་མི་འདྲ་བ་བཅོ་བརྒྱད་ཚང་བར་ཡོད་པ་ལས། རིགས་ལྷམ་མཁན། རང་ཉིད་ཀྱང་བིཥཏུ་ནཱ་ག་ར་ན་ལྷམ་གསར ་སྙིང་གི་བཟོའི་ལས་བྱེད་ཅིང། ལས་དེས་རྟག་ཏུ་འདའ་བར་བྱེད་པ་ཡིན་པ་ལས། དེའི་གམ་དུ་རྣལ་འབྱོར་པ་ཞིག་འོངས་པ་ལ། དེས་ལྷམ་གྱི་བཟོ་འཕྲོ་བོར་ནས་དགེ་སློང་དེའི་ཞབས་ལ་ཕྱག་བྱས་ཏེ་འབེལ་བའི་གཏམ་ལེགས་པར་བྱས་ནས། ་བདག་འཁོར་བ་ལས་སྐྱོ་བ་སྐྱེས་ནས་ཆོས་གཅིག་བགྱིད་མཉམ་པ་ལ། དགེ་བའི་བཤེས་གཉེན་དང་མ་ཕྲད་པས་ད་དུང་ཆོས་སྒོར་མ་ཞུགས། ང?་འདི་དང་ཕྱི་མ་གཉིས་ཀ་ལ་ཕན་པའི་ཆོས་གཅིག་ཞུ་ཞེས་ཞུས་པས། ཁྱོད་ཀྱིས་ཆོས་སྒྲུབ་ནུས་ན་ངས ་སྦྱིན་གྱི་གསུང་པ་ལ། ལྷ་མ་མཁན་དེས་རྣལ་འབྱོར་པ་ལ་བདག་རིགས་ངན་གྱི་ཁྱིམ་དུ་ཉིད་གཤོས་གསོལ་བར་གནང་ངམ། ཞུས་པས། རྣལ་འབྱོར་པ་དེས་དེ་ནུབ་མཚན་ལ་འོངས་ལ་ཟའོ་གསུངས་པས། དེས་ཆུང་མ་སོགས་ཁྱིམ་གྱི་མི་ཀུན་ལ་རྣལ ་འབྱོར་བ་འབྱོན་པའི་བརྡ་སྤྲད་དེ། དེའི་མཚན་ལ་དེ་དེར་བྱོན་པས་ལྷམ་མཁན་གྱིས་སྟན་བཏིང་དེ་ཞབས་བཀྲུ་བ་ལ་སོགས་པ་བྱས་ནས། བཞེས་པ་གྱ་ནོམ་པ་དྲངས། ཆུང་མ་དང་བུ་མོ་ལ་སོགས་པ་ཡོ་བྱད་ཀུན་ཕུལ་སྟེ། བཀུ་བསྙེ་ལ་སོགས ་པའི་བསྙེན་བཀུར་བྱེད་དུ་བཞུག་བ་ན་རྣལ་འབྱོར་པ་དགྱེས་ནས། ལྷམ་མཁན་ཆུང་མ་དང་བཅས་པ་ལ་དབང་བསྐུར། གདམ་ངག་བྱིན་ཏེ། དེ་ཡང། ཉོན་མོངས་རྣམ་རྟོག་ཀོ་བ་དེ། བྱམས་དང་སྙིང་རྗེའི་སྤང་ནང་དུ། བླ་མའི་གདམས་པའི་བསྙུང ་དང་ནི། །ཆོས་བརྒྱད་སྤངས་པའི་རྒྱུས་སྐུད་ཀྱིས། །ཡང་དག་ཉིད་དུ་བཅོམ་པ་ན། །ལྷུན་གྲུབ་འབྲས་བུའི་ལྷམ་འབྱུང་ངོ། །ངོ་མཚར་ཆེ་བའི་ཆོས་སྐུའི་ལྷམ། །ལོག་བར་ལྟ་བས་དེ་མི་ཤེས། །དགའ་བ་དང་མི་དགའ་བའི་སྤང་བླང་མེད་པའི་སྐུད ་པ་གྱིས། རྣམ་རྟོག་དང་མཚན་མ་ཐམས་ཅད་ཀོ་བར་གྱིས། བླ་མའི་གདམ་ངག་དང་རང་གི་ཉམས་མྱོང་གི་སྙུང་གིས་ཚེམས་ལ་ལྷུན་གྲུབ་ཆོས་སྐུའི་ལྷམ་བྱེད་པར་སྒོམ་ཤིག་པའི་གདམ་ངག་ཕོག་པས། དེ་ན་རེ། དེ་ལྟར་བསྒོམས་ལ ་རྟགས་ཅི་འབྱུང་ཞུས་པས། དང་པོར་འཁོར་བ་ལ་སྐྱོ་བའི་རྟགས་འབྱུང། །དེ་ནས་འབྱུང་བ་རྣམས་རིམ་པས་ཆོས་ཉིད་དུ་ཐིམ་པའི་རྟགས་འབྱུང་བ་ཡིན་གསུངས་ནས་རྣལ་འབྱོར་པ་དེ་མི་སྣང་བར་གྱུར་ཏེ། ལྷམ་མཁན་གྱིས་རང་གི་ཁྱིམ་རྙིང་ལ ་སྤངས་ཏེ། དགོན་པར་གནས་པར་བྱས་ནས་བསྒོམས་པས། བླ་མས་གདམ་པ་བཞིན་རྟགས་རིམས་པར་བྱུང་བ་དང། དེ་ལ་རྟོགས་པ་འདི་ལྟ་བུ་སྐྱེས་ཏེ། རྩ་བའི་ཉོན་མོངས་པ་དྲུག་གཏི་མུག་དང་བཅས་པ་དཔེས་རྟོགས་ནས་བླ་མའི་གདམ ་ངག་གི་ལྷམ་གྱོན་ཏེ། མ་རིག་པའི་ས་གཞི་ཐམས་ཅད་ཁེབས་པར་བྱས་ནས་ལོ་བཅུ་གཉིས་སུ་སྒྲུབ་པས། མ་རིག་པ་སོགས་དྲི་མ་ཐམས་ཅད་དག་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་ལ། ལོ་བཅུ་གཉིས་ཀྱི་བར་དུ་ཉིན་མཚན་མེད་པར ་ལྟེ?་པ་བཟོའི་དམིགས་པ་དང། བླ་མའི་མན་ངག་གཉིས་མེད་དུ་བྱས་ནས་བསྒོམས་བས། ལྷམ་བཟོའི་ལས་ཐམས་ཅད་ནི་བི་ཤྭ་ཀརྨ་ལ་སོགས་པས་བྱས་པས། བིཥྞུ?་ནཱ་ག་རར་ལྷམ་མཁན་སྒོམ་སྒྲུབ་བྱེད་པ་ཡང་མ་ཚེར། ཡོན་ཏན་གྱི་ཚོགས་ཡོད་བ་ཡང་མ་ཤེས ་པ་ན། དུས་གཅིག་ཁོ་རང་གི་བཟོ་ལ་མི་གཅིག་ལྟར་འོངས་བས། ལྷམ་མཁན་ནི་མཉམ་པར་གཞག་ནས་འདུག་།བཟོ་བི་ཤྭ་ཀརྨས་བྱེད་པར་མཐོང་ནས་ངོ་མཚར་སྐྱེས་ཏེ། གཅིག་གིས་ཅིག་ལ་རྒྱུད་ནས་མཐར་ཀུན་གྱིས་མཐོང། དེར་ཐམས་ཅད་འདུས་ཏེ ་གདམས་པ་ཞུས་པས། བླ་མ་བརྟེན་པའི་ཕན་ཡོན་ལ་སོགས་པ་གསུངས་ལ། བིཥྞུ?་ནཱ་ག་རར་སེམས་ཅན་ལ་ཆོས་མང་དུ་བཤད་ནས། མིང་དུ་ཡང་རྣལ་འབྱོར་པ་ཙ་མ་རི་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ཤིང་འགྲོ་དོན་དཔག་ཏུ་མེད་པ་མཛད་ནས། ་མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཙ་མ་རི་པའི་ལོ་རྒྱུས་རྫོགས་སོ།། །། *། (།ཥཌག་བའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་ཥཌག་པའི་ལོ་རྒྱུས་ནི། ཥཌག་པ་བྱ་བ་བསྒྱུར་ན་རལ་གྲི་པ་བྱ་བ་ཡིན་ལ། ཡུལ་མ ་གྷ་དྷ་པ། །རིགས་དམར་རིགས། བླ་མ་ནི་ཛོ་ཀི་ཙརྦ་ཏྲི། དངོས་གྲུབ་ནི་ཐུན་མོང་གི་རལ་གྲིའི་དངོས་གྲུབ་ཐོབ་པའོ། །དེ་ཡང་ཡུལ་མ་གྷ་དྷ་ན་ཞིང་ལས་ཀྱིས་འཚོ་བའི་ཁྱིམ་བ་ཞིག་གིས་ཕའི?་ལས་བོར་ནས་རྐུ་བའི་ལས་དུས་རྟག་ཏུ་བྱེད་པས། ཉིན་མཚན་དུ ་རྐུ་བའི་བསམ་པ་རྦེ?་གཅིག་ཏུ་གྱུར་པ་དང། དུས་ཅིག་ན་ཁྱིམ་བདག་རྐུན་མ་དེས་མ་གྷ་དྷའི། གྲོང་ཁྱེར་དུ་རྐུར་ཕྱིན་པས་ཅི་ཡང་མ་ཐོབ་ནས་ལོག་སྟེ་དུར་ཁྲོད་ཅིག་ནས་ཚུར་འོངས་པ་དང། དུར་ཁྲོད་དེར་ཛོ་ཀི་ཙརྤ་ཏྲི་བྱ་བ་དང་ཕྲད་ནས། ཉིད་འདི་ན་ཅི་མཛད ་ཀྱི་བཞུགས་ཤེས་སྨྲས་པས། འཁོར་བའི་སྐྱེ་འཆིས་འཇིགས་ནས་འདི་ན་སྒོམ་བྱེད་ཅིང་འདུག་པ་ཡིན་བྱས་པས། རྐུན་མ་ན་ར། སྒོམ་བྱས་པས་འབྲས་བུ་ཅི་འོང་བ་ཡིན་ཟེར་བས། ཛོ་ཀིས་བསྒོམས་པའི་འབྲས་བུ་ནི་མངོན་པར་མཐོ་བ་དང་ངེས་པར ་ལེགས་པའི་འབྲས་བུ་བདེ་བ་ཐོབ་པ་ཡིན་ན། ཁྱོད་ཀྱང་ཆོས་མི་བྱེད་དམ་གསུངས་པས། དེ་ན་རེ་ཆོས་ལ་མོས་པ་མོས་ཏེ་དུར་ཁྲོད་དུ་སྒོམ་བྱེད་ཀྱིན་འདུག་པའི་ལོང་མེད་དེ། དུས་རྟག་ཏུ་རྐུ་བའི་ལས་བྱེད་པས་རྒྱལ་པོའི་བློན་པོ་འམ་།ཁྱིམ ་བདག་ལ་སོགས་པའི་རྫས་རེ་ཤིག་རྐུས་ནས་ཐོབ་སྲིད་ཀྱང། རྫས་ཀྱི་ཕྱི་ནས་དེ་རྐུན་དང་འཐབ་རྩོད་བྱུང་བས་དེ་ཀུན་གྱིས་མི་ཐུབ་པའི་དངོས་གྲུབ་ཅིག་ཞུ་བྱས་པས། རྣལ་འབྱོར་པས་རྐུན་མ་ལ་དབང་བསྐུར་གདམ་ངག་བྱིན་སྟེ། དེ་ཡང་མ་གྷ་དྷཱའི་གྲོང་ཁྱེར ་ན་གོར་ས་མ་ཀྲ་ཞེས་བྱ་བ། ཕྱི་མཆོད་རྟེན། ནང་ལྷ་ཁང་དུ་ཡོད་པའི་ནང་ན། འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བྱིན་བརླབས་ཅན་གཅིག་བཞུགས་ཀྱི། དེ་ལ་ཁྱོད་ཀྱིས་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་ལ་ཉིན་མཚན་ཀུན་ཏུ་ས་ལ་མ་འདུག་པར ་བསྐོར་བ་གྱིས། ཟས་ཡང་ལོངས་ལ་ཟོ་གཅིག་།སྐུའི་ཞབས་ཀྱི་འོག་ནས་སྤྲུལ་གཅིག་འོང་བར་མཐོང་ན་མ་འཇིགས་པར་མགོ་ནས་གཟུང་གཅིག་དང། ཁྱོད་ཀྱིས་དངོས་གྲུབ་ཐོབ་པ་ཡིན་ནོ་ཞེས་གདམ་ངག་བྱིན་ནས་སྒྲུབ་ཏུ་བཅུག་པས། རྐུན་མ་དེས ་ཀྱང་རྣལ་འབྱོར་པས་བྱིན་པའི་གདམ་ངག་ཉམས་སུ་བླངས་དེ་བཞིན་དུ་སྒྲུབ་པ་བྱས་པས། ཞག་ཉི་ཤུ་རྩ་གཅིག་ན་སྤྱན་རས་གཟིགས་ཀྱི་ཞབས་ཀྱི་འོག་ནས་སྤྲུལ་ནག་པོ་ཆེན་པོ་གཅིག་བྱུང་ནས་དེའི་མགོ་བོ་ནས་བཟུང་བས། སྦྲུལ་རལ་གྲིར་སོང་ནས་ཡེ་ཤེས ་ཀྱི་རལ་གྲི་འོད་དང་བཅས་པ་ཞིག་ལག་ཏུ་ཐོང་སྟེ། རྐུན་མའི་སེམས་ཀྱི་དྲི་མ་དག་ནས་རལ་གྲིའི་དངོས་གྲུབ་ཐོབ་པ་སྟེ། མིང་དུ་ཡང་རྣལ་འབྱོར་བ་ཥཌག་པ་ཞེས་བྱ་བར་གྲགས་ལ། ཐུན་མོང་གི་དངོས་གྲུབ་བརྒྱད་ལས་རལ་གྲིའི་དངོས་གྲུབ་ཀྱང་ཐོབ། ལུས ་ངག་ཡིད་གསུམ་གྱི་འཁྲུལ་པའི་དྲི་མ་ཐམས་ཅད་དག་ནས་མ་གྷ་དྷ་པའི་སེམས་ཅན་ཐམས་ཅད་ལ་ཞག་ཉི་ཤུ་རྩ་གཅིག་ཏུ་ཆོས་བསྟན། མཐར་རྟོགས་པ་བརྗོད་པ་ཡང་གསུངས་ནས་ལུས་དེ་ཉིད་ཀྱི་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཥཌག་པའི་ལོ་རྒྱུས་རྫོགས་སོ། ་ཀླུ་སྒྲུབ?་ཀྱི་ལོ་རྒྱུས་བཞུགས་སོ།། །གུ་རུ་ནཱ་གརྫུ་ན་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས་ཀཉྩི་ཞེས་བྱ་བའི་བྱེ་བྲག་ཀ་ཧོ་ར་བྱ་བ་ཡིན་ལ། རིགས་བྲམ་ཟེ་དངོས་གྲུབ་སྒྲོལ་མ་ལས་ཐོབ་པ་ཡིན་ནོ། །དེ་ཡང་ཀ་ཧོ་ར་ན་གྲོང་ཁྱེར་ཁྲི ་ཚོ་ཕྱེད་གཉིས་ཡོད་པ། ཀུན་ལ་འཇོམས་པ་དང་འཕྲོག་པ་བྱས་པས། བྲམ་ཟེ་ཀུན་འདུས་ནས། འདིས་འོ་སྐོལ་ཐམས་ཅད་ལ་མི་མཚམས་པ་བྱས་པས་འདི་དང། འཐབ་པ་བས་ཡུལ་གཞན་དུ་འཁྱམ་འགྲོ་བ་གྲག་ཅེས་པའི་གྲོས་བྱས་པའི་གཏམ་དེ་སློབ་དཔོན་གྱིས་གསན་ནས། ་བྲམ་ཟེ་ཀུན་ལ་མི་བཏང་ནས་ཁྱེད་ཡུལ་གཞན་དུ་མ་འགྲོ་ཞིག་།ཡུལ་གཞན་དུ་སྡུག་པར་འོང་བས་ཁྱེད་ཅག་ཀུན་ཁོ་བོའི་རྫས་འདི་རྣམས་ཁྱེར་ཅིག་གསུངས་ནས་ནོར་ཐམས་ཅད་སྦྱིན་པར་བཏང་ཏེ། སློབ་དཔོན་ཀ་ཧོ་ར་ནས་བྲོས་ཏེ་བསིལ་བ་ཚལ་གྱི་ཕ་རོལ། ནཱ་ལནདར་བྱོན ་ནས་རབ་ཏུ་བྱུང་སྟེ་རིག་པའི་གནས་ལྔ་ལ་སྦྱངས་པས་མཁས་པའི་མཐར་ཐུག་པར་གྱུར་ཏོ། །དེ་ནས་བཤད་པ་ལ་སྐྱོ་ནས་སྒྲུབ་པ་མཛད་པས་སྒྲོལ་མའི་ཞལ་གཟིགས་ཏེ། དཔལ་ནཱ་ལནད་བའི་ཆོས་སྐོར་དགེ་འདུན་བརྒྱ་བཞུགས་པའི་འཚོ་བ་དང་གནས་སྤངས་ཏེ། གཞན་དུ ་བྱོན་ནས་གྲོང་ཁྱེར་གཅིག་ཏུ་བསོད་སྙོམས་མཛད། སླར་རང་གི་གནས་སུ་ལོག་ནས་བདག་གི་བསམ་པ་འདི་འདྲ་བས་སེམས་ཅན་གྱི་དོན་མི་འགྲུབ་པས་ཡོན་ཏན་ཐོབ་པར་བྱས་པ་ལ་འགྲོ་དོན་བྱ་སྙམ་དུ་དགོངས་ནས་རྒྱལ་པོའི་ཁབ་དུ་ཕྱིན་ཏེ། འབྱུང་པོ་ཁྱུ་མཆོག་གི་འབྱུང་མོ་བཅུ ་གཉིས་ཀྱིས་བཟླས་པ་བྱས་པས་ཞག་དང་པོ་ལ་ས་གཡོས། གཉིས་པ་ལ་ཆུ་དང། གསུམ་པ་ལ་མེ་དང། བཞི་པ་ལ་རླུང་དང། ལྔ་པ་ལ་མཚོན། དྲུག་པ་ལ་རྡོའི་ཆར། བདུན་པ་ལ་དངོས་སུ་འབྱུང་མོ་ཀུན་འདུས་ནས་བར་ཆོད་བྱས་པས། སློབ་དཔོན་གྱི་ཐུགས་དམ་ལ་གཡོ ་བ་མེད་པས་བར་ཚོད་མ་ཚུགས་པ་དག་གནོད་སྦྱིན་མོ་ཀུན་འོངས་ནས་ཁྱེད་ལ་ཅི་དགོས་ངེད་གྱིས་སྦྱིན་ཟེར་བ་ལ། གཞན་མི་དགོས། དའི་མཚོ་བ་སྦྱོར་ཅིག་གསུངས་པ་ལ། དེ་རྣམས་ཀྱིས་འབྲས་ཕུལ་བཞི་དང་ཚོད་མ་ལྔ་རྟག་ཏུ་སྟེར་བ་དེ་བཞེས་ཀྱི་ན་སློབ་དཔོན ་གྱིས་ལོ་བཅུ་གཉིས་སྒྲུབ་པ་མཛད་པས། འབྱུང་མོ་བརྒྱ་རྩ་བརྒྱད་དབང་དུ་འདུས་ནས་འགྲོ་དོན་བྱ་སྙམ་པ་དང། རི་གྷ་དྷ་ཤི་ལར་བྱོན་ནས་རི་དེ་གསེར་དུ་བསྒྱུར་ལ་འགྲོ་དོན་བྱ་སྙམ་ནས། རི་ལྕགས་སུ་བྱས། ལྕགས་ཟངས་སུ་བྱས་ཙ་ན། འཕགས ་པ་འཇམ་དཔལ་གྱི་ཞལ་ནས། འདི་ལ་སེམས་ཅན་ཀུན་རྩོད་པ་ཆེན་པོ་འབྱུང་བས་སྡིག་པ་གསོག་པར་འོང་གསུངས་ནས་འཕྲོ་ཚོ་དེ་བོ་ར་གསུངས། གྷ་དྷ་ཤི་ད་ལྟའང་ཟངས་མདོག་སྨུག་བོར་ཡོད། དེ་ནས་ལྷོ་ཕྱོགས་དཔལ་གྱི་རི་བོར་བྱོན་པའི་ལམ་བར་དུ ་གཙང་པོའི་འགྲམ་ཞིག་ཏུ་ཕྱིན་པ་ན། བ་ལང་རྫི་དུ་མ་དང་ཕྲད་ནས་ཆུའི་ལམ་དྲིས་བ་ན། ལམ་ངན་པ་ཆུ་སྲིན་དང་དམ་གྲོག་ཅན་གྱི་མི་བདེ་བའི་ལམ་བསྟན་པ་དང། བ་ལང་རྫི་གཞན་ཞིག་འདུག་པ་ཡོད་ནས་ལམ་འདི་ལེགས་པ་མ་ཡིན། འདི་ནས་གཤེགས ་ཟེར་ནས་དེས་སློབ་དཔོན་ཁུར་ནས་ཕྱིན་པས། ཆུའི་དཀྱིལ་དུ་སློབ་དཔོན་གྱིས་སྤྲུལ་པའི་ཆུ་སྲིན་ལ་སོགས་པ་འཇིགས་པ་སྣ་ཚོགས་བསྟན་པས། པ་རྫི་ན་རེ། བདག་མ་ཤིའི་བར་དུ་མ་འཇིགས་ཤིག་ཟེར་བས། སློབ་དཔོན་གྱིས་སྤྲུལ་པ་བརྟུལ་ཏེ་རྐམས་པ? ་ཕྱིན་པ་དང། སློབ་དཔོན་གྱིས་ང་འཕགས་པ་ཀླུ་སྒྲུབ་ཡིན་ཏེ་ཁྱོད་ཀྱིས་ངོ་ཤེས་སམ་གསུངས་པས། གཏམ་ནི་ཐོས་ཏེ་ངོ་མི་ཤེས་ཞུས་སོ། །སློབ་དཔོན་གྱིས་བ་ལང་རྫི་དེ་ལ་ཁྱོད་ཀྱིས་ང་ཆུ་པས་བསྒྲལ་བའི་རྔན་པ་ཅི་དགོས་པ་སྟེར་བ་ཡིན་ནོ། །ཞེས་གསུངས ་པས། བ་ལང་རྫི་ན་རེ། བདག་ལ་རྒྱལ་པོ་འོད་བའི་ཐབས་གཅིག་ཞུ་ཟེར་ནས། སློབ་དཔོན་གྱིས་ས་ཕྱོགས་དེ?་ན་ཤིང་སཱ་ལའི་སྡོང་པོ་གཅིག་འདུག་པ་ལ་ཆུ་སྟོར་བས་ཤིང་དེ་དེ་མ་ཐག་གླང་པོ་ཆེར་གྱུར་ནས་རྒྱལ་པོའི་བཞོན་པ་བྱས། དམག་ཚོགས་དགོས་ཞུ ་བ་ལ་གླང་པོ་ཆེས་འཁུན་པ་ན་དམག་འོང་བ་ཡིན་གསུངས་པ་དེ་བཞིན་དུ་བྱུང་སྟེ། རྒྱལ་པོའི་མིང་ས་ལ་བྷནདྷ་ཞེས་བྱ་བ། བཙུན་མོའི་མིང་སིནདྷི?་ཞེས་བྱ་བར་གྱུར་ཏོ། །གནས་གྲོང་ཁྱེར་བྷ་ཧི་ཏ་ན་ཞེས་བྱ་བའི་ཡུལ་ཁྱད་པར་འཕགས་པ་ཅིག་གྲུབ་སྟེ། རྒྱལ ་པོ་ལ་ཁྲལ་འཇལ་བའི་གྲོང་ཁྱེར་འབུམ་ཚོ་བརྒྱད་ཅུ་རྩ་བཞི་ལ་དབང་བྱེད་པའི་རྒྱལ་པོར་བྱས་ནས། སློབ་དཔོན་གྱིས་ལྷོ་ཕྱོགས་དཔལ་གྱི་རི་ལ་བྱོན་ནས་སྒོམ་སྒྲུབ་མཛད་ཀྱིན་ཡུན་རིང་དུ་བཞུགས་པ་ལ། རྒྱལ་པོ་སྡེ་ལ་བྷནདྷས?་བླ་མ་དྲན་སྟེ་དཔལ་གྱི་རི་བོར?་? ་ནས། སློབ་དཔོན་ལ་ཕྱག་དང་སྐོར་བ་བྱས་ཏེ། རྒྱལ་པོས་སློབ་དཔོན་ལ་ཞུས་པ། རྒྱལ་སྲིད་ནི་གནོག་ཆུད་ལ་ཉེས་པ་ཆེ་བར་འདུག་པས་བདག་ལ་མི་དགོས། བདག་སློབ་དཔོན་གྱི་སྤྱན་སྔར་སྡོད་པ་ལགས་ཞུས་པས། སློབ་དཔོན་གྱིས་རྒྱལ་སྲིད་མ་?་བར་རིན་པོ་ཆེའི ་ཕྲེང་བ་ལ་སློབ་དཔོན་གྱིས་ལ་རྒྱལ་སྲིད་སྐྱོང། དུས་མ་ཡིན་པའི་འཆི་བའི་འཇིགས་པ་མེད་པའི་བཅུད་ལེན་སྦྱིན་གྱིས་གསུངས་པས། རྒྱལ་པོ་ན་རེ། སློབ་དཔོན་དང་ལྷན་ཅིག་ཏུ་འདུག་པའི་སྐབས་ཡོད་ན་བཅུད་ལེན་དང་རྒྱལ་སྲིད་དགོས། དེ་མ་ཡིན་ན་མ་དགས?་ཞེས ་ཟེར་ཏེ། འགྲོར་མ་འདོད་པར་དེ་ཉིད་དུ་གནས་པར་གྱུར་པ་ན། དེ་ལ་སློབ་དཔོན་གྱིས་གདམས་པ་གནང་སྟེ། རང་ཡུལ་དུ་བཅུད་ལེན་སྒྲུབས། ལོ་བརྒྱའི་བར་དུ་རྒྱལ་སྲིད་གཟུང་སྟེ་གནས་སོ། །དེའི་བར་འགྲོ་བ་རྣམས?་འབྱོར་བ་དང་ལྡན། རིའི་བྱ་དང་རི་དགས་ཀུན ་ཀྱང་བདེ་བར་འཚོ་བ་ལས། ལོ་བརྒྱ་ནས་སློབ་དཔོན་གྱིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་ལ། བདུད་དགའ་རབ་དབང་ཕྱུག་ཕྲག་དོག་སྐྱེས་ནས་བར་ཆད་ཀྱི་ལྟས་བཀྲ་མི་ཤིས་པ་སྣ་ཚོགས་བྱུང་སྟེ། ཉི་ཟླའི་སྣང་བ་མེད་པ་མོག་? ་བོར་གྱུར་པ་དང། ཤིང་ཐོན?་ཐམས་ཅད་རང་བཞིན་གྱིས་འབྲུལ་བ་དང། ཆར་ཆུ་དུས་སུ་མ་བབ་པས་སྲོག་ཆགས་རྣམས་མུ་གེས་གཟིར་བ་དང། ནད་དང་མཚོན་གྱི་སྐལ་པ་དར་བ་དང། རྩི་ཤིང་ནགས་ཚལ་ལ་སོགས་པ་ཀུན་སྒམས་པའི་ལྟས་མི་བཤིས་པ་སྣ་ཚོགས ་བྱུང་བ་དང། རྒྱལ་པོ་སཱ་ལ་བྷནདྷས་འདི་སྙམ་སྟེ། འདི་དག་ནི་གཞན་མ་ཡིན་ཏེ། ངའི་བླ་མ་ལ་གནོད་པའི་ལྟས་ཡིན་སྙམ་པ་རང་གི་སྲ་ཙནདྷི་ཀུ་མ་ར་བྱ་བ་ལ་རྒྱལ་སྲིད་བྱིན་སྟེ། འཁོར་ཉུང་ཟད་གཅིག་དང་བཅས་ཏེ་དཔལ་གྱི་རི་བོར་སློབ་དཔོན་གྱི་སྤྱན་སྔར་ཕྱིན་པ་དང ་བླ་མས་བུ་དོན་ཅི་ལ་འོངས་དྲིས་པ་དང། རྒྱལ་བུ་ན་རེ། བདག་དང་སེམས་ཅན་སྐལ་པ་ཟད་གྱུར་ཏམ། །རྒྱལ་བའི་བསྟན་པ་ཉམས་བར་གྱུར་ཏམ་ཅི། །ནག་པོའི་ཕྱོགས་རྣམས་རྒྱལ་བར་འགྱུར་བ་འམ། ཐུགས་རྗེ་ཆེན་པོ་ཟླ་བ་ལྟར་དཀར་ལ ་ཆར་སྤྲིན་དང་འདྲའི་བདུད་ཀྱིས་སྒྲིབས་སམ་ཅི། །རྡོ་རྗེ་ལྟ་བུའི་བླ་མ་དམ་པ་ལ། འདུས་བྱས་རང་བཞིན་འབྱུང་ངམ་སྡིག་ལྟས་རྣམས། །བྱུང་བས་བདག་ནི་འདིར་ནི་མཆིས་པ་ལགས། །ཐུགས་རྗེ་ཆེན་པོས་དགོངས་ལ་བྱིན་གྱིས་བརློབས། །ཞེས་ཞུས ་པས་སློབ་དཔོན་གྱིས་གསུངས་པ། སྐྱེས་པ་ཐམས་ཅད་འཆི་བ་ཡིན། འདུས་པ་ཐམས་ཅད་འབྲལ། བསགས་པ་ཐམས་ཅད་མཛད། །འདུས་བྱས་ཀྱི་མཛའ་ཐམས་ཅད་མི་རྟག་པ་ཡིན་ན་དེ་ལ་མི་དགའ་བ་ཅི་ཡོད། །ཁྱོད་རང་བཅུད་ལེན་ཁྱེར་ལ་སོང་གཅིག ་གསུངས་པས། དེ་ན་རེ། བླ་མའི་རྩར་བཅུད་ལེན་ཟ་ཡིན་འདུག་ན་འདུག་།བླ་མ་མི་བཞུགས་ན་བདག་ལ་བཅུད་ལེན་མི་དགོས་ཟེར་ནས་དེར་འདུག་གོ་།དེ་ནས་སློབ་དཔོན་འཕགས་པས་དངོས་པོ་ཐམས་ཅད་སྦྱིན་པར་བཏང་བ་ལ། ལྷ་ཚངས་པས་བྲམ་ཟེ ་གཅིག་ཏུ་སྤྲུལ་ནས། དབུ་བླངས་པས་སློབ་དཔོན་གྱིས་ཀྱང་སྟེར་བར་ཞལ་གྱིས་བཞེས་པ་དང། རྒྱལ་པོ་ས་ལ་བྷནདྷས་སློབ་དཔོན་འགྲོངས་པའི་སྡུག་བསྔལ་མ་བཟོད་ནས། སློབ་དཔོན་གྱི་ཞབས་ལ་སྤྱི་བོས་བཏུགས་ཏེ་གྲོངས་སོ། །མི་ཐམས་ཅད་ཀྱང ་བྲམ་ཟེ་དེ་ལ་ཁ་ཟེར་བར་བྱེད་དོ། །དེའི་དུས་སུ་སློབ་དཔོན་གྱིས་དབུ་བྱིན་པ་གཞན་གང་གིས་ཀྱང་མཆོད་པ་ན། རྩ་ཀུ་ཤ་གཅིག་གིས་རང་གི་དབུ་བཅད་ནས་ཚངས་པ་ལ་སྦྱིན་ནོ། །དེ་ནས་ཤིང་ཐམས་ཅད་ཀྱང་བསྒམས། མི་ཐམས་ཅད་ཀྱི་བསོད་ནམས ་ཀྱང་འགྲིབས་སོ། །སྔར་གྱི་གནོད་སྦྱིན་མོ་བརྒྱད་ཀྱིས་སློབ་དཔོན་གྱི་སྐུ་ལུས་བསྲུངས་ནས་ད་ལྟ་ཡང་ཡོད་དོ། །བླ་མའི་གདུང་འཆོབ?་ཏུ་ཀླུའི་བྱང་ཆུབ་བཞུགས་པའི་འོད་ནུབ་མོ་འཕྲོ་བ་ཟླ་རེ་ཙམ་ད་ལྟ་ཡང་ཡོད་དོ། །སློབ་དཔོན་གྱི་སྐུ་ལུས་དེ་རྒྱལ་བ་བྱམས ་པའི་བསྟན་བ་ལ་སླར་བཞེངས་ནས་འགྲོ་པའི་དོན་མཛད་གསུངས་སོ། །གུ་རུ་ཀླུ?་སྒྲུབ་ཀྱི་ལོ་རྒྱུས་རྫོགས་སོ།། །། *། །ནག་པོ་སྤྱོད་པའི་ལོ་རྒྱུས་བཞུགས་སོ།། །།གུ་རུ་ཀཧྣ་པའི་ལོ་རྒྱུས་ནི་ཨཱ་ཙརྱ་ཀཧྣ་པ་བྱ་བ་སློབ་དཔོན་ནག་པོ་སྤྱོད་པ་ལ?་ཡུལ་སོ་མ་པཱུ་རི། བླ་མ་ཛཱ་ལནདྷ་ར་པ། རིགས ་ཡི་གེ་པ། དེ་ལ་རྒྱལ་བོ་ལྷ་སྐྱོང་གིས་བཞེངས་པའི་གཙུག་ལག་ཁང་སོ་མ་པཱུ་རིའི་དགེ་སློང་ཞིག་ཡིན་པ་ལ། བླ་མ་ཛཱ་ལནདྷ་ར་པས་དབང་བསྐུར། དགྱེས་པ་རྡོ་རྗེའི་གདམས་པ་གནང་ནས་ལོ་བཅུ་གཉིས་སྒྲུབ་བས། དུས་རེ་ཞིག་ནས་གཡོ་བར་བྱེད་ཅིང། དགྱེས་པ་རྡོ་རྗེའི? ་ལྷ་ཚོགས་ཞལ་གཟིགས་ནས་དགའ་བ་སྐྱེས་པ་ན། ཌཱ་ཀི་མས་རིགས་ཀྱི་བུ་འདི་ནི་མཚན་མ་ཁྱད་པར་ཅན་མ་ཡིན་པས་མ་སྙེམས་ཅིག་།བདེན་པ་དེ་ཁོ་ན་ཉིད་རྟོགས་པ་མེད་པས་སོ་ཞེས་ཟེར། ཡང་བ་འོང་ཡོད་པ་དེ་ལ་ཞབས་བཞག་པ་རྡོ་ལ་ནུབ་པ་དང། སློབ ་དཔོན་ང་རྒྱལ་སྐྱེས་ཏེ། ད་ནི་དངོས་གྲུབ་ཐམས་ཅད་ཐོབ་སྙམ་པ་དང་ཡང་ཌཱ་ཀི་མས་བཟློག་གོ་།ཡང་ཕྱིར་བྱུང་བ་དང་ཞབས་ཁྲུ་གང་ཙམ་གྱིས་ས་ལ་མི་རེག་པ་དང། ང་རྒྱལ་སྐྱེས་པ་སྔར་བཞིན་ནོ། །གཞན་ཡང་ནམ་མཁའ་ལ་གདུགས་བདུན་དང། ཌཱ་མ་རུ་བདུན་ནམ་མཁའ་ ་ལ་འགྲོ་བ་དང། རང་སྒྲ་འབྱུང་བ་ཐོས་ནས་ད་ནི་བདག་ཅག་གིས་དངོས་གྲུབ་ཐོབ་སྙམ་ནས་སློབ་མ་ཀུན་ལོངས?་གྲུབ་པ་ཐོབ་པས་འགྲོ་དོན་ལ་སྲིན་ཡུལ་ལངཀ་པུ་རིའི་ཡུལ་དུ་དེངས་ཅིག་གསུང་ནས་སློབ་མ་འཁོར་སུམ་སྟོང་དང་ལྷན་ཅིག་ཏུ་ཆས་སྟེ་ཕྱིན་པ་དང ་འཁོར་རྣམས་ཆུ་ཁར་བོར། ཀཧྣ་པ་རང་རྒྱ་མཚོ་ལ་བྱིང་བ་མེད་པར་ཕྱིན་པ་ན། ཐུགས་ལ་བདག་གི་བླ་མ་ལ་ནུས་པ་མི་མངའ་བ་ལ། བདག་ལ་འདི་ལྟ་བུའི་ནུས་པ་ཡོང་སྙམ་པའི་ང་རྒྱལ་བྱུང་བས། དུས་པ་ཉམས་ཏེ་དེ་ཉིད་དུ་ཆུར་ནུབ?་ནས། ཆུའི་རླབས་ཀྱིས་མཐར་སྟོན་ནས ་ནམ་མཁའ་ལ་ལྟས་བས། བླ་མ་ཛཱ་ལནདྷ་ར་བ་ནམ་མཁའ་ལ་བྱོན་པ་མཐོང་ནས། བླ་མའི་ཞལ་ནས་ཀཧྣ་པ་གར་ཕྱིན། ཅི་ཉེས་གསུངས་པས། ཀཧྣ་པ་དོ་ཚོ་བ་བཞིན་དུ་བླ་མ་ལ་ཞུས་པ། བདག་སྲིན་པོ་ལངྒ་པུ་རིའི་ཡུལ་དུ་འགྲོ་དོན་ལ་ཆས་བ་ལ། བླ་མ་བས་བདག་ ་ནུས་མཐུ་ཚེ་སྙམ་པའི་ང་རྒྱལ་སྐྱེས་པས་ནུས་པ་ཉམས་སྟེ་ཆུར་ནུབ་པར་གྱུར་ཏོ། །ཞེས་ཞུས་པས། བླ་མའི་ཞལ་ནས། ད་འདིས་མི་ཕན་བས། ངའི་ཡུལ་ས་ལ་པུ་ཏྲ་བྱ་བ་ན་ཆོས་ཀྱི་རྒྱལ་པོ་དྷརྨམ་ཕ་ལ་བྱ་བ་བཞུགས། དེ་ན་ངའི་སློབ་མ་ཐགས་མཁན ་ཅིག་ཡོད་ཀྱི། དེར་སོང་ལ་དེས་ཅི་སྨྲས་པ་བཞིན་གྱིས་ཅིག་གསུངས་པས། དེ་བཞིན་དུ་བྱ་སྙམ་ནས་དེ་ཉིད་དུ་གདམ་ངག་གང་ཡིན་པ་ཡིད་ལ་བྱས་ནས། རྐང་པས་ལ་མི་རེག་པ་དང། གདུགས་དང་ཌཱ་མ་རུ་ནམ་མཁའ་ལ་འདུག་པ་དང། ?་ལ་རྐང་བ་བྱིང་བ་ལ་སོགས་པ ་སྔར་གྱི་ནུས་པ་རྣམས་ཐོབ་ནས་འཁོར་སུམ་སྟོང་དང་བཅས་པ་ཡུལ་ས་ལ་པུ་ཏྲར་བྱོན་པ་དང་སློབ་མ་རྣམས་ཕྱོགས་ཅིག་ཏུ་བོར་སྟེ། སློབ་དཔོན་གྱིས་ཐག་མཁན་འཚོལ་དུ་བྱོན་བས། ལམ་དུ་ཐགས་མཁན་མང་པོ་དང་ཕྲད་པ་དང་སློབ་དཔོན་གྱིས་གཟིགས་པས། སྣལ ་མ་ཆད་པ་ལ་རང་གིས་འཐུང་དགོས་པ་འདི་ཀུན་མ་ཡིན་དེས་སྙམ་ཏེ། གྲོང་གི་མཛའ་ན་ཐག་མཁན་ཞིག་འདུག་པའི་སར་ཕྱིན་ནས་བལྟས་པས། སྣལ་མ་ཆད་བ་ཐམས་ཅད་འཐུང་མ་དགོས་པར་རང་འབྱར་ལ་འགྲོ་བར་མཐོང་བས། འདི་ངེས་བར་ཡིན་ངེས་སྙམ་ནས ་ཞབས་ལ་ཕྱག་བཙའ་བསྐོར་བ་བྱས་པ་དང། ཐགས་མཁན་གྱིས་སྨྲས་པ། ངས་ཅི་ཟེར་བ་བཞིན་ཉན་ནམ་ཟེར་བ་ལ་ཉན་བྱས་ཏེ། གཉིས་ཀ་དུར་ཁྲོད་དུ་ཕྱིན་ནས་མི་རོ་ཞིག་དང་ཕྲད་བ་ན། དེ་ན་རེ་ཁྱོད་ཀྱིས་ཤ་ཟ་ནུས་སམ་ནུས་ན་འདི་ཟོ་ཅིག་ཟེར་བ། ཀཧྣ་པས ་གྲི་སྟོན་ནས་གཅོད་བར་བརྩམས་པ་ལ། ཐགས་མཁན་ན་རེ་ད་དུང?་སྔོར?་གཅིག་ཟེར་ནས་དེས་སྤྱང་ཀིར་སྤྲུལ་ནས་ཤ་ཟོས་སོ། །དེ་ནས་ཐགས་མཁན་ན་རེ། འདི་འདྲ་བར་སྤྲུལ་ནུས་པའི་དུ་ཆུ་བཟོད་ཤ་ཟ་བ་ཡིན་ཟེར་རོ། །དེ་ནས་ཐགས་མཁན་གྱིས་དྲི་ཆེན་གྱི་རིལ ་བུ་གསུམ་བཏང་ནས། ཀཧྣ་པ་ལ་གཅིག་བྱིན་ནས་ཟོ་ཅིག་ཟེར་པ་ལ། ང་ལ་མིས་འཕྱ་བར་འོངས་ཟེར་ནས་ཟེར་མ་འདོད་བ་དང། གཅིག་ཐགས་མཁན་རང་གིས་ཟོས། གཅིག་ནམ་མཁའ་ཨི་ལྷ་རྣམས་ཀྱིས་ཁྱར། གཅིག་ས་འོག་གི་ཀླུ་རྣམས་ཀྱིས་ཁྱེར་རོ། །དེ་ནས་གཉིས་ཀ ་ཡུལ་དུ་ལོག་ནས་བྱོན་ནས་ཐགས་མཁན་གྱིས་པཎ་ལྔས་ཆང་དང་བཟའ་བ་ཉོས་ནས་འདི་སྙད་དུར་ཁྱོད་ཀྱི་འཁོར་ཀུན་སྦྲོན་ལ་ཤོག་ཅིང། །རང་ཅག་ཚོགས་ཀྱི་འཁོར་ལོ་གཅིག་བྱ་དགོས་ཟེར་བ་ལ། ཀཧྣ་པ་འདི་སྙམ་དུ། འདིས་མི་གཅིག་རང་ཡར་འགྲངས་པར་མི་འགྱུར་ན ་ངེད་དཔོན་སློབ་སུམ་སྟོང་ལ་འདིས་ཇི་ལྟར་བྱ་སྙམ་པ་ནས་དཔོན་སློབ་ཀུན་བྱོན་པ་དང། རྣལ་འབྱོར་པའི་བྱིན་རླབས་ཀྱིས། ལ་དུ་དང་འབྲས་ཆན་ལ་སོགས་པའི་འདོད་ཡོན་གྱིས་སྣོད་ཐམས་ཅད་གང་བར་གྱུར་ནས། ཞག་བདུན་གྱི་བར་དུ་ཚོགས་ཀྱི་ཡོ་བྱད་ལ་ལོངས་སྤྱད་ཀྱང ་ཟད་པར་མ་གྱུར་པ་དང། ཀཧྣ་པ་ཉིད་ཅག་གི་བཟའ་བཏུང་རྒྱ་མཚོ་དང་འདྲ་བ་དངོས་ཅག་གི་རྔོ་མི་ཐོགས་ཟེར་ནས། ལྷག་རོལ་དོར་ཏེ་ཀཧྣ་པ་འཁོར་དང་བཅས་པ་ཆས་པ་ལ། ཐགས་མཁན་གྱིས་སྨྲས་པ། ཀྱེ་མ་བྱིས་པའི་སྐྱེ་བོ་རྣམས། །རང་གིས་རང་ཉིད་ཕུར་བར་འགྱུར། ། ་ཐབས་དང་ཤེས་རབ་བྲལ་བ་ཡི། །རྣལ་འབྱོར་པ་དག་དེ་བཞིན་ནོ། །ད་གཞན་དུ་ནི་ཕྱིན་ཡང་མི་ཕན། གདུགས་དང་ཌཱ་མ་རུ་སོགས་དངོས་གྲུབ་ཕྲ་མོ་ཡིན། ད་དུང་ཆོས་ཉིད་མ་རྟོགས་པས་སྒྲུབ་པ་གྱིས་བྱས་པས། ཀཧྣ་པ་དེ་མ་འདོད་ནས་བྷ་དྷོ་ཀོ་ར་ཞེས་བྱ་བའི་ཡུལ ་དུ་ཕྱིན་པ་དང། ཤར་ཕྱོགས་སོ་མ་པཱུ་རའི་གཙུག་ལག་ཁང་ནས་དཔག་ཚད་བརྒྱ་ཙམ་གྱི་ཕ་རོལ་ན་གྲོང་ཁྱེར་ཅིག་གི་འགྲམ་དུ་བྱོན་པ་ལས། དེ་ནས་ལི་ཁོ་བྱ་བའི་ཤིང་ཐོག་ཡོང་པའི་ཤིང་དྲུང་ན་བུ་མོ་ཅིག་འདུག་པ་ལ། ཀཧྣ་པས་ངལ་ཤིང་ཐོགས ་བྱིན་ཅིག་གསུངས་པས། བུ་མོ་དེས་སྟེར་དུ་མ་འདོད་པ་དང། སློབ་དཔོན་གྱིས་ལྟ་སྟངས་ཀྱིས་ཤིང་ཐོག་ས་ལ་ཕབ། བུ་མོས་སླར་ཡང་ལྟ་སྟངས་ཀྱིས་ཤིང་ཐོག་།དེ་དག་ཤིང་ལ་སྦྱར་བ་དང། ཀཧྣ་པ་ཁྲོས་ནས་བུ་མོ་ལ་སྔགས་བཟླས་པས། བུ་མོའི་ཡན་ལག་ཐམས ་ཅད་ནས་ཁྲག་འཛག་སྟེ་ས་ལ་འགྱེལ་བ་དང་མོ་ཀུན་འཕྱ་བར་གྱུར་སྟེ། སངས་རྒྱས་པ་བྱ་བ་ཐུགས་རྗེ་ཆེ་བ་ཡིན་པ་ལ། རྣལ་འབྱོར་པས་མི་བསད་ཟེར་བ་དང། ཀཧྣ་བ་སེམས་ཞེ་ནས་བུ་མོ་ལ་སྙིང་རྗེའི་སེམས་སྔོན་དུ་བཏང་ཏེ་སྔགས་བཏུལ། རང་གིས་བསྲུང་བ་ཡང ་བཏང་བ་དང། པུ་མོས་ཀ་ཧ་པ་ལ་སྔགས་བཏབ་པས། ཀཧྣ་པ་ཡང་སྟེང་འོག་ཏུ་ཁྲག་སྐྱུགས་ནས་ན་བར་གྱུར་པ་དང། ཀཧྣ་པས་བེནདྷེ་བྱ་བའི་མཁའ་འགྲོ་མ་ཅིག་ཡོད་པ་ལ་སྨྲས་པ། བདག་གིས་སྐྱུགས་པ་འདི་ལ་ཕན་པའི་སྨན་ལྟོ་དཔལ་གྱི་རི་ལ་ཡོད་པས ་དེ་ལོང་ལ་ང་ལ་བྱིན་ཅིག་སྨྲས་པ་དང། བནདྷེས་ལྷེ་དཔལ་གྱི་རི་ལ་ཟླ་བ་དྲུག་གི་ལམ་ཡོད་པ་ཞག་གཅིག་ལ་སྤྱད་ནས་?་ན་བླངས་ཏེ། ཞག་བདུན་གྱི་ངོ་ལ་ཡུལ་དུ་སླེབས་པའི་ལམ་ཁར། སྔར་གྱི་བུ་མོ་དེས་རྒན་མོ་ཞིག་ཏུ་སྤྲུལ་ཏེ་དུ་ཡིན་བསྡད་པ་དང། དེས་ཁྱོད་ཅི་ལ་དུ ་བ་ཡིན་བྱས་པས། དེ་ན་རེ། ཅི་ལ་མི་དུ། རྣལ་འབྱོར་བ་ཀཧྣ་པ་ཤི་ནས་མེད་པས?་དུ་བ་ཡིན་ཟེར་བ་དང། མཁའ་འགྲོ་མ་བནདྷེས། འོ་ན་སྨན་གྱིས་དགོས་པ་མེད་སྙམ་ནས་སྨན་ས་ལ་སྐྱུར་བ་དེ་རྒན་མོས་ཕྱིར་རོ། །མཁའ་འགྲོ་མས་ཁྱིམ་དུ་ཕྱིན་པ་ན་ཀཧྣ་པ་མ་ཤི་བར་འདུག་བས ་ཀཧྣ་པས་སྨན་ག་རེ་ཟེར་བ་ན་སྔར་གྱི་གཏམ་བརྗོད་དེ་མེད་བྱས་སོ། །དེ་ནས་ཞག་བདུན་སློབ་མའི་ཚོགས་ལ་ཆོས་བཤད། ཕག་མོ་དབུ་བཅད་མའི་གདམ་ངག་བྱིན་ནས། སློབ་དཔོན་གྱི་རྣམ་སྨིན་གྱི་ལུས་དེ་ཉིད་དུ་བོར་ནས་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་མཁའ་འགྲོ་མ་བནདྷེས ་ཁྲོས་ནས་ད་ཅིའི་བུ་མོ་དེ་བཙལ་བ་ན། སྟེང་ལྷའི་ཡུལ་དང། འོག་ཀླུའི་ཡུལ་དང། བར་མིའི་ཡུལ་གང་ནས་ཀྱང་མ་རྙེད་པ་ལས། ཤམ་བྷི་ལ་བྱ་བའི་ཤིང་ཅིག་གི་ནང་ན་འདུག་ནས། མཁའ་འགྲོ་མས་དེ་གཟུང་ནས་སྔགས་བཏབ་སྟེ་ཡང་བསད་པར་གྱུར་ཏོ། །དེས་ན་ང ་རྒྱལ་དང་ཕྲག་དོག་ནི་བར་ཆད་ཡིན་པར་ཤེས་པར་བྱའོ། །གུ་རུ་ཀཧྣ་སའི་ལོ་རྒྱུས་རྫོགས་སོ།། །།གུ་རུ་ཀོརྞ?་རི་པའི་ལོ་རྒྱུས་ནི། སྐྱེ་གནས་བཞི་ལས་རྫུས་སྐྱེས་མིན། །དཔལ་ནཱ་ལནདྷའི་གཙུག་ལག་ཁང་ན་ཕར་གཤེགས་ཏེ། རབ་ཏུ་བྱུང་བ་ཐམས་ཅད་ཀྱི་མཁན་པོ ་མཛད་ནས། མཁན་བུ་འབུམ་ཡོད་པ་ལ། རང་ཉིད་ཀྱིས་སློབ་དཔོན་མང་པོ་ལ་གདམ་ངག་ཞུས་ཀྱང་རྟོགས་པ་མ་སྐྱེས་ནས། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ན་སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་གཏམ་ཐོས་ནས། དད་པ་དང་མོས་པ་ཁྱད་པར་ཅན་སྐྱེས་ནས་ལམ་དུ་ཞུགས་ཏེ་ཕྱིན ་པ་དང། རྒྱ་མཚོ་ཆེན་པོ་ཞིག་གི་འགྲམ་དུ་འཕགས་པ་འཇམ་དཔལ་གྱིས་ཉ་པ་ཞིག་ཏུ་སྤྲུལ་ནས་བཞུགས་པ་ཀརྞ་རི་བས་མཐོང་སྟེ། དེ་ལ་ཕྱག་དང་མཎྜལ་ཕུལ་སྟེ། བདག་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ནས་སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་སར་འགྲོ་བ་ལགས་པས་བདག་ལ ་ལམ་སྟོན་པར་ཞུ་ཞེས་སྨྲས་པ་དང། དེ་ན་རེ། ཕ་གིའི་ནགས་འཐུག་པོའི་ནང་ན་བཅུད་ལེན་སྒྲུབ་ཅིང་བཞུགས་སོ། །ཤེས་ལུང་བསྟན་ནས་དེར་ཕྱིན་པས། སློབ་དཔོན་བཅུད་ལེན་གྱི་རྫས་བསགས་ནས་དེར་སྦྱོར་ཀྱིན་བཞུགས་པ་མཐོང་ནས་ཕྱག་བྱས་གསོལ་བ་བཏབ་ནས་རྗེས་སུ ་གཟུང་པར་ཞུས་པས་གནང་སྟེ། གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར། གདམ་ངག་བྱིན་ནས་སློབ་དཔོན་གྱི་གམ་དུ་སྒོམ་ཀྱིན་བཞུགས་སོ། །དེ་ནས་ནགས་དེ་དང་ཧ་ཅང་མི་རིང་བ་ཞིག་ན་གྲོང་ཁྱེར་ཅིག་ཡོད་པ་ལ། དེར་དཔོན་སློབ་གཉིས་ཀ་མ་བསོད་སྙོམས་ལ ་བྱོན་པ་ལ། ཀརྞ་རི་པས་བསོད་སྙོམས་ཤིན་ཏུ་ཞིམ་པ་སྙེད་ལ། སློབ་དཔོན་གྱིས་མ་ཞིམ་བ་རྙེས?་པས། སློབ་དཔོན་གྱིས་གསུངས་པ། ཁྱོད་ཀྱི་འདི་ནི་བུད་མེད་ཆགས་ནས་སྟེར་བ་ཡིན་པས་མི་ཞིམ་པ་ཡིན་ནོ། །ཁྱོད་ཀྱིས་ཟས་ཞིམ་པ་རྙེད་པ་དེ་མ་ལེགས། དེ་ཡང་ཤིང་གི ་འདབ་མའི་སྟེང་དུ་མ་ལེན་པར་ཁབ་ཀྱི་རྩེ་མོ་ལ་ཆགས་པ་ད?་ལོང་གསུངས་པས། དེ་བཞིན་དུ་བྱས་སྟེ་འབྲས་ཆན་རྡོག་མ་ཅིག་བླངས་ཏེ་ཟོས་པས། དེའི་ནང་པར་བུད་མེད་རྣམས་ཀྱིས་བག་ཕྱེ་ལ་ཁུར་བ་བྱས་ནས་དེའི་སྟེང་དུ་བཟའ་བ་ཞིམ་པོ་སྣ་ཚོགས་བཞག་ཏེ་ཁབ་ཀྱི་རྩེ ་མོ་ལ་བཀལ་སྟེ་དྲངས་པས། དེས་བླ་མ་ལ་ཡང་དྲངས། རང་གིས་ཀྱང་གསོལ་བས་བླ་མའི་ཞལ་ནས། ཁྱོད་ཀྱིས་ཅི་ཙུག་བྱས་ནས་བླངས་པ་ཡིན་གསུངས་བས། དེ་ན་རེ། བདག་གིས་བླ་མ་རང་གིས་གསུངས་པ་བཞིན་བྱས་ནས་བླངས་པ་ལགས་ཞུས་པས། འོན་ཁྱོད ་གྲོང་ཁྱེར་དུ་མ་འགྲོ་བར་ཁང་པའི་ནང་དུ་སྡོད་ཅིག་གསུངས་པས་དེ་བཞིན་དུ་བྱས་ཏེ་སྡད་པ་ན། །ཤིང་གི་ལྷ་མོས་ཁང་པའི་ནང་དུ་བཟའ་བ་ཞིམ་པོ་མང་པོ་དྲངས་ཏེ་རང་གི་གཟུགས་དངོས་སུ་བསྟན། ཕྱག་བཙལ། གཏམ་ཡང་བྱས་སོ། །དེའི་བསོད་སྙོམས་ཀྱང་བླངས་སྟེ། བླ ་མ་ལ་དྲངས་པས། ཁྱོད་ཀྱིས་འདི་འདྲ་བ་གང་ནས་རྙེད་གསུངས་པ་ལ། ཤིང་གི་ལྷ་མོས་དྲངས་པ་ཡིན་ཞུས་པས། སློབ་དཔོན་འཕགས་པས་བདེན་ནམ་སད་པའི་ཕྱིར་ཤིང་གི་ལྷ་མོ་ཅན་དུ་བྱོན་ནས་ལྟས་པས་ལྷ་མོའི་གཟུགས་ནི་དངོས་སུ་མ་མཐོང། དཔུང ་པ་ཡན་ཆད་ཀྱི་ལག་པ་མཐོང་ནས། དེར་སློབ་དཔོན་གྱིས་ངའི་སློབ་མ་ལ་གཟུགས་དངོས་སུ་སྟོན་ལ། ང་ལ་མི་སྟོན་པ་ཅི་ཡིན་གསུངས་པས། ཤིང་དེ་ལས་སྒྲ་འདི་ལྟ་བུ་བྱུང་སྟེ། ཁྱད་ལ་ད་དུང་ཉོན་མོངས་པའི་ཆ་ཤས་མ་སྤངས་པར་འདུག་ལ། ཁྱོད་ཀྱི་སློབ་མས་ཉོན་མོངས་པ ་མ་ལུས་པར་སྤངས་པས་ང་མཐོང་ངོ་ཞེས་ཟེར་རོ། །དེར་མཁན་སློབ་གཉིས་བཀའ་འགྲོས་ནས་བཅུད་ལེན་གྱི་སྨན་བཟའ་དགོས་ཟེར་སྟེ། སློབ་དཔོན་གྱིས་ཀརྞ་རི་བ་བྱ་བ་ཨཱརྱ་དེ་བ་ལ་བྱིན། རང་ཉིད་ཀྱིས་ཀྱང་གསོལ་ལོ། །དེ་ནས་ཀརྞ་རི་པས་ཤིང་?་པོ་ལ་བཅུད་ལན་བྱུགས་པས ་ལོ་མ་སྐྱེས་པ་དང། དེ་སློབ་དཔོན་གྱིས་གཟིགས་པས་ཅུང་ཟད་གཞད་དེ། ཁྱོད་ཀྱིས་ངའི་བཅུད་ལེན་གྱི་སྨན་ཤིང་ལ་བྱུགས་ན། ད་ངའི་བཅུད་ལེན་ཁྱེར་ལ་ཤོག་གསུངས་པས། ཀརྞ་རི་པ་ན་རེ་བཞེད་ན་འབུལ་ཟེར་ནས། ཆུ་རྫམ་གང་གི་ནང་དུ་རང་གི་ཆུ་བཏང་ནས་། ་ཤིང་བུས་དཀྲུགས་པས་བཅུད་ལེན་གྱི་རྫས་སུ་སོང་པས་དེ་ཁྱེར་ནས་སློབ་དཔོན་གྱི་ཐད་དུ་ཕྱིན་ཏེ་ཕུལ་བ་དང། སློབ་དཔོན་གྱིས་འདི་རེ་མང་གསུང་ནས་ཤིང་སྐམ་པོ་ལ་གཏོར་བས་སྐྱེས་སོ། །དེ་ཡང་སློབ་དཔོན་གྱིས་སློབ་མ་ལ་རྟོགས་པ་སྐྱེས་མ་སྐྱེས་བརྟགས་པ་ཡིན་ནོ། །དེར་རྟོགས ་པ་སྐྱེས་པར་གོ་ནས་ང་ཁྱེད་འཁོར་བར་མ་འདུ་གཅིག་གསུངས་པས། དེ་ཐོས་པའི་མོད་ལ་བར་སྣང་ལ་གཤེགས་པར་ཆས་པ་ལ་སྔར་ནས་སློབ་དཔོན་ལ་བསྙེན་བཀུར་བྱེད་ཅིང་ཕྱག་ཕྱིར་འབྲངས་པའི་བུད་མེད་ཅིག་ཡོད་པ་ལ། སློབ་དཔོན་གྱིས་ཁྱོད་ཅི་འདོད་ནས་བདག་ལ ་བསྙེན་བཀུར་བྱེད་པ་ཡིན་སྨྲས་བས། བུད་མེད་དེས་བདག་ལ་གཞན་ཅི་ཡང་མི་དགོས་ཀྱི། ཁྱེད་ཀྱི་སྤྱན་ལ་ཆགས་ནས་འབྲེངས་པ་ཡིན་པས་སྤྱན་དགོས་ཟེར་བ་ལ། སློབ་དཔོན་གྱིས་རང་གི་སྤྱན་གཡས་པ་བཏོན་ནས་དེ་ལ་བྱིན་པས་ཕྱོགས་མཚམས་ཐམས་ཅད་དུ་ཨཱརྱ་དེ་ཝ ་མིག་གཅིག་པ་ཞེས་གྲགས་པ་དང། ཨཱརྱ་དེ་ཝ་ཀརྞ་རི་བ་དེས་བླ་མ་ཀླུ་སྒྲུབ་ཀྱི་གདམས་ངག་ཉམས་སུ་བླངས་པས་སེམས་ཀྱི་དྲི་མ་དག་ཏེ་རྒྱུད་ཡོངས་སུ་གྲོལ་ནས་བླ་མའི་གསུངས་ཐོས་པ་ཙམ་གྱི་མོད་ལ། བར་སྣང་ལ་ཤིང་ཏཱ་ལ་བདུན་ཙམ་དུ་འཕགས་ནས་འགྲོ་བ་དུ་མ་ལ་ཆོས་བསྟན ་པས་རྒྱུད་ཡོངས་སུ་སྨིན་པར་བྱས་ནས་རང་གི་འོག་ན་བླ་མ་བཞུགས་པ་ལ་རྐང་བ་ནམ་མཁར་བསྟན། མགོ་ཐུར་དུ་ཕྱོགས་པས་ཐལ་མོ་སྦྱར་སྟེ་བླ་མ་ལ་ཕྱག་འཚལ་ནས། སྟེང་གི་ནམ་མཁའ་ལ་ཡར་འཕགས་བ་ལ་སྟེང་གི་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་ནས་དེ་ཉིད་དུ་མི་སྣང་བར་གྱུར ་ཏོ། །སློབ་དཔོན་ཨཱརྱ་ད་ཝ་འམ། གུ་རུ་ཀཏན?་རི་པ་སྟེ་མཚན་གཉིས་ལྡན་དེའི་ལོ་རྒྱུས་རྫོགས་སོ།། །། *། (།ཐ་ག་ན་པའི་ལོ་རྒྱུས་བཞུགས་སོ།།)་`་།གུ་རུ་ཐ་ག་ན་པ་ཞེས་རྟག་ཏུ་རྫུན་སྨྲ་བ་ཡིན་ལ། དེའི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས། རིགས་དམང?་རིག་།ལས་ཀྱི་མཛའ་ཨི ་འཚོ་བ་ཞིག་ཡིན་ལ། དེ་ཡང་དུས་རེ་ཤིག་ན་ཤིང་སྡོང་པོ་ཅིག་གི་སྟེང་དུ་འདུག་ནས་གཞན་ལ་རྫུན་ཇི་ལྟར་སྨྲ་འམ་སྙམ་ནས་རྟོགས་པ་ལ་ཞུགས་པ་དང། དེའི་གན་དུ་ལེགས་པར་སྦྱངས་པའི་དགེ་སློང་གཅིག་འོངས་ནས། ཁྱོད་དེ་ན་ཅི་བྱེད་ཅིང་འདུག་གསུངས་པ་ལ། དེ་ན་རེ། འཕགས ་པ་ཞུ་མི་འཚལ། །དགེ་སློང་གི་ཞལ་ནས། ཁྱོད་རྫུན་མ་བྱེད་པར་སྨྲོས་ཤིག་དང། རྫུན་སྨྲས་པར་གྱུར་ན་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བར་སྐྱེ་བ་ཡིན་ལ། བྱེད་པ་རྒྱུ་མཐུན་ནི་རྫུན་སྨྲ་སྙིང་འདོད་པ་དང། གཞན་ཡིད་མི་ཆེས་པ་ཡིན། དབང་གི་འབྲས་བུ་ནི་ཕྱི་མ་ལྕེ ་ལ་ཞིང་བློ་བར་བྱེད་པ་ཡིན་ཞིང། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི་ཁ་ནས་དྲི་མི་ཞིམ་པ་བྲོ་བ་དང། ངག་མི་བཙུན་པ་ཡིན། སྐྱེས་བུ་བྱེད་པའི་འབྲས་བུ་ནི། ཞིང་ཚ་རྐོ་ཅན་དང་འབྲུ་ཅུད?་མེད་པར་སྐྱ་བ་ལ་སོགས་པ་གསུངས་པས། སྐྱེས་བུ་དེས་རྫུན་གྱི་རྣམ་པར་སྨིན་པ་སྔར་མ ་ཐོས་པ་དེ་ཐོས་བས་དེ་འཇིགས་ནས་དེ་ལ་བདེན་པར་སྨྲས་ཏེ། འཕགས་པ་བདག་ནི་ཐ་ག་ན་ཞེས་བྱ་བ་ལགས་ཏེ། དུས་རྟག་ཏུ་རྫུན་ཅིག་ཏུ་སྨྲ་ཞིང་བདེན་པ་སྒྲའི་རྩེ་མོ་བརྒྱར་བཤགས་པའི་ཆ་ཙམ་ཡང་མི་སྨྲ་ལགས་སོ། །ད་ལྟ་ཡང་རྫུན་སུ་ལ་ཅི་སྨྲ་སེམས་པ་ལགས་ཟེར་བས། དགེ་སློང ་གིས་ཁྱོད་ཆོས་མི་བྱེད་དམ་གསུངས་པས་།དེ་ན་རེ། འཕགས་པ་ཆོས་དང་གྱིང་ལགས་ཏེ། དད་བ་ནས་རྫུན་ལ་གོམས་པས་དེ་སྨོད་བར་བྱེད་མི་ནུས་ལགས་ཞེས་ཟེར་བ་ལ། དེར་རྫུན་སྨས་ཀྱང་མི་ཏེ་བའི་གདམས་ངག་ཡོད་དོ། །གསུངས་པས། དེ་དགའ་ ་ནས་ཆོས་ཞུ་འཚལ་ཟེར་བས། དགེ་སློང་གིས་དེའི་ཁམས་དང་བསམ་པ་དང། བག་ལ་ཉལ་དང་བསྟུན་ནས་རྣ་བར་ཆུ་ཞུགས་པ་འབྱིན་པའི་གདམས་ངག་བཞིན་དུ་རྫུན་ཉིད་རྫུན་གྱི་གཉེན་པོར་བསྒོམ་པའི་གདམས་ངག་གི་སྔོན་དུ་དབང་བསྐུར་ནས་རྒྱུད་ཡོངས་སུ་སྨིན ་པར་བྱས་ཏེ། གདམ་ངག་དངོས་ནི་འདི་སྐད་དུ། ཤེས་བྱའི་ཆོས་ཐམས་ཅད་ནི་ཡེ་གདོང་མ་ཉིད་ནས་རྫུན་ཡིན་ལ། ཁྱོད་ཀྱིས་མཐོང་བ་དང་ཐོས་པ་ལ་སོགས་པ་ཡུལ་དྲུག་དབང་པོ་དྲུག་གིས་ཉམས་སུ་མྱོང་བ་ཐམས་ཅད་བརྫུན་པ་ཡིན་པས། ཁྱོད་ཀྱིས་ཐམས་ཅད་རྫུན ་གཅིག་པོར་སྒོམས་ཤིག་།དེ་ཡང། སྣང་སྲིད་རྫུན་པའི་ཆོས་རྣམས་ལ། །བརྫུན་པར་མ་ཤེས་རྫུན་སྨྲ་ཟེར། །ཤེས་དང་ཤེས་བྱ་ཐམས་ཅད་རྫུན། །དེས་ན་ཚོགས་དྲུག་ཡུལ་དྲུག་ཀྱང། །རྫུན་ཏེ་བདེན་པ་ག་ལ་ཡོད། །རྫུན་ལ་བདེན་བར་ཞེན་པ་ཡི། །བདེན་པས་འཁོར ་པའི་སྡུག་བསྔལ་མྱོང། །ཀྱེ་མ་ཕྱིས་བ་རྫུན་ཉིད་ལ། །རྫུན་པར་མ་རྟོགས་བདན་པར་བཟུང། །དེ་ཡིས་ཟོ་ཆུའི་ཁྱུ?་མོ་ལྟར། །ཡང་དང་ཡང་དུ་འཁོར་བར་འཁྱམས། །དེས་ན་ཁྱོད་ཀྱིས་ཆོས་རྣམས་ཀུན། །རྫུན་པ་ཉིད་དུ་ཡང་དག་བསྒོམས། །སྒྲ་ཉིད་རྫུན་པ་ཡིན་པ ་ལྟར་།གཟུགས་ལ་སོགས་པ་དེ་བཞིན་ཏེ། །དེར་འཛིན་པ་ཡང་རྫུན་དུ་སྒོམས། །ཅེས་གསུངས་པས། དེས་ཤེས་བྱ་ཐམས་ཅད་རྫུན་དུ་བསྒོམས་པས། ལོ་བདུན་ན་སྣང་སྲིད་ཐམས་ཅད་རྫུན་དུ་སྣང་བའི་རྟོགས་པ་སྐྱེས་ཏེ་ཆོས་ཐམས་ཅད་རྫུན་པར་རྟོགས་པས ་ཡང་དག་གི་ཞེན་པ་ལོག?་།དེ་ནས་ཡང་བླ་མ་དེ་བྱོན་ནས། ཆོས་ཐམས་ཅད་རྫུན་པར་ཡང་མ་གྲུབ་སྟེ། མ་སྐྱེས་མ་འགགས་པས་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་བར་སྒོམས་གསུངས་པས། དེས་ཀྱང་དེ་ལྟར་རྟོགས་སོ། །?་རྟོག་ལམ་དུ་བླངས་པས་གྲུབ ་བ་ཐོབ་སྟེ། ཕྱོགས་ཐམས་ཅད་དུ་བླ་མ་ཐ་ག་ན་ཞེས་གྲགས་ཤིང། སྐལ་བ་དང་ལྡན་པ་དག་ལ་རྣ་བར་ཆུ་བླུག་པ་འབྱིན་པའི་གདམས་པ་བསྟན་ནས། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཐ་ག་ན་བའི་ལོ་རྒྱུས་རྫོགས་སོ།། །། *། (།ནར་བའི་ལོ་རྒྱུས་བཞུགས་སོ། །) ་གུ་རུ་ན་རོ་བའི་ལོ་རྒྱུས་ནི། ཆར་འཆོང་བའི་རིགས་ཡིན་ལ། རིགས་འཆོལ་ནས། རྒྱ་གར་ཤར་ཕྱོགས་སཱ་ལ་པུ་ཏྲ་བྱ་བར་ཤིང་བཏུས་ནས་འཚོང་བར་བྱེད་པའི་ཚེ། བིཥྞུ་ནཱ་ག་ར་བྱ་བ་ན་ཏིལློ་པ་བྱ་བའི་མཁས་པ་ཆེན་པོ་གཅིག་བཞུགས་བྱ་བའི་གཏམ་ཐོས་ནས། ཤིང་ཁུར? ་གཅིག་ཀྲིཥྞ་སཱ་རིའི་ལྤགས་པ་ལ་བཙོངས་ནས་རྣལ་འབྱོར་བའི་ཆ་ལུགས་སུ་བྱས་ཏེ་མཐར་གྱིས་རྣལ་འབྱོར་ཏིལློ་བ་འཚོལ་དུ་བྱོན་པ་དང། བིཥྞུ་ནཱ་ག་ར་བྱོན་ནས་དྲིས་པ་ལ། སློབ་དཔོན་བྲོས་ཏེ་གཤེགས་ནས་མེད་ཟེར་བས། ནཱ་རོ་པས་ཡུལ་ཐམས་ཅད་དུ་བཙལ་ཀྱང་མ་རྙེད་དེ ་མཐར་གྱིས་ཡུན་རིང་པོ་ལོན་པ་དང་ལམ་ཁ་ཞིག་ཏུ་འཕྲད་དོ། །དེ་ནས་ནཱ་རོ་པས་ཕྱག་དང་སྐོར་བ་ལ་སོགས་པ་བྱས་ཏེ་བླ་མ་སྐུ་ཁམས་བདེ་འམ་ཞེས་སྨྲས་པ་ན། ཏིལློ་པ་ན་རེ། ཁྱོད་ཀྱི་བླ་མ་དམ་ཡིན་ལ། ངའི་སློབ་མ་ཡང་ཁྱོད་མ་ཡིན་ནོ་ཟེར་ཁྲོ་ཡིན་བརྡེག་ཏུ་གྱུར ་ཡང་སླར་དད་པར་གྱུར་སྟེ། རྫ་མའི་ནང་དུ་བསོད་སྙོམས་བླངས་ནས་བླ་མ་ལ་དྲངས་ཤིང་བསོད་སྙོམས་གསོལ་ནས་སླར་ཁྲོ་བ་དང་རྡེག་པ་ལ་སོགས་པ་བྱེད་ཀྱང་ལྷག་པར་དད་པ་སྐྱེས་ཏེ་ལྷག་མ་ཟོས་ཤིང་ཕྱི་ནས་བསྐོར་བ་བྱེད་དོ། །རྒོངས་ནམ་སྲོས་པ་དེར་འོངས་ནས། ་ཐོ་རངས་བསོད་སྙོམས་ལ་འགྲོ། དེ་ནས་བླ་མ་ལ་དྲངས་ཀྱིན་དེ་ལྟར་ལོ་བཅུ་གཉིས་སུ་སྐྱོ་བ་མེད་པར་བསྙེན་བཀུར་བྱས་ཀྱང། ཁྲོ་བ་མ་ཡིན་པ་ཐ་མལ་བའི་ཚིག་ཅིག་ཀྱང་གསུང་བ་མེད་པ་ནི། དུས་ཅིག་གི་ཚེ་ཁྱིམ་བདག་ཞིག་བག་མ་ལེན་པའི་སར་བསོད་སྙོམས་ལ ་ཕྱིན་པས་བཟའ་བ་མང་པོ་དང། ཁྱད་པར་ཚེད་མ་རྣམས་གྲངས་བརྒྱད་ཅུ་རྩ་བཞི་ཙམ་གྱི་ནང་ནས་སྔོ་པ་ཏ་ས་ཞེས་བྱ་བའི་ཚོད་མ་ཤིན་ཏུ་ཞིམ་པ་ཞིག་རྣམས་རྙེད་པ་ཁུར་སྟེ་བླ་མ་ལ་དྲངས་པས། ཏིལློ་པས་བཞེས་ནས་སྔོའི་ཚོད་མ་ལ་བླ་མ་ཤིན་ཏུ་དགྱས་ནས། བུ་ཟས་ ་འདི་འདྲ་པ་གང་ནས་རྙེད་སུས་བྱིན་བ་ཡིན་གསུངས་པས། ནཱ་རོ་པས་དང་པོ་ཐོབ་བ་ཙམ་དུ་དགའ་བ་མཆོག་ཏུ་གྱུར་ནས། འདི་སྙམ་ཏེ། བདག་གི་བླ་མའི་དྲུང་དུ་ལོ་བཅུ་གཉིས་སྡད?་པ་ལ་ཁྱོད་སུ་ཡིན་ཙམ་ཡང་མི་གསུང་བ་ལ། དེ་རིང་བུ་ཅེས་གསུངས་སོ ་སྙམ་ནས་དགའ་བ་དང། ཏི་ལོ་པས། བུ་ཚོད་མ་ཞིམ་པོ་དེ་ང་དུང་བློངས?་ལ་ཤོག་གསུངས་པས། ལན་བཞི་བློང་དུ་ཕྱིན་པས་ཁྱིམ་དེའི་མི་ཀུན་གྱིས་དགའ་བཞིན་དུ་བྱིའོ། །ལན་ལྔ་བ་ལ་ནཱ་རོ་བའི་བསམ་པ་ལ། ད་ནི་སློང་བ་ཡང་ངོ་ཚོ་བ་ལམ་བྱིན་ན་ནི་བླ་མ་མི་དགྱེས་སྙམ ་ནས། སླར་སློང་དུ་ཕྱིན་པ་ན་ཁྱིམ་བདག་གི་མི་ཀུན་ལས་ལག་ཡེངས་བའི་བར་ལ་ཚོད་མ་སྣོད་དང་བཅས་པ་བརྐུས་ནས་ཁྱེར་འོང་སྟེ། བླ་མ་ལ་དྲངས་པས་བླ་མ་དགྱེས་ནས། བྱིན་རླབས་དིང་དབང་བསྐུར་སྟེ་རྡོ་རྗེ་ཕག་མོའི་གདམས་པ་གནང་སྟེ་བསྒོམས་པས། ཟླ་བ ་དྲུག་ན་དངོས་གྲུབ་ཐོབ་སྟེ་མཚོན་ཡང་ན་རོ་བ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ལ། ཕྱོགས་ཐམས་ཅད་ནས་མཆོད་པ་ལ་འོངས་བ་ལ་ཐུགས་ཀ་ནས་འོད་བྱུང་བ་ཐམས་ཅད་ཀྱིས་མཐོང་ཞིང་ཐག་རིང་བཟླ་བ་རེའི་སཾ་ནས་ཡང་མཐོང་བར་གྱུར་ཏོ། །དེ་ནས་གདུལ་བྱ་དཔག ་ཏུ་མེད་པའི་དོན་མཛད་ནས་མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ནཱ་རོ་པའི་ལོ་རྒྱས་རྫོགས་སོ།། །།ཤའི་བའི་ལོ་རྒྱུས་བཞུད་སོ། །གུ་རུ་ཤ་ལི་པའི་རྒྱུས་ནི། ཤ་ལི་བ་བྱེ་བ་སྦྱང་ཀྱི་བ་བྱ་བ་ཡིན་ལ། དེའི་ཡུལ་ནི?་བི་གྷ་སུ་ར། རིགས་ནི ་ལས་ཀྱིས་འཚོ་བའི་དམང་རིགས་ཡིན་ལ། དེ་ཡང་བི་གྷ་སུ་རའི་གྲོང་ཁྱེར་དེ་དང་ཉེ་བ་ན་དུར་ཁྲོད་ཡོད་ལ། དུར་ཁྲོད་དང་ཉེ་བ་ན་གནས་པའི་སྐྱེས་བུ་ཞིག་མཚན་མོ་དུར་ཁྲོད་ན་སྦྱང་ཀྱི་ཀུན་ཚོགས་ནས་སྐད་འདོན་བ་ཤིན་ཏུ་འཇིགས་ཏེ། ཉིན་མཚན་མེད་པར་མི་དེ་སྦྱད ་ཀིའི་འཇིགས་པ་ཡིད་ལ་བྱེད་ཀྱིན་འདུག་པ་དང། དེའི་གམ་དུ་དགེ་སློང་ཞིག་བྱོན་ནས་བསོད་སྙོམས་བྱས་པས། དེས་དགེ་སློང་དེའི་རྐང་པ་ལ་ཕྱག་བཙལ་ནས་གསོང་པོར་སྨྲ་བའི་གཏན་ལེགས་པར་བྱས་ཏེ། བཞེས་ཆབ་དྲངས་བ་དང། དགེ་སློང་གིས་སྦྱིན་པའི་ཕན ་ཡོན་གྱི་ཆོས་བཤད་པས། དེ་ན་རེ། འཕགས་པ་ཉིད་ཀྱི་སྦྱིན་པའི་ཕན་ཡོན་གྱི་ཆོས་ཀྱང་ངོ་མཚར་ཆེ་སྟེ། བདག་ལ་དེ་བས་ཀྱང་མི་འཇིགས་པའི་ཆོས་ཅིག་མངའ་ན་དེ་སྦྱིན་པར་མཛོད་ཅིག་ཞུས་པས། དགེ་སློང་གིས་ཁྱོད་ལ་འཁོར་བའི་སྡུག་བསྔལ་བ་འམ། དེ་མ་ཡིན་པ་ཅི་ལ ་རིགས?་བྱས་པས། འཁོར་བའི་སྡུག་བསྔལ་གྱི་འཇིགས་པ་ནི་ཐུན་མོང་བ་ཡིན་པ་ཀུན་ལ་ཡོད་ལ། བདག་ནི་མོས་པ་ཆོད་ཆུངས?་པས་གནས་དུར་ཁྲོད་དང་ཉེ་བའི་སྟོབས་ཀྱིས་སྤྱང་ཀིའི་སྐད་ཀྱིས་ཉིན་མཚན་དུ་འཇིགས་པ་རྒྱུན་མི་འཆད་པས། དེ་ལ་ཕན་པའི་ཆོས་མཆིས་ན? ་བདག་བགྱིད་ལགས་སོ། །ཞེས་ཞུས་པས། དགེ་སློང་དེས་འཇིགས་པ་དེ་ལ་ཕན་པའི་སྔགས་དང་གདམས་ངག་ལ་ཡོད་ཀྱི། ཐོག་མར་དབང་བསྐུར་གྱི་གསུངས་ནས། ངོས་དབང་ཡོན་དུ་གསེར་དངུལ་ལ་སོགས་པའི་རྫས་མང་པོ་ཕུལ་ནས་ཞུས་སོ། །གདམས་ངག་ནི ་འཇིགས་པས་འཇིགས་པ་སྤྱོད་བའི་གདམས་ངག་ནི་འདི་ལྟ་སྟེ། ཁྱོད་དགྲ་ལ་སོགས་པས་མི་འཇིགས་སྤྱང་ཀིའི་སྐད་ལ་འཇིགས་ན། ཁྱོད་ཀྱིས་འཇིག་རྟེན་གྱི་སྒྲ་གྲོག་ཅོག་ཐམས་ཅད་སྤྱང?་ཀིའི་སྐད་དང་དབྱེར་མེད་དུ་ཉིན་མཚན་མེད་པར་བསྒོམས་ཤིག་།གནས་ཀྱང? ་དུར་ཁྲོད་དུ་ཁང?་བུ་གྱིས་ལ་སྡོད་ཅིག་ཅེས་གདམས་བ་བྱིན་པ་དང། དེས་ཀྱང་དེ་བཞིན་དུ་བྱས་ཏེ་བསྒོམས་པས། སྒྲ་ཐམས་ཅད་གྲགས་སྟོང་དབྱེར་མེད་དུ་རྟོགས་པའི་ངང་དུ་སྤྱང་ཀིའི་སྒྲའི་འཇིགས་པ་སྟོར?་པ་དང། འཇིགས་བ་རང་གྲོལ་འཇིགས་མེད་བདེ་ཆེན་གྱི་ཉམས་སྐྱེས ་ནས་ལོ་དགུར་བསྒོམ་པས་ལུས་སེམས་ཀྱི་དྲི་མ་དག་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་ཏོ། །དེ་ནས་སྤྱང་ཀིའི་རོ་གཅིག་ཕྲག་བ་ལ་ཁུར་སྟེ་སྤྱོད་པ་བྱས་པས་ཕྱོགས་ཐམས་ཅད་དུ་རྣལ་འབྱོར་བ་ཤ་ལི་བྱ་བར་གྲགས་ཤིང། གདུལ་བྱ་ལ་སྣང་སྟོང་དབྱེར་མེད་ཀྱི ་གདམས་པ་མང་པོ་བསྟན་སྟེ། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །བུ་རུ་ཤ་ལི་པའི་ལོ་རྒྱུས་རྫོགས་སོ།། །།*། །ཏིལློ་པའི་ལོ་རྒྱུས་བཞུགས་སོ། །གུ་རུ་ཏིལློ་པའི་ལོ་རྒྱུས་ནི། ཡུལ་བྷ་གུ་ནཱ་ག་ར་བྱ་བ་ན་སློབ་དཔོན་ཏིལློ་པ་བྱ་བའི་མཁས་པ ་ཆེན་པོ་གཅིག་བཞུགས་སོ། །དེས་རྒྱལ་པོའི་མཆོད་གནས་མཛད་དེ། ཉི་མ་རེ་རེ་ལའང་གསེར་ཞོ་ལྔ་བརྒྱའི་སྐུ་འཚོ་མངའ་ཞིང། འཁོར་སློབ་དཔག་ཏུ་མེད་པ་ལ་ཆོས་འཆད་པ་ལ་སོགས་པས་ག་རེང་བའི་ཚེ། དགོངས་པ་ལ། བདག་གི་སྐྱེ་བ་འདི་འདྲ ་བའི་དོན་མེད་པས་ཅི་ཞིག་བྱ་སྙམ་ནས་ཡང་ནས་ཡང་དུ་བྲོས་པ་ལ་འཁོར་རྣམས་ཀྱིས་མ་བཏང་སྟེ། སློབ་དཔོན་གྱི་ཆོས་གོས་བོར་ནས་ཚེམ?་བུ་གཅིག་བསྣམས། ཁྱིམ་དུ་ཡི་གེ་བྲིས་ནས་བོར་སྟེ། ངད་མི་ལོག་པས་གློག་ཏུ་མ་འོང་གཅིག་བྱ་བའི་ཡི་གེ་བོར། ་ཁོང་གིས་ནུབ་མོ་གྲོས?་ནས་གྲོང་ཁྱེར་ཀནྩི?་ར་བྱ་བའི་དུར་ཁྲོད་ན་བཞུགས་ནས། ཟས་བསོད་སྙོམས་བླངས་ཤིང་སྒྲུབ་པ་བྱེད་པའི་ཚེ། ནཱ་རོ་པ་དང་འཇལ་ནས་ནཱ་རོ་པས་བསོད་སྙོམས་བླངས་ཤིང་བསྙེན་བཀུར་བྱས་ལ། དེས?་འཚོ་བ་མཛད་སྒྲུབ་པས་ལོ་བཅུ་ན་དྲི? ་མ་མ་ལུས་པ་དག་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། ལྷ་ཡུལ་དུ་བྱོན་ནས་ལྷས་ཞལ་ཟས་ཀྱི་བསྙན?་བཀུར་བྱས་ལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པས་ཕྱོགས་ཐམས་ཅད་དུ་ཏིལློ་པ་བྱ་བར་གྲགས་སོ། །ལེས?་གདུལ་བྱ་དཔག་ཏུ་མེད་པ་ལམ་ལང? ་བཀོད་ནས?་འགྲོ་དོན་མཛད་ལ། མཐར་སྐུ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཏིལློ?་པའི་ལོ་རྒྱུས་རྫོགས་སོ།། །།ཙ་ཏྲ་པའི་ཛ་རྒྱུན་བཞུགས་སོ།། །གུ་རུ་ཙ་ཏྲ་པའི་ལོ་རྒྱུས་ནི། ཙ་ཏྲ་པ་ནི་ཆོས་ཁུར་ནས་སྤོང་བ་བྱ་བ་ཡིན་ལ། དེའི? ་ཡུལ་ནི་སནྟོ?་ནཱ་ག་ར་བྱ་བར་སྒྲའི་ལོ་ཏི་ལག་པར་ཁུར་ནས་བུས་རྟག་རྩོ?་བཞིན་ལ་རློབ་བ་ཞིག་ཡོད་པ་ལ། དུས་ཅིག་གི་ཚེ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་གཅིག་དང་ཕྲད་ནས། དེ་ན་རེ། ཁྱོད་ཅི་བྱེད་ཅིང་བདུག་ཟེར་བས། དེ་ན་རེ་བདག་འཚོ་བའི་ཆད་དུ ་བློང་ཞིང་གདའ་?་བྱས་པས། དེ་ན་རེ། ཁྱོད་ལ་ཚེ་ཕྱི་མའི་ལམ་མི་དགོས་སམ་གསུངས་པས། དེས་ལམ་ཇི་ལྟར་ཡིད་ལ་བྱ་ཞུས་པས། རྣལ་འབྱོར་པས་དགྱེས་རྡོར?་དུ་དབང་བསྐུར་ནས་གདམས་པ་གསུངས་པ་ནི། སྡིག་བ་ཐམས་ཅད་མཐོལ་ཞིང་བཤགས།། ་ཉིན་མཚན་རྟག་ཏུ་བདེ་བ་སྒོམ། །སྔ་མར་ཅི་བྱས་རང་ལུས་ལྟོས། །ཕྱི་མར་ཅི་འགྱུར་སེམས་ལ་རག་།དེ་ལྟར་ཡུན་རིངས་བསྒོམ་བྱས་ན། །ཚེ་འདི་ཉིད་ལ་སངས་རྒྱས་ཐོབ། །རྟག་ཀྱང་རིམ་པར་འབྱུང་བར་འགྱུར། །ཅེས་བསྟན་པས། ཅེ་ཏ་པས་དང་མ་རྟོགས ་ནས་བླ་མ་ལ་ཞུས་པས། བླ་མའི་གསུང་ནས། སྡིག་པ་ནི་མ་རིག་པ་ཡིན་ལ། དེ་ལ་འཁྲུལ་བ་སྣ་ཚོགས་བྱུང་བ་ཡིན་ནོ། །སྣང་སྲིད་ཕྱག་རྒྱ་ཆེན་པོར་རྟོགས་པའི་ལྟ་བས་སྡིག་པ་དག་པར་བྱེད་པ་ཡིན་ནོ། །ཉིན་མཚན་བདེ་བ་བསྒོམ་པ་ནི་སྙིང་རྗེ་རྒྱུན་དུ་བསྒོམས་ན་ཆོས ་ཉིད་ཀྱི་བདེ་བ་རང་ལ་འཆར་བ་ཡིན་ཏེ། ཚེ་སྔ་ཕྱིའི་ལས་རྣམས་མངོན་ཞེན་དུ་མ་གཟུང་ན་ཤུགས་འབྱུང་གི་སྤྱོད་པ་མཐར་ཕྱིན་པ་ཡིན། ཕྱི་མ་ཅིར?་འགྱུར་ཅེས་པ་ནི། བདེ་སྡུག་ཐམས་ཅད་སེམས་ལས་བྱུང་བས་ད་དུང་ཡང་མངོན་ཞེན་ཡོད་དམ་མེད་གསུང་བའོ། །དེ་ལྟར ་ཡུན་རིང་ཅེས་བ་ནི་བརྩོན་འགྲུས་བསྐྱེད་དེ་མ་ལེགས་པར་སེམས་ལ་ལྟ་བའོ། །དེ་ལྟར་རྒྱུན་དུ་བསྡོམས་ན་སེམས་ཀྱི་འཁྲུལ་བ་ལོག་ནས་ཚེ་འདི་ཉིད་ཀྱི་འབྲས་བུ་སངས་རྒྱས་ཐོབ་པ་ཡིན་ནོ། །ཞེས་བླ་མས་གདམ་ངག་བྱིན་ཏེ། ཙ་ཏྲ་བས་ཡུལ་སནདྷོ?་ནཱ་ག་རར་དེ་ལྟར་བསྒོམས ་བས་ལ་དྲུག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཏེ། མིང་དུ་ཡང་རྣལ་འབྱོར་པ་ཙ་ཏྲ་མ?་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ཤིང། འཁོར་ལྔ་བརྒྱ་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཙ་ཏྲ་པའི་ལོ་རྒྱུས་རྫོགས་སོ།། །།*། །བྷ་ཏྲ?་བའི་ལོ་རྒྱུས་བཞུགས་སོ།། ་གུ་རུ་བྷ་ཏྲ?་བའི་ལོ་རྒྱུས་ནི། ཡུལ་མ་ཎི་དྷ་རོ་ཞེས་བྱ་ཡ?། ཡུལ་དེ་ན་བྲམ་ཟེ་གཅིག་ལ་འཁོར་དང་ལོངས་སྤྱོད་ཀྱི་འབྱོར་པ་དཔག་ཏུ་མེད་པ་དུས་རྟག་ཏུ་གཡེང་བ་དང་བཅས་པས་གནས་པ་ལ། དུས་གཅིག་གི་ཚེ་འཁོར་ཀུན་ཕྱིར་ཁྲུས་ལ་སོང་ནས་རང་ཉིད་གནས་ཁང ་ན་འདུག་པའི་གམ་དུ་ལེགས་པར་སྦྱངས་བའི་རྣལ་འབྱོར་པ་གཅིག་འོངས་ནས་ཟན་སླངས་པས་བྲམ་ཟེ་དེ། ཁྱོད་མི་གཙང་བམ་བདག་གི་གནས་འབགས?་འགྲོ་ཞིང། བདག་ལ་འཁོར་དང་མི་ཀུན་གྱིས་འཕྱར་འོང་བས་ཕྱིར་སོང་ཅིག་ཟེར་བས་རྣལ་འབྱོར་པས ་མི་གཙང་བ་ཅིལ?་ཟེར་གསུངས་བས། བྲམ་ཟེ་ན་རེ། ལུས་ཁྲུས་མ་བྱས་པ། གོས་མེད་པ། སྣོད་ཐོད་པ་ཐོགས་པ། ཟས་འབགས་པ་ཟ་བ། རིགས་ངན་པ་ལ་ཟེར་བས། མྱུར་དུ་སོང་ཅིག་ཟེར་བས། རྣལ་འབྱོར་བས་མི་གཙང་བ་དེ་མ་ཡིན། ་ལུས་དང་ངག་དང་ཡིད་རྣམས་མི་དགེ་བ་དང་བཅས་པ་མི་གཙང་བ་ཡིན་ལ། ལུས་ལ་སོགས་པ་ཁྲུས་བྱས་པས་སེམས་ཀྱི་དྲི་མ་དག་པ་མ་ཡིན། བླ་མའི་གདམས་ངག་གིས་སེམས་ཀྱི་དྲི་མས་བཀྲུས། གདོད་དག་པ་ཡིན་ནོ། །ཐེག་ཆེན་རིགས་ལྡན་མཆོག་རིན ་ལ། །རྒྱལ་དང་བྲམ་ཟེ་དེ་ལྟ་མིན། །ལུས་སོགས་དྲི་མ་མི་དགེ་བ། །རྒྱུད་ལྡན་བླ་མའི་གདམས་པ་ཡིས?། །བཀྲུས་ན་གཙང་བ་བླ་ན་མེད། །ཆུ་ཡིས་བཀྲུས་བ་དེ་ལྟ་མིན། །ཞེན་མེད་སྣོད་དང་ཁ་ཟས་མཆོག་།དཀར་གསུམ་ལ་སོགས་དེ་ལྟར་མིན། །ཞེས་སོགས ་གསུངས་བས་དད་པར་གྱུར་ནས། བྲམ་ཟེ་དེ། ཁྱོད་ཀྱིས་བདག་ལ་དེར?་གདམ་ངག་བྱིན་ཅིག་ཟེར་བས། འོ་ན་བདག་ལ་ཟན་བྱིན་རྟིག?་དེ་ལྟར་བྱའོ། །སྨྲས་པ། བྲམ་ཟེ་ན་རེ། འདིར་བདག་ཆོས་ཉན་ན་འཁོར་དང་མི་ཀུན་མི་དད་པས་ཁྱོད་གང་དུ་བཞུགས་བ ་དེར?་བདག་འཆིས་ན། ཉིད་གང་དུ་བཞུགས་ཟེར་བས། བདུར?་ཁྲོད་ན་བདུག་གི་།དེར་ཆང་དང་ཕག་ཤ་ཁྱེར་ལ་ཤོག་བྱས་པས། བྲམ་ཟེ་ན་རེ། དེར་བྲམ་ཟེ་ཆང་དང་ཕག་ཤའི་མིང་ཡང་འདོན་བར་མི་རུང་ནས་ཁུར་དུ་ག་ལ་རུང་ཟེར་བས། རྣལ་འབྱོར་བས་གདམ་ངག ་དགོས་ན་ཁྱེར་ལ་ཤོག་གསུངས་པས། བྲམ་ཟེས?་སྨྲས་པ། ཉིན་པར་མི་ཚལ་བས་མཚན་མོ་ལ་དེར་མཆིའོ་ཟེར་སྟེ། བྲམ་ཟེ་དེས་རང་རྟགས་བསྒྱུར?་ནས་ཚོང?་དུས་སུ་ཕྱིན་ཏེ་ཆང་དང་ཕག་ཤ་ཉོས་ནས་དུར་ཁྲོད་དུ་ཕྱིན་ཏེ་རྣལ་འབྱོར་པ་ལ་དྲངས་པས། རྣལ་འབྱོར་བ ་རང་གིས་ཀྱང་གསོལ། བྲམ་ཟེ་ལ་ཡང་བྱིན་ནས་བྱིན་རླབས་འཕོ་བའི་དབང་བསྐུར་མཛད་དེ། བྲམ་ཟེ་མཎྜལ་འབུལ་དུ་བཅུག་ཁྲམ?་ཟེ་དེའི་རིགས་ཀྱི?་ང?་རྒྱལ་བཅག་པའི་དོན་དུ་ཕྱག་དར་བྱེད་དུ་བཅུག་ནས་ལྟ་བའི་བརྡ་བསྟན་ལ། གནས་དེར་ཞལ་ཞལ་བྱེད་དུ་བཅུག ་པས་སྤྱོད་པའི་བརྡ་བསྟན། ཞལ་ཞལ་དེའི་ཁ་དོག་ནི་སྒོམ་པའི་བརྡ་ཡིན་དེ་གསུམ་གཅིག་ཏུ་གྱུར་བ་ནི་འབྲས་བུའི་བརྡ་ཡིན་ནོ་གསུངས་པས། བརྡ་དེ་རྣམས་ཀྱི་དོན་ཡང་རྟོགས། སྣང་སྲིད་འཁྲུལ་པའི་རྣམ་འཕྲུལ་དུ་ཤེས། རིགས་ཀྱི་རྣམ་རྟོག་ཐམས་ཅད་དོན་ནས་རྣལ་འབྱོར་ལ་ཞུགས ་ཏེ་སྒོམས?་པས་ལོ་དྲུག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། རྣལ་འབྱོར་པ་བྷ་ཏྲ་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ལ། འགྲོ་དོན་མཛད་དེ་མཐར་འཁོར་ལྔ་བརྒྱ་དང་བཅས་ལུས་དེ་ཉིད་ལ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་བྷ་ཏྲ་བའི་ལོ་རྒྱུས་རྫོགས་སོ།། །། ་ཁནདྷིའི?་ལོ་རྒྱུས་གསུངས་སོ། །གུ་རུ་ཁནདྷི་རི?་ལོ་རྒྱུས་ནི། དྷུ་ཁནདྷ་ཅེས་པ་བསྒྱུར་ན་གཉིས་གཅིག་ཏུ་བྱེད་བ་ཞེས་བྱ་བ། དེ་ཡང་ཡུལ་གྷནདྷ་པཱུ་ར་བྱ་བར་སྤྲང་པོ་ཕྱག་དར་ཁྲོད་བསྡུས་པའི་རིགས་ཡིན་ལ། དེས་རྟག་ཏུ་གོས་རྙིང་བ་ཀུན་བསྡུས་ཀྱིན་ལེགས་པར་བཙེམས?་ནས་གྱོན ་བ་དང། དུས་ཅིག་གི་ཚེ་ལེགས་པར་སྦྱངས་པའི་རྣལ་འབྱོར་བ་ཞིག་བྱོན་ནས། དེ་ལ་ཁྱོད་མེད་པའི་སྡུག་བསྔལ་འདི་འདྲ་བས་ཅི་བྱེད། དེ་བས་ཆོས་མི་བྱེད་དམ་གསུངས་པས། དེ་ན་རེ། བདག་ལ་ཆོས་སུས་སྟེར་ཟེར་བས། རྣལ་འབྱོར་པས་ངས་སྦྱིན་གསུངས་ནས་བདེ་མཆོག་ཏུ ་དབང་བསྐུར། བསྐྱེད་རྫོགས་ཟུང་འཇུག་གི་གདམ་ངག་བྱིན་ནས། དེ་བསྒོམས་པས། གོས་འཚེམ?་པའི་རྟོག་པས་སྒོམ་དུ་མ་འདོད་བ་དང། དེ་ན་རེ། རྣལ་འབྱོར་པ་བདག་རྟོག་པས་གཡེངས་ནས་སྒོམ་དུ་མི་འདོད་པར་འདུག་ཞུ་བ་ལ། རྟོག་པ་ལམ་འཁྱེར་གྱི་གདམ་ངག ་འདི་ལྟར་གནང་སྟེ། ཆོས་རྣམས་དེ་བཞིན་ཉིད་དང། །འཚེམ?་དང་འཚེམ་པར་བྱ་བ་མེད། །ལྷ་དང་སྔགས་ཀྱང་དེ་བཞིན་ནོ། །གསུམ་རྣམས་རྟོག་བ་ཆོས་ཀྱི་དབྱིངས། །ཞེས་གསུངས་བས། དེས་ཀྱང་དེ་ལྟར་བསྒོམས་པ་ན། གོས་འཚེམ་པའི་རྟོག་བ་དང་ལྷ་དང་སྔགས་གསུམ་པོ ་ཆོས་ཉིད་ཀྱི་ངང་དུ་སྟོར?་ནས་བསྟེད་རྫོགས་ཟུར་འཇུག་གི་རྟོགས་པ་སྐྱེས་ཏེ། ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ། །འགྲོ་དོན་དཔག་ཏུ་མེད་པ་མཛད་དེ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཁནདྷིའི་ལོ་རྒྱུས་རྫོགས་སོ།། །། ་ཨ་ཛོ?་ཀིའི་ལོ་རྒྱུས་བཞུག་སོ། །གུ་རུ་ཨ་ཛོ་ཀིའི་ལོ་རྒྱུས་ནི། ཨ་ཛོ་ཀི་བྱ་བ་ལེ་ལོ་ཅན་ནོ། །དེ་ཡང་ཡུལ་ས་ལི་བཱུ་ཏྲ་བ་བ་ན། ཁྱིམ་བདག་གཅིག་གི་བུ་གཅིག་ཤེ་ཤིན་ཏུ་ཆེ་ནས་སྦྱོད་ལམ་རྣམ་བཞི་གང་བྱེད་ཀྱང་ཉལ་ནས་བྱེད་པ་ཅིག་ཡོད་པ་ལས། ་ཕ་མ་དང་ཉེ་དུ་ཀུན་ཕྱིས?་ཀྱང་འདི་འདྲ་བའི་བུས་ཅི་བཏུབ་ཞེས་རླ་བརྗོད་ཅིང་དུར་ཁྲོད་དུ་སྐྱལ་ནས། དེས་དུར་ཁྲོད་དུ་ཉལ་ནས་བསྡད་བ་དང། དེར་རྣལ་འབྱོར་པ་ཅིག་བྱོན་པས་དེས་དེ་མཐོང་བ་ན་སྙིང་རྗེ་སྐྱེས་ནས་གྲོང་ཁྱེར་ནས་བཟའ་བདུང་བླངས་ནས་དེ་ལ་བྱིན་པ་དང། དེས་ཟས་ཟ ་བ་ལ་མི་ལངས་པར་མཐོང་ནས། རྣལ་འབྱོར་བ་དེས་ཁྱོད་ཀྱིས་ཟས་ཟ་བ་ལ་འང་མི་ལངས་བར་འདུག་ན། འཇིག་རྟེན་གྱི་བྱ་བ་ཅི་ནུས་བྱས་པས། དེ་ན་རེ། ཅི་ཡང་མ་ནུས་པས་བདག་ཕ་མས་སྤངས་པ་ཡིན་ཟེར། འོ་ན་ཉལ་གྱིན་ཆོས་སྒྲུབ་ནུས་སམ་བྱས་བས། ་ནུས་ཏེ་བདག་འདྲ་བ་ལ་ཆོས་སུས་སྟེར་ཟེར་རོ། །རྣལ་འབྱོར་པས་ངས?་བྱིན་གྱིས་གསུངས་ནས་དགྱེས་རྡོར་དུ་དབང་སྐུར། མི་ཟབ་པའི་རྫོགས་པའི་རིམ་པ་གདམ་ངག་ཏུ་བྱིན་ནས། སྟེང་སྒོའི་སྣ་རྩེར་ཐིག་ལེ་ཡུངས་དཀར་གྱི་འབྲུ་ཙམ་གྱི་ནང་དུ་སྟོང་གསུམ ་འདུས་བར་བསྒོམས་ཤིག་བྱས་པས། དེ་ན་རེ། དེ་ལ་རྟགས་ཇི་ལྟ་བུར་འབྱུང་བ་ལགས་ཟེར་བ་ལ། སྒོམ་རྩ་ན་ཤེས་འོང་གི་གསུངས་བས། དེས་ཀྱང་དེ་བཞིན་དུ་བསྒོམས་པས་ཡུངས་དཀར་དང་སྟོང་གསུམ་གྱི་དམིགས་པ་སྟོང་ཉིད་ཀྱི་དང་དུ་སྟོར་ནས་སྟོང་ཉིད་བྱད ་རྒྱ་ཆེན་པོའི་རྟོགས་པ་རྒྱུད་ལ་གྲུབ་མོ། །དེས་ལོ་དགུ་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས། འགྲོ་དོན་མང་དུ་མཛེད་དེ་ལུས་དེ་ཉིད་ཀྱིས་མ་བའི་སྦྱོད་དུ་གཤེགས་སོ། །ཛུ་རུ་ཨ་ཛོ་ཀིའི་ལོ་རྒྱུས་རྫོགས་སོ།། །། ་ཀ་ལ་བའི་ལོ་རྒྱུས་བཞུགས་སོ།། །གུ་རུ་ཀ་ལ་པའི་ལོ་རྒྱུས་ནི། ཡུལ་ནི་ར་ཛ་པུ་ར་ཡིན། བླ་མ་ནི་རྒྱུད་ལེགས་པར་སྦྱངས་པའི་རྣལ་འབྱོར་བ་ཞིག་ཡིན་ལ། ཀ་ལ་པ་ནི་ཚེ་སྔ་མ་བཟོད་པ་བསྒོམས་པའི་འབྲས་བུ་གཟུགས་བྱད་ཤིན་ཏུ་མཚར་བ་ཞིག་ཡོད་པས། ར་ཛ་པུ་རིའི ་སྐྱེ་བོ་ཀུན་དེ་ལ་ལྟ་ཞིང་འབྲང་བས། དེ་དེས་སྐྱོན་དུར་ཁྲོད་ཞིག་ཏུ་འདུག་ནས་ཡོད་པ་ལ། ལེགས་པར་སྦྱངས་པའི་རྣལ་འབྱོར་པ་གཅིག་དེར་བྱོན་ནས་ཁྱོད་དུར་ཁྲོད་ན་ཅི་བྱེད་ཅིང་འདུག་གསུངས་པས། དེ་ན་རེ། བདག་མི་ཀུན་གྱིས་འདུག་ཏུ་མ་སྟེར་ནས་འདིར་འདུག་གིན་གང་བ?་ཟེར་རོ།། ་འོ་ན་ཁྱོད་ལ་ཆོས་མི་དགོས་སམ་གསུངས་པས། ཆོས་དགོས་ཏེ་བདག་ལ་སུས་སྟེར་ཟེར། རྣལ་འབྱོར་པ་དེས་ཁྱོད་ལ་ཆོས་དགོས་ན་པས་བྱིན་གྱིས་གསུངས་ནས་བདེ་མཆོག་ཏུ་དང?་བསྐུར་བསྐྱེད་རྫོགས་ཀྱི་བོན་སྒོམ་དུ་བཅུག་པས། དེས་སྐྱེད་རྫོགས་ཟུང་འཇུག་ཏུ་རྟོགས་པའི་ནང་དུ་བདག ་གཞན་གཉིས་སུ་དམིགས་པ་སྟོར་ནས་ཤུགས་འབྱུང་ལྷུགས་པའི་སྦྱོད་པ་སྤྱད་པས། ར་ཛ་བུ་རིའི་མི་ཀུན་ན་རེ། སྨྱོན་བ་ཅིག་འདུག་ཟེར་བ་ལ། དེས་གསུངས་པ། བདག་ཏུ་གཟུང་བ་གཞན་སྣང་སྟེ། གཉིས་ཀྱིས་རང་བཞིན་སྡུག་པར་བྱས། །མཁས་བས་དེ་ལྟར་མཁྱེན་པ་ན། །སྡམ? ་པར་རྟོག་པའི་ལྷ་ཚོགས་དང། ཡི་གེ་ཨའི་ནང་ཉིད་དུ། །མཁའ་ལ་འཇའ་ནི་ཡལ་བ་ལྟར། །སྐྱེ་དང་འགག་པ་གནས་པ་གསུམ། །སྨྱོན་པ་བདག་གིས་མ་སྤྱད་པས། །གཉིས་མེད་ཤུགས་འབྱུང་སྤྱོད་པ་དེས?། །གསལ་ལ་མ་འགགས་རྟོགས་པ་བདེ། །ཚོགས་དྲུག་མ་འགགས་བསྒོམ ་པ་བདེ། །རྩོལ་སྒྲུབ་མེད་པའི་འབྲས་བུ་བདེ། །ཅེས་གསུངས་ནས་ཏ་ལ་བདུད་ཙམ་གྱི་ནམ་མཁའ་ལ་འཕགས་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་ནས། དེ་མན་ཆད་བླ་མ་ཀ་ལ་བ་ཞེས་གྲགས་ལ་མཐར་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀ་ལ་བའི་ལོ་རྒྱུས་རྫོགས་སོ།། །། ་དྷོ་མྦི་བར་ལོ་རྒྱུས་བཞུགས་སོ།། །།གུ་རུ་དྷོ་མྦི་པའི་ལོ་རྒྱུས་ནི། རིགས་ཁྲུས་མཁན། ཡུལ་ནི་ས་ལི་དུ་ཏྲ་ནཱ་ག་ར་བྱ་བ་ན་ཁྲུས་མཁན་ཕ་བུ་གཉིས་དུས་རྟག་ཏུ་ཁྲུས་ཀྱི་ལས་ཀྱིས་འཚོ་བར་བྱེད་པ་ལས། དེའི་གན་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་བྱོན་ནས ་དེ་གཉིས་ལ་བཟའ་པ་བླངས་པས། དེ་གཉིས་ཀྱིས་བསོད་སྙོམས་དྲངས་ཏེ། རྣལ་འབྱོར་པ་ལ་ན་བཟའ་པ་ཀྲུ་རྒྱུ་མ་མཆིས་སམ། །བདག་གིས་བཀྲུ་ཡིས་ཟེར་བ་མ?། རྣལ་འབྱོར་བས་སོལ་བ་གཅིག་ལག་ཏུ་ཐོགས་ནས་འདི་བཀྲུས་ནི་དྲི་མདག?་ནུས་སམ?་གསུངས་པས། །ཁྲུས ་མཁན་བུ་དེ་ན་རེ། སོལ་བ་ནག་པོའི་རང་བཞིན་བཀྲུས་ཀྱང་དཀར་པོར་མི་འགྱུར་མཆི་ཞུས་པས། ཁྱོད་ཀྱིས་ཕྱིའི་ཁྲུས་བྱས་ཀྱང་ནང་གི་དུག་གསུམ་གྱི་དྲི་མ་མ་དག་ན་ཕྱིའི་ཁྲུས་ཀྱིས་དག་པར་ངས་མ་མཐོང། དེས་ན་ཁྱེད་ཅག་དུས་རྟག་ཏུ་བཀྲུ་མི? ་དགོས་པར་ལན་ཅིག་བཀྲུས་པས་ཆོག་པའི་གདམས་བ་ང་ལ་ཡོད་ན། དེ་ཁྱེད་ལ་མི་དགོས་སམ་གསུངས་པས། དགོས་ཟེར་ནས། དེར་བདེ་མཆོག་ཏུ་དབང་བསྐུར་ཏེ། སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་གྱིས་བྱིན་གྱིས་བརླབས་ནས་གདམ་ངག་བྱིན། དེས་བསྒོམས ་བས་ལོ་བཅུ་གཉིས་ན་ཕྱག་རྒྱས་ལུས་ཀྱི་དྲི་མ་དག་།སྔགས་ཀྱིས་དག་གི་དྲི་མ་དག་།ཏིང་ངེ་འཛིན་གྱིས་སེམས་ཀྱི་དྲི་མ་དག་ནས། གདམ་ངག་ང་བ་ནི། འབར་བའི་ཕྱག་རྒྱའི་ཆུ་ཡིས་ནི། ལུས་ཀྱི་དྲི་མ་འཁྲུད་བ་ཡིན། །ཱ་ལི་ཀཱ་ལིའི་ཆུ་ཡིས་ནི། །དག་གི་དྲི་མ་འཁྲུད ་པ་ཡིན། །དཔའ་བོ་ཡབ་ཡུམ་སྦྱོར་བ་ཡིས། །སེམས་ཀྱི་དྲི་མ་དྲུངས་འབྱིན་ཏོ། །ཅེས་གསུངས་པ་བཞིན་དུ། ལུས་ཕྱག་རྒྱ། ངག་བཟླས་པ། སེམས་བསྐྱེད་རྫོགས་དང་མ་བྲལ་བར་བསྒོམས་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་སྟེ། ཕྱག་རྒྱ་ཆེན་པོའི ་དངོས་གྲུབ་ཐོང་ནས་ཡོད་པའི་དུས་སུ། གོས་དྲི་མ་ཅན་གཏད་པ་བཀྲུ་མི་དགོས་པར་རབ་དག་ཏུ་འགྲོ་བ་ཀུན་གྱིས་མཐོང་བས་ཡོན་ཏན་ཐོབ་པར་བཟོད་རྟོགས་ལ། དྷོམྦྷི་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ཤིང། སེམས་ཅན་གྱི་དོན་མང་དུ་བྱས་ཏེ། ལེ་བརྒྱན་ལུས ་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་དྷོམྦྷི་པའི་ལོ་རྒྱུས་རྫོགས་སོ།། (།།ཀཾ?་ཀ་ནའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་ཀཾ་ཀ་ནའི་ལོ་རྒྱུས་ནི། ཡུལ་བིཥྞུ་ནཱ་ག་ར་བྱ་བ་ན། རྒྱལ་པོ་གཅིག་ལ་རྒྱལ་སྲིད་ཕུན་སུམ་ཚོགས་ཤིང། འདོད་པའི་ཡོན་ཏན ་གྱི་བྲེལ་བ་མེད་པ་ལ་ལོངས་སྤྱོད་ཅིང་གནས་པའི་ཚེ། དེའི་གོམ་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་བྱོན་ནས་བསོད་སྙོམས་བླངས་པས། རྒྱལ་པོས་བཟའ་བ་དང་བཅའ་བ་གྱ་ནོམ་པ་དྲངས་ནས། དེས་རྒྱལ་པོ་ལ་གསུངས་པ། རྒྱལ་པོ་རྒྱལ་སྲིད་ལ་སྙིང་པོ ་མེད་ཅིང། སྲིད་པར་སོང་བ་ཐམས་ཅད་སྡུག་བསྔལ་བ་ཡིན་སྟེ། སྐྱེ་རྒ་ན་འཆིའི་ཟོ་ཆུན་ལྟར་འཁོར་བ་ཡིན་ཅིང། བྱེ་བྲག་གི་སྡུག་བསྔལ་ལ་ཟད་པ་མེད་པ་ལ། མཐོ་རིས་ཀྱི་བདེ་བ་དང་འགྱུར་བའི་སྡུག་བསྔལ་ཡིན། སྟོང་འཁོར་ལོས་བསྒྱུར་བའང་ངན་སོང་དུ་ལྟུང་བ ་ཡོད་ན། འདོད་ཡོན་སླུ་བྱེད་ཟིལ་བ་དང་འདྲ་བ་ལ་མ་ཆགས་པར་རྒྱལ་པོ་ཆོས་མཛོད་ཅིག་གསུངས་པས། རྒྱལ་པོ་ན་རེ། འདོད་པའི་ཡོན་ཏན་མ་སྤངས་པར་ཆོས་བསྒྲུབ་པའི་ཐབས་ཡོད་ན་ཆོས་བགྱིད་ཀྱི། དེ་མ་ཡིན་པར་གོས་ཚེམ་བུ་དང་ཟས་བསོད་སྙོམས ་ཀྱིས་བདག་འཚོ་མི་ནུས་སོ་ཞེས་སྨྲས་པ་དང། རྣལ་འབྱོར་བ་དེས་སྨྲས་པ། གོས་ཚོམ་བུ་དང་ཟས་བསོད་སྙོམས་ནི་མཆོག་ཡིན་པས་ཉིད་ཀྱང་འདི་འདྲ་བ་ལ་རྟེན་དགོས་སོ་ཞེས་སྨྲས་པ་ན། རྒྱལ་པོ་ན་རེ། གོས་ཚེམ་བུ་སྐྱུག་བྲོ། །ཁ་ཕོར་ཐོད་པ་དང་ཟས་ལྷག ་ཟལ?་སྐྱུག་བྲོ་པས། འདིར་དག་གིས་མི་ནུས་སོ་ཞེས་ཞུས་པ་དང། རྣལ་འབྱོར་པ་དེས་སྨྲས་པ། ཁྱོད་ཀྱིས་དེ་འདྲ་བའི་ང་རྒྱལ་དང། རྒྱལ་སྲིད་བྱེད་པ་ནི་མཐར་ངན་སོང་གི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ལ། ངས་གོས་ཚོམ་བུ་དང། ཟས་ལྷག་རོལ་དང། ་སྣོད་ཐོད་པ་ཁུར་ཡང་འབྲས་བུ་ཟག་པ་མེད་པའི་བདེ་བ་ཐོབ་པ་ཡིན་པས། འོ་སྐོལ་རྒྱལ་སྲིད་ཁྱད་པར་ཆེ་བ་ཡིན་སྨྲས་ནས་རྒྱལ་པོ་ལ་འོན་ཀྱང་འདོད་ཡོན་མ་སྤངས་པར་ཆོས་སྒྲུབ་པའི་ཐབས་ཡོད་ཀྱི་གསུངས་པས། རྒྱལ་པོ་ན་རེ། འོ་ན་བདག་ཆོས་བགྱིད ་པས་གནང་དགོས་ཞུས་པ་ལ། རྣལ་འབྱོར་པས་གདམས་པ། རྒྱལ་པོ་རང་གི་ལག་གི་གདུ་བུ་རིན་པོ་ཆེ་འབར་བ་ལ་ཞེན་པ་དང། ང་རྒྱལ་བློས་གོང་ལ། རིན་པོ་ཆེའི་འོད་ཞེན་པ་མེད་པའི་སེམས་གཉིས་གཅིག་ཏུ་གྱིས་ལ་བསྒོམས་ཤིག་ཅེས་གདམ་ངག་བྱིན ་ནས། གདུ་བུ་འོད་ཟེར་ལགས་འཕྲོ་བ། །ལྟོས་ཤིག་རང་སེམས་ཉིད་ཀྱང་བདེ། །ཕྱི་ཡི་རྒྱན་སོགས་དུ་མ་ཡིས། ཁ་དོག་དུ་མ་འབྱུང་གྱུར་ཀྱང། །དེ་ཡི་རང་བཞིན་འགྱུར་བ་མེད། །དེ་བཞིན་སྣ་ཚོགས་སྣང་བ་ཡིས། །དྲན་རྟོག་དུ་མ་འབྱུང་གྱུར་ཡང། ། ་སེམས་ཉིད་རིན་ཆེན་འབར་བ་བཞིན། །ཞེས་གསུངས་པ་ན། རྒྱལ་པོས་ཕྱག་གཡས་པའི་གདུབ་བུ་ལ་སེམས་གཏད་ནས་བསྒོམ་པས། འདོད་ཡོན་སྟེང་དུ་སེམས་ཉིད་ངོ་འཕྲོད་ནས་ཟླ་བ་དྲུག་ན་དངོས་གྲུབ་ཐོབ་ཏེ། རང་གི་འཁོར་རྣམས་ཀྱིས ་སྒེ་སེང་ནས་བལྟས་པས། ལྷའི་བུ་མོ་དཔག་ཏུ་མེད་པས་བསྐོར་བར་མཐོང་ནས་ངོ་མཚར་སྐྱེས་ཏེ་གདམས་པ་ཞུས་པས། དེའི་ཞལ་ནས། སེམས་ཉིད་རྟོག་པ་རྒྱལ་པོ་ཡིན། །བདེ་བ་ཆེན་པོ་རྒྱལ་སྲིད་ཡིན། །ཟུང་དུ་འཇུག་པ་ལོངས་སྤྱོད་མཆོག་། ་རྒྱལ་པོ་དགོས་ན་དེ་ལྟར་གྱིས། །ཤེས་གསུངས་ནས་རང་གི་འཁོར་དང་བྷིཥྞུ་ནཱ་ག་རའི་སྐྱེ་བོའི་ཚོགས་ཐམས་ཅད་དང་བཅས་ཏེ། ལོ་ལྔ་བརྒྱ་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །མཚན་གདུ་བུ་པ་ཞེས་སུ་ཡང་གྲགས་སོ། །གུ་རུ་ཀཾ་ཀ་ནའི་ལོ ་རྒྱུས་རྫོགས་སོ།། (།།ཀམྦྷ?་ལའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་ཀམྦྷ་ལའི་ལོ་རྒྱུས་ནི། ཡུལ་ཀནཀ?་ར་མ་བྱ་བ་ན། རྒྱལ་པོ་ཞིག་གྲོང་ཁྱེར་འབུམ་ཚོ་བརྒྱད་ཅུ་རྩ་བཞི་ལ་དབང་བྱེད་པ་དེ་ལ་སྲས་གཉིས་ཡོད་པ་ལ། དེའི་ཡབ་གྲོངས་པ་དང། སྲས ་ཆེ་བ་རང་བཞིན་བཟང་པས་འབངས་རྣམས་ཀྱིས་དེ་རྒྱལ་ཚབ་དུ་དབང་བསྐུར་བ་དང། དེའི་བསོད་ནམས་ཀྱིས་སྐྱེ་བོའི་ཆོ་གས་ཐམས་ཅད་འབྱོར་པ་དང་ལྡན་པར་གྱུར་ནས། གསེར་ལ་སོགས་པའི་སྣོད་དུ་བཟའ་བ་ལོངས་སྤྱོད་པར་བྱེད་པ་དང། རྒྱལ་བུ་དེས ་སྲིད་གཟུང་ནས་ཟླ་བ་ལྔ་དྲུག་གི་བར་ཡུམ་དང་མ་ཕྲད་ན། དེར་པའི་མ་གར་སོང་འདིར་མི་འོང་བ་ཅི་ཞེས་སྨྲས་པས། ཡབ་ཀྱི་མྱ་ངན་བྱེད་པས་འདིར་མི་གཤེགས་སོ་ཟེར་རོ། །དེ་ནས་ལོ་གཅིག་ལོན་པ་དང། མ་དེར་འོངས་ནས་དུས་པས། དེར་ཡུམ་ཅི་ལ ་བཤུམ་བྱས་པས། ང་ཁྱོད་རིན་པོ་ཆེའི་ཁྲི་ལ་བཞུགས་ནས་རྒྱལ་སྲིད་བྱེད་པ་ལ་མ་དགའ་ནས་དུ་བ་ཡིན་ཟེར་བས། རྒྱལ་བུས་མ་ལ་ཞུས་པ། ཡུམ་མི་དགྱེས་ན་ནུ་བོ་རྒྱལ་སྲིད་འཛིན་དུ་བཅུག་ནས་བདག་རབ་ཏུ་འབྱུང་བ་བགྱིད་ལགས་སམ་ཞུས ་པས། དེ་རུང་ཟེར་ནས། དེར་ཅུང་ལ་རྒྱལ་སྲིད་གཏད་དེ་རབ་ཏུ་བྱུང་བས་འཁོར་དགེ་སློང་སུམ་བརྒྱ་ཙམ་དང་བཅས་ཏེ་གཙུག་ལག་ཁང་ཞིག་ཏུ་བཞུགས་པ་ན། དེར་མ་འོངས་ནས་ཡང་དུས་པ་དང། སྲས་ཀྱིས་དེ་ལ་ཕྱག་བྱས་ཏེ་ཡུམ་ཅི་ལ་བཤུམ་བྱས་པས། ཁྱོད་རབ་ཏུ་བྱུང ་ཡང་རྒྱལ་པོའི་ཚུལ་ལྟར་འཁོར་དང་འདུ་འཛིའི་ནང་དུ་བཞུགས་པ་འདི་མི་དགའ་པ་ཡིན་ཞེས་སྨྲས་པ་དང། སྲས་ཀྱིས་འོ་ན་ཅི་ཙུག་བགྱི་ཞེས་ཞུས་པས། དགོན་པར་འདུ་འཛི་སྤོངས་ལ་འདུག་ཅིག་ཟེར་བས། དེས་གཙུག་ལག་ཁང་སྤངས་ནས་དགོན་པ་ཤིང་དྲུང་ཅིག ་གི་རྩར་འདུག་པ་དང། བཟའ་བ་ལ་སོགས་པ་བསོད་སྙོམས་ཀྱི་ལས་འཕྲོས་བྲེལ་བ་མེད་པར་གྱུར་པ་དང། ཡང་ཡུམ་བྱོན་ནས་དུས་པས། སྲས་ཀྱིས་ཡུམ་ལ་ཕྱག་བྱས་ནས། ཅི་རྩུག་བགྱི་ཞུས་པས། མ་ན་རེ། རབ་ཏུ་བྱུང་བ་ལ་འཚོ་བའི་ཡོ་བྱད་དོན་མེད་པ ་བཅངས་ནས་ཅི་བྱེད་ཟེར་རོ། དེས་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ཀུན་བོར་ནས་རྣལ་འབྱོར་པའི་ཆ་ལུགས་སུ་བྱས་ཏེ་ཡུལ་ཁམས་གཞན་དུ་ཕྱིན་པ་ན། དེའི་ཡུམ་མཁའ་འགྲོ་མ་ཡིན་པས་ལམ་བར་དུ་སྲས་ལ་བདེ་མཆོག་ཏུ་དབང་བསྐུར་ནས་ཆོས་བཤད་པས། སྲས་དུར ་ཁྲོད་དུ་ཐལ་བའི་ནང་དུ་ཉལ་གྱན་ལོ་བཅུ་གཉིས་སྒྲུབས་པས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ་ནམ་མཁའ་ལ་ཕྱིན་པ་དང། ཡུམ་ཌཱ་ཀི་མ་མང་པོ་དང་ལྷན་ཅིག་ནམ་མཁའ་ལ་འོངས་ནས་སྲས་ལ་སྨྲས་པ། ཁྱོད་སེམས་ཅན་གྱི་དོན་མི་བྱེད་པར་ནམ་མཁའ་ལ་འགྲོ་བ་ངོ་མཚར་ཆེ ་རྒྱུ་ཅི་ཡོད། དེ་འདྲ་བྱ་དང་འདྲ་བ་ཡིན་པས་ད་འགྲོ་དོན་གྱིས་ཤིག་གསུངས་པས། སྲས་ཀྱིས་ནུབ་ཕྱོགས་ཨོ་རྒྱན?་གྱི་མཱ་ལ་བུ་ར་བྱ་བ་ན་གྲོང་ཁྱེར་འབུམ་ཚོ་ཕྱེད་དང་གསུམ་ཡོད་པར་ཕྱིན་པ་དང། དེ་ན་ཡུལ་ཀར་བིར་ཞེས་བྱ་བ་ན། བ་ན་ཝ་ཞེས་བྱ་བའི་དགོན་པ་ན་ཏ ་ལ་ཅི་ཕུག་བྱ་བའི་ཕུག་པ་ཡོད་སར་བཞུགས་ནས་སྒྲུབ་པ་བྱས་པས། ཕྲ་མེན་མ་ཀུན་གྱིས་ཚོར་ནས། ཕྲ་མེན་མ་གཅིག་གིས་ཅིག་ལ་སྤྲན་པ་དང། ཕྲ་མེན་གྱི་གཙོ་མོ་པདྨ་དེ་ཝི་བྱ་བ་འཁོར་དང་བཅས་ཏེ་བར་ཆད་ལ་འོངས་པ་དང། སློབ་དཔོན་ལྭ་བ་ནག་པོ་གཅིག ་བྱོན་ནས་གྲོང་ཁྱེར་དུ་བསོད་སྙོམས་ལ་བྱོན་པའི་ལམ་དུ་ཕྲ་མེན་མའི་བུ་མོ་ཚན་གཅིག་དང་ཕྲད་ནས། ཁྱེད་ལ་བདག་ཅག་པ་ཞེས་པ་འདྲེན་པས་ངེད་ཀྱི་ཁྱིམ་དུ་གཤེགས་པ་ཞུ་ཟེར་བ་ལ། སློབ་དཔོན་གྱིས་བདག་ནི་ཁྱིམ་ཅིག་ནས་མི་ཟ། ་བསོད་སྙོམས་བྱེད་པ་ཡིན་གསུངས་ནས། པདྨ་དི་ཝི་ལ་སོགས་པ་ལ་ལྭ་པ་བཅོལ་ནས་བྱོན་པས། ཕྲ་མེན་མཚན་པ་དེ་རྣམས་ཀྱིས་བྲོས་ཏེ། རྫས་ལ་ནུས་པ་ཡོད་པ་ཡིན་པས་འདིའི་ལྭ་པ་བཟའ་དགོས་ཟེར་ནས་ཟོས་ལྷག་མ་མེ་ལ་བསྲེགས་པ་དང། སློབ ་དཔོན་ལོག་ནས་འོངས་ཏེ་ཕྲ་མེན་མ་ཀུན་ལ་དའི་ལ་བ་བཅོལ་བ་བྱིན་ཅིག་གསུངས་ནས། ཕྲ་མེན་མས་ལྭ་བ་གཞན་ཞིག་བྱིན་པ་ན། ང་རང་གི་ལྭ་བ་དགོས་གསུང་པས། ཕྲ་མེན་མས་གསེར་ལ་སོགས་པའི་བསླུས་མ་གཏད་ཀྱང་མ་བཞེད་ནས། སློབ་དཔོན་གྱིས་རྒྱལ ་པོའི་གམ་དུ་བྱོན་ནས་འདི་སྐད་དུ། ཁྱོད་རྒྱལ་པོ་ཡིན་ན་ཆོམ་རྐུན་ལ་སོགས་པ་མི་བསྲུང་བ་ཅི་ཙུག་ཡིན་གསུངས་པས། རྒྱལ་པོ་ན་རེ། ཆོམ་རྐུན་གྱིས་སུ་བཅོམ་ཟེར་བ་ལ། སློབ་དཔོན་གྱིས་ཁྱེད་ཀྱི་ཕྲ་མེན་མ་ཀུན་གྱིས་ངའི་ལྭ་བ་ཁྱེར་ཟེར། རྒྱལ་པོས་ཕྲ་མེན་མ་ཀུན ་བཀུག་ནས་རྣལ་འབྱོར་པའི་ལྭ་བ་བྱིན་ཅིག་བྱས་ཀྱང་བདག་ལ་མེད་ཟེར་ནས་མ་བྱིན་པ་དང། སློབ་དཔོན་ཏ་ལ་རྩེ་ཕུག་ཏུ་བྱོན་ནས་སྒྲུབས་པ་བྱས། མཁའ་འགྲོ་མ་ལ་གཏོར་མ་བཏང་བ་དང། ཕྲ་མེན་དུམ་བུ་ཅིག་གིས་ཕུག་གི་ཆུ་སྐམས་པ་ན། སློབ་དཔོན་གྱི་སའི་ལྷ་མོ ་ཆུ་ཐོན་ཅིག་གསུངས་པས་ཆུ་བྱུང་ངོ། །དེ་ནས་ཕྲ་མེན་ཀུན་འདུས་ཏེ་གླིང་བཞི་རི་རབ་དང་བཅས་པ་ན་གནས་པའི་ཕྲ་མེན་མ་ཀུན་ཀྱང་ཐམས་ཅད་སྦྲན་ནས་འོངས་པ་དང། སློབ་དཔོན་གྱི་ཐམས་ཅད་ལུག་ཏུ་བྱས་ཏེ་བོར་བས་རྒྱལ་མོ་ལ་སོགས་པ་ཀུན་ལུག་ཏུ་སོང ་བས་ཧ་ལས་ཏེ། སློབ་དཔོན་ལ་གསོལ་བ་བཏབ་པ་དང། སློབ་དཔོན་གྱིས་ལུག་ཐམས་ཅད་ཀྱི་མགོ་བོའི་སྤུ་བྲེགས?་ནས་བཏང་བས། བུད་མེད་ཐམས་ཅད་སྒྲ་ཕྲེགས་པ་ཤ་སྟག་ཏུ་སོང་ནས་ཐམས་ཅད་དུ་ཡིན་འདུག་གོ་།ཡང་དེ་ཉིད་དུ་བཞུགས་པ་ལ། འདོད་ཁམས ་ཀྱི་ལྷ་རྣམས་ཀྱིས་བྲག་བཅད་དེ་བཀྲོད་བར་བྱས་པ་ལ། ཡར་ལ་སྡིགས་འཛུབ་མཛད་པས་བྲག་ནམ་མཁའ་ལ་ལེ་རེ་ཆད་པ་ད་དུང་ཡང་ཡོད་དོ། །དེར་རྒྱལ་པོས་ཀྱང་ཕྲ་མེན་མ་འདི་ཙམ་གྱིས་མི་གཅིག་མི་ཐུབ་པ་ཅི་ཉེས། ད་བཟོད་པ་ཕུལ་ལ་དམ་ལ་གནས་པར་གྱིས་བྱས་ཀྱང ་མཉན་པ་ན། བླ་མས་ཕྲ་མེན་མ་རྣམས་སྟར་ལ་རྒྱུས་ཏེ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་གཏོད་པ་འམ། ངའི་བསྟན་པ་ལ་ཞུགས་ནས་དམ་ལ་གནས་པར་བྱེད་གསུངས་པས། ཕྲ་མེན་མ་ཀུན་སློབ་དཔོན་གྱི་ནུས་པ་ལ་འཇིགས་ནས་སྐྱབས་སུ་སོང་ཞིང་དམ་ལ་གནས་པར་མཛད་དོ། ་དེ་ནས་ཕྲ་མེན་མ་དག་གིས་ཟོས་པའི་ལྭ་པ་ཀུན་སྒྱུགས་ཏེ། སློབ་དཔོན་གྱིས་ལྭ་བའི་དུམ་བུ་ཀུན་བསྡུས་ནས་སྒྲིགས་པས་སྔ་མ་ལས་བག་ཙམ་ཐུང་བ་ཞིག་བྱུང་བ་བསྣམས་ནས་གཤེགས། མཚན་དུ་ཡང་ཀམྦྷ་ལ་ཞེས་པ་འམ། ལྭ་བ་ཞེས་གྲགས་ཏེ་ལོ་དཔག་ཏུ་མེད ་པར་འགྲོ་དོན་མཛད་ནས་ལུས་དེ་ཉིད་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀམྦྷ་ལའི་ལོ་རྒྱུས་རྫོགས་སོ།། །། *། (།དིངཀ་བའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་དིངཀ་པའི་ལོ་རྒྱུས་ནི། རིགས་བྲམ་ཟེ། ཡུལ་ས་ལི་པུ་ཏྲའི་རྒྱལ་པོ་ཨིནྡྲ་པ་ལ་བྱ་བའི་བློན་པོ་ཡིན་ལ། ་རྒྱལ་པོ་དེ་འཁོར་བ་ལ་སྐྱོ་བ་སྐྱེས་ནས་བྱོན་པོ་དེ་དང་གཉིས་ཀ་དུར་ཁྲོད་ན་ལཱུ་ཡི་པ་བཞུགས་པའི་གནས་སུ་ཕྱིན་ནས་སྒོ་བརྡུངས་པ་ན། སློབ་དཔོན་གྱིས་སུ་ཡིན་གསུངས་པ་དང། བདག་རྒྱལ་པོ་དང་བློན་པོ་ཡིན་ཞེས་སྨྲས་པ་དང། འོ་ན་ནང་དུ་ཤོག་སྨྲས་པས། དེ་གཉིས་ལ་སློབ ་དཔོན་གྱིས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་སྟེ། དབང་ཡོན་དུ་ཁོ་རང་གཉིས་ཀྱི་ལུས་ཕུལ་ནས། གཞན་གྱི་ཡུལ་ཨཽ་དེ་ཤར་ཕྱིན་པ་དང། དེར་དཔོན་སློབ་གསུམ་གྱིས་བསོད་སྙོམས་བྱེད་ཅིང་སྡད། དེ་ནས་རྒྱལ་བུ་གཙོངས་པ་སོགས་དཱ་རི་ཀ་པའི ་རྣམ་ཐར་དུ་གསལ་ལ། སློབ་དཔོན་ལཱུ་ཡི་པ་དང་བྲམ་ཟེ་བློན་པོ་གཉིས་ཀྱི་ཛ་ཡི་ན་ཏ་པུ་རར། ནང་པའི་རཱ་ཛའི་རྩར་ཞག་བདུན་ནས་ཏོལ་ཏེ། དེ་ཆང་ཚོང་མ་ཡོད་པའི་གན་དུ་ཕྱིན་ནས། ཆང་འཚོང་གཙོ་མོའི་སྒོ་བཙལ་ནས། ཁྱེད་ཀྱིས་གཙོ་མོ་མི་ཉོ་འམ་ཞེས་སྨྲས་པ ་དང། དེས་ནང་དུ་སྨྲས་པ་ན་ཉོ་ཟེར་ཞིང་རིན་ཅི་དགོས་ཟེར་བ། སློབ་དཔོན་གྱིས་གསེར་ཏོ་ལོ་སུམ་བརྒྱ་དགོས་གསུངས་པས། དེས་ཀྱང་དེ་བཞིན་དུ་བྱས་ཏེ་བྲམ་ཟེའི་བུ་དེ་ཁྱེར་རོ། །རྩིགས་སུ་ཁོ་རང་ཅིག་པུར་ཉལ་དུ་ཆུག་ལ་རིན་ཁོར་བ་དང་ཐོང ་ཞིག་གསུངས་ནས་སློབ་དཔོན་གཤེགས་སོ། །དེ་ནས་སློབ་དཔོན་བྲམ་ཟེ་དེས་ཆང་འཚོང་བའི་ལས་ཁྱད་པར་ཅན་བྱས་པས་དགའ་སྟེ་གཙོ་འཁོར་ཀུན་ངོ་བོ་ཞེས་ཟེར་རོ། །དེ་ནས་ཞག་ཅིག་གི་ཚེ་ཉིན་པར་ལས་བྱས་ནས་ཟས་མ་དགུགས་པར་མཚན་མོ་སྐྱེད་མོས ་ཚལ་དུ་ཉལ་དུ་ཕྱིན་པ་ན། ཆང་འཚོང་མས་ཟས་མ་བྱིན་པ་དེ་མཚན་མོ་དྲན་ནས་སྐྱེལ་དུ་བཏང་བ་ན། བྲམ་ཟེའི་བུ་དེ་ལ་བུ་མོ་བཅོ་ལྔ་ཙམ་གྱིས་བསྙེན་བཀུར་ནི་བྱེད། རང་ཉིད་ཀྱི་ལུས་ཀྱི་སྣང་བ་ལ་འདུག་པ་མཐོང་ནས། དེས་ཆང་འཚོང་མ་ལ་སྙད་པས ་དེ་འགྱོད་པ་སྐྱེས་ཏེ། བློན་པོ་ལ་ཁྱེད་བདག་ཅག་གིས་ལོ་བཅུ་གཉིས་སུ་བཀོལ་བའི་སྡིག་པ་བདག་ལ་ཡོད་པས་དེའི་དོན་དུ་ལོ་བཅུ་གཉིས་སུ་བདག་གི་མཆོད་གནས་མཛོད་ཅིག་།བདག་བསྙེན་བཀུར་བྱེད་པ་ལགས་ཞེས་ཞུས་པས་དེ་མ་བཞེད་དེ། ཆང་འཚོང་མ་ལ ་སོགས་པ་ཛ་ཡི་ན་ཏྲ་པུ་རའི་སྐྱེ?་པོའི་ཚོགས་ཐམས་ཅད་ལ་ཆོས་བཤད་ནས་གདམས་ངག་ལོག་ཏེ། འཁོར་བདུན་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་ལ། མཚན་ནི་འབྲས་བརྡུང་བའི་ལས་བྱེད་པས་དིངཀ་བ་ཞེས་གྲགས་ལ། དེས་ཚིགས་སུ་བཅད་པ ་གསུངས་པ། རིག་བྱེད་བདེན?་པའི་དེངཀ་པ། །འབྲས་བརྡུང་པ་ཡིན་བསམ་གཏན་ཅན། །རྟུན་དུ་འབྲས་ནི་ལེགས་པར་རྡུངས། །ཕྱག་མས་མཐོར་པ་བསྡུད་པར་བྱེད། །བླ་མའི་གདམས་པས་འབྲས་དག་བརྡུངས། །ནག་པོ་ཡི་ནི་འབྲས་དག་བརྡུངས། །དང་པོ་དགེ ་པས་སྡིག་པ་བརྡུངས། །རྡོ་རྗེ་རིགས་པའི་མཐོ་བ་ཡིས། །ཟེར?་ནི་ཟླ་བ་ཉི་མ་ཡིན། །རྒྱན?་ཁུ?་ཆོས་ཉིད་སྟོང་པ་རུ། །སྤང་བླངས་གཉིས་སུ་མེད་པར་བརྡུངས། །ཧཱུཾ་སྒས་རྣམ་རྟོག་ཞོ་བཀྲོགས་པས། །བདེ་བ་ཆེན་པོའི་མར་དག་འབྱུང། །རོ་ནི་གཉིས་སུ་མེད་པར་མྱོར། ། ་ཅེས་གསུངས་སོ། །དིངཀ་པ་འཆང་འཚོང་མ་ལ་འཚོང་པའི་འགྲོ?་བ་ནི། བྲམ་ཟེ་རྟོག་པ་ཆེ་བ་དེ་ཆང་འཚོང་གིས་ཉམས་འགྲོ་བས། རིགས་ཀྱི་ང་རྒྱལ་བཅོག་པའི་ཕྱིར་དེར་གཙོངས་པ་ཡིན་ནོ། །ཅེས་གསུངས། གུ་རུ་དིངཀ་པའི་ལོ་རྒྱུས་རྫོགས་སོ།། །། ་*། (།བྷནདྷ?་པའི་ལོ་རྒྱུས་བཞུགས་སོ།། །གུ་རུ་བྷནདྷེ་པའི་ལོ་རྒྱུས་ནི། བྷེནདྷེ་ནི་ནོར་ལྷ་འཛིན་པ་བྱ་བ་ཡིན་ལ། དེའི་ཡུལ་ནི་མཉན་ཡོད། རིགས་ནི་ལྷ་བྲིས། བླ་མ་ནི་སློབ་དཔོན་ནག་པོ་སྤྱོད་པ་ཡིན་ནོ། །བྷནདྷེ་པ་ནམ་མཁའ་ལ་གནས་པ་ན། དུས་ཅིག་འཕགས་པ་དགྲ ་བཅོམ་པ་ཞིག་ཆོས་གོས་དང་ལྷུང་བཟེད་ལ་པར་བསིལ་དང་བཅས་པ་འོད་དང་གཟི་བརྗིད་དང་ལྡན་པ་ཅིག་ནམ་མཁའ་ལ་གཤེགས་པ་མཐོང་ནས། ངོ་མཚར་སྐྱེས་ཏེ་བི་ཤྭ་ཀརྨ་ལ་དྲིས་པས། རྗེའི་སྲས་འདི་འདྲ་བའི་ངོ་མཚར་ཅན་མཁའ་ལ་རྒྱུ་བ་འདི་ཅི་ལགས་སྨྲས་པས། ་བི་ཤྭ་ཀརྨ་ན་རེ། འདི་ནི་ཉོན་མོངས་པ་སྤངས་པའི་འཕགས་པ་དགྲ་བཅོམ་པ་ཡིན་ཟེར་བས། བྷནདྷེ་པས་ཀྱང་དེ་འདྲ་བ་ཐོབ་པར་འདོད་ནས་འཛམ་བུའི་གླིང་དུ་སླར་འོངས་ནས། སློབ་དཔོན་ནག་པོ་སྤྱོད་པ་ལ་ཆོས་ཞུས་པས། ནག་པོ་སྤྱོད་པས་གསང་བ་འདུས་པར་དབང་བསྐུར ་སྟེ། རྣལ་འབྱོར་བསྲུང་བའི་ཐབས་ཚད་མེད་པ་བཞིའི་གདམ་ངག་བྱིན་ནས། སྙིང་རྗེ་ལྟ་བ། དགའ་བ་སྒོམ་པ། བྱམས་པ་སྤྱོད་པ། བཏང་སྙོམས་འབྲས་བུར་བསྒོམས་པས། ཕྱིན་ཅི་ལོག་གི་འཁྲུལ་པའི་དུག་ཐམས་ཅད་དག་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ ་ཏེ་ཕྱོགས་མཚམས་ཐམས་ཅད་དུ་རྣལ་འབྱོར་པ་བྷནདྷེ་པ་ཞེས་བྱ་བར་གྲགས་ཏེ། དེ་ལ་བི་ཤྭ་ཀརྨས་ཅི་བྱས་དྲིས་པས། དེའི་ཞལ་ནས། དམིགས་པ་མེད་པའི་ལྟ་བ་དང། རྒྱུན་ཆད་མེད་པའི་སྒོམ་པ་དང། །ཕ་མ་ལྟ་བུའི་སྤྱོད་པ་དང། །ནམ་མཁའ་ལྟ་བུའི་འབྲས་བུ ་བཞི། །ཐ་དད་མེད་པར་མངོན་དུ་མཐོང། །མངོན་པར་ཞེན་པ་ག་ལ་གྲུབ། །ེ་མ་བླ་མ་ངོ་མཚར་ཆེ། །མཁས་པས་རྟག་ཏུ་བསྟེན་པར་བགྱི། །ཅེས་གསུངས་ནས་མཉན་ཡོད་ལ་སོགས་པའི་གྲོང་ཁྱེར་ཆེན་པོ་དྲུག་ཏུ་ལོ་བཞི་བརྒྱའི་བར་དུ་འགྲོ་དོན་བསམ་གྱིས ་མི་ཁྱབ་པ་མཛད་དེ། འཁོར་བཞི་བརྒྱ་དང་བཅས་པ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་བྷནདྷེ་པའི་ལོ་རྒྱུས་རྫོགས་སོ།། །།ཏནདྷེ་པའི་ལོ་རྒྱུས་བཞུགས་སོ།། །གུ་རུ་ཏནདྷེ་པའི་ལོ་རྒྱུས་ནི། ཏནདྷེ་པ་བྱ་བ་ཆོ་ལོ་པ་བྱ་བ་ཡིན་ལ ་ཡུལ་ཀཽ་ཤནྟི་བྱ་བར་དམང་རིགས་ཀྱི་གང་ཟག་ཅིག་དུས་རྟག་ཏུ་ཆོ་ལོ་རྩེ་བས་ཟས་ནོར་ཐམས་ཅད་ཟད་ནས་མེད་ཀྱང། །གོམས་པའི་སྟོབས་ཀྱིས་ཡང་ཆོ་ལོ་བརྩེས་བས། བཅལ་རྒྱུ་ཅི་ཡང་མེད་པས་མི་ཀུན་གྱིས་དེ་བརྡུངས་པ་ན། སྐྱོ་བ་སྐྱེས་ཏེ་དུར་ཁྲོད་དུ་ཕྱིན ་བ་ནས་འདུག་པ་དང། དེར་རྣལ་འབྱོར་པ་ཞིག་བྱོན་ནས་ཁྱོད་འདི་ན་ཅི་བྱེད་གསུངས་བས། དེ་ན་རེ། བདག་ཆོ་ལོ་ལ་དགའ་བས་ནོར་རྫས་ཐམས་ཅད་ཤོར་སྟེ་ལུས་སེམས་སྡུག་བསྔལ་གྱིས་བརྡུངས་པས་འདི་ན་འདུག་གིན་གདའ་ཞེས་ཞུས་པས། རྣལ་འབྱོར་པས ་ཁྱོད་ཆོས་མི་བྱེད་དམ་བྱས་པས། དེ་ན་རེ། ཆོ་ལོ་སྤོང་བར་མི་ནུས་པས། དེ་མ་སྤངས་བར་ཆོས་བྱར་ཡོད་ན་བདག་བྱེད་ལགས་ཞུས་པས། རྣལ་འབྱོར་པས་དེ་ཡོད་གསུངས་ནས། དེ་ལ་དབང་བསྐུར། གདམ་ངག་ཏུ། ཆོ་ལོ་ནོར་རྫས་ཟད་ནས་སྟོང་པར ་སོང་བ་བཞིན་དུ་ཁམས་གསུམ་ཐམས་ཅད་སྟོང་པར་སོང་བར་བསྒོམས་ལ། ཁམས་གསུམ་སྟོང་པ་བཞིན་སེམས་ཉིད་ཀྱང་སྟོང་པར་སྒོམ་ཤིག་།ཅེས་དང། ཆོ་ལོ་ནོར་རྫས་རྣམས་ཟད་པ་ལྟར། རིག་པའི་ཆོ་ལོས་ཁམས་གསུམ་གྱི་རྣམ་རྟོག་ཐམས་ཅད་ཟད་པར ་གྱིས། དེ་ཡི་བདག་ཉིད་གདུང་བ་ལྟར། །རྣམ་རྟོག་ཆོས་སྐུར་བརྡུང་བར་བྱ། །དུར་ཁྲོད་དབེན་པར་ཉལ་པ་ལྟར། །བདེ་ཆེན་ཀློང་དུ་ཉལ་བར་བྱ། ཞེས་བསྟན་པ་བཞིན་སྒོམས་པས། ཁམས་གསུམ་གྱི་རྟོག་བ་ཆོས་ཉིད་དུ་ནུབ་།དེ་ལྟར་རྟོགས་པའི་རིག་པ་དེ ་ཡང་རང་བཞིན་མེད་པར་གྱུར་ཏེ། ཕྱག་རྒྱ་ཆེན་པོའི་འབྲས་བུ་ཐོབ་ནས་དེས་གསུངས་པ། དང་པོ་སྐྱོ་བ་མ་སྐྱེས་ན། །ཐར་པའི་ལམ་དུ་ག་ལ་འཇུག་།དད་བས་བླ་མ་མ་བརྟེན་པར། །དངོས་གྲུབ་དམ་པ་གང་ལ་འཇུག་།ཅེས་གསུངས་ཏེ་ནམ་མཁའ་ལ་འཕགས ་ནས། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་ཀྱི་གནས་སུ་གཤེགས་སོ། །གུ་རུ་ཏནདྷེ་པའི་ལོ་རྒྱུས་རྫོགས་སོ།། །། *། །ཀུཀྐུ་རི་པའི་ལོ་རྒྱུས་བཞུགས་སོ།། །གུ་རུ་ཀུཀྐུ་རི་པའི་ལོ་རྒྱུས་ནི། ཡུལ་ཀ་པི་ལ་ས་ཀྲུ་ན་ཡོད་པའི་བྲམ་ཟེ་ཞིག་སྔགས་ལ་དད་པ་སྐྱེས་ཏེ། རྣལ ་འབྱོར་གྱི་སྤྱོད་པ་མཛད་ཅིང་མཐར་གྱིས་ལྡོམ་བུ་ལ་བྱོན་པ་ན། ལུམྦི་ནིའི་གྲོང་ཁྱེར་དུ་བྱོན་པའི་ལམ་ཁ་ན། ཁྱི་ཁུ་མོ་ལྟོ་ཐེག་པ་ཞིག་འདུག་པས། དེ་ལ་བྱམས་པ་སྐྱེས་ནས་དེ་ཁྱེར་དེ་གྲོང་ཁྱེར་དུ་བྱོན་པ་ཕྱོགས་བཞིར་གཟིགས་པས། ཕྱོགས་ཅིག་ན་བྲག་ཕུག ་སྟོང་པ་ཅིག་འདུག་པས། དེར་ཁྱི་ཁུ་བོར་སྟེ་བསོད་སྙོམས་བླངས་ཀྱིན་དེར་བསྒྲུབ་པས་ལོ་བཅུ་གཉིས་ན་འཇིག་རྟེན་པའི་དངོས་གྲུབ་མངོན་ཤེས་ལ་སོགས་པ་ཐོབ་པས། སུམ་ཅུ་རྩ་གསུམ་པ་ལ་སོགས་པའི་ལྷ་རྣམས་ཀྱིས་སྤྱན་དྲངས་ཏེ་བྱོན་པའི་རྗེས་སུ་ཁྱི་ཁུ་ཕུག་ཉིད ་དུ་ལུས་པས། མི་མེད་པར་ཁྱི་ཁུས་ས་བྲུས་པས་ཆུ་དང་བཟའ་བ་ལ་སོགས་པ་བྱུང་བ་ཟ་ཞིང་དེར་བསྡད་བ་དང། རྣལ་འབྱོར་པ་དེ་ལ་ལྷ་རྣམས་ཀྱིས་མཆོད་པ་རྒྱ་ཆེན་པོ་བྱས་པ་ན། རྣལ་འབྱོར་པས་སྔར་གྱི་ཁྱི་ཁུ་དྲན་ཏེ་ལོག་པར་རྩམས་པ་ལས་ལྷ་རྣམས་ན ་རེ། ཡོན་ཏན་འདི་ཙམ་ཐོབ་ཀྱང་ཁྱི་ཁུ་འདྲ་བའི་རྟོག་པ་མཆོད་པ་འདི་མ་ལེགས་པས། འདི་ཉིད་དུ་བཞུགས་བར་ཞུ་ཞེས་ཡང་ཡང་བཀག་པ་ན། དུས་ཅིག་གི་ཚེ་མ་གསན་པར་བྲག་ཕུག་ཏུ་ལོག་ནས་བྱོན་ཏེ་ཁྱི་ཁུ་ལ་བྱིལ་བྱིལ་མཛད་པས། དེ་མཁའ་འགྲོ་མར ་སོང་ནས་དེའི་ཞལ་ནས། ལེགས་སོ་ལེགས་སོ་རིགས་ཅན་ཁྱོད། །བར་ཆད་དབང་དུ་མ་སོང་སྟེ། །དངོས་གྲུབ་དམ་པ་ལན་དུ་འོངས། །སྔ་མའི་དངོས་གྲུབ་བརྫུན་པ་སྟེ། །ལོག་པར་བལྟ་བ་དག་ལ་ཡོད། །ངོ་མཚར་མིན་སྟེ་འགྱུར་བ་ཅན། །ཟག་མེད་བདེ་ཆེན ་མཆོག་ཉིད་ཀྱི། །དངོས་གྲུབ་དམ་པ་མ་ཡིས་སྟེར། །ཞེས་གསུང་ཞིང་ཐབས་ཤེས་ཟུང་འཇུག་གི་བརྡ་བསྟན་པས། འགྱུར་མེད་ལྟ་བ་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེས་ཤིང། དངོས་གྲུབ་མཆོག་ཐོབ་པས། དེ་མན་ཆད་ལུམྦི་ན་ལ་སོགས་པ་ཐམས་ཅད་དུ ་བླ་མ་ཀུཀྐུ་རི་བ་ཞེས་བྱ་བར་གྲགས་ཤིང་འགྲོ་དོན་མང་དུ་མཛད་ནས་གྲོང་ཁྱེར་ཀ་པི་ས་ལ་ཀྲུའི་སྐྱེ་བོའི་ཚོགས་དང་བཅས་པ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀུཀྐུ་རི་བའི་ལོ་རྒྱུས་རྫོགས་སོ།། །། ་ཀུ་ཙི་བའི་ལོ་རྒྱུས་བཞུགས་སོ།། །གུ་རུ་ཀུ་ཙི་བའི་ལོ་རྒྱུས་ནི། ཀུ་ཙི་བ་བྱ་བ་ལྟག་ལྦ་ཅན་ཏེ། ཡུལ་ཀ་རི་བྱ་བར་དམར་རིགས་ཀྱི་གང་ཟག་ཅིག་ཞིང་ལས་ཀྱིས་འཚོ་བར་བྱེད་པ་ན། དུས་གཅིག་གི་ཚེ་དེ་ལ་སྔོན་ལས་ཀྱིས་ལྟག་པར་ལྦ་བ་ཞིག་སྐྱེས་ནས། དེ་ཇེ་ཆེར་གྱུར་ཏེ་འགྲོ ་བ་ལ་སོགས་པའང་མི་ཤེས་བར། དེ་སྡུག་བསྔལ་ནས་ཕྱོགས་དབེན་བ་ཞིག་ཏུ་ཉལ་ནས་སྡད་བའི་ཚེ། དེར་འཕགས་པ་ཀླུ་སྒྲུབ་བྱོན་པས་དེ་ལ་དད་པ་སྐྱེས་ནས་ཐལ་མོ་སྦྱར་ནས། ཨེ་མ་འཕགས་པ་གང་ནས་བྱོན། །བདག་ནི་ལས་ངན་གྱིས་མནར་བས། །སྡུག ་བསྔལ་བཟོད་དཀའ་འདི་འདྲ་ན་།ཐར་པའི་ཐབས་ཞིག་བདག་ལ་རྩོལ། །ཞེས་ཞུས་བས། འཕགས་པས། དེ་ལས་ཐར་པའི་ཐབས་ཡོད་བརྩོན་པར་སྒྲུབ་ནུས་སམ། ནུབ་ན་སྡུག་བསྔལ་ཀུན་དྲུངས་ནས་འབྱིན་ཅིང་བདེ་བར་འགྲོ་བའི་ཐབས་ཡོད་དེ་གསུངས་པས། ་དེ་ན་རེ། འཕགས་བ། བརྩོན་བར་སྒྲུབ་ཅིས་ཏེ་མི་ནུས་ན། ནུས་ལགས་ཟེར་བས། དེ་གསང་པ་འདུས་པར་དབང་བསྐུར་ནས། སྡུག་བསྔལ་ལམ་ཁྱེད་གྱི་ཚེས་བསྐྱེད་རྫོགས་ཀྱི་གདམ་ངག་འདི་ལྟར་གནང་སྟེ། དེ་ཡང་བསྐྱེད་རིམས་ཀྱི་དམིགས་པར་ལྟག་པའི་ལྦ ་བ་དེ་ཇེ་ཆེར་བསྒོམས་ཤིག་གསུངས་ནས། དེས་ཀྱང་དེ་ལྟར་བསྒོམས་པས་ལྦ་བ་དེ་སྔར་བས་ཇེ་ཆེར་སོང་བས་སྡུག་བསྔལ་བ་ན། སླར་འཕགས་པས་བྱོན་ནས་བདེ་འམ་གསུངས་པས། ཤིན་ཏུ་སྡུག་བསྔལ་བར་གདའ་ཞུས་པས། རྫོགས་རིམས་ཀྱི་དམིགས་པ་ལྟར ་དེར་ཆོས་ཐམས་ཅད་འདུས་པར་བསྒོམས་ཤིག་གསུངས་བས། དེ་ལྟར་བསྒོམས་པ་ན་ལྦ་བཞེད་པར་སོང་ནས་བདེ་བ་ན། ཡང་འཕགས་པ་བྱོན་ནས་བདེའམ་གསུངས་བས། བདེ་ལགས་ཞུས་པས། དེ་ལ་གདམས་བ། ཡོད་དང་མེད་ལས་བདེ་སྡུག་འབྱུང། །མཛའ་ ་གཉིས་རྟག་པ་དང་བྲལ་ན། །བདེ་དང་སྡུག་བསྔལ་ག་ལ་ཡོད། །ཆོས་རྣམས་རང་རང་ངོ་བོས་སྟོང། །ཅེས་གསུངས་པས། དེས་ལེགས་པར་རྟོགས་ཏེ། དམིགས་མེད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས། དེས་ཀ་ཧ་རི་ལ་སོགས་པར་ལོ་བདུན་བརྒྱའི་བར་དུ་འགྲོ་དོན་མཛད་དེ། ་ཀུ་ཙི་བ་ཞེས་གྲགས་ལ་འཁོར་བདུན་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀུ་ཙི་བའི་ལོ་རྒྱུས་རྫོགས་སོ།། །། *། །དྷ་མ་པའི་ལོ་རྒྱུས་བཞུགས་སོ།། །གུ་རུ་དྷ་མ་པའི་ལོ་རྒྱུས་ནི། དྷ་མ་པ་སྟེ་ཐོས་པའི་ཤེས་རབ་བྱ་བ་ཡིན་ལ། ཡུལ་བི་ཀྲ་མ་སུ་ར ་ན། བྲམ་ཟེ་ཞིག་དུས་རྟག་ཏུ་ཐོས་པ་ལ་བརྩོན་པར་གནས་ཀྱང། བསམ་པ་དང་བསྒོམས་པའི་ཤེས་རབ་མེད་པ་ལ། དུས་ཅིག་གི་ཚེ་རྣལ་འབྱོར་བ་ཅིག་བྱོན་ནས། ཐོས་པ་མང་དུ་བྱས་པས་བློ་ལ་ཆོས་མང་དུ་ཡོད་དམ་གསུངས་བས། དེ་ན་རེ་རྣལ་འབྱོར་པ་བདག་གིས ་ཆོས་མང་དུ་ཐོས་ཀྱང་ཐོས་མ་ཐག་ཏུ་བརྗེད་པ་དང། མི་རྗེད་བའི་གདམས་པ་ཅིག་ཞུ་འཚལ་ཟེར་བ་ལ། རུང་གསུང་ནས་བྱིན་རླབས་འཕོ་བའི་དབང་བསྐུར་ནས། དུ་མ་རོ་གཅིག་གི་གདམས་པ་འདི་གནང་ངོ། །རིན་ཆེན་ཕྱེ་མ་དུ་མ་རྣམས། །མགར་གྱིས་ལེགས་བར་ཅིག་ཏུ ་འགྱུར། །དེ་བཞིན་ཐོས་པ་སྣ་ཚོགས་ཀྱང། །སེམས་ཉིད་དབྱིངས་སུ་གཞུ་བར་བགྱི། །ཞེས་གསུངས་པའི་དོན་གོ་ནས། ཐོས་པའི་ཆོས་རྣམས་སེམས་ཉིད་དུ་མ་རོ་ཅིག་ཏུ་རྟོགས་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས། དྷ་མ་པ་ཞེས་གྲགས་ལ། གདུལ་བྱ་མང་པོ ་ཐར་ལམ་ལ་བཀོད་ནས། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་དྷ་མ་པའི་ལོ་རྒྱུས་རྫོགས་སོ།། །། *། །གུ་རུ་མ་ཧི་པའི་ལོ་རྒྱུས་ནི། མ་ཧི་པ་སྟེ་ང་རྒྱལ་ཅན་ནོ། །དེ་ཡང་ཡུལ་མ་གྷ་དྷ་ན། དམང་རིགས་ཀྱི་གང་ཟག་ལུས་སྟོབས་ཤེད ་ཆེ་བ་ཞིག་གནས་པ་དེ་ངས་མི་ཐུབ་པའི་མི་འམ། སྲོག་ཆགས་གང་ཡང་མེད་སྙམ་དུ་ང་རྒྱལ་གྱིས་དུས་རྟག་ཏུ་ནོན་ནས་འདུག་པའི་གམ་དུ་རྣལ་འབྱོར་པ་ཅིག་བྱོན་ནས་དེ་ལ་ལྟ་སྟེ། ཁྱོད་ཅི་སེམས་ཞིང་འདུག་གསུངས་བས། ཅི་ཡང་སེམས་པ་མེད་ཟེར་བས། འོ་ན ་ངས་མི་ཐུབ་བ་ཅི་ཡང་མེད་སྙམ་པ་དེ་ཅི་ཡིན་གསུངས་པས། དེ་དད་ནས། ན་མོ། ཞེས་ཕྱག་བྱས་པའི་ཚེ། ང་རྒྱལ་གྱི་དྲི་མ་དག་པར་གྱུར་ཅིག་གསུངས་པས། དེ་ན་རེ་བདག་ལ་ཆོས་ཅིག་ཞུ་ཟེར་བས་རུང་གསུངས་ཏེ། བྱིན་རླབས་འཕོ་བའི་དབང་བསྐུར ་མཛད་ནས། སྣང་བ་སེམས་སུ་ཤེས་བྱས་ནས། །སེམས་ཉིད་སྟོང་བ་སྐྱེ་འགག་མེད། །དེ་ལ་མ་ཡེངས་བསྒོམ་པ་ཡིན། །ཀློང་དུ་གྱུར་ན་འབྲས་བུའོ། །གསུངས་བས། དེ་མ་གོ་ལགས་ཞུས་པས། ཡང། ཁྱོད་ནི་སྟོབས་ཅན་ཉིད་ཡིན་བས། །ཁྱོད་ཀྱིས་མི་ཐུབ་གང ་ཡང་མེད། །སྣང་བ་རླུང་དང་ཤེས་པ་གསུམ། །ནམ་མཁའ་ཨི་དབྱིངས་སུ་གཟུང་བར་བྱའོ། །ཞེས་འགལ་བ་ལམ་ཁྱེར་གྱི་གདམས་པ་བསྟན་པས། དེས་ཀྱང་ཅི་དཀའ་སྙམ་ནས་གཟུང་བས། གཟུང་བའི་ཡུལ་མ་རྙེད་ཅིང་འཛིན་པའི་ཤེས་བ་སྟོར་ནས་ནམ་མཁའ་ཨི་དབྱིངས་ལྟར ་སྟོང་བས་གྲུབ་པ་ཐོབ་སྟེ། ཡུལ་མ་གྷ་དྷ་ལ་སོགས་པར་ལོ་སུམ་བརྒྱའི་བར་དུ་གདུལ་བྱ་དཔག་ཏུ་མེད་པ་ལ་གནས་ལུགས་དངོས་མེད་སྟོབས་ལྡན་གྱི་གདམས་པ་གནང་ནས། འཁོར་ཉིས་བརྒྱ་ལྔ་བཅུ་རྩ་གཅིག་དང་བཅས་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། ། ་གུ་རུ་མ་ཧི་པའི་ལོ་རྒྱུས་རྫོགས་སོ།། །། ཙིནདྷི་ལོ་རྒྱུས་བཞུགས་སོ།། །གུ་རུ་ཨ་ཙིནདྷའི་ལོ་རྒྱུས་ནི། ཨ་ཙིནདྷི་ནི་དྲན་པ་མེད་པ་བྱ་བ་ཡིན་ལ། ཡུལ་ནི་དྷ་ནི་རུ་པ་ཡིན་ཞིང། རིགས་ནི་ཤིང་འཚོང་བའི་རིགས་ཡིན་ནོ། །དེ་ཡང་ཤིན་ཏུ་དབུལ་ཞིང། ་འཕོངས་པ་ཡིན་ལ། ཉིན་མཚན་དུ་ནོར་རྫས་ལ་སྲེད་པས། འཇིག་རྟེན་གྱི་རྣམ་རྟོག་གཞན་གང་ཡང་དྲན་པ་མེད་པར་ནོར་རྫས་འབའ་ཞིག་ཏུ་འདོད་པས་གདུངས་ཏེ་དབེན་པ་ཞིག་འདུག་པ་དང། དེའི་གམ་དུ་རྣལ་འབྱོར་པ་ཀམྦྷ་ལ་སྟེ་ལྟ་བ་བྱོན་ནས། ཁྱོད་དབེན་པ་ན ་ལུས་ངག་དབེན་པར་འདུག་སྟེ་ཅི་སམས་ཀྱིན་འདུག་གསུངས་པས། དེ་ན་རེ། རྣལ་འབྱོར་པ་བདག་ནི་འཇིག་རྟེན་གྱི་ནོར་རྫས་སེམས་པ་ལས་གཞན་ཅི་ཡང་མི་དྲན་ལ། ནོར་སེམས་ཀྱང་ཁུགས་པ་ནི་ཅི་ཡང་མི་འདུག་ཞུས་པས། ང་ལ་ནོར་རྫས་ཁུགས་པའི་གདམས ་པ་ཡོད་དེ། ཁྱོད་ཀྱིས་སྒྲུབ་ནུས་སམ་གསུངས་བས། དེ་ན་རེ། སྒྲུབ་མི་ནུས་པའི་ཐབས་མེད་པས་ཅིས་ཀྱང་ཞུ་ཟེར་ནས། དེ་བདེ་མཆོག་ཏུ་དབང་བསྐུར། མི་ཟབ་པ་རྫོགས་པའི་རིམ་པ་འདི་གནང་སྟེ། །འདོད་པས་བརྙེད་པ་གལ་ཡོད། །མོ་ཤམ་བུ་ནི་ཇི་བཞིན་དུ། །དེས་ན ་འདོད་པའི་སེམས་སྤོངས་ལ། །རང་ལུས་ནམ་མཁའ་ཨི་ངང་ཉིད་དུ། །རང་སེམས་སྐར་མར་གསལ་བར་བསྒོམས། །དེ་ཡང་ནོར་ལྷ་ཉིད་ཡིན་པས། །མངོན་དུ་གྱུར་པ་ཉིད་ཀྱི་ཚེ། །འདོད་དགུ་མ་ལུས་འབྱུང་བར་འགྱུར། །ཞེས་གསུངས་པས། དེས་ཀྱང་དེ་བཞིན་དུ་བསྒོམས་པས།། ་ནོར་རྫས་ཀྱི་རྟོག་པ་དེ་སྐར་མའི་ངང་དུ་སྟོར། སྐར་མ་དེ་ཡང་ནམ་མཁའ་ཨི་ངང་དུ་ནུབ་ནས་རྟོག་མེད་ཀྱི་ངང་དུ་སོང་བ་ན། ཡང་བླ་མ་བྱོན་ནས་དྲིས་པས། ཅི་ཡང་མ་དམིགས་ཟེར་ནས་རྟོག་མེད་དུ་སོང་བ་ན། སླར་དེ་ལ། ནམ་མཁའ་ཨི་རང་བཞིན་ཇི་ལྟ་བུ། །ཁྱོད་ཀྱིས་ཡུལ་དུ་བྱས་སམ ་ཅི། །ཁ་དོག་དབྱིབས་སོགས་བྲལ་བ་ན། །ཅི་ལྟར་ཞེན་ཅིང་ཇི་ལྟར་སྒོམ། །གསུངས་པས་དེའི་དོན་རྟོགས་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས། བླ་མ་ཨ་ཙིནདྷར་གྲགས་ཤིང། གནས་ལུགས་ཀྱི་གདམས་པས་ལོ་སུམ་བརྒྱར་འགྲོ་དོན་མཛད་ནས། འཁོར་དཔག ་ཏུ་མེད་པ་དང་བཅས་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཨ་ཙིནདྷའི་ལོ་རྒྱུས་རྫོགས་སོ།། །། *། །བ་བྷ་ཧིའི་ལོ་རྒྱུས་བཞུགས་སོ།། །གུ་རུ་བ་བྷ་ཧིའི་ལོ་རྒྱུས་ནི། བ་བྷ་ཧིའི་དོན་ནི་ཆུ་ལ་འོ་མ་ལེན་པ་བྱ་བ་ཡིན་ལ། ཡུལ་དྷཉྫུ་ར་བྱ་བ་ན ་རྒྱལ་རིགས་ཀྱི་གང་ཟག་ཅིག་རྒྱལ་པོའི་འདོད་པའི་ཡོན་ཏན་གྱིས་མྱོས་ནས་འདུག་པ་ལ། དེའི་གམ་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་བ་ཞིག་བྱོན་ནས་ཟས་ཀྱི་བསོད་སྙོམས་མཛད་པས་བཟའ་བ་དང་བཅའ་བ་གྱ་ནོམ་པ་དྲངས་ཏེ། རྒྱལ་པོ་དད་ནས་ཆོས་གཅིག་ཞུ ་ཟེར་བ་ལ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྩ་བ་དད་པ་ཡིན་པ་དང། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་ནོ། །ཞེས་གསུངས་ཏེ་བྱིན་རླབས་འཕོ་པའི་དབང་བསྐུར་ནས། རྩ་རླུང་ཐིག་ལེའི་གདམས་པ་འདི་ལྟར་གནང་སྟེ། གཞན་ལུས་ཐབས་ལྡན་ཁྱད་པར་ཅན། །བྷ་གའི ་རྣམ་པའི་དཀྱིལ་འཁོར་དུ། །རཀྟའི་རྒྱ་མཚོ་ཆེན་པོ་ལ། །བྱང་སེམས་འོ་མ་བསྲེས་ཤིང་ལེན། །གནས་སུ་འཁྱོལ་ནས་ཁོང་དུ་གྲམ། །བདེ་བ་རྒྱུན་ཆགས་དེ་ལྟ་མིན། །བདེ་བས་བདེ་བ་འཇོམས་པ་ན། །དེ་ཡང་སྟོང་དང་དབྱེར་མེད་སྡོམ། །ཅེས ་གསུངས་པས། དེས་ཀྱང་ཉམས་སུ་བླངས་པས་ལོ་བཅུ་གཉིས་ན་མཐོང་གི་དྲི་མ་དག་ནས་དངོས་གྲུབ་ཐོབ་སྟེ། གདུལ་བྱའི་དོན་ཡང་མང་དུ་བྱས་ནས། དཔེར་ན་ངང་པའི་རྒྱལ་པོ་ཡིས། །ཆུ་ལ་འོ་མ་འབྱེད་པ་བཞིན། །?་དམ་པའི་གདམ་ངག་གིས། །བྱང་ཆུབ ་སེམས་ཀྱི་བདུད་རྩི་བླངས། །ཞེས་གསུངས་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྲོད?་དུ་གཤེགས་སོ། །གུ་རུ་བྷ་བ་ཧིའི་ལོ་རྒྱུས་རྫོགས་སོ།། །།ན་ལ་ནིའི་ལོ་རྒྱུས་བཞུགས་སོ།། །གུ་རུ་ན་ལ་ནའི་ལོ་རྒྱུས་ནི། ན་ལ་ནི་སྟེ་པདྨའི་རྩ་བ་བྱ་བའོ། །ཡུལ་ས་ལི་འུ? ་ཏྲན་རྒྱལ་རིགས་ཀྱི་གང་ཟག་ཅིག་ཤིན་ཏུ་འཕོངས་ནས་པདྨའི་རྩ་བ་མཚོ་ནས་བསྟུས་ཏེ་འཚོ་བ་བྱེད་པ་ན། དུས་གཅིག་གི་ཆེ་རྣལ་འབྱོར་བ་ཞིག་དང་ཕྲད་ནས། དེ་དྲངས་པས་དེས་ཀྱང་འཁོར་བའི་ཉེས་པ། མྱ་ངན་ལས་འདས་པའི་ཡོན་ཏན་བཤད་པས། དེ་འཁོར ་བ་ལས་བློ་ལོག?་ཏེ། བླ་མ་ཐར་པ་ཐོབ་བའི་ཐབས་ཅིག་ཞུ་ལགས་ཟེར་བས། རུང་གསུངས་ནས་གསང་བ་འདུས་པར་དབང་བསྐུར་སྟེ་རང་ལུས་ཐབས་ལྡན་ལ་བསྟེན་པའི་གདམས་པ་འདི་གནང་ངོ། །སྤྱི་བོ་བདེ་བ་ཆེན་པོར་ནི། །ཧཾ་ནི་དཀར་པོ་ཡང་དག་བསམ། །ལྟེ ་བ་སྤྲུལ་བའི་ཡི་གེ་འམ། །འོད་འབར་བས་ནི་ཧཾ་འཛགས་ཏེ། །དགའ་དང་དགའ་བྲལ་མཆོག་དགའ་དང། །ལྷན་སྐྱེས་དང་ནི་རིམ་པ་བཞིན། །འབྱུང་བས་འཁོར་བའི་ཉེས་པ་དང། །ཐར་པའི་བདེ་ཆེན་འདོར་ཞིང་ལེན། །ཞེས་གསུངས་པས་དེས་ཀྱང་དེ་བཞིན་དུ ་བསྒོམས་པ་ན། པདྨ་འདམ་ནས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་བཞིན། སྒོམ་པ་དགའ་བ་བཞི་འཁོར་ལོ་བཞི་ལ་བསྟེན་ནས་སྒོམས་ཀྱང། དམིགས་པ་དང་འཁོར་བའི་ཉེས་པས་མ་གོས་པར་ལོ་དགུ་ན་དོན་རྟོགས་ཤིང་འཁྲུལ་པའི་དྲི་མ་ཐམས་ཅད་དག ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་ས་ལུ་པུ་ཏྲར་འགྲོ་དོན་མཛད་ལ། ལོ་བཞི་བརྒྱ་ན་འཁོར་བྱེད་དང་ལྔ་བརྒྱ་དང་བཅས་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ན་ལི་བའི་ལོ་རྒྱུས་རྫོགས་སོ།། །། *། གུ་རུ་?་ལོ་རྒྱུས་བཞུགས་སོ། ། ་གུ་རུ་བྷུ་སུ་ཀུའི་ལོ་རྒྱུས་ནི། ཡུལ་ནཱ་ལེནད་ན་རྒྱལ་རིགས་ཀྱི་གང་ཟག་ཅིག་རང་བཞིན་བཟང་ཞེང་རབ་ཏུ་བྱུང་ནས་དགེ་སློང་དུ་མཛད་ལ། དེ་ཡང་ནཱ་ལནདའི་རྒྱལ་པོ་དེ་ཝ་ཕ་ལ་བཞུགས་པའི་ཚེ། དེའི་ཆོས་སྐོར་ལ་དགེ་འདུན་བདུན་བརྒྱའི་སྐུ་འཚོ་བཟང་པོ་བཟའ་བཏུང་སོགས་ཅི་བཞེད ་འབུལ་ཅིང། སྡེ་བཞི་ཡོད་པའི་ཕལ་ཆེན་སྡེ་བའི་མཁན་པོ་ལ། མཁན་བུ་སུམ་བརྒྱ་ཙམ་ཡོད་པ། གཞན་ཀུན་བརྩོན་པས་རིག་པའི་གནས་ལྔ་ལ་བྱ་བར་ཡོད་པ་ལ། །རྒྱལ་རིགས་དགེ་སློང་དེ་ནི་རྟག་ཏུ་གཉིད་ལོག་པར་བྱེད་ལ། འཕོ་བའི་མེ་དྲོད་ཀྱང་ཆེ་ནས་འབྲས་བྲེ ་ལྔ་ལྔ་ནང་རེ་བཞིན་ཟ་ཡིན་འདུག་པ་ལ། རྒྱལ་པོ་དེ་ཝ་ཕ་ལན་རེ། འདི་བྷུ་སུ་ཀུ་ཞིག་འདུག་གོ་ཟེར་བས། མིང་དུ་ཡང་བྷུ་སུ་ཀུ་ཞེས་གྲགས་ལ། དེ་ནི་ཟ་ཉལ་འཆགས་གསུམ་པ་ཞེས་བྱའོ། །ནཱ་ལནད་བའི་ཆོས་སྐོར་དེ་དུས་རྟག་ཏུ་མདོ་རེ་མོས་སུ་འདོན་པའི་ལུགས་ཡོད་པ ་ལས། དེ་ན་གནས་པ་ཀུན་གྱིས་བྷུ་སུ་ཀུ་པ་ལ་ཁ་ཟེར་ཞིང། མཁན་པོས་ཀྱང་ཁྱོད་ཀྱི་མདོ་འདོན་པ་ལ་སོགས་པ་མི་འོང་བས་གཤེད་དུ་སོང་ཅིག་ཟེར་བ་ན། དེ་ན་རེ། ད་ཚུལ་ཁྲིམས་མ་ཉམས་པས་གནས་ནས་ཕྱུང་བར་མི་རིགས་ཤིང། རིག་པ་སློབ་པའི་སྐལ་བ་མེད ་ཟེར་ནས་འདུག་པ་ན། དུས་ཅིག་གི་ཆ་མེད་འདོན་པའི་རེས་བར་བས། དགེ་འདུན་གྱིས་སང་ནི་ཁྱོད་ཀྱིས་མདོའི་རེ་མོས་ཡིན་པས་ཐོན་ཅིག་ཅེས་སྨྲས་པས། དེས་ཀྱང་འདེན་བར་ཁས་སླངས་པ་དང། ནཱ་ལནད་པའི་དགེ་འདུན་ཀུན་ནང་བར་བྱོན་ནས་བྷུ་སུ་ཀུ་མདོ་འདོན་པ་ལ ་ལྟ་བ་ཡིན་ཟེར་བཞད་གང་དུ་བྱེད་པ་ལ། དེའི་མཁན་པོ་ན་རེ། ཁྱོད་ཀྱིས་རིག་པ་སློབ་པའི་ཚེ་ཟ་ཡིན་གཉིད་ཅིག་བུ་ལོ་གན། ད་ནཱ་ལནདའི་མཁས་པ་རྣམས་ཀྱི་མདོ་མི་ཐོན་བྱས་པ་ལ། བྷུ་སུ་ཀུ་ན་རེ། བདག་མདོ་བདོན?་ཟེར་ཉན་མ་འདོད་པ་ལ། མཁན་པོས་སྨྲས་པ ་ཁྱོད་ཀྱིས་མདོ་འདོན་ན་གནས་ནས་བསྐྲོད་པས་སེམས་འདུག་ན་རུང་ཞེས་སྨྲས་པ་ན། དེ་རང་ཤེས་ཟེར་ནས་མཉམ?་པ་ན། མཁན་པོས་འཕགས་པ་འཇམ་དཔལ་གྱི་སྔགས་ཨ་ར་པ་ཙ་ན་བསླབས་ཏེ། སྔགས་འདི་མཚན་ཉིད་མ་ལོག་པར་ཟློས་ཤིང ་བྱས་ནས། སྔགས་ཀྱི་གདམས་པ་བྱིན་ནས་དེས་ཀྱང་མཚན་གཉིད་མ་ལོག?་བར་སྐལ?་ཐེག་པ་བརྟགས་ནམ་སྔགས་བརླབས་པས། འཕགས་པ་འཇམ་དཔལ་དེར་དངོས་སུ་བྱོན་ནས། བྷུ་སུ་ཀུ་པ་ཁྱོད་ཅི་བྱེད་གསུངས་པས། བདག་ལ་ནད་པར་མདོ་འདོན་པའི་ར?་མོས ་བབ་ལགས་པས། འཕགས་པ་འཇམ་དཔལ་ལ་གསོལ་བ་འདེབས་པ་ཡིན་ཞུས་པས། འཕགས་པའི་གསུང་ནས། ཁྱོད་ཀྱིས་ངོ་བོ་ཤེས་སམ་གསུངས་པས། བདག་གིས་མ་འཚལ་ལགས་ཞུས་པས། འཇམ་དཔལ་ཡིན་གསུང་པས། འོ་ན ་བདག་ལ་ཤེས་རབ་ཕུན་སུམ་ཚོགས་པའི་དངོས་གྲུབ་ཞུ་བྱས་པས། འཕགས་པའི་ཞལ་ནས། ཁྱོད་ལ་ངས་རིག་པ་བྱིན་གྱིས་ནང་པར་མདོ་ཐོན་ཅིག་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ནང་པར་མདོ་འདོན་པའི་དུས་སུ། དགེ་འདུན་གྱི་ཀུན་དགའ་ར ་བར་རྒྱལ་པོ་ལ་སོགས་པའི་སྐྱེ་བོའི་ཚོགས?་ཐམས་ཅད་བྷུ་སུ་ཀུ་པ་མདོ་འདོན་པ་ལ་ལྟའོ་ཞེས་གཅིག་ལ་ཅིག་སྟན་པ་དང། མེ་ཏོག་ལ་སོགས་མཆོད་པའི་ཡོ་བྱད་ཀུན་ཁྱེར་ནས་སྐྱེ་བོའི་ཚོགས་ཐམས་ཅད་བཞད་རྒད་ཀྱི་ཆད་དུ་དེར་ཕྱིན་པ་དང། བྷུ་སུ་ཀུ་པ་དགེ་འདུན ་གྱི་གདུགས་ཆོད་གསོལ་ནས། ཞུམ་པ་མེད་པར་གཙུག་ལག་ཁང་གི་ཁྲིའི་སྟེང་དུ་བྱོན་ནས་བཞུགས་པའི་ཚོ་གཟི?་བྱིན་ཁྱད་པར་འཕགས་པར་འདུག་ནས་ཐམས་ཅད་རྟོག་པ་སྐྱེས་པ་ལ་མདུན་ཡོལ་བས་བཅད་དེ། བདག་གིས་མདོ་སྔར་བྱུང་བ་གཅིག་བཤད ་དམ་།མ་བྱུང་བ་ཅིག་བཤད་གསུངས་པས། པཎྜི་ཏ་ཀུན་གཅིག་ལ་གཅིག་ལྟ་ཞིང། སྐྱེ་བོའི་ཚོགས་ཀུན་དང། རྒྱལ་པོ་ཡང་བཞད་གར་བྱེད་ལ། རྒྱལ་པོ་ན་རེ། ཁྱོད་ཀྱིས་ཟ་ལུགས་ཀྱང་སྔར་མ་བྱུང་བ་གཅིག་ཤེས་ལ། ཉཕ་པ་དང་འཆགས་པའི་སྤྱོད་ལམ ་ཀྱང་སྔར་མ་བྱུང་བ་ཁོ་ན་བྱེད་པས། ཆོས་ཀྱང་སྔར་མ་བྱུང་བ་གཅིག་ཤོད་གཅིག་ཟེར་བ་ལ། དེས་སྤྱོད་འཇུག་ལེའུ་བཅུའི་བདག་ཉིད་བཤད་ནས་ནམ་མཁའ་ལ་འཕུར་བས། ནཱ་ལནྡྲ་པའི་པཎྜི་ཏ་ལྔ་བརྒྱ་དང། རྒྱལ་པོ་ད་ཝ་ཕ་ལ་ལ་སོགས་པ་སྐྱེ་བོའི་ཚོགས་ཐམས་ཅད་དང ་ནས་མེ་ཏོག་སྟོར་བས་དབུས་ནུབ་ཙམ་དུ་ཆགས་ལ། འདི་ནི་དྷུ་སུ་ཀུ་པ་མ་ཡིན་ཏེ་མཁས་པར་འདུས་ཟེར་ནས། རྒྱལ་པོ་དང་པཎྜི་ཏ་ཀུན་གྱིས་ཤནྟ་དེ་ཝ་བྱ་བར་བཏགས་ལ། རྒྱལ་པོ་དང་པཏཌི?་ཏ་ཀུན་ང་རྒྱལ་ཞི་བར་བྱས་པས་བཞི?་བ་ལྷ་ཞེས་བྱ་བ་ཡིན་ནོ། །དེ་ནས་པཎྜི་ཏ་སོགས ་དེར་འདུས་པ་ཀུན་གྱིས་དེའི་འགྲེལ་པ་ཞིག་མཛད་པར་ཞུས་པས་ཕྱིས་མཛད་ལ། དེ་དག་གི་མཁན་པོར་ཞུས་པས་མ་གནང་བར། ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་རབ་ཏུ་བྱུང་བའི་ཡོ་བྱད་དཀོན་མཆོག་དང་གཙུག་ལག་ཁང་དུ་ཕུལ་ནས། མཁན་པོ་དང་དགེ་འདུན ་གྱིས་མ་ཚོར་བར་བྲོས་ཕྱིན་ཏེ། རིམ་གྱིས་རྡེ་ཀི་རི་བྱ་བའི་གྲོང་ཁྱེར་འབུམ་ཚེ་ཕྱེད་ཡོད་པར་ཤིང་གི་རལ་གྲི་ཡུ་བ་གསེར་གྱིས་བཀུས་པ་ཞིག་བསྣམས་ནས་བྱོན་ཏེ། དེའི་རྒྱལ་པོ་ལ་བདག་ཁྱེད་ཀྱི་རལ་གྲི་པ་བགྱི་བྱས་པས་རུང་གསུངས་ཏེ། ཉི་མ་རེ་ལ་གསེར་ཏོ ་ལོ་བཅུ་བཅུ་སྦྱིན་པ་དེས་འཚོ་བ་མཛད་ལ། ལོ་བཅུ་གཉིས་སུ་རལ་གྲི་པ་ཁྱེད་ཀྱིན་སྙིང་པོའི་དོན་དང་མ་བྲལ་བར་བྱས་སོ། །དུས་གཅིག་སྟོན་ཀའི་ཚེ་རལ་གྲི་པ་ཀུན་ལྷ་མོ་ཨུ་མའི་རྟེན་ལ་མཆོད་པ་བྱེད་པས། ཁོང་གིས་ཀྱང་དེ་ཁོ་ན་ལྟར་མཛད། དུས་གཅིག་གི ་ཚེ་རལ་གྲི་འཁྲུད་པ་ཡིན་པ་ལ། ཀུན་གྱིས་བཀྲུས་པའི་ཚེ་ཁོང་གི་རལ་གྲི་ཤིང་དུ་འདུག་པ་གྲོགས་ཅིག་གིས་མཐོར་ནས་རྒྱལ་པོ་ལ་སྨྲས་པ་དང། རྒྱལ་པོ་ན་རེ། ཁྱོད་ཀྱི་རལ་གྲི་ང་ལ་སྟོན་གཅིག་ཟེར་བ་ལ། བསྟན་ན་ཁྱེད་ཅག་ལ་གནོད་པར་འགྱུར་བས་མི་རུང ་གསུངས་པས། གནོད་ཀྱང་བླའི། ངེས་པར་སྟོན་ཅིག་ཟེར་བས། འོ་ན་མིག་ལ་བ་རེ་ཁོ་བ་ཅིག་གསུངས་ནས་རལ་གྲི་ཤུབས་ནས་བྱུང་བས། འོད་མ་བཟོད་པར་མ་བཀབ་པའི་མིག་རྣམས་ཞར་ནས། གཟེད་པར་གསོལ་ཞིང་གསོལ་བ་བཏབ་པས། དེ་དག་ལ ་ཞོལ?་ཆབ?་བྱུགས་པས་མིག་ཅན་དུ་སོང་ནས་ངོ་མཚར་སྐྱེས་ཏེ། མཆོད་གནས་སུ་ཞུས་པས་མ་བཞེད་དེ། དེ་རི་བྲག་ཞིག་ཏུ་བྱོན་ནས་སྤྲུལ་པའི་རི་དགས་བསད་ཅིང། དེ་དག་གི་ཤ་ཟ་བ་མི་ཀུན་གྱིས་མཐོང་ནས་རྒྱལ་པོ་ལ་ཞུས་པ་དང། རྒྱལ ་པོ་འཁོར་བཅས་དེར་བྱོན་ནས། རྒྱལ་པོས་སྨྲས་པ། ཁྱེད་སྔར་ན་ལནདྷའི་རྒྱལ་པོ་ལ་སོགས་པ་བརྟུལ་ནས་ཆོས་ལ་བཀོད། འདིར་ཡང་མིག་ཞར་བ་གསོས་བ་ལ་སོགས་པ་བསྟན། དེ་འདྲའི་ནུས་པ་མངའ་བཞིན་དུ་སྲོག་ཆགས་ལ་གནོད་པར་མཛད་པའི་ལུགས ་ཡོད་དམ་ཞུས་པས། ཞི་བ་ལྷས་བདག་གིས་བསད་པ་མ་ཡིན། །གསོས་པ་ལགས་གསུངས་ནས་སྤྱིལ་པོའི་སྒོ་ཕྱེ་ནས་བལྟས་པ་ན། རི་དགས་རྣམས་ཉིས་འགྱུར་གྱིས་ཆེ་བར་གྱུར་སྟེ། ཕྱིར་དོན་ནས་རི་དང་ལུང་པ་ཁྱབ་པར་གྱུར་པས། རྒྱལ་པོ་ལ་སོགས་པ་ཀུན་དད ་པ་ན། མཐར་རི་དགས་དེ་དག་གར་སོང་ཆ་མེད་དུ་གྱུར་པས། རྒྱལ་པོ་ལ་སོགས་པ་སྐལ་བ་ཡོད་པ་དག་གིས་ནི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་དང། གདོད་ནས་མ་གྲུབ་པར་རྟོགས་པ་ཡང་སྐྱེས་ནས་ལམ་ལ་གནས་པར་གྱུར་སྟེ། དེའི་ཞལ་ནས། བདག་གིས ་གསད་པའི་རི་དགས་རྣམས། །དང་པོ་གང་ནས་ཀྱང་མ་འོངས། །བར་དུ་གང་དུས་དམ?་གནས། །ཐ་མ་གང་དུ་འགག་མི་འགྱུར། །གདོད་ནས་མ་གྲུབ་ཆོས་རྣམས་ལ། །བསད་དང་གསོད་བྱེད་ག་ལ་གྲུབ། །ཀྱེ་མ་སེམས་ཅན་སྙིང་རེ་རྗེ། །བྷུ་སུ་ཀུ་ནི་སྨྲ་བར་བྱེད། །ཅེས ་གསུངས་ནས་ཡུལ་དེའི་རཱ་ཛ་ལ་སོགས་པ་ཀུན་བརྟུལ་ནས་ཆོས་ལ་བཀོད་དེ། །དེ་བས་ན་དང་ལུས་ཆོས་ལ་སྒྲུབས་ན། བྷུ་སུ་ཀུ་པས་མཚན་གཅིག་བསྒྲུབས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་ལུས་ངག་ཡིད་གསུམ་གཅིག་ཏུ་རྟོགས་ཏེ། ཡོན་ཏན་གྱི་ ་ཆོས་སྐད་ཅིག་མ་ལ་བྱུང་ནས། མཐར་ལོ་བརྒྱ་ན་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་དྷ་སུ་ཀུ་པའི་ལོ་རྒྱུས་རྫོགས་སོ།། །།ིནྡྲ?་བྷཱུ?་ཏིའི་ལོ་རྒྱུས་བཞུགས་སོ།། །གུ་རུ་ཨིནྡྲ་བྷུ་ཏིའི་ལོ་རྒྱུས་ནི། ཡུལ་ཨཽ་རྒྱན་ན་གྲོང་ཁྱེར་འབུམ ་ཚེ་ལྔ་ཡོད་པ་ལ། རྒྱལ་པོ་གཉིས་ཀྱིས་དབང་བྱེད་དེ། །སམ་པོ་ལ་གྲོང་ཁྱེར་འབུམ་ཚེ་ཕྱེད་དང་གསུམ་ལ་ཨིནྡྲ་བྷུ་ཏིས་དབང་བྱེད། ལངཀ་པུ་ར་གྲོང་ཁྱེར་འབུམ་ཚེ་ཕྱེད་དང་གསུམ་ལ་རྒྱལ་པོ་ཛཱ་ལེནྡྲས?་དབང་བྱེད་པ་ན། སཾ་བོ་ལའི་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་སྲིང་མོ་ལཀྵིཾ་ཀ་ར་བྱས?་ལོ ་བདུན་ལོན་པ་ཞིག་ཡོད་དེ། ལངཀ་པུ་རིའི་རྒྱལ་པོ་ཛཱ་ལནྟྲའི་བུ་ལ་སློང་དུ་བཏང་བ་ལས། རྒྱལ་པོ་ཨིནྟྲ་བྷུ་ཏིས་བློན་པོ་ཀུན་བསྡུས་ནས་གྲོས་བྱས་པ་ལ། ཛཱ་ལནྡྲ་ཆོས་མི་བྱེད་པ་ཙམ་མ་རྟོགས་གཞན་སྙམ་པ་ཟེར་ནས་གཏོང་བར་ཆད་ནས། ཕོ་ཉ་བ་ལ་ཆོས་བྱེད་པ་དང་མི ་བྱེད་པའི་ཁྱད་པར་ཡོད་དེ་གཉེན་བྱ་ཡིས་གསུངས་ནས་བཟློག་པས། དེའི་ཕྱི་ལོ་དེའི་སྲས་སཾ་པོ་ལར་འོངས་ནས། ལཀྵིཾ་ཀ་ར་དང་ཕྲད་ནས་རྒྱལ་བུ་རང་གི་ཡུལ་དུ་ཆས་པ་ལ། ཨིནྡྲ་བྷུ་ཏིས་རྟ་དང་གླང་པོ་དང་གསེར་དངུལ་ལ་སོགས་པའི་སྐྱེས་མང་པོ་བསྐུར་ནས ་བཏང་དེ། །དེས་རང་གི་ཡུལ་དུ་ཕྱིན་པ་དང། ཕས་ཆུང་མ་ག་རེ་ཟེར་བ་ལ། བུ་མོ་ཆུང་པས་མ་སྐུར་བྱས་པས། དེ་ལེགས་ཟེར་ཏེ། དེ་ཙ་ན་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་བཙུན་མོ་མང་པོ་ཡོད་དེ། ཐམས་ཅད་ཆོས་ལ་དད་པ་ཤ་སྟག་ཡོད་པས། ལྕམ་དྲལ་བཙུན་མོ་དང་བཅས ་པས་བླ་མ་ཝ་བ་པ་ལ་དབང་དང་གདམ་ངག་ཞུས་ནས་སྒྲུབ་པ་ལ་བརྩོན་པར་གནས་པ་ལ། ལྕམ་གྱི་ལོ་བཅུ་དྲུག་ལོན་ནས། ཛཱ་ལེནྟྲ་ཞེས་པའི་རྒྱལ་པོས་ཕོ་ཉ་བཏང་ནས་ལྕམ་བྱིན་ཚུལ་དང། ལྕམ་གྱིས་འཁོར་བ་ལ་ཡིད་འབྱུང་ནས་སྒྲུབ་པ་མཛད་དེ་གྲུབ་པ་ཐོབ ་ནས་ཕྱག་དར་བ་རྗེས་སུ་གཟུང་ནས་མཁའ་སྤྱོད་དུ་གཤེགས་པ་སོགས་ལྕམ་རང་གི་རྣམ་ཐར་དུ་གསལ། དེ་ནས་རྒྱལ་པོ་ཛ་ལནྟྲས་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་ལྕམ་གྱིས་ཇི་ལྟར་མཛད་ཚུལ་གྱི་ཕྲིན་དང་ཕོ་ཉ་བཏང་བས་ངའི་ལྕམ་མོས་གྲུབ་པའི་ས་བརྙེས་པ་ནི་ལེགས་ཏེ། ་རང་ཉིད་ཞི་བདེ་མཛད་པ་ནི་མ་ལེགས་གསུང་ངོ། །དེ་ནས་ཨིནྡྲ་བྷུ་ཏིའི་བསམ་པ་ལ་ངའི་སྲིང་མོ་དེ་སྐྱེ་བ་དོན་ཡོད་པར་སང་འདུག་།ང་ཡང་རྒྱལ་སྲིད་དོན་ཆུང་ལ་ཉེས་དམིགས་ཆེ་བ་འདི་སྤངས་ལ་ཆོས་བྱེད་དགོས་སྙམ་ནས། རང་གི་སྲས་ལ་རྒྱལ་སྲིད་གཏད་དེ་ཁང་བཟང ་གཅིག་ཏུ་སྒྲུབ་པ་མཛད་པས་ལོ་བཅུ་གཉིས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ལ། འཁོར་རྣམས་ཀྱིས་མ་ཤེས་ནས། སྲས་དང་འཁོར་འབངས་རྣམས་ཀྱིས་ལྷུར་ཕྱིན་ནས་དེའི་སྒོ་དབྱེ་བར་བརྩམས་པ་དང། ནམ་མཁའ་ནས་སྒོམ་དབྱེ། །ང་འདི་ན ་ཡོད་ཟེར་བ་ཐོས་ནས་ནམ་མཁའ་ལ་བལྟས་པ་ལ། དེ་རྣམས་ཀྱིས་ནམ་མཁའ་ལ་བཞུགས་པ་མཐོང་ནས་དང་པོ་ཐོབ་པ་ཙམ་གྱི་དགའ་བ་སྐྱེས་ཏེ། དད་བཞིན་དུ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་པ་དང། ཡང་རྒྱལ་པོ་ནམ་མཁའ་ལ་ཞག་བདུན་དུ་བཞུགས་ནས། སྲས ་དང་འཁོར་འབངས་རྣམས་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་བསམ་གྱིས་མི་ཁྱབ་པ་གསུངས་ནས། འཁོར་བདུན་བརྒྱ་དང་བཅས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཨིནྡྲ་བྷུ་ཏིའི་ལོ་རྒྱུས་རྫོགས་སོ།། །།ེ?་ཀོ་བའི་ལོ་རྒྱུས་བཞུགས་སོ།། ། ་གུ་རུ་མེ་ཀོ་བའི་ལོ་རྒྱུས་ནི། ཡུལ་དྷི་ག་ལར་ཁ་ཟས་འཚོང་བའི་རིགས་ཀྱི་གང་ཟག་གཅིག་གིས་དུས་རྟག་ཏུ་རྣལ་འབྱོར་པ་ཞིག་ལ་འཚོ་བ་དྲངས་པས། ཞག་གཅིག་རྣལ་འབྱོར་པ་ན་རེ། ཁྱོད་ང་ལ་བསྙེན་བཀུར་བྱེད་པ་ཅི་ཡིན་གསུངས་པས། དེས་ཕྱི་མའི ་ལམ་རྒྱགས་དགོས་པ་ལགས་ཞུས་པས། འོ་ན་ཕྱི་མའི་ལམ་རྒྱགས་སྒྲུབ?་ནུས་སམ་གསུངས་པས། ནུས་ལགས་ཟེར་ནས། དེས་བྱིན་རླབས་འཕོ་བའི་དབང་བསྐུར་མཛད་དེ། སེམས་ཉིད་ངོ་སྤྲོད་པའི་གདམས་པ་འདི་ལྟར་གནང་ངོ། །རང་སེམས་ཡིད་བཞིན་ནོར ་བུ་ལ། །འཁོར་འདམ?་བྱེ་བྲག་རྣམ་པར་འཆར། །རྟོགས་དང་མ་རྟོགས་གཉིས་ཡིན་པས། །འགྱུར་མེད་སེམས་ཉིད་དང་ལ་ལྟོས། །གཉིས་འཛིན་རྣམ་རྟོག་ག་ལ་འབྱུང། །རང་བཞིན་མེད་ཕྱིར་དེ་ཡི་དང། །ཆོས་རྣམས་གང་ཡང་གྲུབ་པ་མེད། །མ་རྟོགས་འཁྲུལ ་བའི་འདོད་པས་བཅིངས། །ཅེས་གསུངས་པས། དེས་ཀྱང་སྣང་བ་རང་གི་སེམས་སུ་གོ་།སེམས་དེས་འགྲོ་འོང་མེད་པ་གནས་ལུགས་ཀྱི་དང་དུ་ལོ་ནས། རང་སེམས་འགྱུར་བ་མེད་པའི་དོན་ལ་གནས་པས་ཟླ་བ་དྲུག་ན་འཁྲུལ་པའི་རྟོག་པ་འགགས་ནས་རང ་སེམས་གཉུག་མའི་དོན་རྟོགས་ཏེ། གཅན་གཟན་ལྟར་དུར་ཁྲོད་འགྲིམ་པར་བྱེད་ཅིང། རེས་སྨྱོན་པའི་སྤྱོད་པས་གྲོང་དང་གྲོང་ཁྱེར་དུ་འོངས་ནས། མིག་བགྲད་ནས་འཇིགས་འཇིགས་སུ་བལྟས་པས། སྐྱེ་བོ་དག་མེ?་བ་ལ་འཇིགས་འཇིགས་སུ་ལྟ་བ་ཟེར། ཕྱོགས་ཐམས་ཅད་དུ་མེ་ཀོ ་པ་ཞེས་གྲགས་སོ། །དེས་ཟབ་མོའི་ཆོས་ཀྱི་གདུལ་བྱ་མང་དུ་བརྟུལ་ནས། མཐར་རྟོགས་པ་ལ་སོགས་པ་བརྗོད་དེས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་མེ་ཀོ་པའི་ལོ་རྒྱུས་རྫོགས་སོ།། །། *། །ཀོ་ཊ་ལིའི་ལོ་རྒྱུས་བཞུགས་སོ།། ། ་གུ་རུ་ཀོ་ཊ་ལིའི་ལོ་རྒྱུས་ནི། ར་མི་ཤ་རའི་ཡུལ་བྱ་བ་ནས་ཞག་བཞིར་ཕྱིན་པའི་ས་ན། གནས་དང་ཡུལ་གྱི་ཕྱེད་དུ། ཀོ་ཊ་ལི་བ་ཏེ་ཏོག་ཙེ་བ་རི་བོ་ཞིག་བརྐོ་ཞིང་ཡོད་པའི་ཚེ། སློབ་དཔོན་ཤཱནྟི་པ་སིངྒ་ལིའི་རྒྱལ་པོས་སྤྱན་དྲངས་ནས་སླར་ཡུལ་དབུས་སུ་ལོག་བྱོན་པ་དང ་འཇལ་ཏེ། སློབ་དཔོན་གྱིས་ཁྱོད་ཅི་བྱེད་སྨྲས་པ་དང། དེས་ཀྱང་སྐུ་ཁམས་ལ་སོགས་པ་ཞུས་ནས། དངོས་རི་བརྐོ་ཡིན་གདའ་ཞེས་ཞུས་པས། རི་བརྐོས་ནས་ཅི་བྱེད་གསུང་པ་ལ། རྒྱལ་པོ་ངན་པ་ཀུན་གྱིས་ཡུལ་གཤིག་ནས་མི་ཐམས་ཅད་སྡུག་བསྔལ་ཞིང་ཡིད ་མི་བདེ་བས། ཡུལ་ཡང་མེད་པའི་ས་འདིར་བདག་རི་འདི་བ་ཤིག་ལ་འདིར་གནས་དང་ཡུལ་བྱེད་པ་ཡིན་ཞེས་ཞུས་པས། ཤཱནྟི་པས་གསུངས་པ། རི་བོ་བརྐོ་བའི་སྔགས་གདམ་ངག་བ་ལ་ཡོད་ན་ཁྱོད་ལ་མི་དགོས་སམ་གསུངས་པ་དང། དགོས་ཞེས་ཞུས་པས། ་དེའི་ཞལ་ནས། ཁྱོད་ཀྱི་ལས་ནི་འདི་ལྟ་བུས། །ལུས་ནི་རལ་བར་གྱུར་པས་ན། །ལས་ནི་ཤིན་ཏུ་ངན་པ་སྟེ། །ཕྱིན་ཅི་ལོག་གི་ལས་དྲུག་ཡིན། །ས་བརྐོ་བ་ནི་སྤྱིན་པ་དང། །གཞན་ལ་མི་གནོད་ཚུལ་ཁྲིམས་དང། །སྡུག་བསྔལ་བཟོད་པའི་བཟོད་པ་དང། ་དེ་ལ་བརྩོན་པའི་བརྩོན་འགྲུས་དང། །དེ་ལ་མ་ཡེངས་བསམ་གཏན་དང། །དེ་ཤེས་པ་ཡི་ཤེས་རབ་སྟེ། །ཕྱིན་ཅི་ལོག་གི་ལས་དྲུག་གོ། །སྤོངས་ལ་ཡང་དག་ལས་དྲུག་གྱིས། །བླ་མ་ལ་གུས་སྦྱིན་པ་དང། །རང་རྒྱུད་བསྲུང་བའི་ཚུལ་ཁྲིམས་དང། །སེམས་ཉིད ་བཟོད་པའི་བཟོད་པ་དང། །དེ་བསྒོམ་པ་ཡི་བརྩོན་འགྲུས་དང། །དེ་ལ་མ་ཡེངས་བསམ་གཏན་དང། །དེ་ཉིད་ཤེས་པའི་ཤེས་རབ་ཏེ། །དུས་རྣམས་རྟག་ཏུ་གོམས་པར་གྱིས། །ཤེས་གསུངས་པས་ཀོ་ཊ་ལིས། །དེའི་དོན་བསྡུས་པ་གཅིག ་ཞུ་ལགས་ཟེར་བས། དེ་ཡང་བླ་མ་ལ་གུས་པར་གྱིས། །བདེ་སྡུག་ཐམས་ཅད་རང་གི་སེམས་ལས་བྱུང་བས། རང་སེམས་གཉུག་མའི་དོན་ལ་གོམས་པར་གྱིས། །དེ་ཡང་རང་སེམས་གཉུག་མ་འགྱུར་བ་མེད་པ་ནི་རི་དང་འདྲ་ལ། རིག་པ་གསལ་ལ་མ་འགགས ་བ་དེ་ཏོག་རྩེ་པ་དང་འདྲ་བས་བརྐོས་ཤིག་།བརྩོན་འགྲུས་གཉིས་པོ་ལག་པ་གཡས་གཡོན་དང་འདྲ་བས་མ་བྲལ་བར་བརྐོ་བ་ཡིན་གསུངས་ནས། དེ་ལྟར་ཚིགས་སུ་བཅད་ནས་གསུངས་ལ། བདེ་སྡུག་ཐམས་ཅད་སེམས་ལས་བྱུང། །གདམས་པས་སེམས་ཀྱི་རི ་བོ་རྐོས། །ས་ཡི་རི་བོ་བརྐོས་གྱུར་ཀྱང། །གཉུག་མའི་བདེ་ཆེན་རྟོགས་མི་འགྱུར། །ཅེས་གསུངས་པ་བཞིན་སྒོམས་པས་ལོ་བཅུ་གཉིས་ན་དངོས་གྲུབ་ཐོབ་སྟེ་འགྲོ་དོན་མང་དུ་མཛད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀོ་ཊ་ལི་པའི་ལོ ་རྒྱུས་རྫོགས་སོ།། །།ཀཾ?་པ་རི་པའི་ལོ་རྒྱུས་བཞུགས།། །།གུ་རུ་ཀཾ་པ་རི་པའི་ལོ་རྒྱུས་ནི། ཀཾ་པ་རི་པ་སྟེ་མགར་བ། དེའི་ཡུལ་ས་ལི་པུ་ཏྲ་ན་རིགས་མགར་བ། རིགས་རྒྱུད་ཀྱི་འཚོ་བ་དུས་རྟག་ཏུ་མགར་བ་བྱེད་ཅིང་འདུག་པ་དང། དེ་ཡང་དུས་ཅིག ་ན་དེ་མགར་བ་བྱེད་པའི་སར་རྣལ་འབྱོར་པ་གཅིག་བྱོན་ནས། ཁྱེད་ཅི་བྱེད་ཀྱིས?་འདུག་ཞེས་གསུངས་པ་དང། དེ་ན་རེ་བདག་རིགས་རྒྱུད་ཀྱི་ལས་མགར་བ་བྱེད་ཅིང་གདའ་ཟེའོ། །ཁྱོད་ཀྱི་ལས་འདི་བདེའམ་བྱས་པ་ལ། བདེ་བ་དག་ལྟ་ག་ལ་ཞིག་།མེ་འདག་དང་ཚ་ཚས ་ལུས་རྟག་ཏུ་ཚིག་ཀྱང། འཚོ་བའི་ཆད་དུ་སྡུག་བསྔལ་དང་དུ་ཕན་ཅིང་གདའ་ཨོ་ཞུས་སོ། །རྣལ་འབྱོར་པས་ཟས་བླངས་པས། མགར་བ་བཟའ་མི་གཉིས། བདག་ཅག་བསོད་ནམས་ཆུང་བ། རིགས་དམན་པའི་ལག་ནས་ཟས་གསོལ་བ་ངོ་མཚར་ཆེ་སྙམ་ནས། ་དེ་ཡིས་མཆོག་ཏུ་དགའ་བ་དང། རྣལ་འབྱོར་པས་ཁྱེད་ཅག་ཆོས་མི་བྱེད་དམ་བྱས་པས། བདག་ཅག་རིགས་ངན་ལ་གདམས་བསུས་སྟེར་ཟེར་བ་དང། ཆོས་ལ་དད་ཅིང་སྒྲུབ་ནུས་ན་གདམས་པ་ངས་བྱིན་གྱི་གསུངས་པས། དེ་དག་དགའ་ནས་ཕྱག་དང་མཆོད་པས་མཉེས ་པར་བྱས་ནས་གདམས་པ་ཞུས་པས། བྱིན་རླབས་འཕོ་བའི་དབང་བསྐུར་ནས་དམིགས་པ་རྩ་གསུམ་གྱི་གདམས་པ་གནང་སྟེ། ཁྱོད་ཀྱི་ཕྱིའི་སྦུད་པ་དང། སོལ་བ་དང་མེ་དང་ལྕགས་གཞུ་བའི་དམིགས་པ་འདི་ནང་དུ་བསྒོམས་ཤིག་།རྩ་རོ་མ་དང་རྐྱང་མ་གཉིས་སྡུད ་པར་གྱིས་ཤིག་།རྩ་ཨ་ཝ་དྷཱུ་ཏི་སོ་མལ་དུ་གྱིས། རྣམ་ཤེས་མགར་བར་གྱིས། ཡེ་ཤེས་ཀྱིས་མེ་སྤོར། རྣམ་རྟོག་སོལ་བར་གྱིས། དུག་གསུམ་ལྕགས་དུ་བྱིས་ལ་བརྡུངས་དང། ཆོས་སྐུ་གཉིས་མེད་བདེ་ཆེན་གྱི་བཟོའི་འབྲས་བུ་སྨིན་ནས་འོང་བ་ཡིན་གསུངས་ནས། ཁྱོད ་ཀྱི་ཕྱིའི་ལས་དག་ལ། གོམས་པ་བཞིན་དུ་ནང་དུ་ཡང། །ལཱ་ལན་དང་རཱ་ས་ནའི། །གཡས་གཡོན་སྡུད་པ་གཉིས་ཡིན་སྟེ། ། ཝ་དྷཱུ་ཏིའི་སོ་མལ་དུ། །རྣམ་པར་ཤེས་པའི་མགར་བ་ཡིས། །རྣམ་པར་རྟོག་པའི་སོལ་བ་ལ། །རིག་པ་ཡེ་ཤེས་མེ་སྦར་ནས། །དུག་གསུམ་ཉོན་མོངས ་ལྕགས་གཞུ་སྟེ། །ཆོས་སྐུ་ཟག་མེད་འབྲས་བུར་གྱིས། །ཤེས་གསུངས་པས། དེས་ཀྱང་རང་གི་ལས་དང་བསྟུན་ནས་བསྒོམས་པས་ལོ་དྲུག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་གཞན་གྱིས་མཚོར་བ་ན། །སོ་མལ་དུ་འབད་པ་མེད་པར་བཟོ་སྣ་ཚོགས་གྲུབ་པ་དང། ་ས་ལི་བུ་ཏྲའི་སྐྱི་བོ་ཀུན་ཡང་འོ་སྐོལ་གྱི་མགར་བ་འདིས་ཡོན་ཏན་གྱི་ཆོས་ཐམས་ཅད་ཐོབ་ནས་འདུག་ཟེར་ནས། ངོ་མཚར་ཏེ་ཕྱོགས་ཐམས་ཅད་དུ་བླ་མ་ཀཾ་པ་རི་པ། ཞེས་གྲགས་ཏེ། དེས་ཀྱང་འགྲོ་དོན་ཡང་བསྒྲུབས་ཏེ། རྟོགས་པ་ལ་སོགས་པ་བརྗོད་ནས་ལུས་དེ་ཉིད ་ཀྱི་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀཾ་པ་རི་པའི་ལོ་རྒྱུས་རྫོགས་སོ།། །། *། །ཛ་ལནདྷ་རའི་ལོ་རྒྱུས་བཞུགས་སོ།། །གུ་རུ་ཛ་ལནདྷ་རའི་ལོ་རྒྱུས་ནི། ཛ་ལནདྷ་ར་སྟེ་དྲ་བ་འཛིན་བྱ་བ་ཡིན་ལ། ཡུལ་ན་ག་ར་ཐོ་ད་ཐ་ཞེས་བྱ་བ་ཡིན། རིགས་བྲམ་ཟེ ་ཡིན་པ་ལས། འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས་ནས་དུར་ཁྲོད་དུ་ཕྱིན་ཏེ་ཤིང་གཅིག་གི་རྩར་སྡད་པས་ཤེས་པ་བདེ་བ་སྙམ་བྱེད་པ་ན། ནམ་མཁའ་ནས་ཌཱ་ཀི་མ་གཅིག་གིས་རིགས་ཀྱི་བུ་ཁྱོད་ཡང་དག་པའི་དོན་ཡིད་ལ་གྱིས་ཤིག་ཟེར་བའི་སྒྲ་བྱུང་བ་དང། དེ ་དགའ་ནས་ཡང་ནས་ཡང་དུ་གསོལ་བ་བཏབ་པས། ཡེ་ཤེས་ཀྱི་ཌཱ་ཀི་མ་གཞལ་དངོས་སུ་བསྟན་ནས་དགྱེས་རྡོར་དུ་དབང་བསྐུར་སྟེ་རྫོགས་པའི་རིམ་པའི་མན་ངག་འདི་ལྟར་བྱིན་ཏེ། ཕྱི་ནང་ཁམས་གསུམ་སྣོད་བཅུད་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་དུ་འདུས་དེ་གསུམ ་གྱི་རྣམ་རྟོག་རྩ་གསུམ་དུ་འདུས། རྩ་གཉིས་དྷཱུ་ཏིར་འདུས་པ་ལ། དེ་རུ་དྲན་རིག་སྣ་ཚོགས་ཀྱི་རྟོག་པ་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་ཐོན་ལ་སྣང་སྟོང་དབྱེར་མེད་དུ་སྒོམས་ཤིག་པའི་གདམས་པ་བྱིན་ནས། ཕྱི་ནང་ཆོས་རྣམས་མ་ལུས་པར། །ལུས་ངག་ཡིད་གསུམ་དག ་ཏུ་འདུས། །གཡས་གཡོན་ཨ་ཝ་དྷཱུ་ཏིར་འདུས། །དེ་ཡང་ཚངས་པའི་བུ་ག་སྟེ། །སྟོང་པ་ཉིད་དེ་བདེ་ཆེན་མཆོག་།རྣལ་འབྱོར་དག་པའི་ངང་ལས་འབྱུང། །བདེ་སྟོང་ཟུང་འཇུག་བསྐྱིལ་བར་འཚལ། །ཅེས་གསུངས་ཏེ་རྫོགས་པའི་རིམ་པ་གནང་ནས། དེས་ཀྱང ་བསྒོམས་པས་ལོ་བདུན་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། དེ་ནས་རྟོགས་པ་བརྗོད། འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་ནས་འཁོར་སུམ་བརྒྱ་དང་བཅས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཛ་ལནདྷ་རའི་ལོ་རྒྱུས་རྫོགས་སོ།། །། ་རཱ་ཧུ་ལའི་ལོ་རྒྱུས་བཞུགས་སོ།། །གུ་རུ་རཱ་ཧུ་ལའི་ལོ་རྒྱུས་ནི། རཱ་ཧུ་ལ་སྟེ་སྒྲ་གཅན་འཛིན་ཞེས་བྱའོ། །དེ་ཡང་ཡུམ་ཀ་མ་རུ་པ། རིགས་མདངས་རིགས་སོ། །དེ་རྒས་ནས་ལུས་པོ་སྦྱོར་མི་བཟོད་པ་དང། གཉེན་དང་བུ་ཀུན་ཡང་གཤེ་།བརྙས་པ་བྱེད་ནས་དེ་ལམ་དགའ་སྟེ། སྐྱེ་བ ་ཕྱི་མ་དྲན་ནས་དུར་ཁྲོད་དུ་ཕྱིན་པ་དང། དེའི་ནམ་དུ་རྣལ་འབྱོར་པ་ཞིག་བྱོན་ནས། ཁྱོད་དུར་ཁྲོད་ན་ཅི་བྱེད་ཅིང་འདུག་བྱས་པས། བདག་གི་ལང་ཚོའི་ཟླ་བ་ལ། རྒས་པའི་སྒྲ་གཅན་གྱིས་བཅོམ་ནས། བུ་ཚལ་སོགས་གཤེ་བར་བྱེད། །ཤི་ན་དགའ་བས ་གནས་པའོ། །ཞུས་པས། དེ་ལ་སླར། ཁྱོད་ཀྱི་རྣམ་སྨིན་བྱུང་བ་ལ། །ཆུ་བོ་གསུམ་གྱིས་གཡེངས་ཟིན་ནས། །ང་ནི་འཆི་བའི་ཆུ་བོ་འབྱུང། །འཆི་རྒྱགས་ཆོས་ཅིག་མི་བྱེད་དམ། །གསུངས་པས། བླ་མ་ཆོས་བྱེད་ལགས་ཏེ། བདག་རྒས་ཤིང་ནོར་དང་བྲལ་བ་ལ་ཆོས་སུམ ་སྟེར་ཟེར་བ་ལ། ཡང་དེའི་ཞལ་ནས། གཉུག་མའི་སེམས་ལ་རྒས་པ་མེད། །དད་སོགས་ནོར་ལ་འགྲིབ་པ་མེད། །གུས་པས་དམ་ཆོས་སྒྲུབ་ནུས་ན། །ཁྱོད་ནི་བདག་གིས་རྗེས་གཟུང་བྱ། །ཅེས་གསུངས་ཏེ་བྱིན་རླབས་འཕོ་བའི་དབང་བྱས་ནས་ཐིག་ལེའི་གདམས་པ ་འདི་ལྟར་བྱིན་སྟེ། ཁྱོད་ཀྱི་སྤྱི་བོའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྒོམས་ལ། །དེའི་ནང་དུ་སྣང་སྲིད་ཐམས་ཅད་ཀྱི་རྟོག་པ་ཞུགས་པར་སྒོམས་ཤིག་།ཅེས་དང་ཡང། གཉིས་མེད་རྟོག་པའི་སྒྲ་གཅན་གྱིས། གཟུང་འཛིན་རྟོག་པ་བཅོམ་ནས་ནི། །སྤྱི་བོ་བདེ་བ་ཆེན་པོ ་རུ། །ཟབ་པའི་ཐིག་ལེའི་ངང་ལས་ནི། །བདེ་སྟོང་ཟུང་འཇུག་རྒྱུན་དག་གིས། །ཕུང་པོ་ལ་སོགས་དགྲ་བཅོམ་ནས། །སངས་རྒྱས་རྣམས་ཀྱི་ཡོན་ཏན་འབྱུང། །ེ་མ་འགག་མེད་ངོ་མཚར་ཆེ། །ཅེས་གསུངས་པས་དེས་ཀྱང་དེ་ལྟར་བསྒོམས་པས་ཇི་ཞིག་ཙམ་ན ་གཉིས་འཛིན་གྱི་ཟླ་བ་ཐམས་ཅད་གཉིས་མེད་སྒྲ་གཅན་གྱིས་ཟོས་ནས། གཉིས་མེད་ཀྱི་བདུད་རྩི་སྤྱི་བོ་ཚངས་པའི་བུ་ག་མར་ཞུགས་པས་ལུས་ཐམས་ཅད་བདུད་རྩིས་གན་ཞིང་རྒྱས་ནས་ལོ་བཅུ་དྲུག་ལོན་པའི་ན་ཚོད་དུ་གྱུར་ཏེ། ཕྱག་རྒྱ་ཆེན་པོའི་དངོས ་གྲུབ་ཐོབ་ནས། ཀ་མ་རུ་པ་ལ་སོགས་པའི་སྐྱེ་བོ་མང་པོ་བརྟུལ་ནས་མཐར་རྟོག་པ་བརྗོད་དེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་རཱ་ཧུ་ལའི་ལོ་རྒྱུས་རྫོགས་སོ།། །། *། (།དྷརྨམ་པའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་དྷརྨམ ་པའི་ལོ་རྒྱུས་ནི། དྷརྨམ་པ་སྟེ་ཆོས་པ་བྱ་བ་ཡིན་ལ། ཡུལ་ནི་དྷི་ནཱ་ག་ར་བྱ་བ་ནི། དེ་པཎྜི་ཏ་ཡིན་པ་ལ། སྨྲ་བ་གཙོ་བོར་བྱས། སྒྲུབ་པ་གཙོ་བོར་མ་བྱས་པས། ཕྱིས་བགྲེས་ནས་སྤྱན་ལོང་བ་དང་།དེ་ལ་འདི་ལྟ་བུའི་སེམས་པ་སྐྱེས་ཏེ་། ་བདག་བླ་མ་ཅིག་དང་ཕྲད་ན་ཅི་མ་རུང་སྙམ་པ་དང། རྨི་ལམ་དུ་ཌཱ་ཀི་མས་ལུང་བསྟན་པ་ནི། ཁྱོད་ཀྱི་དགེ་བའི་བཤེས་གཉེན་པ་ཡིན་ནོ་ཞེས་ཟེར་བ་ལ་ངེས་གསོལ་བ་བཏབ་པས། ཌཱ་ཀི་མས་དེ་ལ་དངོས་སུ་ཞལ་བསྟན་དེ་དབང་བསྐུར་ནས། གདམས་པ ་ནི། ཆོས་ཐམས་ཅད་སྣང་དུ་སྒོམ། རྟོག་པ་ཐམས་ཅད་མར་དུ་སྒོམ། རང་གི་རྣམ་ཤེས་སྡོང་བུར་སྒོམ། དེ་ལ་ཡེ་ཤེས་ཀྱི་མེ་འབར་བར་སྒོམས་ཤིག་།ཆོས་རྣམས་མ་ལུས་སྣོད་ནང་དུ། །རྣམ་པར་རྟོག་པའི་མར་བླུག་ནས། །རིག་པའི་སྡོང་བུ་མེ་སྦར་བར། ། ་སེམས་ཉིད་འདི་བཞིན་ནོར་བུ་མཐོང། ཅེས་གསུངས་པས། རྟོག་པ་ཡེ་ཤེས་སུ་སློང་བའི་མན་ངག་དེ་སྒྲུབས་པས། ལོ་ལྔ་ནས་དུག་ལ་སྔགས་ཀྱིས་བཏབ་བ་ལྟར་རྟོག་པ་ཡེ་ཤེས་སུ་གྱུར་ནས། ལུས་བྱིས་པ་ལོ་བརྒྱད་ལྟར་སོང་སྟེ་སྐྱེ་བོ་དག་ངོ་མཚར་བར་གྱུར་ཏོ། ། ་དེའི་ཞལ་ནས། ཇི་ལྟར་རྒྱུ་རྐྱེན་ཚོགས་པ་ན། །འབྲས་བུ་སྟོངས་པར་ག་ལ་འགྱུར། །དེ་ནས་བློ་གྲོས་གསལ་ལྡན་པས། །དེ་ལ་བར་དུ་འབད་པར་བྱ། །ཅེས་གསུངས་ཏེ། འགྲོ་དོན་མང་དུ་མཛད་ནས་མཐར་རྟོགས་པ་དེ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་དྷརྨམ་པའི ་ལོ་རྒྱུས་རྫོགས་སོ།། །།དྷོ་ཀའི་བའི་ལོ་རྒྱུས་བཞུགས་སོ།། །གུ་རུ་དྷོ་ཀ་རིའི་ལོ་རྒྱུས་ནི། དྷོ་ཀ་རི་ནི་སྣོད་ཁུར་བ་བྱ་བ་ཡིན་ནོ། །དེ་ཡང་ཡུལ་སཱ་ལ་པུ་ཏྲ་བྱ་བ་ན་དམང་རིགས་ཞིག་དུས་རྟག་ཏུ་སྣོད་ཁུར་ནས་སློང་གིན་ཅི་རྙེད་སྣོད་དུ་འཇུག་པ་ལ། དུས་ཅིག ་ན་འཇུག་རྒྱུའི་རྫས་ཅང་མ་?་ནས་ཤིང་དྲུང་གདིག་གི་རྩར་འདུག་པ་དང། དེར་རྣལ་འབྱོར་པ་ཅིག་བྱོན་ནས། དེ་ལ་བླངས་པས། བདག་གིས་དེ་རིང་ཁྱེད་ལ་དྲང་རྒྱུའི་རྩས་ཅན་མ་མཆིས་ཟེར་བ་ལ། འོ་ན། ཁྱོད་ལ་ཆོས་མི་དགོས་སམ་གསུངས་པས། དེ་ན་རེ་དགོས ་ལགས་ཏེ་དགེ་བའི་བཤེས་གཉེན་དང་འཕྲད་བ་ལགས་ཟེར་བས། དེས་སྒྲུབ་ནུས་སམ་གསུངས་པས། ནུས་ལགས་ཞུས་པ་དང། དེས་དགྱེས་རྡོར་དུ་དབང་བསྐུར་ནས་བསྐྱེད་རྫོགས་ཀྱིས་གདམས་པ་འདི་ལྟར་གནང་སྟེ། ཀྱེ་ཧོ་དྷོ་ཀ་རི་པ་ཁྱོད། །ཆོས་ཀྱི ་དབྱིངས་ཀྱི་སྣོད་ནང་དུ། །རིག་པའི་རྫས་དག་བཅུག་ནས་ནི། །དེ་ནི་གཉིས་སུ་མེད་པར་སྒོམས། །ཞེས་གསུངས་ཏེ། དེས་ཀྱང་བསྒོམས་པས། དོན་རྟོགས་ཏེ་ལོ་གསུམ་ནས་དངོས་གྲུབ་ཐོབ་ཏེ། དེ་ཡང་སྣོད་ཁུར་ཀྱིན་བླངས་པས་སྐྱེ་བོ་དག་བླ་མས་ཁུར་བ་འདི་ཅི་ཡིན ་?་བ་ལ། སྟོང་ཉིད་ཆེན་པོའི་སྣོད་ཁུར་ནས། །བདེ་ཆེན་འབྲས་བུ་སློང་བ་ལགས། །འདོད་པ་དང་བཅས་དྷོ་ཀ་རི། །སྐལ་ལྡན་ཀུན་གྱིས་མ་ཤེས་སམ། །ཞེས་གསུངས་ནས་འགྲོ་དོན་མང་དུ་མཛད་དེ། རྟོག་པ་བརྗོད་ནས་དྷོ་ཀ་རི་ཞེས་གྲགས་ལ། ལུས་དེ་ཉིད་ཀྱིས་མཁའ་ ་སྤྱོད་དུ་གཤེགས་སོ། །གུ་རུ་དྷོ་ཀ་རི་པའི་ལོ་རྒྱུས་རྫོགས་སོ།། །།མེ་དྷི་ནའི་ལོ་རྒྱུས་བཞུགས་སོ།། །གུ་རུ་མེ་དྷི་ལོ་རྒྱུས་བཞུགས་སོ།། །གུ་རུ་མེ་དྷི་ནའི་ལོ་རྒྱུས་ནི། མེ་དྷི་ནི་སྟེ་ཞིང་བ་ཞེས་བྱ་བ་ལ། རིགས་དམང་རིགས། ཡུལ་སཱ་ལ་པུ་ཏྲ། དེ་ཡང་དུས་ལན་གཅིག་རྣ་ཞིང་ལས་བྱེད་པས་ཆད་ནས ་འདུག་པ་དང། རྣལ་འབྱོར་པ་ཞིག་འོངས་ནས་ཁྱོད་ཅི་བྱེད་ཅིང་འདུག་ཅེས་སྨྲས་པས། དེ་ན་རེ། བདག་ཞིང་ལས་ཀྱིས་ཆད་ནམ་འདུག་གིན་རྔ་བྱས་བས། དེ་ན་རེ། སྡུག་བསྔལ་འདི་དྲ་བ་ལ་མི་སྐྱོ་འམ། ཆོས་ཀྱིས་བྱས་པས། དེ་ན་རེ། བདག་ལ་ཆོས་སུས་སྟེར་ཟེར་རོ།། ་སྒྲུབ་ནུས་ན་ངས་བྱིན་གྱིས་གསུངས་པས། ནུས་ལགས་ཟེར་ནས་དེ་ལ་རྣལ་འབྱོར་པས་དབང་བསྐུར། བསྐྱེད་རྫོགས་ཀྱི་གདམ་ངག་ཕྱིན་ནས་སྒོམ་དུ་བཅུག་པ་ལ། སྔར་གོམས་པའི་དབང་གིས་ཞིང་ལས་ཀྱི་རྣམ་པར་རྟོག་པ་ལ་ཡེངས་ནས་གོམ་དུ་མ་འདོད་པ་ལ་དེ་བླ་མ ་ལ་སྙད་པས། དེས་རང་གི་རྣམ་རྟོག་གི་དམིགས་པ་དང་མཐུན་པའི་གདམ་ངག་ཕོག་ཏེ། ཁྱོད་རང་གི་ཤེས་པ་གཤོལ་དུ་གྱིས། །ཚོར་བ་བདེ་སྡུག་མྱོང་བ་དེ་གླང་དུ་གྱིས། ལུས་ཞིང་དུ་བསྒོམས། ཉིན་མཚན་ཆོས་ཉིད་ཀྱི་བདེ་བའི་འབྲས་བུ་འབྱུང་བར་སྒོམ་ཤིག ་ཅེས་དང། རང་གི་རྟོག་པ་མཐོང་གཤོལ་དང། །ཚོར་བ་བདེ་སྡུག་གླང་དོར་གྱིས། །རྣམ་སྨིན་བཅུད་པཱི་ས་གཞི་ལ། །ཁམས་ཀྱི་ས་བོན་ལེགས་བཏབ་པས། །བདེ་ཆེན་འབྲས་བུ་རྒྱུན་མི་ཆད། །ཞིང་ལས་དེ་ལ་བརྩན་པར་གྱིས། །གསུངས་པ་བཞིན་བསྒོམས ་བས། ལོ་བཅུ་གཉིས་ན་འཁོར་བའི་རྣམ་རྟོག་སྣ་ཚོགས་པ་འགགས་ནས་གྲུབ་པ་ཐོབ་པ་དང། ཤིང་ཏ་ལ་བདུན་ཐ་མ་ནམ་མཁའ་ལ་འཕགས་ནས་རྟོགས་པ་བརྗོད་དེས་ལི་པུ་ཏྲའི་གྲོང་ཁྱེར་དུ་འབྲོ་དོན་དཔག་ཏུ་མེད་པ་མཛད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ ་གཤེགས་སོ། །གུ་རུ་མེ་དྷི་ནའི་ལོ་རྒྱུས་རྫོགས་སོ།། །།སཾ་ཀ་ཛའི་ལོ་རྒྱུས་བཞུགས་སོ།། །གུ་རུ་སཾ་ཀ་ཛའི་ལོ་རྒྱུས་ནི། རིགས་བྲམ་ཟེ། དངོས་གྲུབ་སྤྱན་རས་གཟིགས་ན་མོ། །དེ་ཡང་སཾ་ཀ་ཛཱ་ཞེས་བྱ་བ་བྲམ་ཟེའི་བུ་གཅིག་ས་ཕྱོགས་དབེན་པར་པདྨའི ་འདབ་མའི་ཚལ་དུ་པདྨ་ལས་སྐྱེས་ནས། དེང་མི་རིང་པ་ཞིག་ན་པདྨའི་རྫིང་བུའི་འགྲམ་ན་སྤྱན་རས་གཟིགས་ཀྱི་སྐུ་ཞིག་བཞུགས་པ་ལ། སཾ་ཀ་ཛ་དེ་རང་ཉིད་མ་ཧཱ་དེ་ཝ་ལ་མོས་པས་སྐུ་དེ་མ་ཧཱ་དེ་ཝ་ཡིན་པར་བསམས་ནས་ལོ་བཅུ་གཉིས་སུ་མཆོད་པ་བྱས། མེ ་ཏོག་ཕུལ་ཡུལ་དེའི་ཆོས་ལུགས་ཀྱི་སྐུ་དེ་ལ་དུས་གསུམ་དུ་མཆོད་པ་བྱས་ནས་མེ་ཏོག་དེ་རང་གི་སྤྱི་བོའི་ལེན་པ་ཡིན་པས། བར་དེར་སློབ་དཔོན་ཀླུ་སྒྲུབ་བྱོན་ནས་མེ་ཏོག་ཕུལ་བས། སྐུ་རང་གིས་བླངས་ནས་སྤྱི་བོར་བཞག་པས། སཾ་ཀ་ཛ་ཁྲེས་ནས་ང་ལོ་བཅུ ་གཉིས་སུ་བྱས་པ་ལ་མི་ལེན། འདིས་ལན་ཅིག་བྱས་པ་ལ་ལེན་པ་སྙམ་པ་དང། སྐུ་གཟུགས་དེའི་ཞལ་ནས་ཁྱོད་རང་གི་བསམ་བ་མ་དག་པ་ཡིན། ངས་ཅི་ཡང་མ་ཉེས་པའི་སྒྲ་བྱུང་བ་དང། དེར་འགྱོད་པ་སྐྱེས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞབས་སྤྱི་བོར་བླངས ་ནས་བདག་རྗེས་སུ་གཟུང་དུ་གསོལ་ཟེར་བས། དེས་ཀྱང་དབང་བསྐུར་ནས་ལྟ་སྤྱོད་ཟུང་དུ་འཇུག་པ་འདི་ལྟར་གནང་སྟེ། ཐུགས་རྗེས་ཆགས་པའི་བདེ་བ་དང། །གདོད་ནས་མ་གྲུབ་གཅིག་ཡིན་སྟེ། །ཐ་དད་མེད་པར་ཡང་དག་བལྟ། །འཕགས་པ་ཉིད་ཀྱི ་དགོས་པའོ། །ཞེས་གསུངས་པས། དེས་གོ་ནས་སྒྲུབས་བམ་ཞག་བདུན་ནས་གྲུབ་པ་ཐོབ་སྟེ། འགྲོ་བ་ལ་ཐུགས་རྗེས་གཟིགས་ནས་སྤྱོད་པའི་གདམས་པས་ཕན་མང་དུ་བཏགས་ཏེ། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་སཾ་ཀ་ཛའི་ལོ ་རྒྱུས་རྫོགས་སོ།། །། *། (།གྷཎྜ་བའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་གྷཎྜ་བའི་ལོ་རྒྱུས་ནི། ཡུལ་ཤྲཱི་ནཱ་ལནདའི་སྡེ་པ། དགེ་སློང་གི་སྡོམ་པ་ཐོབ་ལ་མ་ཉམས་པ། རིག་པའི་གནས་ལྔ་ལ་མཁས་པར་གྱུར་པས་ཕྱོགས་མཚམས་ཐམས་ཅད་དུ་སྙན ་བའི་གྲགས་པས་ཁྱབ་པར་གྱུར་པ་དང། སློབ་དཔོན་ཡུལ་ཐམས་ཅད་ལ་འགྲོ་དོན་ལ་གཤེགས་པར་གྱུར་པ་ན། རྒྱལ་པོ་དེ་ཝ་བ་ལ་བྱ་བ་བསོད་ནམས་ཀྱི་མཐུ་ལས་གྲུབ་པ། རྒྱལ་སྲིད་ཀྱི་འབྱོར་པ་དཔག་ཏུ་མེད་པ་མངའ་སྟེ། རང་གི་གྲོང་ཁྱེར་འབུམ་ཚེ?་བཅོ་བརྒྱད་། ་ཀ་མ་རི་བའི་གྲོང་ཁྱེར་འབུམ་ཚོ་དགུ་དང། བྷཾ་ག་ལའི་གྲོང་ཁྱེར་འབུམ་ཚོ་བཞི་སྟེ། སྡོམས་པས་འབུམ་ཚོ་སུམ་ཅུ་རྩ་གཅིག་ལ་དབང་བྱེད་པའི་རྒྱལ་པོ་དཻ་ཝ་ཕ་ལའི་ཡུལ་ས་ལི་པུ་ཏྲའི་གྲོང་ཁྱེར་དུ་སློབ་དཔོན་གཤེགས་ནས། བསོད་སྙོམས་མཛད་ཅིང་ཤིང་དྲུང་གི་རྩར ་གནས་བཅས་ནས་བཞུགས་པ་དང། རྒྱལ་པོ་དཻ་ཝ་ཕ་ལ་ལ་མཆོད་གནས་དཔག་ཏུ་མེད་པ་མངའ་བ་ལ། རྒྱལ་པོས་བཙུན་མོ་ལ་མཚན་མོ་གྲོས་དྲིས་བ་འདུས་བྱས་ཐམས་ཅད་ནི་མི་རྟག་པ། སྲིད་པར་སོང་བ་ཐམས་ཅད་ནི་སྡུག་བསྔལ་བ། འཁོར་བའི་ཆོས་ལ ་སྙིང་པོ་མི་འདུག་པས། ང་ནི་འདི་དང་ཕྱི་མ་གཉིས་ཀའི་རྒྱལ་སྲིད་བྱེད་པ་ཡིན། འོ་སྐོལ་བཟའ་མི་གཉིས་ཚེ་ཕྱི་མའི་ཆེད་དུ་ལམ་རྒྱགས་མཆོད་གནས་དུ་མ་གཅིག་ལ་ཚོགས་བསོགས་བྱས་ན་མི་རུང་ངམ་ཞེས་སྨྲས་པ་དང། བཙུན་མོ་ན་རེ། ཉིད་ལ་སྔར་ཡང ་མཆོད་གནས་དཔག་ཏུ་མེད་པ་མཆིས་ལ། ང་ཡང་མཆོད་གནས་གཞན་པས་ཁྱད་པར་འཕགས་པ་འདུལ་བ་འཛིན་པ་ཆེན་པོ་ཞིག་གྲོང་མཛའ་ཕ་གིའི་ཤིང་བྲུང་གི་རྩན་ཟས་བསོད་སྙོམས་པ། ཆོས་གོས་དང་ཡོ་བྱད་ངན་དོན་གྱིས་འཚོ་བ་ཞིག་ཡོད་པས། དེ ་ལ་ཉིད་ཀྱིས་བཞེས་ཐང་ཚོད་རྣ་བརྒྱད་ཅུ་རྩ་བཞི་དང། ཆུར་བའི་བཅའ་བ་བཅུ་བཞི་དང། རྒུན་ཆད་ལ་སོགས་པའི་བཏུང་བ་ལྔ་དང། མེ་མར་གྱི་སྣང་བ་མ་ཡིན་པ་རིན་པོ་ཆེའི་སྣང་བ་དང། རྒྱལ་སྲིད་ཀྱི་འདོད་པའི་ཡོན་ཏན་ཐམས་ཅད་དེ་ལ་སྒྱིན?་པར་བྱའོ་ཞེས་སྨྲས་བ ་དང། རྒྱལ་པོས་ཀྱང་རུང་གསུངས་ཏེ། ནང་པར་འཁོར་དུ་མ་ཅིག་སློབ་དཔོན་སྤྱན་འདྲེན་དུ་བཏང་བས་མ་ཁུགས་པ་དང། རྒྱལ་པོ་འཁོར་མང་པོ་དང་བཅས་ཏེ་བྱོན་ནས་ཕྱག་བྱས་ཕེབས་དགོས་པའི་གཏམ་མང་པོ་སྨྲས་པས། ཅི་ལ་འདིར་གཤེགས་གསུང ་བ་ལ། སློབ་དཔོན་ལ་བདག་དད་ནས་མཆོད་གནས་སུ་སྤྱན་འདྲེན་དུ་འོངས་པ་ལགས་ཤེས་གསུངས་པས། སློབ་དཔོན་ན་རེ། རྒྱལ་པོའི་རྒྱལ་སྲིད་ནི་སྡིག་དང་བཅས་པ་ཡིན་པས་བདག་དེར་མི་འོང་གསུངས་པས། འོ་ན་གཏན་དུ་མི་བཞུགས་ཀྱང་ལོ་ཅིག་ཙམ་བཞུགས་པར ་ཞུས་བས་མ་བཞེད། དེ་བཞིན་དུ་ཟླ་བ་དྲུག་དང། གསུམ་དང་གཅིག་དང་ཕྱེད་དང། ཞག་གཅིག་གཤེགས་པར་ཞུས་པ་ལ་ཡང། ཁྱོད་སྡིག་ཅན་སྤྱོད་ལམ་བཞི་ལ་སོགས་པ་གང་བྱེད་ཀྱང་ཐམས་ཅད་སྡིག་པའི་རང་བཞིན་ཡིན་པས་མི་འོངས་གསུངས་པས། རྒྱལ ་པོས་ཞག་བཅུ་བཞིའི་བར་དུ་ཡང་ནས་ཡང་དུ་གལ་གྱིས་ཞུས་ཀྱང་མ་བཞེད་པ་དང། རྒྱལ་པོ་འཁོར་དང་བཅས་པ་ཁྲོས་ཏེ་སྙིང་ལ་ཞེ་སྡང་གི་མེ་འབར་ཏེ། རྒྱལ་པོ་སྨྲས་བ། དགེ?་སྦྱོང་འདིའི་ཚངས་པར་སྤྱོད་པ་དང་སུས་ལེན་ནུས་པ་དེ་ལ་རྒྱལ་སྲིད་ཕྱེད་དང་གསེར་ཁལ་གཅིག་སྟེར་རོ་ཞེས ་ཡོངས་སུ་སྒྲོགས་མཁན་བཏང་བ་དང། ཡུལ་དེ་ན་སྨད་འཚོང་མ་གཡོ་ཅན་མ་ཀུན་གྱི་གཙོ་མོ་ཞིག་ཡོད་པ་ན་རེ། ངས་ནུས་ཞེས་རྒྱལ་པོ་ལ་སྨྲས་པ་དང། རྒྱལ་པོས་འོ་ན་ཁྱོད་ཀྱིས་བརྩོན་འགྲུས་དང་འབད་པས་སྒྲུབས་ཤིག་ཅེས་སྨྲས་སོ། །སྨད་འཚོང་མ་དེ་ལ་བུ་མོ་ལོ ་བཅུ་གཉིས་ལོན་པ། འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ། བྱང་བཞིན་མཛེས་པ། འགྲོ་ན་སྟབས་སྡུག་པ། སྨྲ་ན་སྐད་སྙན་པ་ལུས་ཤ་རྒྱས་ཤིང་ནུ་མ་འབུར་བ། ཉི་མས་མཐོང་ཡང་ཉི་མ་འགུལ་དུ་མི་ཐུབ་པ་ཞིག་ཡོད་པ། བདག་གིས་དེ་བཏང་ལ་འཁོར་བར ་བཟློག་ཏེ་ཚངས་པར་སྤྱོད་པ་དང་དཔྲལ་ནུས་སོ་སྙམ་ནས། བུ་མོ་དེའི་མ་དེས་བྱིན་ནས་ཕྱག་དང་སྐོར་བ་བྱེད་ཀྱིན་ལོག་ཏེ་དེ་ལྟར་ཞག་བཅུའི་བར་དུ་བྱས་ནས་སྨྲས་པ། བདག་དབྱར་ཟླ་གསུམ་འཚོ་བ་སྦྱོར་བའི་ཡོན་བདག་བགྱི་དོ་སྨྲས་པས། དེ་མ་འདོད་པ ་དང། ཟླ་བ་གཅིག་གི་བར་དུ་ཡང་ཡང་སྨྲས་པས། སློབ་དཔོན་གྱིས་ཞལ་གྱིས་བཞེས་པ་དང། དཱ་རི་མ་དགའ་ནས་བཀྲ་ཤིས་རྒྱ་ཆེན་པོ་བྱས་ཚིག་ཏུ་ཡང་འདི་ལྟར་སྨྲས་སྟེ། བུད་མེད་གཡོ་ནི་བརྒྱད་ཅུ་གཅིག་འདོད་པ་ཡང་ནི་རྒྱར་འགྱུར་རོ། །ཞེས་སྨྲས་ཤིང་ངས་གཡོས་ན་གླིང ་བཞི་ཡང་གཡོ་ཞིང་བསླུ་བར་ནུས་ན། དགེ་སྦྱོར་འདི་ཅི་སྨོས་སྙམ་དུ་སེམས་ཤིང་དག་ཏུ་ཡང་འདོན་པར་བྱེད་དོ། །དེའི་སྐབས་སུ་སློབ་དཔོན་ན་རེ། ང་ལ་ཟས་སྐྱེལ་བ་ཀུན་སྐྱེས་པ་ཐོང། བུད་མེད་མ་བཏང་ཞིག་བྱས་པས། དེ་བཞིན་དུ་བགྱིའོ་ཞེས་སྨྲས་ནས། ཀ ་རའི་ཆུ་དང་འབྲས་ཆན་ཟླ་བ་ཕྱེད་གཉིས་ཀྱི་བར་དུ་སྐྱེས་པ་ཀུན་གྱིས་སྒྱལ་ནས། དེ་ནས་སྨད་འཚོང་མ་གཡོ་ཅན་མ་དེས་བུ་མོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་བཟའ་བ་དང། བཅའ་བ་སྣ་ཚོགས་གྱ་ནོམས་པ་མང་པོ་བསྐུར་ནས་གཡོག་ལྔ་བརྒྱ་དང་བཅས་ནས་བཏང ་ཏེ། གནས་ཀྱི་རྩ་ནས་འཁོར་ཀུན་ཕྱིར་ལོ་གཅིག་བྱས་ནས་བཏང་ངོ། །དེ་ནས་བུ་མོས་མས་བསླབས་པའི་གཡོ་རྣམས་དྲན་བཞིན་དུ་ནད་དུ་ཞུགས་པ་དང། དགེ་སློང་སྔར་གྱི་ཟན་སྐྱེལ་མི་ཡིན་སེམས་ནས་ནང་དུ་འོངས་པ་དང། བུ་མོ་གཞོན་ནུ་མ་རྒྱན་སྣ་ཚོགས་ཀྱིས ་བརྒྱན་པ་ཞིག་མཐོང་ནས། སྐྱེས་བ་ཀུན་གར་སོང་སྨྲས་པས། བུ་མོས་སྨྲས་པ། དེ་ཀུན་ལ་ལོང་མེད་ནས་དངོས་ཅག་མཆིས་སོ་བྱས་ཏེ། དེ་ནས་བུ་མོ་ཡུན་རིང་དུ་འདུག་པ་དང། ད་སོང་སྨྲས་པས། ད་རུང་ནམ་མཁའ་ལ་སྤྲིན་ཁ་དོག་ལྔ་འདུས་ནས་ཆར་འོང ་བར་གདའ་བས། དེ་ཆད་པ་དང་མཆི་སྨྲས་ནས་ཡུན་རིང་དུ་སྡད་པ་དང་ཉི་མ་ནུབ་པར་གྱུར་ནས་བུ་མོས། དངོས་ལ་ལམ་གྲོགས་མ་མཆིས་པས་གོས་དང་རྒྱན་ལ་བལྟས་ནས་སྲོག་དང་དབྲལ་བར་མཆི་ཞུས་པས། བདེན་ནམ་སྙམ་ནས་དེར་གཉལ་བ་དང། ་བུ་མོས་མཚན་ལ་འཇིགས་པ་སྐད་སྨྲས་པས། དེར་བུ་མོ་རྩར་གཉལ་བ་དང། ཡུལ་དང་ཉེ་བའི་སྟོབས་ཀྱིས་དེ་གཉིས་ལུས་འདྲེས་པར་གྱུར་ནས། དེར་སྦྱོར་བ་བྱས་པས་དགའ་བཞི་སྐྱེས་ཏེ་ལམ་བགྲོད་པར་གྱུར་ཏོ། །ནང་བར་གྱི་དུས་སུ་ཡང་མའི་གམ ་དུ་མ་ཕྱིན་པར་དེར་སྡད་པར། དགེ་སློང་དང་གཉིས་ཀ་ལ་བཟའ་བཅའ་སྐྱེལ་ཀྱིན་བོར་ཏོ། །དེ་ལྟར་ལོ་གཅིག་ལོན་པ་དང། བུ་ཁྱེའུ་ཅིག་རྩས་པར་གྱུར་པ་དང། རྒྱལ་པོས་དུས་རྟག་ཏུ་སྨད་འཚོང་མ་ལ་དྲིས་པས། མོས་གསལ་པོ་མ ་སྨྲས་ལ། དེ་ནས་ལོ་གསུམ་ལོན་པ་དང་སྨད་འཚོང་མས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཉིད་ཀྱིས་བཀའ་གང་ལབ་པའི་དོན་བསྒྲུབས་ནས་མཆིས། ཐུགས་དགྱེས་པར་མཛོད་ཅིག་ཞུས་པ་དང། དེ་ལ་རྒྱལ་པོས་བཀའ་སྩལ་པ། འོ་ན་ཞག་གསུམ་གྱི ་དུས་སུ་དགེ་སློང་པའི་གམ་དུ་ཥོ?་?་བ་བགྱིས་ཤེས་ཁྱོད་ཀྱིས་བུ་མོ་ལ་སྨོས་ཤིག་ཟེར་རོ། །དེ་ནས་རྒྱལ་པོ་ས་ལི་པུ་ཏྲའི་མི་ཀུན་དང་བཅས་དགེ་སློང་ཅན་དུ་ཆས་སོ། །དེར་དགེ་སློང་གི་བུ་མོ་ལ་ངའོ་སྐོལ་གནས་འདིར་བདུག་གམ་གཞན་དུ་འགྲོ་སྨྲས་པ་ལ། བུ་མོས་སྨྲས ་པ། ངའོ་སྐོལ་གྱི་ལས་ངན་པ་འདི་ལ་མི་ཀུན་འཕྱ་ཡིན་འདུག་པས། མིའི་ཡུལ་དུ་འཁྱམས་ན་ཡང་དང་འགྲེར་ནས། བུ་མོས་བུ་ཆུང་དང་ཆར་ཡི་ཏུ?་བ་བསྐུར་ནས་བཟའ་ཚོ་གཉིས་ཀྱིས་ཕྱིན་པ་དང། ལམ་བར་དུ་རྒྱལ་པོ་དང་ཕྲད་ནས་གླང་པོ་ཆེའི་སྟེང་ནས་བབས ་ཏེ་སྨྲས་པ། དགེ་སློང་གི་གོས་ཀྱི་ནང་ན་ཅི་ཡོད། བུ་མོ་འདི་ཁྱོད་ཀྱི་ཅི་ཡིན་སྨྲས་པ། དགེ་སློང་ན་རེ་གོས་ཀྱི་ནང་ན་བུ་ཆུང་དང་ཀུ་བ་ཡོད། བུ་མོ་འདི་ངའི་ཆུང་མ་ཡིན་སྨྲས་པས། རྒྱལ་པོ་ན་དེ། ངས་སྤྱན་དྲངས་པའི་དུས་སུ་ཁྱོད་སྡིག་ཅན་གྱི་གམ་དུ་མི་འོང་ཟེར ་བ་ལ། ད་ལྟ་ཁྱེད་རང་བུ་དང་ཆུང་མས་ཅི་བྱ། སྡིག་ཅན་ཅིག་ཁྱེད་རང་འདུག་སྨྲས་པས། སློབ་དཔོན་གྱི་ང་ལ་ཉེས་པ་མེད་པས་སྐུར་བ་མ་འདེབས་ཤིག་གསུངས་པས། སླར་ཡང་སྔར་བཞིན་དུ་བགྲངས་པས། སློབ་དཔོན་གྱི་བུ་ཆུང་དང་ཀུ་བ་ས་ལ་སྡབས ་པར། སའི་ལྷ་མོ་འཇིགས་ཏེ་ས་གས?་ནས་ཆུ་རྡོལ?་བ་དང། ཆུའི་ནང་ནས་བུ་ཆུང་རྡོ་རྗེ་དང་ཀུ་བ་དྲིལ་བུར་སོང། ཁོང་རང་བདེ་མཆོག་དང། བུ་མོ་ཡུམ་རྡོ་རྗེ་ཕག་མོར་སོང་ནས། རྒྱལ་པོ་འཁོར་དང་བཅས་པའི་ནམ་མཁའ་ཨི་སྟེང་དུ་བདེ་མཆོག་ཡབ་ཡུམ་རྡོ་རྗེ ་དྲིལ་བུ་དང་བཅས་པར་གྱུར་པ་དང། རྒྱལ་པོ་ལ་སོགས་པས་མགྲིན་གཅིག་ཏུ་ནམ་མཁའ་ལ་བལྟས་ནས་སློབ་དཔོན་ལ་སྐྱབས་སུ་མཆིའོ་ཞེས་གསོལ་བ་འདེབས་ཀྱང་རྡོ་རྗེ་ཁྲོས་པའི་ཏིང་ངེ་འཛིན་ལས་མ་བཞེངས་པ་དང། སྐྱེ་བོའི་ཚོགས་ཐམས་ཅད་སགས་པའི་ཆུས ་ནུབ་ནས་འཆི་བ་ལས་ཐུག་པ་ན། འཕགས་པ་སྤྱན་རས་གཟིགས་སྐད་ཅིག་དེར་གཤེགས་ནས། ས་གས་པའི་ཆུ་ཞབས་ཀྱིས་བཀག་ནས། རྒྱལ་པོ་དེ་ཝ་ཕལ་འཁོར་དང་བཅས་པ་དབུགས་དབྱུང་བར་མཛད་དོ། །དེ་ནས་སླར་ཡང་བླ་མ་ལ་གསོལ་བ་བཏབ ་པས། དེས་ཧཱུཾ་སྒྲ་གཅིག་བསྒྲགས་པས་ཆུ་ཐམས་ཅད་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་འཁོར་དང་བཅས་པས་བཟོད་པར་གསོལ་པས། འཕགས་པའི་སྐུ་ཡང་དེ་ཉིད་དུ་རྡོའི་རང་བྱུང་ཏུ་སོང་སྟེ། ད་དུང་ཡང་ཞབས་འོག་ནས་ཆུ་ཁྲུ་རེ་ཙམ་འདུག་ཟེར་རོ།། ་དེ་ནས། རྒྱལ་པོ་ལ་སོགས་པ་ལ་དེས་གདམས་པ་གསུངས་པ་ནི། ཇི་ལྟར་སྨན་དང་དུག་ཉིད་ཀྱང། །རང་གི་ངོ་བོ་ཅིག་ཉིད་ལས། །འབྲས་བུ་ཡང་ནི་གཉིས་སུ་འབྱུང། །དེ་བཞིན་སྤང་བྱ་གཉེན་པོ་གཉིས། །ངོ་བོ་ཅིག་ཏེ་ཐ་དད་མིན། །མཁས་པས་རྟོག་ནས ་སྤོང་མི་བྱེད། །བྱིས་པ་མི་མཁས་པ་དག་གིས། །མ་རྟོགས་དུག་ལྔས་འཁོར་བར་འཁྱམས། །ཤེས་གསུངས་པས། རྒྱལ་པོ་ལ་སོགས་པའི་སྐྱེ་བོའི་ཚོགས་ཐམས་ཅད་མི་མོས་པའི་སྒྲོ་བསྐུར་འགགས་ནས་ཅིག་ཏུ་མཐུན་པར་དད་པར་གྱུར་ནས། འགྲོ་བ་དཔག ་ཏུ་མེད་པ་ལམ་ལ་གནས་པར་གྱུར་སྟེ། ཚིག་ཏུ་ཡང་དྲིལ་བུ་བ་ཞེས་བརྗོད་ནས། དེར་ཕན་ཆད་སློབ་དཔོན་དྲིལ་བུ་བ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་སོ། །བུ་མོ་དེས་སློབ་དཔོན་ལ་སྐྱེ་བ་སྔ་མ་ལ་ལན་དྲུག་གི་བར་དུ་ཚུལ་ཁྲིམས་ལ་བར་ཆུང་བྱས་པ ་ཡིན་ལ། ད་རེས་ཀྱང་ཚུལ་ཁྲིམས་འཁར་ཆད་བྱས་པས། སློབ་དཔོན་ཆོས་ཉིད་ཀྱི་ངང་དུ་གཉིས་འཛིན་གྱི་རྣམ་རྟོག་ཐམས་ཅད་སྟོར་ནས་རྒྱུད་སྨིན་པའི་སྟོབས་ཀྱིས་ལམ་དུ་སོང་བ་ཡིན་ནོ། །སྲས་ནི་ཕྱག་རྡོར་བུ་མོ་དེས་ཀྱང་སྔར་ནས་བསྟེན་བཀུར་བྱས་པའི ་ཕན་ཡོན་གྱིས་ད་རེས་དྲི་མ་དག་པ་ཡིན་གསུང། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སློབ་དཔོན་དྲིལ་བུ་བ་ལུས་དེ་ཉིད་ཀྱིས་གཉིས་ཀ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་གཎྜ་པ་སྟེ་དྲིལ་བུ་བའི་ལོ་རྒྱུས་རྫོགས་སོ།། །། ་ཛོ?་ཀི་པའི་ལོ་རྒྱུས་བཞུགས་སོ།། །གུ་རུ་ཛོ?་ཀི་པའི་ལོ་རྒྱུས་ནི། ཡུལ་ཨོ་ཏནྟ་པུ་རི། རིགས་གདོལ་པ། བླ་མ་ཤ་ར་ཝ། །དེ་ཡང་བརྩོན་འགྲུས་ཆེ་ལ་ཤེས་རབ་ཆུང་བར་གྱུར་བ་དང། །དུས་ཅིག་ན་བླ་མ་ཤ་ར་ཝ་དེའི་གམ་དུ་གཤེགས་ནས། དགྱེས་རྡོར་དུ་དབང་བསྡུར?་སྟེ་བསྐྱེད ་རྫོགས་ཀྱི་གདམས་པ་གནང་ནས་སྒམ་དུ་བཅུག་པས། དེའི་ངེད?་མ་ཤེས་ནས་བླ་མ་ལ་དངོས་ཀྱིས་སྒོམས་པས་རྡོ?་མི་ཐོགས་བས་ལུས་ངག་གི་དགེ་སྦྱོར་བགྱིད་པར་ཞུ་ཞུས་པས། བླ་མས་རྡོ་རྗེ་ཏེ་རུ་ཀའི་བཟླས་པ་བསླབས་ནས་གནས་ཆེན་ཉི་ཤུ་རྩ་བཞིར་སོར་ལ ་བསྒྲུབས་ཤིག་གསུངས་པས། དེས་ཀྱང་དེ་ལྟར་བྱས་པས་ལོ་བཅུ་གཉིས་ན་དྲི་མ་དག་སྟེ་མ་ཧཱ་མུ་ཏྲའི་དངོས་གྲུབ་ཐོབ་ནས། དེས་རྟོགས་པ་བརྗོད་དེ་ལོ་ལྔའི་བར་དུ་འགྲོ་དོན་སྣ་ཚོགས་མཇད?་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཛོ་ཀི་བའི་ལོ་རྒྱུས་རྫོགས ་སོ།། །།ཅ་ལུ་ཀིའི་ལོ་རྒྱུས་ཞུགས་སོ།། །གུ་རུ་ཙ་ལུ་ཀིའི་ལོ་རྒྱུས་ནི། ཡུལ་མངྒ་ལ་པུ་ར། རིགས་དམང་རིགས། བླ་མ་མཻ་ཏྲི་བ། དེ་ཡང་གཉིད་ཆེ་བས་དུས་རྟག་ཏུ་གཉིད་ཀྱི་དབང་དུ་སོང་ནས་བརྩོན་འགྲུས་རྩོ་མི་ནུས་པ་ལ། དུས་གཅིག་གི་ཚེ་འཁོར་བའི་ཉེས ་དམིགས་ལ་སྐྱེ་ནས་ཤིང་རྩ་ཅིག་ཏུ་གནས་པ་དང། དེར་རྣལ་འབྱོར་པ་གཅིག་སོང་ནས་ཁྱོད་འལ་དོན་ཅི་བྱེད་ཅིང་འདུག་གསུང་པས། ཙ་ལུ་ཀི་ན་རེ། བདག་འཁོར་པ་ལས་ཐར་བའི་ཆོས་སྒྲུབ་སྙམ་པ་ལ་ཆོས་སྟོན་པའི་སློབ་དཔོན་དང་མ་ཕྲད་ཅིང། སྒྲིབ་པའི ་རང་བཞིན་གཉིད་ཆེ་བས་བརྩོན་འགྲུས་རྩོམ་མི་ནུས་པས། ཉིད་ཀྱིས་བདག་ལ་ཆོས་ཀྱང་བྱིན་དགོས་ཤིང། །གཉིད་ཆུང་བའི་ཐབས་ཅིག་མ་བྱིན་ན་ཕན་མེད་ཞུ་བས། རྣལ་འབྱོར་བ་མཻ་ཏྲི་བ་ན་རེ། ཁྱོད་ལ་དབང་བསྐུར་ན་གཉིད་ཆུང་ལ་འཁོར་བ་ལས་ཀྱང་ཐར་བ ་ཡིན་གསུངས་ནས་བདེ་མཆོག་ཏུ་དབང་བསྐུར་ཏེ། །མི་ཟབ་པའི་རྫོགས་པར་མེ་རྩ་རླུང་གི་གདམ་ངག་འདི་ལྟར་བྱིན་ཏེ། སྣང་སྲིད་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་དུ་བསྡུས་ལ། ལ་ལ་རས་དབུ་མ་ཨ་ཝ་དྷཱུ་ཏི་ར་ཆུག་ལ། ལུས་དང་དྷཱུ་ཏི་མཆོར?་སྒོམ། ཤེས་པ་དང་? ་བསྒོམས་ལ་མཚོ་ནང་དུ་དང་བ་འཕྱོ་བར་བསྒོམས་ན་གཉིད་ཀྱང་ཆུད་ལ་རླུང་དྷཱུ་ཏིར་ཚུད་བས་མི་རྟོག་པ་དང་གིས་སྐྱེ་བ་ཡིན་གསུངས་ནས་གདམ་ངག་བྱིན་ཏེ། དེས་ཀྱང་བསྒོམས་པས་ལོ་དགུ་ན་དྲི་མ་དག་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས། སྣང་སྲིད་ཆོས་རྣམས ་རང་གི་ལུས་ངག་ཡིད་དུ་འདུས། དེ་ཡང་གཟུང་འཛིན་མེ་ཏོག་རྩ་ནི་གསུམ་དུ་འདུས། གཉིས་པོ་དབུ་མར་འདུས་ནས་རྣམ་པར་ཤེས་པའི་དད་པ་དེའི་བཅུད་ཀྱིས་མཚོ་ཏེ་གྲུབ་པ་ཐོབ་ནས། དེས་རྟོགས་པ་བརྗོད་ལུས་དེ་ཉིད་ཀྱི་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཙ་ལུ་ཀའི ་ལོ་རྒྱུས་རྫོགས་སོ།། །། *། །གོ་རུ་རའི་ལོ་རྒྱུས་བཞུགས་སོ།། །གུ་རུ་གོ་རུ་རའི་ལོ་རྒྱུས་ནི། གོ་རུ་ར་བྱ་བ་བྱ་བའོ། །ཡུལ་ཌི་ཀུན?་གར?། རིགས་བྱ་བ། དེ་ཡང་རྟག་ཏུ་དོལ་ཁུར་ནས་བྱ་རྔོན་བྱེད་པ་ལས། དུས་གཅིག་གི་ཚེ་དེའི་གམ་དུ་རྣལ་འབྱོར་པ་གཅིག ་བྱོན་ནས་རིགས་ཀྱི་བུ་ཁྱོད་ཅི་བྱེད་སྨྲས་པས། བྱ་བ་ན་རེ། འཕགས་པ་བདག་ནི་སྔོན་ལས་ངན་?་བསགས་པས་བྱ་བའི་རིགས་སུ་སྐྱེས་ནས། འཚོ་བའི་ཆེད་དུ་སྲོག་ཆགས་ལ་དུས་རྟག་ཏུ་རྣམ་པར་འཚོ་བར་བགྱིད་པས་སྐྱོ་ཡིན་གདའ་ཨོ་ཞུས་པས། རྣལ་འབྱོར་པ་ན་དེ་། ་ལས་དང་ལས་ཀྱིས་ཚེ་འདིར་སྡུག་།འདི་དམ?་ཕྱི་མ་ཆེར་སྡུག་ན། །རྟག་ཏུ་བདེ་བ་དམ་པའི་ཆོས། །སྒྲུབ་པར་མ་བྱེད་ཅི་སྟེ་ཨང། །ཅེས་གསུངས་པས། དེ་ན་རེ། བླ་མ་བདག་འདྲ་བའི་སེམས་ཅན་སྡིག་ཅན་ལ་ཐུགས་རྗེ་འཁྲུངས་ནས་གདམས་བརྩོལ་ན་ཅིས་ཏེ ་མི་སྒྲུབ་ཟེར་བས། དེ་ལ་བྱིན་རླབས་འཕོ་བའི་དབང་སྐུར་མཛད་ནས་དམིགས་བ་ཅིག་པའི་གདམ་ངག་རང་ཉིད་ཀྱི་དམིགས་པ་དང་མཐུན་པར་བྱིན་ཏེ། འཇིག་རྟེན་གྱི་སྒྲ་ཐམས་ཅད་བྱའི་སྒྲར་སྒོམ། །བྱའི་སྒྲ་དང་རང་གི་ཤེས་པའི་དམིགས་བ་གཉིས་གཅིག་ཏུ ་ཕྱིས?་ལ་བསྒོམས་ཤིག་གསུངས་པ་ན། དེ་སྒྲ་ལ་སེམས་ཤོར་ནས་སླར། །བུ་ཕྱུག་སྒྲ་སྙན་སྒྲ་གྲགས་ཏེ། །སྒྲ་རྣམས་སྒྲ་ཙམ་ཉིད་དུ་གཅིག་།དེ་བཞིན་སྒྲ་དང་སྒྲར་འཛིན་པ། །ཁྱབ་བྱེད་ཆོས་ཉིད་ངོ་བོ་སྒོམ། །ཅེས་གསུངས་པས་དེ་ལྟར་བསྒོམས་པ་ན་སྒྲ་གྲགས ་སྟོང?་དབྱེར་མེད་དུ་རྟོགས་ཏེ། ལོ་དགུ་ན་སེམས་ཀྱི་དྲི་མ་དག་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། རང་གི་རྟོགས་པ་བརྗོད་ནས་ལོ་བརྒྱའི་བར་དུ་འཇིག་རྟེན་དུ་བཞུགས་ཏེ། སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ནས། འཁོར་སུམ་བརྒྱ་དང་བཅས་ལུས་དེ་ཉིད་ཀྱིས་མཁའ་ ་སྤྱོད་དུ་གཤེགས་སོ། །གུ་རུ་གོ་རུ་རའི་ལོ་རྒྱུས་རྫོགས་སོ།། །།ལོ་ཙི་ཀའི་ལོ་རྒྱུས་བཞུགས་སོ།། །གུ་རུ་ལུ་ཙི་ཀའི་ལོ་རྒྱུས་ནི། ལུ་ཙི་ཀ་སྟེ་ཅེག་།འདུག་ཀོག་ལངས་མཁན་པོ། ཡུལ་ཤར་ཕྱོགས་བྷཾ་ག་ལན་བྲམ་ཟེ་ཞིག་མི་མང་པོ་ཤིབས་ཤེས ་པ་སྐྱེ་སྟེ་འཁོར་བ་ལས་བློ་ལོག་ནས་གནས་དབེན་པ་ཞིག་ཏུ་ཕྱིན་ཏེ་ཆོས་བྱེད་སྙམ་ནའང། གདམས་བ་མེད་པས། དཔལ་ཆོས་གསུངས་པའི་བླ་མ་གཅིག་དང་ནམ་འཕྲད་སྙམ་པ་ན། དུས་གཅིག་གི་ཚེ་རྣལ་འབྱོར་པ་གཅིག་དེར་བྱོན་ནས་དེ་དགའ་སྟེ་ཕྱག་བཙལ་བ་ན་། ་རྣལ་འབྱོར་བ་ན་རེ། ང་ལ་ཕྱག་བཙལ་ནས་ཅི་དགོས་གསུངས་པས། དེ་ན་རེ། བདག་འཁོར་བ་ལས་བློ་ལོག་ནས་ཆོས་ཅིག་བྱེད་སྙམ་པ་ལ། གདམ་ངག་སྟོན་པའི་བླ་མ་མ་རྙད་ནས། དེ་རིང་བླ་མ་དང་ཕྲད་པས་གདམས་པ་ཞུའོ་ཟེར་བས། དེས་བདེ་མཆོག་ཏུ་དབང ་བསྐུར་སྟེ་བསྐྱེད་རྫོགས་ཀྱི་གདམས་པ་གནང་བས། དེས་འབད་ནས་བསྒོམས་པས་ལོ་བཅུ་གཉིས་ལ་བསྐྱེད་རྫོགས་ཟུང་དུ་ཕྱུག་ཏེ་གྲུབ་པ་ཐོབ་ནས་ལུ་ཙི་ཀར་གྲགས་ཤིང། དེའི་ཞལ་ནས། འཁོར་བ་མྱ་ངན་འདས་པ་གཉིས། །ཐ་དད་ཡོད་པར་མ་མཐོང་སྟེ།། ་དེ་ཉིད་ཐར་པ་བདེ་ཆེན་པོ། །དམན་པར་གཟུང་བས་བགྲོད་པར་དཀའ་། །ཅེས་གསུངས་ཏེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་ཏེ། ནམ་མཁའ་ནས་རྟོགས་པ་རྣམས་བརྗོད་ནས་མི་སྣང་བར་གྱུར་ཏོ། །གུ་རུ་ལུ་ཙི་ཀའི་ལོ་རྒྱུས་རྫོགས་སོ།། །། ་ན་གུ?་ཎའི་ལོ་རྒྱུས་བཞུགས་སོ།། །།གུ་རུ་ན་གུ་ཎའི་ལོ་རྒྱུས་ནི། ན་གུ་ཎ་སྟེ་ཡོན་ཏན་མེད་པ་བྱ་བ་ཡིན་ལ། ཡུལ་བུརྦ་དེ་ཤ་བྱ་བར་དམངས་རིགས་ཞིག་གི་ཁྱིམ་ཐབས་ལ་བུ་བཙས་ཏེ། བཙས་སྟོན་རྒྱ་ཆེན་པོ་བྱས་ནས་བསྐྱེད་བསྲིངས་པ་ན་དེ་གཉིད་དང་ལེ་ལོ་ཆེ་བས ་འཇིག་རྟེན་གྱི་བྱ་བ་གང་ཡང་མ་དྲན་པས། འདི་འདྲ་བའི་ལེ་ལོ་ཅན་གྱིས་མི་བྱ་བ་བཟང་ངན་གང་ཡང་མི་འོང་བ་འདི་སྐྱེས་པ་བས། ཤིང་ཐོག་གཅིག་སྐྱེས་ན་བཟང་ཟེར་ནས་མཐུན་པར་དམོད་པའི་ཚེ། དེ་ཡིད་ཕྱུངས་ནས་ཕྱོགས་དབེན་པ་ཞིག་ཏུ་སོང་ནས་སྡད་ཡོད་པ ་ལ། རྣལ་འབྱོར་བ་གཅིག་བྱོན་ནས་གྲོང་ཁྱེར་ནས་བསོད་སྙོམས་ལོང?་ལ་གྲོང་ཤིག་གསུངས་པས། བདག་གི་མི་ལང་བར་འདུག་ན་ཟེར་ནས་ས་ལ་འགོག་ཀྱང་མཆུས་པ་ལ། དེ་མ་ཐུགས་རྗེས་བནའ?་བ་བྱིན་ནས་ཁྱོད་ལ་ཡོན་ཏན་ཅི་ཡོད་གསུངས་པས། རྣལ་འབྱོར་པ ་བདག་ནི་ན་གུ་ཎ་ཞེས་བཏགས་པ་ལགས་ན་ཡོན་ཏན་ཅི་ཡང་མེད་དོ་ཞེས་ཟེར་ན། ཁ་ཟས་ཀྱང་ཤུལ་ཀྱིན་བཟའ་བཏུང་བྱེད་བ་ན། དེ་ལ་དེས་ཤི་བས་མི་འཇིགས་སམ་བྱས་པས། འཇིགས་སྟེ་ཐབས་མེད་ཟེར། སྒྲུབ་པར་ནུས་ན་ཐབས་བྱིན་གྱི་གསུངས་པས། ཉལ ་ཀྱིན་བྱར་ཡོད་ན་ནུས་ལགས་ཟེར་བས། དེས་དབང་བསྐུར་ནས་སྣང་སྟོང་ཟུང་འཇུག་གི་གདམས་པ་འདི་གནང་སྟེ། གཟུང་འཛིན་གང་ཡང་མ་གྲུབ་པར། མ་རྟོགས་སེམས་ཅན་ཐམས་ཅད་ནི། སྡུག་བསྔལ་གྱིས་མནར་སྙིང་རེ་རྗེ། དེ་ཡང་གདོང་ནས་མ་གྲུབ་སྟེ། ་སྣང་དང་སྟོང་པ་དབྱེར་མེད་པས། །འོད་གསལ་རྒྱུད་ལ་སྐྱེས་ནས་ཀྱང། །སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གྲོང་ཁྱེར་དག་ཏུ་རྒྱུག་པར་བྱ། །ཅེས་གསུངས་པ་ལྟར་དེས་ཀྱང་བསོད་སྙོམས་བྱེད་ཅིང་སྒྲུབས་པས་འོད་གསལ་ཟུང་འཇུག་གི་རྟོག་པ་སྐྱེས་ནས་གྲུབ་བ་ཐོབ་སྟེ ་ཕྱོགས་ཐམས་ཅད་དུ་ཕྱིན་ནས་མི་རྣམས་སུ་ཡིན་ཟེར་བ་ལ། དེས་མི་དག་ལ་ལྟས་ཀྱིན་དུས་བས། མི་རྣམས་ཀྱང་འདི་འདྲ་བ་ཞིག་སྙིང་རེ་རྗེ་རྗེ་ཟེར་ནས་དུ་བར་བྱེད། གདུལ་བྱ་སྣོད་དང་ལྡན་པ་ལ་སྣང་སྟོང་དབྱེར་མེད་ཀྱི་ལམ་སྟོན་པར་བྱེད་དོ། །དེ་ནས་རྒྱ་མཚོར ་གྲུ་ཞིག་པ་བཞིན་དུ་འདྲུལ?་བའི་རྒྱ་ཐམས་ཅད་ནི་གནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཅིང་ལུས་དེ་ཉིད་ཀྱིས་མཛའ་སྤྱོད་དུ་གཤེགས་སོ། །གུ་རུ་ན་གུ་ཎའི་ལོ་རྒྱུས་རྫོགས་སོ།། །།ཛ་?་?་ནའི་ལོ་རྒྱུས་བཞུགས་སོ། །གུ་རུ་ཛ ་ཡཱ་ནནྟའི་ལོ་རྒྱུས་ནི། ཡུལ་བྷཾ་ག་ལར་རྒྱལ་པོ་ཞིག་ལ་གམ་ཟེའི་བློན?་བ་ཡོད་པས། དུས་གཅིག་གི་ཚེ་གྲམ་ཟེ་ཆོས་སྒོར་ཞུགས་པས་བཀའ་གསང་སྔགས་ཀྱི་ཆོས་གསང་ཀྱིན་བསྒྲུབས་པས། བྱིན་རླབས་བྱུང་བ་སུས་ཀྱང་མཚོར་བ་དང། དུས་རྒྱུན་དུ་གཏོར་མ་མང་དུ་བཏང་བས ་བློན་པོ་?་?་?་ནས་རྒྱལ་པོ་བལྟས་?་?། ?་?་?་?་?་བཅུག་པ་ན། དེས་རྒྱལ་པོ་ལ་སའི་རྫས་སུ་ལ་བྱེད་ལོངས་ཆུད་ཟོད་དུ་བཅུག་པ་མེད་པས་ལྷགས་ལས་ཐོང་ཅིག་བྱས་ཀྱང་རྒྱལ་པོས་མཉན་པ་ན། དེའི་ཕྱི་དེར་གཏོར ་མའི་དུས་སུ་བྱ་དག་འོངས་པས། དེ་མེད་པར་རྒྱལ་པོའི་?་?་ནས་བྱ་དག་འདུས་ནས་དམག་གྲངས་ཏེ་མི་ཐམས་ཅད་མགོལ་རྟོག་པ་དང། འཚོལ་བར་བྱེད་པས། དེ་ན་བྱ་སྐད་ཉན་ཤེས་པ་ཅིག་གིས་ཉན་པས། དེད་ཀྱི་ཕ་མར་གྱུར་པའི་བྲམ་ཟེ་རྒྱལ་པོས་གདམས་པ་ཡིན ་ཟེར་བས། དེ་རྒྱལ་པོ་ལ་སྨྲས་པ་དང། རྒྱལ་པོ་ན་དེ། དེ་ལྟ་ན་ཁོ་བདེན་བར་འདུག་ཟེར་ནས་བཟོད་པར་ཕུལ་ཏེ་བྱ་དག་ལོག་ཏུ་ཆུ་གཅིག་ཟེར་ནས། དེས་བྱ་དག་ལ་སྨྲས་ནས་བྱ་ལོག་པས་རྒྱལ་པོ་ཆེར་དད་དེ། ཉི་མ་རེ་ལ་འབྲས་ཁལ་ཉི་ཤུའི་གཏོར་རྐྱེན་ལ ་སོགས་པ་ཕུལ་ལོ?། །དེ་མན་ཆད་བླ་མ་ཛཱ་?་?་རིགས་གྲགས་ཏེ། དེའི་?་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །བླ་མའི་དྲིན་གྱིས་ཡང་དག་རྟོགས། །བདེ་ཆེན་མཆོག་གི?་བློན་པོ་བྱེད། །འཕོར་བའི་འཁོར་དུ་དམ་མི་གནས། །གནས་ལུགས་དང་གསལ་རྒྱལ་པོ ་གིས། །གཟུང་འཛིན་གཉིས་ཀྱི་དགྲ་ཡང་བཅོམ། །?་བའི་བདེ་ལ་ཆགས་པ་མེད། །ཀྱེ་ཏོ་མ་རྟོགས་སེམས་ཅན་རྣམས། །ཀྱེ་མ?་ཞེས་ནི་?་?་སྨྲ། །འགྲོ་ཡོད་མར་དུ་མཛད་དེ། ལོ་བདུན་བརྒྱ་ནས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཛཱ་ཡཱ་ནནྟའི་ལོ་རྒྱུས་རྫོགས་སོ།། ། ་གུ་རུ་པ་ཙ་རི་པའི་ལོ་རྒྱུས་ནི། ཡུལ་པ་ཀ་ཡིན། རིགས་འཁུར་བའི་ཚོང་བའོ། །དེ་ཕོངས་ནས་གོས་ཀྱང་?་ལས་གོན་རྒྱུ་མེད་པ་ཞིག་།ཁྱིམ་བདག་ཕྱུག་པོ་ཅིག་ནས་འཁུར་པ་བླངས་ཤིང་བཅིངས་ནས་དེའི་ཁེས་འཚེ་བར་བྱེད་པའི་ཚེ། དེས་ཁུར་བ་མར ་ཁུར་ཚོས་པ་མ་བཅིངས་པར་རང་ཉིད་ཀྱིས་ཟོས་པའི་ཕྱེད་ཙམ་ཟོས་ཟིན་པ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དཔེ་སློང་ཞིག་ཏུ་སྤྲུལ་ནས་དེའི་གམ་དུ་བྱོན་པས། དེ་དད་པ་སྐྱེས་ནས་ཕྱག་བྱས་ཏེ་འཁུར་བའི་ཕྱེད་པོ་དེ་དགེ་སློང་དེ་ལ་དྲངས་པས། དེ་ན་རེ། ཁྱོད ་ཀྱི་?་?་གང་ནས་ཁུགས་པ་ཡིན་གསུངས་པས། དེས་ཀྱང་བདེན་པར་སྨྲས་པ་དང། འོ་ནའོ་སྐལ་གཉིས་ཡོན་མཆོད་དུ་འདུག་པ། དས་ཡོན་བདག་ལ་ཆོས་ཅིག་བྱ་གསུངས་པས། ངས་ཀྱང་མཎྜལ་བྱས་ཏེ་མེ་ཏོག་ལ་སོགས་པ་ཕུལ་པས། སྤྲུལ་པས་ཀྱང་སྐྱབས ་འགྲོ་སེམས་བསྐྱེད་བྱིན་རླབས་བྱས་ནས་ཡི་གེ་དྲུག་མའི་གདམས་པ་གནང་བས། དེས་ཀྱང་གུས་པས་བསོད་སྙོམས་ཀྱིས་འཚོ་བ་དང་བྱས་ཏེ་སྒྲུབས་པའི་དུས་སུ་སྔར་གྱི་འཁུར་བའི་བདག་པོ་དེ་འོངས་ནས། ངའི་རིན་དེ་བྱིན་ཟེར་བས། དེས་ང་ལ་ཅང་མེད་ན་བྱས་པ་ལ། དེ ་བཟུང་ནས་བརྡུངས་པས། དེའི་ཁ་ནས་ང་གཅིག་ཁོས་མ་ཟོས། སློབ་དཔོན་དང་ངེད་གཉིས་ཀས་ཟོས་ནང་གཅིག་པོ་དེ་?་དམ་བྱས་ལས། དེ་བཞིན་དུ་སྒྲ་དེ་རྩིག་པ་ལ་སོགས་པ་ནས་ཀྱང་བྱུང་བས་དེ་ངོ་མཚར་ནས། བདག་གི་ཁུར་བ་ཁྱེད་ཀྱིས་ཁྱེར་ཏེ་སོང་ཟེར་ནས ་བཏང་དེ?། །དེས་ཀྱང་ལྷ་ཁང་ཞིག་ཏུ་ཕྱིན་ནས་རང་གི་ཡི་དམ་གྱི་རྟེན་གཅིག་ཡོད་པ་ལ་འཁུར་བའི་རིན་བླངས་པས། གསེར་ཏོ་ལོ་བརྒྱ་བཏང་པ་ན། དེ་ཁུར་ནས་སྔར་གྱི་ཁྱིམ་བདག་ལ་འཁུར་བའི་རིན་དུ་བཏང། དེར་སྔར་གྱི་སྒྲིབ་པ་བ་གཅིག་ཡོད་པ་དག་ནས། ངའི་བླ་མ ་འཕགས་པ་ཡིན་པར་འདུག་སྙམ་ཏེ། རི་བོ་ཏ་ལར་འགྲོ་བར་ཆས་ཏེ་ཕྱིན་པ་ན། བར་དུ་ཚེར་མའི་ནགས་གཅིག་ནས་རྐང་པ་ལ་ཚེར་མ་ཟུག་ནས་སྡུག་བསྔལ་ཆེན་པོ་བྱུང་སྟེ་འཕགས་པ་ལ་སྨྲེ་སྔགས་ཆེན་པོ་ཡང་བཏང་བས། འཕགས་པས་ཀྱང་ཞལ་དངོས་སུ ་བསྟན་ཏེ། ཁྱོད་ཀྱི་བླ་མ་ང་ཡིན་པས། ང་ཁྱེ་རང་དོན་གཉེར་བར་མ་བྱེད་པར་ཕྱིར་ལོག་ལ་གདུལ་བྱ་རྣམས་དྲང་བར་བྱོས་ཤིག་གསུངས་པས། དེ་དགའ་ནས་ནམ་མཁའ་ལ་འཕགས་ཏེ་ཙམ་པ་ཀ་ཡེར་རེ་བྱོན་པས། ཐམས་ཅད་ཀྱིས ་མཐོང་བས་ངོ་མཚར་སྐྱེས་ཏེ་གདམས་པ་ཞུས་པས། སྣང་སྟོང་དབྱེར་མེད་ཀྱི་གདམས་པ་ཡང་གསུངས་ཏེ། དེ་མན་ཆད་བླ་མ་པ་ཙ་རི་བ་ཞེས་བྱ་བར་གྲགས་ཏེ་མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་པ་ཙ་རི་བའི་ལོ་རྒྱུས་རྫོགས་སོ།། །། ་ཙམ་བ་ཀའི་ལོ་རྒྱུས་བཞུགས་སོ།། །གུ་རུ་ཙམ་པ་ཀའི་ལོ་རྒྱུས་ནི། ཡུལ་ཙམ་པ་ཀ་ཡིན་ཞིང། མེ་ཏོག་གི་མིང་ལས་བཏགས་པ་ཡིན་ནོ། །དེ་ལ་རྒྱལ་བུ་གཅིག་ལ་རྒྱལ་སྲིད་ཀྱི་འབྱོར་བ་ཕུན་སུམ་ཚོགས་ཤིང་ལོངས་སྤྱོད་ཀྱི་བྲེལ་བ་མེད་པ་ཅིག་ཡོད་ལ། དེ་ལང་ཆོས་དྲེགས ་ཤིང་རྒྱལ་སྲིད་ཀྱི་བདེ་བས་མྱོས་ནས་ཕྱི་མ་མི་དྲན་ལ། རྒྱལ་པོ་དེ་མེ་ཏོག་ཙམ་པ་ཀའི་སྐྱེད་མོས་ཚལ་གྱི་ནང་དུ་མེ་ཏོག་གི་ཁང་པ་ལེགས་པར་བྱས་ཏེ་འདུག་པའི་སྟན་དང་སྔས་ཀྱང་མེ་ཏོག་ཙམ་པ་ཀ་།ཁ་དོག་སེར་བ། དྲི་ཞིམ་པོ་ལ་བྱས་པ་དེ་ལྟ་བུའི་ནང་ན་གནས་པ་ན ་རྣལ་འབྱོར་བ་གཅིག་གིས་དེ་ལ་བསོད་སྙོམས་བླངས་པས། རྒྱལ་པོས་ཀྱང་ཞབས་བཀྲུས། སྟན་བཏབ་པ་ལ་སོགས་པ་བྱས་ནས་བཞེས་ཆབ་དྲངས་ཏེ་ངེས་ཆོས་གསུངས་པས། རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་དེ་མཆོད་གནས་སུ་ཕུལ་ཏེ་བཞུགས ་པ་ན། རྒྱལ་པོ་ན་རེ། རྣལ་འབྱོར་པས་ཡུལ་མང་པོར་བྱོན་ནས། མེ་ཏོག་འདི་འདྲ་བ་དང་བདག་འདྲ་བའི་རྒྱལ་པོ་གཞན་ན་གཟིགས་སམ་ཞུས་པས། དེ་ན་རེ། མེ་ཏོག་ཙམ་པ་ཀ་ནི་དྲི་མཆོག་ལྡན་གྱུར་ཀྱང། རང་གི་ལུས་ལ་དྲི་མ་སྣ་ཚོགས་དེ་མ་ཡིན། །རྒྱལ་པོའི་རྒྱལ ་སྲིད་གཞན་ལས་ཁྱད་པར་འཕགས་གྱུར་ཀྱང། །འཆི་བར་གྱུར་བའི་ཚེ་ཡང་མེད་པར་འགྲོ། །ཅེས་གསུངས་པས། རྒྱལ་པོས་བརྟགས་པས་ལུས་ལ་ཞེན་པ་རང་ལོག་ཏུ་སོང་ནས། སླར་དེ་ལ་གདམས་པ་ཞུས་པས། དེས་དང་པོར་ལས་རྒྱུ་འབྲས་བསྟན། དེ་ནས ་དབང་བསྐུར་སྟེ། གདམས་པ་ལམ་བསྐྱེད་རྫོགས་གནང་བས། དེའི་རྣམ་རྟོག་མེ་ཏོག་ལ་སོང་ནས་སྒོམ་དུ་མ་འདོད་པ་ལ། རྟོག་པ་ལམ་ཁྱེར་གྱི་གདམས་བ་འདི་ལྟར་གནང་ངོ། །སྣང་ཙམ་ཉིད་ནས་སྟོང་བས་ན། །བླ་མའི་མན་ངག་མེ་ཏོག་ལ། །རང་སེམས་ཕུང་པོ་གནས་པར ་བྱེད། །ཟག་མེད་བདུད་རྩིའི་སྦྲང་རྩི་གསུམ། །ངོ་བོ་ཅིག་ཏུ་བསྒོམ་པ་ན། འབྲས་བུ་བདེ་ཆེན་འབྱུང་བར་འགྱུར། །དྲུག་པ་རྡོ་རྗེ་འཆང་ཆེན་གྱི། །བཀའ་ཡིན་ཐེ་ཚོམ་མེད་བར་བསྒོམས་ཤེས་གསུངས་པས་དེས་ཀྱང་ལོ་བཅུ་གཉིས་བསྒོམས་པ་ན། གདམ་ངག་དང་རང་སེམས ་ཀྱི་གནས་ལུགས་ཉམས་མྱོང་གསུམ་དབྱེར་མེད་དུ་རྟོགས་ནས་གྲུབ་པ་ཐོབ་སྟེ། དེ་མན་ཆད་ཙམ་བག་བྱ་བར་གྲགས་ལ། བཙུན་མོ་ལ་སོགས་པ་འཁོར་དཔག་ཏུ་མེད་པ་ལ་ཆོས་བཤད་ནས་མཐར་ལུས་ཀྱི་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཙམ་པ་ཀ ་བའི་ལོ་རྒྱུས་རྫོགས་སོ།། །། *། །བྷིཀྵ་ནའི་ལོ་རྒྱུས་བཞུགས་སོ།། །གུ་རུ་བྷིཀྵ་ནའི་ལོ་རྒྱུས་ནི། བྷིཀྵ་ན་སྟེ་སོ་གཉིས་པ་བྱ་བ་ཡིན་ལ། ཡུལ་ས་ལི་པུ་ཏྲ་ན་དམང་རིག་མ་ཞིག་རྫས་དང་འབྱོར་བ་ཐམས་ཅད་ཉམས་ནས། གྲོང་དང་གྲོང་ཁྱེར ་དུ་བསོད་སྙོམས་བྱེད་པ་ལས། དུས་ཅིག་ན་བསོད་སྙོམས་མ་རྙེད་ནས་སེམས་ཁོང་དུ་ཆུད་ཅིང་དབེན་པ་ཞིག་ཏུ་རྫོགས་བའི་དུས་སུ། དཱ་ཀི་མ་ཞིག་བྱོན་ནས་ཁྱོད་འདི་ན་ཅི་བྱེད་ཅིང་འདུག་གསུངས་པས། དེས་ཀྱང་དབེན་པར་སྨྲས་པ་ན། དེས་ང་ལ་འདོད་པ་རྙེད་པའི་ཐབས་ཡོད་ན ་གསུངས་པས། དེ་ན་རེ་བདག་ལ་ཞུ་ཟེར། འོ་ན་ཡོན་ཅི་ཡོད་གསུངས་པས། སྟེང་འོག་གི་སོར་རེ་བཞག་ནས་གཞན་སྟོན་ཏེ་ཕུལ་བས། ལྷག་པའི་བསམ་བ་གཡོ་སྒྱུ་མེད་པར་མཁྱེར་ནས་དབང་བསྐུར་ཏེ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་གདམས ་བ་གནང་ནས། དེས་ཀྱང་བསྒོམས་པས་ལོ་བདུན་ན་བདེན་པ་མཐོང་སྟེ། ཟག་མེད་ཀྱི་ཡོན་ཏན་རྒྱུད་ལ་སྐྱེས་ནས་རྟོགས་པ་བརྗོད་དེ། གདུལ་བྱའི་དོན་ལ་གྲོང་དང་གྲོང་ཁྱེར་དུ་བྱོན་ནས། བྷིཀྵ་ན་ཞེས་བྱ་བར་གྲགས་ཏེ་ལོ་མང་པོ་ནས་ལུས་དེ་ཉིད་ཀྱིས་མཁའ་ ་སྤྱོད་དུ་གཤེགས་སོ། །གུ་རུ་བྷིཀྵ་ནའི་ལོ་རྒྱུས་རྫོགས་སོ།། །དྷེ་ལིར?་མི་ལོ་རྒྱུས་བཞུགས་སོ། །གུ་རུ་དྷེ་ལི་པའི་ལོ་རྒྱུས་ནི། ཡུལ་ས་ཏ་པུ་རིན་མར་ནག་འཚོང་བས་འཚོ་བ་གཅིག་ཡོད་པ་ལ། དེས་མར་ནག་འཚོང་བས་གར ་བྱ་བར་ཚོང་ལེགས་ཏ་འབྱོར་པ་རྒྱས་ཏེ་རྣམས་ཐོས་ཀྱི་བུ?་དང་སྙམ་པའི་འབྱོར་པ་ཐོབ་ནས་དེ་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པར་བྱེད། དེ་ཡང་ཚོད་སྣ་བརྒྱད་ཅུ་རྩ་བཞི་དང་བཟའ་བ་བཅུ་གཉིས་དང། བཏུང་བ་ལྔ་ལ་སོགས་པ་རྣམས་རྒྱལ་པོས་མ་ཚོར་བར་ལོངས ་སྤྱོད་ཅིང་བདུག་པའི་དུས་གཅིག་ན། པཎྜི་ཏ་བྷ་ཧ་ན་བྱ་བ་དེར་བྱོན་ནས། དེ་ལ་འཁོར་བའི་ཉེས་པ་དང་ཐར་པའི་སྔགས་པ་བརྗོད་ནས། དད་པ་སྐྱེས་ཏེ། ཆོས་ཞུས་ནས་མཆོད་གནས་སུ་བྱས་པ་ན། དུས་གཅིག་མར་ཁུའི་སྦྱོར་བ་བྱེད་པ་དེ་གཟིགས་པས། དེ་ལ་ཁྱོད་ཀྱི ་བསྐལ་པ་ནས་བསྐལ་པར་དེ་བརྩིར་བས་ཐར་པ་མི་འབྱུང་གསུངས་པས། བླ་མ་དེ་ལྟ་ན་ཐར་པ་འབྱུང་བའི་ཐབས་ཞུ་ཟེར་བས། དེས་དབང་བསྐུར་ནས་མཚན་མ་རང་གསལ་གྱི་གདམས་པ་འདི་གནང་སྟེ། རང་ལུས་ཏིལ་གྱི་གོར་ཉིད་ལས། །རྣམ་རྟོག་མར་ཁུ ་བཙིར་ནས་ཀྱང། །སེམས་ཉིད་སྣོད་དུ་བླུགས་བྱས་ཏེ། །སྣང་སྟོང་དབྱེར་མེད་སྡོང་བུ་ལ། །རིག་པ་ཡེ་ཤེས་མེ་སྔར་ནས། །མ་རིག་མུན་པ་སྤངས་གྱུར་སྟེ། །ཐར་པའི་བདེ་བ་བླ་ན་མེད། །ཟག་མེད་བདེ་ལ་གནས་པར་འགྱུར། །ཅེས་གསུངས་ནས་དེས་ཀྱང་གུས་པར་བསྒོམས ་པས་ལོ་དྲུག་ན་བསྐྱེད་རྫོགས་མུད་དུ་ཆུད་དེ?་གྲུབ་པ་ཐོབ་ནས། རང་ལུས་ལ་འོད་འཕྲོས་པས་ཕྱོགས་ཐམས་ཅད་གང་བར་བྱས་པ་དེ་གཞན་གྱིས་མཐོང་ནས་རྒྱལ་པོ་ལ་སྙད་བ་ན། རྒྱལ་པོས་ལྟར་བཏང་བས་དེ་ལྟར་འདུག་པ་དང། དེས་ཀྱང་ཟག་པ་མེད་པའི་བདེ་བ་ལ ་ལོངས་སྤྱོད་པའི་རྒྱལ་པོ་ང་དང་མཉམ་པ་འགའ་ཡང་མེད་དོ་ཞེས་པ་ལ་སོགས་པ་གསུང་ཞིང་ཐམས་ཅད་དད་པ་ལ། དེ་དག་གི་ཁམས་དང་བག་ལ་ཉལ་དང་མཐུན་པའི་གདམ་ངག་གསུངས་ནས། ལོ་དུ་མ་ནས་འཁོར་མང་པོ་དད་བཅས་མཁའ་སྤྱོད་དུ་གཤེགས་སོ ་གུ་རུ་མ་རི་པའི་ལོ་རྒྱུས་རྫོགས་སོ།། །། *། །ཀུ་མ་རིའི་ལོ་རྒྱུས་བཞུགས་སོ།། །གུ་རུ་ཀུ་མ་རི་པའི་ལོ་རྒྱུས་ནི། བོད་སྐད་རྫ་མཁན་བྱ་བ་ཡིན་ལ། ཡུལ་རྫ?་མ་ན་ཤྲཱི་བྱ་བ་ན། གང་ཟག་རྫ་མཁན་ཞིག་དུས་རྟག་པར་རྫའི་ལས་ཀྱིས་འཆི་བའི་ཚེ། དེ ་ལ་སེམས་སྐྱོ་ནས་ཡོད་པ་ལ། དེའི་གམ་དུ་རྣལ་འབྱོར་པ་གཅིག་འོངས་ནས་བསོད་སྙོམས་བླངས་པས། དེས་ཀྱང་བསོད་སྙོམས་དྲངས་ནས། བླ་མ་བདག་གིས་འདི་འདྲ་བའི་ལས་རེམ?་ཅིག་བྱས་པ་ལ་ཕན་པ་ཆེན་པོ་མ་བྱུང་ཞིང། ལས་འདི་ཟད་པ་འམ་ཟིན་པའི ་མཐར?་ལར་མ་བྱུང་བས་སྐྱོ་བ་སྐྱེས་པར་གདའ་ཨོ་ཟེར་བས། དེ་སྦྱིན་བདག་ཁྱོད་ཀྱིས་མགོའམ། འཁོར་བའི་སེམས་ཅན་འདི་སྡུག་བསྔལ་བ་ལས་བདེ་བ་ནི་འགའ་ཙམ་ཡང་ཡོད་པ་མ་ཡིན་ཏེ། དེ་ཡང་དུས་ཐོག་མ་མེད་པ་ནས་ཐ་མ་མེད་པར་སྡུག་བསྔལ་རིག?་པོ་ལས་?? ་སྐྱོལ་མ་སྐྱེས་བར་གདའ་ན་གསུངས་པས། དེ་དད་ནས་བླ་མ་དེ་ལས་ཐར་པའི་ཐབས་ཅིག་ཞུ་ལགས་ཟེར་བས། དེས་དབང་བསྐུར་ནས་བསྐྱེད་རྫོགས་གཉིས་ཀྱི་གདམས་པ་གནང་བ་ནི། མ་རིག་པའི་རྫས་ལས། །ཉོན་མོངས་རྣམ་རྟོག་འདམ་ཕྱུང་སྟེ། །སྲེད་ལེན ་འཁོར་ལོས་རིགས་དྲུག་གི་།རྫ་བྱས་ཡེ་ཤེས་མེ་ཡིས་བསྲེག་།ཅེས་གསུངས་པས། དེས་རྣམ་རྟོག་ངོ་སྤྲོད་ཀྱི་གདམས་པ་དེ་གོ་ནས་ཟླ་བ་དྲུག་བསྒོམས་པས་འཁོར་བ་འཁྲུལ་པའི་དྲི་མ་དག་ནས་གྲུབ་པ་ཐོབ་སྟེ་མཉམ་པར་གཞག་པས། རྫ་མའི་འཁོར་ལོ ་རང་འཁོར་ནས་རྫ་མ་ཡིད་ལ་འཐང་པ་ལྟར་བྱུང་བས། དེ་གྲོང་ཁྱེར་པས་རིགས་ཀྱི་ཡོན་ཏན་དང་ལྡན་པར་གོ་ནས་བླ་མ་ཀུམ་རི་ལ་ཞེས་བྱ་བར་གྲགས་པས། དེས་རྟོགས་པ་བརྗོད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀུ་མ་རི་པའི་ལོ ་རྒྱུས་རྫོགས་སོ།། ། *། །ཙ་བ་རི་བའི་ལོ་རྒྱུས་བཞུགས་སོ།། །གུ་རུ་ཙ་པ་རི་པའི་ལོ་རྒྱུས་ནི། གྲོང་ཁྱེར་མཱ་གྷ་དྷཱའི་བྱེ་བྲག་ཅིག་ན་འབྲོག་པའི་རིགས་གཅིག་ལ་འབྱོར་པ་དཔག་ཏུ་མེད་པ་ཡོད་ན། མ་ཧེ་སྟོང་ལ་སོགས་པ་དང། རྟ་དང་ལུག ་སོགས་དཔག་ཏུ་མེད་པ་ཡོད་པ་ཞིག་གིས་ཕ་རྒན་ཤི་ནས་འདུ་བ་རྒྱ་ཆེན་པོ་བྱས་པ་ལ། གཞན་དུ་ན་ཡང་ཤི་བའི་དུས་འདུ་བ་རྒྱ་ཆེན་པོ་བྱེད་པའི་ཚེ། ཡུལ་དེའི་མི་རྣམས་བོས་ནས་ཞག་མང་དུ་བཟའ་བ་དང་བཅའ་བ་མང་པོ་སྟེར་སྦྱིན་དགོས་ཏེ། ་མི་རྣམས་ཆུ་བོ་གང་གའི་འགྲམ་དུ་ཁྲུས་ལ་ཕྱིན་ནས། དེའི་ཆུང་མ་ཁྱིམ་སོགས་བསྲུང་བར་བཞག་པའི་ཚེ། དེ་ལ་བུ་མོ་ལོ་གསུམ་པ་གཅིག་ཀྱང་ཡོད་ལ། མ་མང་གཉིས་ཀྱིས་སྡང་པ་ན། དེའི་ཚེ་བླ་མ་ཙ་པ་རི་པ་གང་ནས་བྱོན་ཆ་མེད་པར་དེར་བྱོན་ནས་དེ་ལ་བཟའ་ ་བ་བླངས་པས། བུ་མོ་དེ་གཡོ་ཆུང་པས་གཏམ་དྲང་པོར་སྨྲས་པ་ན། ཙ་པ་རི་པས་ཁྱོ་ལ་སོགས་པ་ཀུན་ཁྲོན་ང་ཅན་དུ་ཤོག་ཅིག་།ང་ནགས་ཡ་ཀིར་མེ་ཏོར་གིན་འདུག་པ་ཡིན་ནོ། །མི་ཁྲོན་ལེགས་པར་སྡོང་ལ་ང་ལ་བཟའ་བ་དང་བཅའ་བ་བྱིན་དགོས་གསུངས་པས ་དེས་ཀྱང་བླ་མའི་གཏམ་ལ་ཉན་ནས་དེ་གནས་སུ་ལོག་ཏེ། བུ་མོ་སེམས་བདེ་བར་སྡང་པས། དེར་མི་འགའ་འོངས་པ་ན་རྒྱུག་མོ་འོངས་ནས། ཟས་མ་ལུས་འཕྲོ་ཅན་དུ་བྱས་ནས་འདུག་པ་མཐོང་སྟེ། དེ་ལ་འབར་བས་དེས་བུ་ཁུར་ནས་རྣལ་འབྱོར་པ་ཅན་དུ་བྲོས ་ནས་ཕྱིན་ཏེ་སླེབས་པ་ན། ཙ་པ་རི་པས་ལེགས་སོ་གསུངས་ཏེ་སྔགས་ཆུ་གཏོར་བས་མ་སྨད་གཉིས་རང་བྱུང་རྡོའི་སྔར་སོང་སྟེ་ཟས་ལ་སོགས་པ་གང་ཡང་མི་དགོས་པར་གྱུར་ཏོ། །དེར་ཁྱིམ་དུ་དེའི་ཁྱོ་འོངས་ནས་དྲིས་པས་གར་སོང་ཆ་མེད་པར་སོང་ངོ། །དེས་ཀུན ་ལ་དྲིས་པས་ཐོས་ཏེ་སྟགས་ནས་འོངས་ཏེ་སྔར་གྱི་གཏམ་བཤར་དེ་ལ་ཡང་སྔགས་ཆུས་བཏབ་པས་སྔར་བཞིན་སོང་སྟེ། དེ་གསུམ་སྟན་ཅིག་ན་གནས་པར་བྱེད་པ་ཡོད་དོ་གསུང་ངོ། །ཡང་དེའི་ཕྱི་ནས་གཉེན་འདུན་གཅིག་ནས་གཉིས་སུ་འོངས་པས་དེ་དག་ཐམས ་ཅད་དེ་བཞིན་དུ་བྱས་ཏེ། སུམ་བརྒྱ་ཙམ་དེར་མ་ཧེའི་བེའུ་སྟོར་བ་ལྟར་འོངས་པས་ཐམས་ཅད་དོན་དང་ཕྲད་དེ། བུ་མོ་དེའི?་བུ་ལ་ནི་ཡོན་ཏན་འདི་ལྟ་བུ་ཡོད་དེ། འབྲས་བུ་ནས་ནི་མཁའ་སྤྱོད་ཀྱི་དངོས་གྲུབ་འོང་ལ་རྡོ་རྗེ་ནས་གསེར་འགྱུར་གྱི་རྩམ་འོད་ཞིང། འོག? ་སྒོ?་ནས་བཅུད་ལེན། མིག་ནས་མཁའ་ལ་འགྲོ་བ་སོགས་གྲུབ་ཆེན་བརྒྱད་འབྱུང་ངོ། །དེ་ཕྱོགས་མཚམས་ཐམས་ཅད་དུ་གྲགས་པས་ཙམ་པ་ཀའི་རྒྱལ་པོ་མ་ཧེ་ལ་སོགས་པའི་སྐྱེ་བོ་རྣམས་ལྟར་འོངས་པས། རྒྱལ་པོ་དད་ནས་ཡབ་ཡུམ་གསུམ་ལ་ལྷ་ཁང་ཅིག་དང། དེའི་ཕྱིར ་གཞན་སུམ་བརྒྱ་ལ་ལྷ་ཁང་ཅིག་བྱས་ནས་མིང་དུ་མ་པ་ཞེས་བྱ་བར་གྲགས་སོ། །དེའི་ནང་དུ་རྣམ་རྟོག་ངན་པ་ཡོད་པ་འགྲོར་མི་འདོད་དེ་རྡོས་སྐུ་དེས་རྡུང་བ་ལ་སོགས་པ་བྱེད་དོ། །དེར་སྒྲུབ་གནས་ཆགས་ནས་དུས་དེ་ལྟ་ཡང་རྣལ་འབྱོར་པ་མང་དུ་ཡོད་དོ་གསུང་ངོ། །དེ ་སྒྲུབ་བ་ཐག་ཤིན་ཏུ་ཉ་སྟེ། འདི་ནི་འཇིག་རྟེན་པའི་དངོས་གྲུབ་ཡིན་ལ། རྒྱལ་པ་བྱམས་པའི་བསྟན་པའི་བར་དུ་འདུག་ཅིང་དེ་ནས་སེམས་ཅན་གྱི་དོན་བྱེད་དོ། །གུ་རུ་ཙ་བ་རི་པའི་རྒྱུས་རྫོགས་སོ།། །། *། །མ་ཎི་བྷ་དྲའི་ལོ་རྒྱུས་བཞུགས་སོ།། ། ་གུ་རུ་མ་ཎི་བྷ་དྲི་འམ། རྣལ་འབྱོར་མ་བ་ཧུ་རི་ཞེས་པའི་ལོ་རྒྱུས་ནི། གྲོང་ཁྱེར་ཨག་རྩེ་བྱ་བ་ན། ཁྱིམ་བདག་འབྱོར་པ་ཅན་ཞིག་ལ་བུ་མོ་ལོ་བཅུ་གསུམ་མ་གཅིག་ཡོད་པ་དེ་རང་གི་རིགས་དང་མཚམས་པའི་བག་མར་བཏང་པས། སླར་ཕ་མའི་གམ་དུ་འོངས ་ནས་དེ་ན་ཡོད་པ་ན། བླ་མ་ཀུཀྐུ་རི་པ་བྱོན་ནས་བུ་མོ་ལ་བཟའ་བ་བླངས་པས། བུ་མོ་ན་རེ། ཉིད་གཟུགས་བྱེད་ཕུན་སུམ་ཚོགས་པ་འདི་འདྲ་བ་ཟས་བསོད་བསྙོམས་ཀྱིས་འཚོ་ཞིང། གོས་ཚེམ་བུས་ཅི་བྱེད། རང་གི་རིགས་དང་མཚམས་པའི་ཁྱིམ་ཐབ་གཅིག་ལེན ་མེད་ཟེར་བས། དེའི་ཞལ་ནས། བདག་ནི་འཁོར་བས་འཇིགས་ཤིང་སྐྲག་པ་ན། ཐར་པ་བདེ་ཆེན་མཆོག་ནི་སྒྲུབ་པར་བྱེད། དེ་ཡང་རྟེན་བཟང་འདི་ལ་མ་སྒྲུབས་ན། ཕྱི་ནས་འདི་འདྲ་རྙེད་པར་ག་ལ་འགྱུར། །དེས་ན་རྟེན་བཟང་ནོར་བུ་རིན་ཆེན་འདི། །ཁྱིམ་ཐབ ་མི་གཙང་ནང་དུ་རྫས?་པས་ན། །དགོས་འདོད་རེ་འཇོམས་སྡུག་བསྔལ་སྣ་ཚོགས་འབྱུང། །དེ་ལྟར་རྟོགས་ནས་བདག་གིས་ཁྱིམ་ཐབ་སྤངས། །ཤེས་གསུངས་པས་དེ་ལ་དད་ནས་བསོད་སྙོམས་དྲངས་ཏེ། ད་ལ་ཐར་པ་ཐོབ་པའི་ཐབས་ཅིག་ཞུ་ཟེར་བས། ་དེར་ངའི་ཁྱིམ་དུར་ཁྲོད་ཡིན་པས་དགོས་ན་དེར་ཤོག་གསུངས་པས། དེ་བྱ་བ་གང་ཡང་མ་དྲན་སྟེ་དགོངས་ཁ་བྲོས་ནས་དེར་འོངས་པ་ལ། བླ་མས་བུ་མོ་དེའི་རྒྱུད་སྨིན་པར་མཐོང་ནས་བདེ་མཆོག་ཏུ་དབང་བསྐུར། བསྐྱེད་རྫོགས་ཟུང ་འཇུག་གི་གདམས་པ་གནང་བས། ཞག་བདུན་དུ་དགོན་པ་དེ་ཉིད་དུ་སྒྲུབ་པ་བྱས། དེ་ནས་ཕ་མ་ཅན་དུ་ཕྱིན་པས་དེ་དག་བརྡེག་པ་དང་ངན་སྨྲས་ལ་སོགས་པ་བྱེད་པས། བུ་མོས་ཁམས་གསུམ་པོ་དག་ན་ཕ་མར་མ་གྱུར་པ་ནི་མེད་ལ། རིགས་དང་རུས་ཆེ ་པས་ཀྱང་འཁོར་བའི་གདེངས་ལ་བཟློག་པ་མེད་པས་ན། བདག་ནི་བླ་མ་རྟེན་ནས་ཐར་པ་སྒྲུབ་པར་བྱེད་པས་རྒྱོབ་གཅིག་།ངས་ལམ་དུ་འཁྱེར་རོ་ཟེར་བས། དེ་རྣམས་བག་ཅིག་དད་ནས་ཅང་མི་ཟེར་བ་ན། དེས་ཀྱང་བླ་མའི་གདམས་པ་སྒོམ་ཞིང་ལས་དང ་བྱ་བ་ཐམས་ཅད་བློས་བཏང་ནས་ལོ་གཅིག་ཏུ་སྡང་བ་ན། སྔར་གྱི་ཁྱོ་འོངས་ནས་ཁྱེར་བས། དེའི་ཁྱིམ་དུ་ཕྱིན་པ་དང། འཇིག་རྟེན་གྱི་ལས་དང་བྱ་བ་ཇི་ལྟར་བྱེད་ཅིང་ཁ་དང་ལུས་ཀྱང་ཐུབ་ལ་ངག་སྙན་པ་ལ་སོགས་པ་ཟེར་ཅིང་ཡོད་པ་ན། བུ་ཚ་ཡང་རིམ་པར ་བུ་དང་བུ་མོ་གཉིས་སྐྱེས་པ། དེ་ཡང་དེ་ཁོ་ན་འདྲ་བ་ཡོད་པས་རིགས་ཀྱི་བུ་ཚ་འདི་འདྲ་བ་ཟེར་ནས་སྨན་པར་བྱེད་པའི་ཚེ་བླ་མ་དང་ཕྲད་ནས་ལོ་བཅུ་གཉིས་ལོན་པ་ན། ཆུ་འཆུར་ཕྱིན་ནས་ཁྱིམ་དུ་འོངས་པས་ཤིང་ཞིག་ལ་རྐང་པ་འཐོགས་ནས་རྫ་མ་ཆག་པས ་དེ་ཀར་འདུག་སྟེ་ཁྱིམ་དུ་ཉི་མ་ཕྱེད་ཀྱི་བར་དུ་མ་འོངས་པས། ལྟར་ཕྱིན་པ་ན་རྫ་མ་ཆག་པོ་ལ་ལྟས་ནས་འདུག་པས། དེ་ལ་གཏམ་ཅི་སྨྲས་ཀྱང་མི་ཉན་པར་ལྟ་བ་ན། ཐམས་ཅད་འདྲེས་གཟུར་ངམ་ཅི་ཟེར་ཅིང་ཉི་མ་རྒས་ལ་ཁད་པ་ན། ཐོག་མ་མེད་པའི་སེམས ་ཅན་རྣམས། །ལུས་ཀྱི་རྫ་མ་ཆག་པ་ལ། ཁྱིམ་དུ་ལོག་པ་ག་ལ་ཡོད། །བདག་གི་རྫ་མ་དེ་རིང་ཆག་།ད་ནི་འཁོར་བའི་ཁྱིམ་དུ་ནི། །མི་ལྡོག་བདེ་བ་ཆེན་པོར་འགྲོ་།ེ་མ་བླ་མ་ངོ་མཚར་ཆེ། །བདེ་བ་ཐོབ་འདོད་དེ་ལ་བསྟེན། །ཞེས་གསུངས་ནས་ནམ ་མཁའ་ལ་འཕགས་ཏེ་ཞིག་ཉི་ཤུ་རྩ་གཅིག་ན་ཨག་ཅོར་བ་ལ་གདམས་པ་གསུངས་ནས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་མ་ཎི་བྷ་དྲ་བའི་ལོ་རྒྱུས་རྫོགས་སོ།། །། *། །མེ་ཁ་ལའི་ལོ་རྒྱུས་བཞུགས་སོ།། །གུ་རུ་མེ་ཁ་ལའི་ལོ་རྒྱུས་ནི། ཡུལ་ད་ཝི་ཀོ ་ཌ་ན་ཁྱིམ་བདག་གཅིག་ལ་བུ་མོ་གཉིས་ཡོད་པ། དེད་དཔོན་ཞིག་ལ་བུ་གཉིས་ཡོད་པ་གཉེན་དུ་བྱས་པ་དང། བུ་མོ་དེ་གཉིས་ལ་ཐམས་ཅད་ཁ་ཟེར་བར་བྱེད་ལ། དེ་གཉིས་ཀྱི་ངན་པ་ཅི་ཡང་བྱས་པ་མེད་དོ། །དེའི་ཚེ་ནུ་མོ་ན་རེ། རྒྱུ་མཚན་མེད་པར་ཁ་ཟེར་བ་འདི་འདྲ ་ལ་གཞན་དུ་འཁྱམ་དགོས་ཟེར། ཕུ་མོ་ན་རེ་གང་དུ་ཕྱིན་ཀྱང་ཚེགས་མ་བསགས་པས་འདི་དང་ཁྱད་མི་འོང་པས། འདི་ཉིད་རང་དུ་སྡང་དགོས་ཟེར་བའི་ཚེ། བླ་མ་ཀཧྣ་བ་བྱ་བ་དེར་བྱོན་སྟེ། དེ་ནི་རྣལ་འབྱོར་ཕོ་མོ་བདུན་བརྒྱས་བསྐོར་བ། མ་རེག་པའི་གདུགས་དབུ་ལ ་འཁོར་བ། ཌཱ་མ་རུའི་སྒྲ་མ་བཀྲོལ་བར་འཁྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་སྒྲོགས་པས། དཔུན་གཉིས་ཀྱིས་འོ་སྐོལ་གཉིས་ལ་ཡུལ?་མི་དང་ཁྱོ་ཡང་ཁ་ཟར་བས། བླ་མ་འདི་ལ་གདམས་པ་ཞུས་ནས་སྒྲུབ་པ་བྱེད་དགོས་བྱས་དེ་ཅན་དུ་ཕྱིན་ཏེ ་སྔར་གྱི་ལོ་རྒྱུས་ཀྱང་བསྙད་ཅིང་གདམས་པ་ཞུས་པས། དེས་ཀྱང་གནང་སྟེ་དབང་བསྐུར་ནས། །ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་ཟུང་འཇུག་ཕག་མོའི་གདམས་པ་གནང་ངོ། །དེ་གཉིས་ཀྱིས་བརྩོན་པས་བསྒྲུབས་པས་ལོ་བཅུ་གཉིས་ན་གྲུབ་པ་ཐོབ་སྟེ། བླ་མ་ཅན ་དུ་ཕྱིན་ནས་ཕྱག་དང་མཆོད་པ་བྱས། བཀའ་དྲིན་གྱིས་ཁྱབ་པའི་གཏམ་བཏང་པས། ཁྱེད་གང་བ་ཡིན་དམ་མ་ཤེས་གསུངས་པས་སྔར་ཕྱི་ལོ་རྒྱུས་བསྙད་དོ། །འོ་ན་ང་ལ་ཡོན་འབུལ་དགོས་གསུངས་པས། བླ་མ་ཅི་བཞེད་པ་འབུལ་ལགས་ཞུས་པས། འོ་ན ་ང་ལ་ཁྱེད་གཉིས་ཀྱི་མགོ་བོ་བྱིན་གཅིག་གསུངས་པས། དེས་ཀྱང་བླ་མ་བཞེད་ན་འབུལ་ཟེར། དེ་གཉིས་ཀྱིས་རང་རང་གི་ཁ་ནས་ཡེ་ཤེས་ཀྱི་རལ་གྲི་རྣོ་དར་དང་ལྡན་པ་རེ་ཕྱུང་ནས་རང་རང་གི་ཡན་ལག་གི་དང་པོ་མགོ་བོ་བཅད་ནས་ཕུལ་སྟེ། བདག་གཉིས་པོ་བླ ་མའི་བཀའ་དྲིན་གྱིས། །བསྐྱེད་རྫོགས་ཟུང་འཇུག་འཁོར་འདས་སྤྲོས་པ་བཅད། །ལྟ་སྤྱོད་ཟུང་འཇུག་སྤང་བླང་སྤྲོས་པ་བཅད། །དབྱིངས་རིགས་ཟུང་འཇུག་བདག་གཞན་སྤྲོས་པ་བཅད། །སྤྲོས་མེད་བརྡ་ཡི་ཚུལ་དུ་འདི་འབུལ་ལོ། །ཅེས་གསུང ་བཞིན་དབུ་བཅད་དེ་གར་མཛད་པས། ཀཧྣ་བའི་ཞལ་ནས། ཨེ་མ་རྣལ་འབྱོར་ཆེན་མོ་གཉིས། ཡོན་ཏན་མཆོག་ཐོབ་དགེ་བ་སྟེ། །རང་ཉིད་ཞི་བདེ་དམན་པས་ན། །འགྲོ་བའི་དོན་ཕྱིར་གནས་པར་མཛོད། །ཅེས་གསུངས་པས་མགོ་བོ་སླར་སོས་ཏེ ་རྨ་མེད་པར་གྱུར་པས་ཐམས་ཅད་ངོ་མཚར་སྐྱེས་ནས་དབུ་བཅད་མ་དབུན་གཉིས་སུ་གྲགས་ཏེ་ཀཧྣ་པའི་ཞབས་འབྲིང་བྱས་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ་ལོ་མང་དུ་འགྲོ་དོན་མཛད་ནས་རྟོགས་པ་བརྗོད་པ་ལ་སོགས་པ་མཛད་དེ་མཁའ་སྤྱོད་དུ་གཤེགས་སོ། ། ་ཕུ་མོ་སྟེ་གུ་རུ་མེ་ཁ་ལིའི་ལོ་རྒྱུས་རྫོགས་སོ།། །།གུ་རུ་ཀ་ན་ཁ་ལའི་ལོ་རྒྱུས་ནི། གྲུབ་ཆེན་ཀཧྣ་བ་སྟེ་ནག་པོ་སྤྱོད་པའི་ཞབས་ཀྱིས་རྗེས་སུ་གཟུང་བ་བརྗོད་མ་ཐག་པའི་དབུ་བཅད་མ་དབུན་གཉིས་ཀྱི་ནུ་མོ་དེ་ཡིན་ལ། རྣམ་ཐར་གོང་གིས ་རྟོགས་ཤིང། མཚན་རྣལ་འབྱོར་མ་ཀ་ན་ཁ་ལ་ཞེས་གྲགས་སོ། །གུ་རུ་ཀ་ན་ཁ་ལའི་ལོ་རྒྱུས་རྫོགས་སོ།། །། *། (།ཀ་ལ་ཀ་བའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་ཀ་ལ་ཀ་བའི་ལོ་རྒྱུས་ནི། དེ་ཡང་ཀུ་ཅོ་ཅན་ཏེ། གྲོང་ཁྱེར་བྷིར་ལིར་ན་གང ་ཟག་དམངས་རིགས་ཤིག་སྔོན་ལས་ཀྱི་དབང་གིས་ཤིན་ཏུ་ཡང་གུ་ཅོ་ཆེ་ནས། གྲོང་ཁྱེར་གྱི་ཀུན་བསུན་ཏེ་བསྐྲད་ནས་བཏང་བ་དང། དེ་སྐྱོ་བ་སྐྱེས་ནས་མཐར་གྱིས་དུར་ཁྲོད་དུ་ཕྱིན་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པའི་ཚེ། རྣལ་འབྱོར་པ་ཞིག་དེར་བྱོན་ནས། ཁྱོད ་དུར་ཁྲོད་དུ་ཅིའི་ཆད་དུ་འདུག་དྲིས་པས། དེས་སྔར་གྱི་ལོ་རྒྱུས་བདེན་པར་སྨྲས་པས། དེ་ལ་ཁྱེད་མི་སྐྱོ་བ་དང་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཐབས་མི་དགོས་སམ་བྱས་པས། དེས་ཅིས་ཀྱང་དགོས་ཞུས་ནས་དེ་ལ་ཕྱག་དང་མཆོད་པ་བྱེད་དུ་བཅུག་ནས ་གསང་བ་འདུས་པར་དབང་བསྐུར་ནས། སྣང་བ་རང་གྲོལ་གྱི་གདམས་པ་འདི་གནང་ངོ། །སྒྲ་ཙམ་ཉིད་དུ་རང་དང་གཞན་གྱི་སྒྲ། །ངོ་བོ་ཅིག་ལ་ཐ་དད་མེད་པར་བསྒོམས། །དེ་ནས་རང་སྒྲ་ནམ་མཁའ་ཨི་དབྱིངས་ནས་ནི། །འབྲུག་སྒྲ་ལྟར་གྲགས་མེ་ཏོག་ཆར་འབབ་སྒམས། ། ་ཤེས་གསུངས་པས། དེས་ཀྱང་འབད་ནས་བསྒོམས་པས་གཞན་ཁྲོ་བ་ལ་སོག་པའི་སྒྲ་སྒྲ་རང་གི་སྟོར་ལ། རང་སྒྲ་དེ་ཡང་མེ་ཏོག་ཆར་འབབ་པའི་ནང་དུ་སྟོར། མེ་ཏོག་གི་རྟོག་པ་ནམ་མཁའ་ཨི་དབྱིངས་སུ་སྟོར་ནས་སྣང་བ་ཐམས་ཅད་ཕྱག་རྒྱ་ཆེན་པོར་ཤར་སྟེ། ་སྣང་བ་རང་གྲོལ་དུ་སོང་ནས་གྲུབ་པ་ཐོབ་པས་ཕྱོགས་ཐམས་ཅད་དུ་བླ་མ་ཀུ་ཅོ་ཅན་བྱ་བར་གྲགས་ཤིང། གདུལ་བྱའི་དོན་མང་དུ་བྱས་ནས་རྟོགས་པ་བརྗོད་པ་གསུངས་ཏེ། འཁོར་སུམ་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀ་ལ་ཀ་ལའི་ལོ་རྒྱུས ་རྫོགས་སོ།། །། *། (།ཀནྟ་ལིའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་ཀནྟ་ལིའི་ལོ་རྒྱུས་ནི། ཀནྟ་ལི་ཏེ་ཚེམ་བུ་པ་བྱ་བ་ཡིན་ལ། ཡུལ་མ་ཎི་དྷ་ར་ཅེས་བར་ཕྱག་དར་བའི་གང་ཟག་གཅིག་འབྱོར་པ་དང་ལོངས་སྤྱོད་ཀྱིས་ཕོངས་ནས་གོས་ཚམ?་བུ ་བྱེད་ཅིང་སྤྲངས་པ་ན། དུས་གཅིག་གི་ཚེ་ཚེམ་བུ་བྱེད་པའི་ཁབ་ལག་པ་ལ་ཟུག་ཏེ་ཁྲག་བྱུང་ནས་ཟུག་ཀྱང་ཚེ་བསམ་བཟོད་ནས་ས་ཕྱོགས་གཅིག་ཏུ་འདྲེ་ལྡོག་བྱེད་པ་ན། མཁའ་འགྲོ་མ་བཻ་ཏ་ལི་བུད་མེད་ཞིག་ཏུ་སྤྲུལ་ནས་དེའི་གམ་དུ་བྱོན་ནས། ཁྱོད་ཅི་བྱེད་ཅིང ་འདུག་གསུངས་པས། དེས་སྔར་གྱི་གཏམ་ལེགས་པར་བཏང་བས། དེས་གསུངས་པ། འདི་བས་སྐྱེ་བ་སྔ་མར་ཡང་སྡུག་བསྔལ་བ་མྱོང་ལ། ད་དུང་སྐྱེ་བ་ཕྱི་མར་ཡང་དང་ཡང་དུ་འདི་བས་ལྷག་པའི་སྡུག་བསྔལ་ཉམས་སུ་མྱོང་བས། སྡུག་བསྔལ་གྱི་རང ་བཞིན་ལས་མ་འདས་པ་ཡིན་ནོ་ཞེས་གསུངས་པས། དེ་ན་རེ། དེ་ལས་ཐར་པའི་ཐབས་གཅིག་ཞུ་ཟེར་བས། མཁའ་འགྲོ་མ་དེས་ཀྱང་ཁྱོད་ཀྱིས་སྒྲུབ་ནུས་སམ་གསུངས་པས། དེས་ཅིས་ཏེ་མི་ནུས་ཟེར་ནས་དེར་དགྱེས་རྡོར་དུ་དབང་བསྐུར་ནས། ཚད་མེད་པ་དང་བླ ་མའི་རྣལ་འབྱོར་དང་བསྐྱེད་རིམ་ཀྱི་རྣལ་འབྱོར་གནང་སྟེ། །སྒོམས་པས་དེས་ཚེམ་བུམ་ཤེས་པར་སོང་བ་ན། །སླར་རྟོག་པ་ལམ་བྱེད་ཀྱི་གདམས་པ་འདི་གནང་ངོ། །སྟོང་ཉིད་བར་སྣང་ཕྱག་དར་ཁྲོད། །དྲན་དང་རིག་པའི་ཁབ་སྐུད་ཀྱིས། ། ་གོས་དག་འཚེམ་པས་སྙིང་རྗེའི་ཁབ། །སྲིད་གསུམ་སེམས་ཅན་ཁྱད་པར་བསྒོམས། །ཤེས་གསུངས་པས། དེས་ཀྱང་དེ་བཞིན་དུ་བསྒོམས་པས་ཆོས་ཐམས་ཅད་སྟོང་པར་རྟོགས་ནས། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེ་ཆེན་པོ་སྐྱེས་ནས་དེ ་གཉིས་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། ཕྱོགས་ཐམས་ཅད་དུ་བླ་མ་ཀནྟ་ལི་བར་གྲགས་ཤིང་འགྲོ་བའི་དོན་མང་དུ་མཛད་དེ། ཐ་རེ་རྟོགས་པ་བརྗོད་པ་ལ་སོགས་པ་གསུངས་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀནྟ་ལིའི ་ལོ་རྒྱུས་རྫོགས་སོ།། (།།དྷ་ཧུ་ལིའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་དྷ་ཧུ་ལིའི་ལོ་རྒྱུས་ནི། ཡུལ་རྙེད་གར་བྱ་བར་དམང་རིགས་ཀྱི་གང་ཟག་ཞིག་རྩཝའི་ཐག་པ་བྱས་ནས་འཚོ་བའི་ཆེད་དུ་འཆོད་པ་ན། དུས་གཅིག་གི་ཏ་དེས་ཐག་པ་སྒྲིལ་གྲགས་པས ་ལག་པ་ལ་ཆུ་སྦུར་དྲག་པོ་བྱུང་སྟེ་ཟུག་རྡུ་ཆེན་པོ་བྱུང་བས་དེས་ངུ་ཞིང་ས་ཕྱོགས་གཅིག་ཏུ་སྡད་པ་ན། རྣལ་འབྱོར་པ་ཞིག་ཡོན་ནས་དེ་ལ་ཅི་ཉེས་གསུངས་པས། དེས་ཀྱང་གཏམ་དྲང་པོར་བཏང་བས། དེས་གསུངས་པ། ཁྱོད་ད་ལྟ་སྡུག་བསྔལ་འདི་ཙམ་ཡང ་མི་བཟད་པར་དུ་ན། ཕྱི་མ་ངན་སོང་དུ་སྐྱེས་ཙ་ན་ཅི་གཙུག་བྱེད་པ་ཡིན་གསུངས་པས། དེ་ན་རེ། བླ་མ་དེ་ལས་ཐར་བའི་ཐབས་གཅིག་ཟེར་བས། དེ་ལ་དང་བོར་བྱིན་རླབས་འཕོ་བའི་དབང་བསྐུར་བྱས་ནས་རྟོག་པ་ལམ་ཁྱེར་གྱི་གདམས་པ་འདི་གསུངས་སོ། ། ་སྣང་བ་གོམས་པའི་ཀུ་ཤ་དང། ཀུན་བཏགས་པར་སྣང་ཉིད་གནས་གཉིས། །གདོད་ནས་མ་གྲུབ་ངོ་བོར་ནི། །ནུས་པ་རྒྱུན་མི་འཆད་པར་སྒོམས། །ཤེས་གསུངས་པའི་དོན་བརྩོན་འགྲུས་ཀྱིས་ལོ་བཅུ་གཉིས་སུ་བསྒོམས་པས། ཀུན་བཏགས་གཞི་མེད ་གཞན་དབང་རྟེན་འབྲེལ་ཡོངས་གྲུབ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་གཅིག་ཏུ་རྟོགས་ནས་གྲུབ་པ་ཐོབ་སྟེ། ཕྱོགས་ཐམས་ཅད་དུ་རྣལ་འབྱོར་པ་དྷ་ཧུ་ལི་པ་ཞེས་གྲགས་ཤིང། ལོ་བདུན་བརྒྱའི་བར་དུ་རྒྱ་གར་མཛའ་དབུས་སུ་འགྲོ་དོན་མང་དུ་མཛད་ནས་རྟོགས་བརྗོད་ཡང་གསུངས་ཏེ ་འཁོར་ལྔ་བརྒྱ་དང་བཅས་ནས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་དྷ་ཧུ་ལིའི་ལོ་རྒྱུས་རྫོགས་སོ།། །། *། (།ུ་དྷི་ལི་བའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་ཨུ་དྷི་ལི་བའི་ལོ་རྒྱུས་ནི། ཨུ་དྷི་ལི་སྟེ་འཕུར་བ་བྱ་བ་ཡིན་ལ། དེ་ཡང་ཡུལ་དཻ་ཝི་ཀོ་ཊ་བྱ ་བར་རྫ?་རིགས་ཀྱི་གང་ཟག་གཅིག་སྔར་གྱི་སྦྱིན་པའི་འབྲས་བུས་འབྱོར་པ་རྒྱ་ཆེ་ཞིང། རང་ཉིད་ཁང་བཟངས་ཀྱི་ནང་ན་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང་གནས་པའི་ཚེ། ནམ་མཁའ་ལ་སྤྲིན་ཁ་དོག་ལྔ་འདུས་ཏེ། སྤྲིན་ལས་སྲོག་ཆགས་སྣ་ཚོགས་ཀྱིས ་གཟུགས་འདྲ་བ་མཐོང་ནས་དེ་ལ་བལྟས་པས། བྱ་ངང་པ་ནམ་མཁའ་ལ་འཕུར་བ་མཐོང་ནས་དེའི་བསམ་པ་ལ་ང་ཡང་འཕུར་ནུས་ན་དེ་དགའ་སྙམ་ནས་བྱ་བ་གང་ཡང་མ་དྲན་པའི་དུས་སུ། བླ་མ་ཀརྟ་རི་བ་དེར་བྱོན་ནས་བསོད་སྙོམས་མཛད་པས་དེ་ན་རེ། རྣལ་འབྱོར ་པ་ལ་བསོད་སྙོམས་འདྲེན་ལགས་ཀྱི་ཉིད་ལ་ནམ་མཁའ་ལ་འཕུར་བའི་ཐབས་མངའ་ན་ཞུ་ཟེར་ནས་བཞེས་ཆབ་བྱ་ནམས་པ་དྲངས་ནས་ཕྱག་བཙལ་ཡོན་ཕུལ་བས། དེས་ང་ལ་ཡོད་ཀྱི་གསུངས་ནས། རྡོ་རྗེ་གདན་བཞིན་དབང་བསྐུར་ནས། གདམ་ངག་ཏུ་གནས ་ཆེན་ཉི་ཤུ་རྩ་བཞི་ན་སྨེན་ཉི་ཤུ་རྩ་བཞི་ཡོད་པ་དེར་སོང་ལ་ཌཱ་ཀི་མ་རེ་རེའི་བཟླས་པ་ཁྲི་ཚོ་རེ་ཟློས་ཀྱིན་སྨན་རེ་རེ་ཁྱེར་ཤོག་གསུངས་ནས་བཏང་བས། དེ་ན་རེ། དེ་དག་ཚང་བ་དང་ཇི་ལྟར་བྱེད་པ་ཡིན་ཟེར་བས། དེ་དང་པོར་ཟངས་ཀྱི་སྣོད་དུ་ཆུག་།དེ་ནས་དངུལ ་དེ་ནས་གསེར་གྱི་སྣོད་དུ་ཆུག་ཅིག་།ནམ་མཁའ་ལ་འགྲོ་བར་ནུས་སོ། །གསུངས་པས། དེས་ཀྱང་ལོ་བཅུ་གཉིས་ན་སྨན་ཆར་པ་དང། དེ་ལྟར་བྱས་པས་ནམ་མཁའ་ལ་འཕུར་བས་མིང་ཡང་ཨུ་དྷི་ལི་བྱ་བར་ཕྱོགས་ཐམས་ཅད་དུ་གྲགས་ཤིང། རྟོགས་པ་བརྗོད ་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཨུ་དྷི་ལིའི་ལོ་རྒྱུས་རྫོགས་སོ།། (།།ཀ་པཱ་ལའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་ཀ་པཱ་ལའི་ལོ་རྒྱུས་ནི། ཀ་པཱ་ལ་སྟེ་ཐོད་པ་ཅན། དེ་ཡང་ཡུལ་རཱ་ཛ་བུ་རི་བྱ་བར ་དམང་རིགས་ཤིག་ལས་ཀྱིས་འཚོ་བ་གཅིག་ལ་བུ་ཚ་ལྔ་ཡོད་པ་ལ། སྔོན་གྱི་ལས་ཀྱིས་དེའི་ཆུང་མ་ཤི་ནས་རོ་དུར་ཁྲོད་དུ་བསྒྱལ་ནས། དེས་དེ་ཉིད་དུ་བུ?་ཡིན་སྡད་པ་ན། ཡང་བུ་ཚ་ཀུན་ཡང་ཤི་ནས་མིས་དེ་ལ་སྐད་བཏང་བས། དེས་ཀུན་གྱི་རོ་དེར་བསྐྱལ ་ནས་ཡང་དུ་ཡིན་སྡད་པ་ན། རྣལ་འབྱོར་བ་ནག་པོ་སྤྱོད་པ་དེར་བྱོན་ནས། ཁྱོད་འདི་ན་ཅི་བྱེད་ཅིང་འདུག་གསུངས་པས། དེ་ན་རེ་རྣལ་འབྱོར་པ་བདག་ཁྱིམ་ཐབ་དང་བུ་ཚ་ཀུན་དང་བྲལ་བས་མྱ་ངན་གྱིས་ཡིད་གདུངས་ནས་རོ་འདི་རྣམས་བློས་གཏོང་མ་ནུས་པར ་འདིར་འདུག་གིན་གདའ་ཞུས་པས། སློབ་དོན་ནག་པོ་སྤྱོད་པས་གསུངས་པ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འདིའི་རང་བཞིན་ཡིན་ཅིང། ཁྱོད་གཅིག་བུའི་མ་ཡིན། དེ་ལ་མྱ་ངན་བྱར་མེད་ཅིང་བྱས་ཀྱང་དེས་མི?་ཕན་པས་ཆོས་ཀྱིས། ཁྱོད ་འཁོར་བའི་སྐྱེ་འཆི་ལ་མི་འཇིགས་སམ་གསུངས་པས། དེ་ན་རེ། སྐྱེ་འཆི་ལ་འཇིགས་ཏེ། དེ་ལས་ཤར་བའི་ཐབས་མངའ་ན་བདག་ལ་རྩོལ་ཅིག་ཞུས་བས། དེས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ནས་བསྐྱེད་རྫོགས་ཀྱི་གདམས་པ་བྱིན་སྟེ་སྤྱོད ་པ་བྱེད་དུ་བཅུག་པས། བུ་ཚའི་ཆུས?་པས་རྒྱན་དྲུག་བྱེད་དུ་བཅུག་ནས་གྱོན་ནོ། །ཆུང་མའི་མགོ་བོ་བཅད་ནས་ཁ་ཕོར་བྱས་ཏེ་ཐོད་པ་ནི་བསྐྱེད་རིམ། ཐོད་པའི་ནང་སྟོང་བར་ཡོད་པ་ནི་རྫོགས་རིམ་ཡིན་བར་བསྟན་པས། དེས་ཀྱང་སྤྱོད་པ་བྱེད་ཅིང་བསྒོམས ་པས་ལོ་དགུ་ནས་ཟུང་འཇུག་ཏུ་སོང་སྟེ་གྲུབ་པ་ཐོབ་ནས་གདུལ་བྱ་དག་ལ། ང་ནི་རྣལ་འབྱོར་ཐོད་པ་ཅན། །ཆོས་རྣམས་རང་བཞིན་བདག་གིས་ནི། །ཐོད་པ་ལྟ་བུར་རྟོགས་པ་ན། །ཤུགས་ལས་བྱུང་བའི་སྤྱོད་པར་གནས། །ཤེས་གསུངས་ནས་ནམ་མཁའ་ལ ་གར་བྱས་བས་མི་ཐམས་ཅད་དད་ནས་བླ་མ་ཀ་པཱ་ལ་ཞེས་གྲགས་ཏེ། རྟོགས་པ་བརྗོད་ནས་ལོ་ལྔ་བརྒྱར་འགྲོ་དོན་མཛད་ལ་བོར་དྲུག་བརྒྱ་དང་བཅས་ནས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀ་པཱ་ལའི་ལོ་རྒྱུས་རྫོགས་སོ།། །། ་*། (།ཀི་ར་བ་ལའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་ཀི་ར་བ་ལའི་ལོ་རྒྱུས་ནི། གྲོང་ཁྱེར་གྲ་ཧ་ར་ཞེས་པར་རྒྱལ་པོའི་གང་ཟག་ཅིག་རྒྱལ་སྲིད་རྒྱས་བ་ལ་ལོངས་སྤྱོད་ཅིང་རྣམ་ཐོས་ཀྱི་སྲས་ལྟ་བུར་ཡོད་པ་ལ། དེས་ཀྱང་མ་ངོམས་ཏེ་ཕྱོགས་གཞན་ན་ཡོད་པའི་རྒྱལ་པོའི ་སྲིད་ཀུན་ཡང་ཕྲོགས་ནས་ལོངས་སྤྱོད་པར་བྱེད་བ་ན། ཡང་ཡུལ་ཁམས་ཞིག་ཏུ་དམག་དྲངས་པས། དེ་ན་ཡོད་པའི་སྐྱེས་པ་འབྲོས་ནུས་པ་རྣམས་བྲོས་ནས་མེད་པ་ལ། བུད་མེད་ལ་སོགས་པ་རྣམས་འབྲོས་མ་ནུས་པས་རྒྱལ་བ་དང། དུ་བ་ལ་སོགས་པ་དཔག ་ཏུ་མེད་པ་རྒྱལ་བོས་མཐོང་ནས། དེས་བློན་པོ་ཞིག་ལ་དྲིས་པས་དེས་གཏམ་དྲང་བོར་སྨྲས་པ་ན། རྒྱལ་བོ་སྐྱོ་བ་ཆེན་པོ་སྐྱེས་ཏེ། འདི་འདྲ་བ་སྙིང་རྗེ་བར་འདུག་པས། འདི་རྣམས་ཀྱི་ཕ་ལ་སོགས་པ་ཁུག་ལ་རང་རང་གི་སྲིད་ལ་གནས་པར་གྱིས་ཤིག་གསུངས ་པས། བློན་པོས་ཀྱང་དེ་བཞིན་དུ་བྱས་ཏེ། སླར་རང་གི་གནས་སུ་བྱོན་ནས་སྦྱིན་གཏོང་གི་དྲིལ་ཆེན་པོ་བསྒྲགས་ཏེ། ཟད་པ་མེད་པའི་སྦྱིན་པ་ཆེན་པོ་བཏང་ནས། ད་ནི་ཆོས་གཅིག་བྱ་དགོས་དགོངས་ནས་ཡོད་པའི་དུས་སུ། རྣལ་འབྱོར་པ་ཞིག་དེར་བྱོན་ནས་བཟའ་ ་བཅའ་བླངས་པས། དེས་ཀྱང་གྱ་ནོམས་པ་དྲངས་ཏེ། དེས་རྒྱལ་པོ་ལ་ཚད་མེད་བཞི་ལ་སོགས་པའི་ཆོས་བཤད་པས། དེ་ན་རེ། ཚེ་འདི་ཉིད་ལ་སངས་རྒྱ་བའི་ཆོས་གཅིག་ཞུ་ཟེར་བས། དེས་བདེ་མཆོག་ཏུ་དབང་བསྐུར་ནས་བསྐྱེད་རྫོགས་གཉིས ་ཀྱི་རིམ་པ་སྒོམ་དུ་བཅུག་པས། སྔར་གྱི་བག་ཆགས་ཀྱི་དབང་དུ་སོང་སྟེ་རྒྱལ་སྲིད་དང་དམག་གི་རྟོག་པས་ལམ་བསྒྲིབས་པ་ན། དེས་རྟོག་པ་རང་གྲོལ་གྱི་གདམས་པ་འདི་གནང་ངོ། །ཁམས་གསུམ་པ་ཡི་སེམས་ཅན་རྣམས། །དམག་ཚོགས་དཔའ་བོས ་ཁེབས་བར་སྒོམས། །མཁའ་དབྱིངས་མ་ལུས་རང་སེམས་ལས། །བྱུང་བའི་དཔའ་བོ་དཔག་མེད་གཉིས། །དབྱེར་མེད་གྱུར་ནས་དགྲ་རྣམས་བཅོམ། །རང་ཉིད་རྒྱལ་པོ་ཆེན་པོ་ནི། །རྒྱལ་ལ་སོགས་པའི་བདེ་ཐོབ་ནས། །སྲིད་པའི་རྩེ་མོར ་བསྒོམ་བར་བྱ། །ཅེས་གསུངས་ནས་ལོ་བཅུ་གཉིས་སུ་སྒོམས་པས་ལྟ་བ་རྟོགས་ཏེ་གྲུབ་པ་ཐོབ་ནས་རྒྱལ་པོ་རང་གི་ཕོ་བྲང་འོད་ཀྱིས་ཁྱབ་པ་དང། བཙུན་མོ་ལ་སོགས་པས་གྲུབ་པ་གོ་ནས་མཆོད་པ་བྱེད་པ་ན། ཚད་མེད་བཞི་ཡི་སེམས་ཅན་ལ། །ཆགས ་པས་འདོད་པར་སྤྱད་པར་བྱ། །དཔའ་བོ་ཞེ་སྡང་ཆེན་པོ་ཡིས། །དགྲ་རྣམས་མ་ལུས་རླག་བར་བྱ། །ཅེས་གསུངས་པས། བླ་མ་ཀི་ར་བ་ལ་བྱ་བར་གྲགས་ཤིང། རྟོགས་པ་བརྗོད་ནས་ལོ་བདུན་བརྒྱར་འགྲོ་དོན་མཛད་དེ། འཁོར་དྲུག་བརྒྱ་དང་བཅས་མཁའ་ ་སྤྱོད་དུ་གཤེགས་སོ། །གུ་རུ་ཀི་ལ་བ་ལའི་ལོ་རྒྱུས་རྫོགས་སོ།། (།།མ་ཀ་རའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་མ་ཀ་རའི་ལོ་རྒྱུས་ནི། ཡུལ་ཀཉྩི་ན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཅེས་བྱ་བ་ཡོད། གྲོང་ཁྱེར་འབུམ་ཆོས་རྩ་བཞི་ལ་དབང་བྱེད་པ་སྟེ། རྒྱལ ་པོ་ཆེན་པོ་ཡིན་ལ་སྲས་མེད་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ལ་གསོལ་བ་བཏབ་པས། དུས་ཅིག་ན་དེའི་ཆུང་མའི་མངལ་དུ་སེམས་ཅན་ཞུགས་པས། བསམ་པ་ཡང་དགེ་བ་ལ་སོགས་པ་བྱུང་ལ། ཟླ་བ་དྲུག་ན་ཉི་ཟླ་ཕྲག་པར ་འཕྱར་བ་དང། རྒྱ་མཚོ་འཐུང་བ་དང། རི་རབ་ཟོས་པ་དང། ཁམས་གསུམ་རྐང་ཐིལ་དུ་བསྣན་པའི་རྨི་ལམ་བྱུང་བས། རྒྱལ་པོ་ལ་ཞུས་པས། ངས་མི་ཤེས་མཆོད་གནས་པཎྜི་ཏ་དང་བྲམ་ཟེ་ལ་དྲི་བར་བྱ་གསུངས་ནས། དེ་དག་ལ་ཆོས་སྟོན་ཡོན་དང ་བཅས་བ་ཕུལ་ནས་ཞུས་པས། དེ་དག་གིས་རྟགས་བ་ན་ཆོས་ཀྱི་རྒྱལ་སྲིད་འཛིན་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཞིག་བལྟམས་པར་འདུག་པ་ལ། དེ་ལ་འཇིག་རྟེན་པ་མི་དགའ་བམ། དེ་དག་བའི་ཕྱིར་འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་འབྱུང་གནས་ཞིག ་འཁྲུད?་བྱས་པས་ཐམས་ཅད་དགའ་བར་གྱུར་ཏོ། །དེ་ནས་ཟླ་བ་དགུ་ལོ?་བཅུ་ཚང་བ་དང། བལྟམས་པ་ཡང་མཚན་ཕྱེད་ན་བསོད་ནམས་དང་ལས་ལས་གྲུབ་པའི་མཚོ་ཆེན་པོ་ཞིག་གི་པདྨའི་སྟེང་དུ་བཙས་ནས། ཡུལ་ཕྱོགས་དེར་འདོད་པའི་ཡོ་བྱད་ཀྱི་ཆར་བབས་པས་སྐྱེ་བོ་དག ་ངོ་ཚར་ནས་སུའི?་མཐུ་སྙམ་པ་དང། ཉིན་ཕྱེད་ཙམ་པ་ན་དེའི་མཐུ་ཡིན་སྙམ་པར་ཤེས་ནས་མཚན་ཡང་མཚོ་སྐྱེས་གཞོན་ནུ་ཞེས་བརྟགས་ཏེ། དེའི་མཐུ་ས་སྐྱེ་བོ་ཐམས་ཅད་འདོད་པའི་ཡོན་ཏན་དང་ལོངས་སྤྱོད་ལོངས་སྤྱོད་པ་ན། ཡང་སྲས་གཅིག་བལྟམས་པས ་མཆེད་གཉིས་སུ་སོང་བ་དང། ཡབ་ཡུམ་རྣམས་གྲོང་ནས་རྒྱལ་སྲིད་གཅེན་ལ་ཕུལ་བས། ཁོང་གིས་བཅུང་ལ་གཏད་ནས་དགེ་སློང་མཛད་དེ། ཤྲཱི་དྷ་ནར་བྱིན་པའི་ཚེ། ལམ་ཁར་འཕགས་པ་སྤྱན་རས་གཟིགས་ཀྱིས་དགེ་སློང་ཞིག་ཏུ་སྤྲུལ་ཏེ་འཇལ་པས་ངོ་མ་ཤེས ་པ་ལ། དེས་དགེ་སློང་ལ་གཏམ་དྲིས་པ་བདེན་པར་གསུངས་ནས། དེ་ལ་ལོངས་སྐུ་དང་ཕྲད་པར་འདོད་དམ་གསུངས་པས། དགེ་སློང་གིས་ང་ལ་ཐབས་མེད་ན་འདོད་པ་དེ་ཀ་འདོད་དེ་གསུངས་པས། འོ་ན་ངལ་བླ་མར་འཛིན་ཅིང་གུས་ན་ཐབས་ཡོད་དོ་གསུངས ་ནས། དེས་ཕྱག་ལ་སོགས་པ་བྱས་ནས་ཞུས་པས། དེས་དགྱེས་རྡོར་གྱི་ལྷ་ཚོགས་སུ་དངོས་སུ་སྤྲུལ་ནས་ཞལ་བསྟན་ཏེ་དབང་བསྐུར་གདམས་པ་གནང་ནས། འཕགས་པ་དེ་ཉིད་དུ་མི་སྣང་བར་གྱུར་པ་དང། དེས་ཀྱང་ཤྲཱི་དྷ་ནར་བྱོན་ནས་སྒྲུབ་པ་བྱེད་པའི་ཚེ། རྣལ་འབྱོར ་པ་འདྲ་བ་ཞིག་འོངས་ནས། དེ་ལ་ཁྱེད་འདིར་ཅི་བྱེད་པ་ཡིན་ཟེར་བས། དེས་ཀྱང་དྲང་པོར་གསུངས་བ་དང། འོ་ན་ང་ཡིས་བསྙེན་བཀུར་བྱ་ཡིས། གྲུབ་པ་ཐོབ་པའི་དུས་སུ་བདག་ལ་གདམས་པ་གནང་དགོས་ཟེར་བས་རུང་གསུངས་ནས་ཕུག་པ་སྟོང་པ་ཞིག་ཏུ་བཞུགས ་པ་ལ། མི་དེ་གཡོག་བྱས་ནས་ལོ་བཅུ་གཉིས་བསྒྲུབས་པ་དང། དེའི་བར་དུ་མུ་གེ་ཆེན་པོ་བྱུང་ནས་མི་མང་དུ་ཤི་བས། དེས་བླ་མའི་བར་ཆད་དུ་སོང་དོགས་ནས་གསངས?་ཀྱིན་བླ་མའི་ཟས་ཀྱི་ལྕག?་རོ་ཉུང་དུན་གྱིས་འཚོ་བ་ན། ཞག་གཅིག་ཟས་བླངས་པས་མ་ཁུགས ་ནས་རྒྱལ་པོ་ཞིག་གི་ཁང་པར་ཕྱིན་པས་འབྲས་ཆན་ལྷུང་བཟེད་གང་བརྙེད་ནས་དེ་ཁྱེར་སྟེ་འོངས་པ་ན་བཟའ་བ་མ་ཟོས་པས་ཕུག་དེར་འོངས་པས་ས་ལ་འགྱེལ་སྟེ་འབྲས་ཆན་ཡང་པོ་ནས་འོངས་པས། དེས་ཆང་ཐུངས་སམ་ཅི་གསུངས་པས ་ཆང་གང་ན་འཐུངས། ལྟོགས་ནས་ཤེད་ཆུངས་ཏེ་འགྱེལ་བ་ཡིན་སྨྲས་པས། ཟས་མ་ཁུགས་པ་ཅི་ཡིན་གསུང་པ་ལ། བདག་གིས་བླ་མ་ལ་བར་ཆད་དུ་སོང་དོགས་མ་ཞུས་ཏེ། ལོ་བཅུ་གཉིས་སུ་མུ་གེ་ཆེན་པོ་བྱུང་ནས་སྲོག་ཆགས་མང་པོ་ཡང་ཤི། སེམས ་ཅན་རྣམས་སྡུག་བསྔལ་བར་གདའ་ཞུས་པས། སློབ་དཔོན་མཚོ་སྐྱེས་ཀྱི་གསུང་ནས། དེ་ཙ་ན་ང་ལ་མི་སྨྲ་བར་གསང་བའི་ལུགས་ཡོད་དམ། མུ་གེ་མི་ཡོང་བའི་ཐབས་ང་ལ་ཡོད་པ་ལ། ང་འདེང་ཅིག་གསུངས་ནས། འབྲས་ཆེན་པོ་འ་རྣམས་བསྡུས་ཏེ་ཆུ་ཁར ་བྱོན་ནས་གཏོར་མ་བཏང། ཀླུ་ཆེན་པོ་བརྒྱད་སྔགས་དང་ཕྱག་རྒྱ་ངང་ཏིང་ངེ་འཛིན་གྱིས་གཟིར་བས། ཀླུ་དེ་རྣམས་ཀླད་པ་འགེངས་པ་སྙམ་བྱེད་ནས། དེར་འོངས་ཏེ་ལས་ཅི་བགྱི་ཟེར་བས། འཛམ་བུའི་གླིང་དུ་ཆར་མེད་པས་སེམས་ཅན་རྣམས་ཤི་པ་ཁྱེད་ཀྱི་ཉེས ་པས། ད་ཡང་ཞག་དང་པོ་ལ་བཟའ་བའི་ཆར་ཕོབ་ཅིག་།དེ་བཞིན་དུ་གཉིས་པ་ལ་འབྲུ་དང། གསུམ་པ་ལ་གནས་མལ་དང། དེ་ནས་ཞག་གསུམ་དུ་རིན་པོ་ཆེའི་ཆར་ཕོབ་ཅིག་།དེ་ལྟར་བྱས་པ་དང་ཆུའི་ཆར་ཕོབ་ཅིག་གསུངས་པས། དེ་བཞིན་དུ་བཀའ་བསྒྲུབ ་པས་སེམས་ཅན་རྣམས་སྡུག་བསྔལ་ལས་ཟར་བ་དང། དེའི་སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཅིང། འདི་ནི་སློབ་དཔོན་མཚོ་སྐྱེ་སྐྱི་མཐུ་ཡིན་ནོ་ཟེར་ཞིང་ཐམས་ཅད་དད་པར་གྱུར་ཏོ། །དེ་ནས་སྔར་གྱི་གཡོ་གར་མ་ཞེས་པ་ལ་དབང་བསྐུར་ཏེ་གདམས ་པ་གནང་བས་འཇིག་རྟེན་པའི་དངོས་གྲུབ་ཐོབ་ལ། གདམས་པ་ནི་དགྱེས་རྡོར་གྱི་བསྐྱེད་རྫོགས་གཉིས་ཀྱི་གདམ་ངག་གནང་ནས་འགྲོ་བ་སེམས་ཅན་གྱི་དོན་མ་བྱས་པར་མཁའ་ལ་མ་འགྲོ་ཅིག་།ད་དཔལ་གྱི་རིལ་སོང་ལ་འདི་ལྟར་གྱིས་འགྲུབ་པར་འགྱུར་རོ ་གསུངས་ནས། བླ་མ་མཁའ་སྤྱོད་ལ་གཤེགས་སོ། །རམས་ཀྱང་དཔལ་གྱི་རི་ལ་ཉེ་བ་ན་རྒྱལ་པོའི་བུ་མོ་དབང་དུ་བསྡུས་ནས་གཉིས་ཀས་ར་མར་གཙུག་ལག་ཁང་བཞེངས་པ་ལ་སོགས་པ་བྱས་ཏེ་མཐར་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ས་ཀ་རེའི་ལོ་རྒྱུས ་རྫོགས་སོ།། །། *། (།སརྦ་དྷ་ཀྵའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་སརྦ་དྷ་ཀྵའི་ལོ་རྒྱུས་ནི། སརྦ་དྷ་ཀྵ་སྟེ་ཐམས་ཅད་ཟ་བ་ཡིན་ལ་དེ་ཡང་གྲོང་ཁྱེར་ཨ་བྷ་ར་བྱ་བ་རྒྱལ་པོ་སེངྒེ་ཟླ་བའི་མངའ་རིས་ཡིན་ལ། དེ་ན་དམང་རིགས་ཀྱི་གང་ཟག་ཅིག ་ཤིན་ཏུ་གྲོང་པ་ཆེ་ནས་ཁ་ཟས་ཅི་མཐོང་ཟ་བ་ན། དུས་གཅིག་གི་ཚེ་བཟའ་བ་ཅི་ཡང་མ་རྙེད་ནས་ཕྱོགས་གཅིག་ཏུ་ལྟོ་ཡིད་ལ་བྱེད་ཅིང་གནས་པ་ན། ས་ར་ཧ་པ་དེར་བྱོན་ནས་ཁྱོད་འདི་ན་ཅི་བྱེད་ཅིང་འདུག་གསུངས་པས། དེ་ན་རེ། བདག་ཕོ་བའི་མེ་དྲོད་ཆེ་བས་བཟའ་ ་བ་ཅི་ཟོས་ཀྱང་འགྲངས་པ་མི་ཡོང་ལ། ཁྱད་པར་དེ་རིང་བཟའ་བ་ཅི་ཡང་མ་རྙེད་ནས་སྡུག་བསྔལ་བར་གདའ་ཟེར་བས། ཁྱོད་དེ་རིང་གི་ལྟོགས་པ་ཡང་མི་བཟོད་ན་ཡི་དགས་སུ་སྐྱེས་ན་ཅི་ཙུག་བྱེད་གསུངས་པས། དེ་འདྲ་བ་གང་ན་ཡོད་ཟེར་བས། དེར་ལྟེས་པར ་གསུངས་ནས་ཡི་དགས་བསྟན་པས། འདི་འདྲ་བར་སྐྱེ་བའི་རྒྱུ་གང་ལགས་ཟེར་བས། དེའི་རྒྱུ་བསྟན་པས་བླ་མ་འདི་འདྲ་བ་ལས་ཐར་བའི་ཐབས་ཅིག་ཞུ་ཟེར་བས། དེ་ལ་དང་པོར་དབང་བསྐུར་ནས་བྷུ་སུ་ཀུའི་འཇུག་པ་བསྟན་པ་ནི། གྲོང་པ་ནམ་མཁའ་སྟོང ་པ་ལ། ཕོ་བའི་མེ་དྲོད་དུས་མེ་ལྟར། །སྣང་སྤིར?་བཟའ་བཏུང་ཉིད་ཡིན་ཏེ། །ཟོས་པས་ཐམས་ཅད་ཟད་པར་བསྒོམས། །ཤེས་གསུངས་ཏེ། དེས་ཀྱང་གུས་པར་བསྒོམས་པས་ཉི་ཟླ་གཉིས་ཀྱང་འཇིགས་ནས་རི་རབ་ཀྱི་ཁོང་སེང་དུ་ཡིབ་པས། མི་རྣམས ་མགྲིན་གཅིག་ཏུ་སྣང་བ་ནུབ?་བར་གྱུར་ཀྱེ་མ་ཟེར་བས། བྲམ་ཟེ་ཆེན་པོ་ཌཱ་ཀི་མ་ཀུན་གྱིས་བསྐུལ་བས་དེར་གྱོན་ཏེ། ད་ཐམས་ཅད་ཟོས་ཟིན་པས་མེད་པར་བསྒོམས་གཅིག་གསུངས་པས། དེ་བཞིན་དུ་བྱས་པས་སྣང་སྟོང་ཟུང་འཇུག་ཏུ་རྟོགས་ཏེ་གྲུབ་པ་ཐོབ་ནས ་ཉི་ཟླ་ཡང་འབྱུང་བས་ཐམས་ཅད་དགའ་བར་གྱུར་ཏོ། །དེར་ལོ་བཅོ་ལྔ་ནས་གྲུབ་པ་བརྙེས་ཤིང་རྟོགས་པ་བརྗོད་དེ་འགྲོ་དོན་ལོ་དྲུག་བརྒྱ་མཛད་ནས་མཐར་འཁོར་སྟོང་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་སརྦ་བྷཀྵའི་ལོ་རྒྱུས ་རྫོགས་སོ།། (།།ནཱ་ག་བོ་དྷིའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་ནཱ་ག་བོ་དྷིའི་ལོ་རྒྱུས་ནི། འཕགས་པ་ཀླུ་སྒྲུབ་པཱུ་ཝ་རྞའི་དགོན་པར་བཞུགས་པའི་ཚེ། རྒྱ་གར་ནུབ་ཕྱོགས་ནས་བྲམ་ཟེ་ཞིག་རྐུ་ཡིན་མཐར་གྱིས་ཡོངས ་ཏེ་བླ་མ་དེའི་སྒོ་ནས་བལྟས་པས། གསེར་གྱི་སྣོད་ཀྱི་ནང་དུ་བཟའ་བ་གྱ་ནོམས་པ་གསོལ་བ་མཐོང་སྟེ། དེ་ལ་རྐུ་བའི་བསམ་པ་ཤར་བ་བླ་མའི་ཐུགས་ཀྱིས་མཁྱེན་སྟེ། གསེར་གྱི་སྣོད་དེ་ཐད་ལ་སྐྱུར་བས། དེ་འདི་ལྟར་མཛད་པ་ཅི་སྙམ་པ་ན། ་དེས་དེའི་ནང་དུ་ཕྱིན་ནས་བདག་རྐུ་སྙམ་པ་ལ་རྐུ་མི་དགོས་པར་འདི་བདག་ཅན་དུ་སྐྱུར་བ་ཅི་ལགས་ཞུས་པས། བླ་མས་ང་ནི་ཀླུ་སྒྲུབ་བྱ་བ་ཡིན། ངའི་ནོང་ལ་སོགས་པ་ནི་གཞན་དོན་ཡིན་པས། ཁྱོད་རྐུ་མི་དགོས་ཀྱི་བཟའ་བ་དང་བཅའ་བ་འདི་དག ་ཐེ་ལ་སྤྱོད་ཅིག་།འགྲོ་བའི་དུས་སུ་ནོར་ཅི་དགོས་པ་བསྐུར་ལ་བཏང་གི་གསུངས་པས། དེ་མཛད་སྤྱོད་ལ་དད་དེ་ཆོས་ཞུས་པས། དེར་གསང་བ་འདུས་པར་དབང་བསྐུར་ནས་མངོན་ཞེན་རང་གྲོལ་གྱི་གདམས་པ་འདི་གནང་ངོ། །བྱ་བ་ཐམས་ཅད ་བློས་ཐོད་ལ། །སྤྱི་བོར་ཀུན་བརྟགས་ར་མཆོག་ནི། །རིན་ཆེན་མ་གད་རང་བཞིན་ཅན། །གསལ་ལ་འོད་འཕྲོ་བསྒོམ་པར་བྱ། །ཅེས་གསུངས་ནས་གནས་ཁང་གི་མཛའ་མ་རིན་པོ་ཆེས་གང་པར་བྱས་ནས་བཞག་པས། དེ་དགའ་སྟེ་གདམས ་པ་དེ་བསྒོམས་པས། ལོ་བཅུ་གཉིས་ན་རྭ་དེ་ཆེར་སོང་ནས་གཡོ་འགུལ་བྱེད་པའི་ཚེ་དེ་ཐུག་ནས་སྡུག་བསྔལ་བ་ན། དེ་བྱོན་ནས་ཁམས་བདེའམ་གསུངས་པས། དེས་མ་བདེ་བའི་གཏམ་ཞུས་པས་དེ་མཉེས་ནས་གདམས་པ་གསུངས་པ་ནི། ཀུན ་རྟགས་བསྒོམས་པའི་རྭ་ཅན་གྱིས། །བདེ་བ་ཐམས་ཅད་འཇོམས་པ་ལྟར། །དེ་ཕྱིར་དངོས་པོར་མངོན་ཞེན་པས། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལོ། །ཆོས་རྣམས་ཡང་དག་ཡོད་མིན་ཏེ། །མཁའ་ལ་སྤྲིན་བཞིན་འབྱུང་བ་བཞིན། །སྐྱེ་བ་གནས་པ་འགགས ་པ་གསུམ། །གང་ལ་གང་གིས་ཕན་གནོད་འབྱུང། །དེ་བཞིན་སེམས་ཉིད་དག་པ་ལ། །ཅི་ཞིག་ཕན་ཞིང་ཅི་ཞིག་གནོད། །གདོད་ནས་མ་གྲུབ་གཟུང་འཛིན་སྟེ། །རང་རང་ངོ་བོ་ཉིད་ཀྱིས་སྟོང། །ཅེས་གསུངས་པས་གནས་ལུགས་སྟོང་པ་ཉིད་རྟོགས་ཏེ་དེ་ལ ་ཟླ་བ་དྲུག་མཉམ་པར་གཞག་པས་འཁོར་འདས་དབྱེར་མེད་དུ་རྟོགས་ནས་གྲུབ་པ་ཐོབ་སྟེ། མཚན་ཡང་ནཱ་ག་བོ་དྷི་ཞེས་བྱ་བར་གྲགས་ལ། བླ་མའི་གདུང་འཚོབ་དུ་བསྐོས་ནས་སེམས་ཅན་ལ་གྲུབ་ཆེན་བརྒྱད་དེ། ས་འོག་བསྒྲོད་དང་རལ་གྲི་དང། །ཚར ་བཅད་ཕན་འདོགས་གཉིས་ཀ་དང། །རིལ་བུ་མིག་སྨན་གཏེར་རྣམས་དང། །རྐང་འགྱོགས་དག་ཀྱང་བཅུད་ཀྱིས་ལེན། །བརྒྱད་པོ་གང་འདོད་བྱིན་ཅིག་གསུངས། །དེ་ལྟར་བྱམས་པའི་བསྟན་པའི་བར་དཔལ་གྱི་རི་དེ་ཉིད་དུ་གནས་ནས་འགྲོ་དོན་གྱིས་ཤིག ་གསུངས་ནས་བཞག་པ་ཡིན་ནོ། །ལོ་ཉི་ཁྲི་བཞུགས་སྐད་དོ། །གུ་རུ་ནཱ་ག་བོ་དྷིའི་ལོ་རྒྱུས་རྫོགས་སོ།། །། *། (།དྷ་རི་ཀ་བའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་དྷ་རི་ཀ་པའི་ལོ་རྒྱུས་ནི། ཡུལ་སཱ་ལ་པུ་ཏྲ་བྱ་བ་ན་རྒྱལ་པོ་ཨིནྡྲ་པ ་ལ་བྱ་བ་ཞག་གནས་པ་ལ། དེ་ལིངས་ལ་སོང་ནས་ཉི་མ་དྲོས་པ་ན་ཚོང་འདུས་སུ་འོངས་པ་ལ་མི་ཀུན་ཕྱག་བྱེད་པའི་ཚེ། ལཱུ་ཡི་པ་དེ་ན་འདུག་པ་རྒྱལ་པོས་མཐོང་བ་དང། རྒྱལ་པོས་སྨྲས་པ། ཁྱོད་འདྲ་བའི་སྐྱེས་བུ་བྱད་བཞིན་བཟང་ཞིང་ལྟ་ན་སྡུག་པ ་ལ། འདི་འདྲ་བ་ཉའི་རྒྱུ་ལྟོ་མི་གཙང་བ་མ་ཟ་ཤིག་།ཁྱོད་ལ་བཟའ་བ་ཅི་དགོས་པ་བདག་གིས་སྟེར་ཞིང་གཞན་གང་དགོས་པ་ཡང་སྟེར། རྒྱལ་སྲིད་དགོས་ཀྱང་སྟེ་རོ་ཟེར་བས། དེས་སྨྲས་པ། མི་འཆི་མི་རྒས་པའི་ཐབས་ཡོད་ན་དགོས་ཟེར་རོ། །འོ་ན་བདག ་གིས་རྒྱལ་སྲིད་དང་སྲས་མོ་སྦྱིན་བྱས་པས་བདག་ལ་མི་དགོས་ཟེར་རོ། །ཅིའི་ཕྱིར་མི་དགོས་བྱས་པས་རྒྱལ་སྲིད་ནི་མནོག་ཆུང་ལ་ཉེས་དམིགས་ཆེ་བས། ངས་ཀྱང་སྤངས་པ་ཡིན་ཞེས་སྨྲས་པ་དང། རྒྱལ་པོ་ཨིནྡྲ་པཱ་ལ་ཡང་རྒྱལ ་སྲིད་ལ་སྐྱོ་བ་སྐྱེས་ནས་བྲམ་ཟེའི་རིགས་ཀྱི་བློན་པོ་ལ་སྨྲས་པ། ང་ཡང་འཇིག་རྟེན་འདི་གཙུག་བྱས་ཀྱང་ཆེ་ཕྱིད་པས། ཟོས་པ་དང་གྱོན་པ་ནི་ཕྱེད་མ་ཡོག་པར་འདུག་པས་ཆོས་ལ་འགྲོ་།རྒྱལ་སྲིད་བུ་ལ་གཏད་ན་མི་ལེགས་སམ་སྨྲས་པས། བློན་པོས་རུང ་ཞུས་ནས་སྲས་ལ་རྒྱལ་སྲིད་གཏད་དེ། རྒྱལ་བློན་གཉིས་ཀྱིས་དུར་ཁྲོད་དུ། ལཱུ་ཡི་པའི་གམ་དུ་ཕྱིན་ནས་སྒོ་བརྡུངས་པ་དང། སློབ་དཔོན་གྱིས་སུ་ཡིན་སྨྲས་པས། བདག་རྒྱལ་བློན་ལགས་སོ་སྨྲས་པ་དང། འོ་ན་ནང་དུ་ཤོག་གསུངས་ནས་བྱིན་པས། ་དེ་གཉིས་སློབ་དཔོན་གྱིས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་དབང་ཡོན་དུ་ཁོ་རང་གཉིས་ཕུལ་ལོ། །དེ་ནས་གཞན་གྱི་ཡུལ་ཨོ་དོ་ཤར་ཕྱིན་པ་དང། དེར་དཔོན་སློབ་གསུམ་བསོད་སྙོམས་མཛད་ཀྱིན་བཞུགས་ལ། དེ་ནས་ཡང ་ཡུལ་བྷི་ར་བུ་རིར་བྱོན་ཏེ། ཛིནྟ་བུར་གྱི་གྲོང་ཁྱེར་ཞེས་ཀྱང་ཟེར་ལ། དེ་ན་གྲོང་ཁྱེར་འབུམ་ཚོ་གསུམ་ཡོད་དེ། དེ་ན་ལྷ་ཁང་ཡོད་ལ་དེའི་མཆོད་པ་བྱེད་པའི་གར་མཁན་མོ་བདུན་བརྒྱ་ཡོད་པའི་གཙོ་མོའི་གམ་དུ་ཕྱིན་ནས་དེའི་སྒོ་རྩ་གསུམ་བརྒྱ་ཙམ་ཡོད ་པ་ལ་སྨྲས་པ། ཁྱེད་ཅག་གི་ཛོ་མོ་མི་མི་ཉོ་འམ། དེ་དག་གིས་ནང་དུ་སྨྲས་པས་བཙུན་མོ་ན་རེ། ཉོ་ལྟར་འདོད་ཟེར་ནས་སྒོར?་ཕྱུང་སྟེ་ལྟས་པས། ཁྱེའུ་ལྟ་ན་སྡུག་པ་ཞིག་མཐོང་ནས་རིན་ཅི་དགོས་ཟེར་རོ། །གསེར་ཏོ་ལོ་ལྔ་བརྒྱ་དགོས་བྱས་ཏེ་རྒྱལ་བུ ་དེ་ལ་བཅོངས་ནས་རྩགས?་སུ་མཚན་ལ་མི་དང་ལྷན་ཅིག་ཉལ་དུ་མ་གཞུག་པར་གཅིག་པོར་གཞོག་ལ། ཁོས་རིན་འཁོར་བ་དང་ཐོང་ཅིག་ཟེར་ནས་སློབ་དཔོན་དང་བྲམ་ཟེའི་བུ་གཉིས་སོང་ངོ། །དེ་ནས་རྒྱལ་བུ་དེས་དྷ་རི་མོ་ཁྱིམ་དུ་ལོ་བཅུ་གཉིས་ཀྱི་བར ་དུ་རྐང་པ་བཀྲུ་བ་དང་སྐུ་བྱུག་ལ་སོགས་པ་བྱས། བླ་མའི་མན་ངག་མ་བརྗེད་པར་བྱས་ཏེ། ལས་ཐམས་ཅད་ཀྱི་ཐོག་མར་འདྲིལ་བའི་ལས་བྱེད་དུ་བཅུག་པས། ལས་ཀྱིས་འཚོ་བའི་གཡོག་པོ་ཐམས་ཅད་ཀྱིས་སྙིང་དུ་སྡུག་པ་དང། དེའི་དུས་སུ་དྷ་རི་མོའི་གམ་དུ་རྒྱལ ་པོ་ཛ་ན་པ་ཞེས་ཀྱང་བྱ། ཀུཉྫི་ཞེས་ཀྱང་བྱ་བའི་རྒྱལ་པོ་གཞན་ཞིག་གསེར་ཏོ་ལོ་ལྔ་བརྒྱ་ཙམ་ཁུར་ནས་འཇིག་རྟེན་གྱི་ཆོས་དོན་དུ་གཉེར་འོངས་པ་དང། སློབ་དཔོན་གྱིས་བར་བྱས་ནས། གསེར་ཏོ་ལོ་བདུན་འཇལ་ཀྱིན་འདུག་པ་དང། དེ་ནས་ཞག་འགའ་ཙམ་ན་ཀུཉྩི་ལོ ་བའི་མེ་དྲོད་ཤོར་བ་དང། ཁ་ཟས་དྲགས་པའི་རྐྱེན་གྱིས་ཕོ་བ་ན་བས། དེའི་མཚན་ཕྱེད་ན་ཕྱི་རོལ་དུ་ཕྱིན་པ་ན་ལྡུམ་རའི་ནང་ནས་ཤིན་ཏུ་དྲི་ཞིམ་པ་དང་འོད་ཅིག་འོང་བ་མཐོང་ནས་དེར་ཕྱིན་པས། ཁོལ་པོ་དབུ་མོ་བཅོ་ལྔ་ཙམ་གྱིས་ནི་བསྙེན་བསྐུར་བྱེད། ཁོ་རང ་ཁྲིའི་སྟེང་དུ་འདུག་པ་མཐོང་ནས་ངོ་མཚར་སྐྱེས་ཏེ། རིམ་པར་ཁྱིམ་དུ་ཕྱིན་ནས་སྨད་འཚོང་མ་ལ་སྨྲས་པ་དང། དེ་ལྟར་གཉིས་ཀ་ཕྱིན་པས་སྔ་མ་བཞིན་མཐོང་ནས་སྨད་འཚོང་མ་འགྱོད་པ་སྐྱེས་ཏེ། དེའི་ཞབས་ལ་ཕྱག་བྱས་སྐོར་བ་བྱེད་ཅིང་བདག་ཅག་སེམས ་ཅན་ལགས་པས་འཁྲུལ་སྟེ་ཡོན་ཏན་ཅན་དུ་མ་ཤེས་ནས་ཉིད་བཀེལ་བས་བདག་ལ་སྡིག་པ་བྱུང་བ་བཟོད་པར་གསོལ་ཞིང་ལོ་བཅུ་གཉིས་ཀྱི་བར་མཆོད་གནས་མཛད་པར་ཞུ་ཞུས་པས་མ་བཞེད་དེ། དེ་ནས་སྨད་འཚོང་མ་དང་ཛ་ན་པས་བདག་ཅག་ཀྱང་རྗེས་སུ་གཟུང་དུ་གསོལ ་བྱས་པས། བར་སྣང་ནས་གྲོང་ཁྱེར་སྟོང་པར་འབེབས་པ་ཞེས་བྱ་བའི་མན་ངག་གསུངས་པ། འཇིག་རྟེན་ཕལ་པའི་རྒྱལ་པོ་ཡིས། །གདུགས་དང་གླང་པོའི་ཁྲི་དག་ལས། །ང་ཡི་རྒྱལ་སྲིད་ཁྱད་པར་འཕགས། །ཐར་པའི་གདུགས་དང་ཐེག་ཆེན་ཞོན། །སྲིད ་པ་གསུམ་གྱི་གདན་ཁྲི་ལ། །དྷ་རི་ཀ་པ་ལོངས་སྤྱོད་བྱེད། །ཅེས་གསུངས་པ་ལ། སློབ་དཔོན་འདི་དྷ་རི་མོའི་ཁོལ་པོ་བྱས་པས་མཚན་དྷ་རི་ཀ་པར་གྲགས་ཤིང་འཁོར་བདུན་བརྒྱ་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་དྷ་རི་ཀ་པའི་ལོ་རྒྱུས་རྫོགས་སོ།། །། ་གུ་རུ་པུ་ཏ་ལི་བའི་ལོ་རྒྱུས་ནི། བྷཾ་ག་ལ་ན་དམང་རིགས་ཀྱི་གང་ཟག་ཅིག་གིས་ཁྱིམ་ཐབས་བླངས་ནས་ཡོད་པའི་དུས་སུ། བླ་མ་རྣལ་འབྱོར་པ་གཅིག་བྱོན་ནས་བསོད་སྙོམས་མཛད་པས་བཟའ་བ་དང་བཅའ་བ་གྱ་ནོམས་པ་དྲངས་ཤིང། ་ཡང་དག་པར་དད་དེ་བླ་མར་གཟུང་བ་ན། དེས་དགྱེས་རྡོར་གྱི་དབང་དང་གདམས་པ་གནང། དགྱེས་རྡོར་གྱི་ཐང་ཀ་ཞིག་ཀྱང་གནང་ནས། འདི་ཁྱེར་ལ་གྲོང་དང་གྲོང་ཁྱེར་དུ་བསོད་སྙོམས་ཀྱིས་ལ་སྒྲུབ་མ་ཤིག་གསུངས་པས། དེས་ཀྱང་དེ་བཞིན་དུ་ལོ་བཅུ་གཉིས་སུ ་བསྒྲུབས་པས་གྲུབ་པ་ཐོབ་ནས་ཡོད་པ་ལུས་ཀྱང་མ་རྟོགས་པ་ན། ཞག་གཅིག་རྒྱལ་པོའི་ཁང་པར་སློང་དུ་ཕྱིན་པས། དེའི་ཐང་སྐུ་ལ་ཁོའི་ལྷ་གདན་དུ་བྱས་ནས་འདུག་པ་མཐོང་པས། རྒྱལ་པོས་དེ་ལ་གཤེ་རུ་བྱུང་བས། འདི་དག་གིས་བྲིས་པ་མ་ཡིན། ་ལྷ་བཟོ་བས་བྲིས་པ་ལགས་པས། ཉིད་རང་ཡང་བདག་གི་ལྷ་ཁྱེད་རང་གི་ལྷའི་གདན་དུ་བྱས་པ་བྲིས་པས་མཆོག་མོད་བྱས་པས། དེ་བདེན་སྙམས་ཏེ་ལྷ་བཟོ་བ་བཀུག་ནས་བྲིས་པས། དེ་ན་རེ། ངའི་ལྷའི་གདན་དུ་ཁྱོད་ཀྱི་ལྷ་འོང་བ་ལ་འདི་ལྟར་བྲིས་ཀྱང་ཅི་སྟུབ་བྱས ་པས། དེ་ཅི་ཧེ་ཟེར་བས་ཁའི་ལྷ་ནི་ལྷའི་ལྷར་གྱུར་པས་སོ་བྱས་པས། དེའི་རྟགས་ཅི་ཡོད་ཟེར། རྒྱལ་པོའི་ལྷ་སྟེང་དུ་བྲིས་ཀྱང་ནང་པར་འོག་ཏུ་བབས་ནས་སྡོད་པ་ཡིན་ནོ་བྱས་པས། རྒྱལ་པོ་ན་རེ་དེ་ལྟར་བྱུང་ན་ང་ཡང་ཁྱེད་ཀྱི་བསྟན་པ་ལ་འཇུག་ཟེར་ཆད ་བྱས་བའི་དགོངས་ཁ་རྣལ་འབྱོར་པས་དེ་ལྟར་བསྒོམས་པས་ཕྱི་དེ་ལྟས་པ་ན་རྒྱལ་པོའི་ལྷ་གདན་དུ་སོང་ནས་འདུག་པས། རྒྱལ་པོ་ངོ་མཚར་སྐྱེས་ཏེ་བླ་མར་གཟུང་ནས་ཆོས་ལ་ཞུགས་སོ། །དེའི་རྒྱལ་ཁམས་ཐམས་ཅད་ཀྱང་ཆོས་ལ་ཞུགས་པས། བླ་མ ་པུ་ཏྲ་ལི་པ་བྱ་བར་གྲགས་ཤིང། ལོ་ལྔ་བརྒྱར་འགྲོ་དོན་མཛད་ནས་རྟོགས་པ་བརྗོད་དེ། མཐར་འཁོར་དྲུག་བརྒྱ་དང་བཅས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་པུ་ཏ་ལི་པཱི་ལོ་རྒྱུས་རྫོགས་སོ།། (།།ན་ཧ་ནའི?་ལོ་རྒྱུས་བཞུགས་སོ།།)་།གུ་རུ ་པ་ན་ཧའི་ལོ་རྒྱུས་ནི། པ་ན་ཧ་སྟེ་མཆིལ་ལྷམ་ཅན་ནོ། །དེ་ཡུལ་སནདྷོ་ན་ག་ར་བྱ་བ་ན་དམང་རིགས་ཀྱི་གང་ཟག་གཅིག་མཆིལ་ལྷམ་ལ་རྟེན་ནས་ཡོད་པ་ལ། དུས་གཅིག་གི་ཚེ་རྣལ་འབྱོར་པ་མཐུ་སྟོབས་ཅན་ཅེས་པས་བསོད་སྙོམས་བླངས་ནས་མཐར་གྱིས་དུར་ཁྲོད ་དགོན་པར་བྱོན་པ་མཐོང་བས། དེ་ལ་དད་པ་སྙམ་སེམས་ནས་དེས་དེར་ཕྱིན་པས་ཁྱོད་ཅི་ལ་འོངས་གསུང་པ་ན། ཆོས་ཞུ་བ་ལ་འོངས་ཟེར་ནས་འཁོར་བའི་ཉེས་པ་དང་ཐར་པའི་ཕན་ཡོན་གསུངས་པས། དེ་འཁོར་བ་ལ་སྐྱོ་བ་སྐྱེས་ནས། བླ་མ་འཁོར་བ་ལས ་ཐར་བའི་ཐབས་གཅིག་ཞུ་ཟེར་བས། དེ་ལ་བྱིན་རླབས་འཕོ་བའི་དབང་བསྐུར་བྱས་ནས། མངོན་ཞེན་ལམ་ཁྱེར་གྱི་གདམས་པ་འདི་གནང་ངོ། །མཆིལ་ལྷམ་རྒྱན་ཅན་གྱོན་ནས་འགྲོ་བ་སོགས། །རྒྱུགས་པས་སྒྲ་ནི་སྙན་པ་བྱུང་བ་དེར། །སྒྲ་ཙམ་དག་ཀྱང་དེ་རུ ་འདུག་པ་ན། །དེ་ཡང་གྲགས་སྟོང་དབྱེར་མེད་སྒོམ་པར་བྱ། །ཅེས་གསུངས་པས་དེའི་དོན་གོ་ནས་སྒོམས་པས། ལོ་དགུ་ནས་མཐོང་སྤང་གི་དྲི་མ་དག་སྟེ་གྲུབ་པ་ཐོབ་ནས། བླ་མ་བ་ན་ཧ་བྱ་བར་གྲགས་ཤིང་རྟོགས་པ་བརྗོད་དེ། ལོ་བརྒྱ་བརྒྱར་འགྲོ་དོན ་མཛད་ནས་འཁོར་བརྒྱད་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་པ་ན་ཧའི་ལོ་རྒྱུས་རྫོགས་སོ།། །། *། (།ཀོ་ཀ་ལི་བའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་ཀོ་ཀ་ལི་བའི་ལོ་རྒྱུས་ནི། གྲོང་ཁྱེར་ཙམ་པརྞ་ན་རྒྱལ་པོ་གཅིག ་ཡོད་བ་ན་སོས་ཀའི་དུས་རྒྱལ་སར་ཚད་པས་མ་ཟུག་ནས། ཤིང་ཨ་མྲའི་སྐྱེད་མོས་ཚལ་གྱི་གྲིབ་མ་དང་ཆུ་དྲང་མོ་དང། མེ་ཏོག་དང། ཤིང་ཐོག་སྣ་ཚོགས་དང་དྲི་ཞིམ་པ་ཁ་དོག་ལེགས་པ་ལ་སོགས་པས་དགྱེས་ནས་ཨ་མྲའི་སྐྱེད་མོས་ཚལ་དུ་དར ་ཟབ་ལ་སོགས་པའི་སྟན་དང་རྫས?་ལ་ནི་འདུག་།རྒྱལ་བུ་ལ་སོགས་པའི་བསྙེན་བཀུར་བ་དང། བུ་མོ་གཞོན་ནུ་མང་པོ་ལ་མས་དྲིལ་ཕྱིས་བྱེད། ལ་ལས་རླུང་གཡབ་གཡོ་བ། ལ་ལས་གླུ་དང་ལ་ལས་གར་བྱེད། ལ་ལས་མེ་ཏོག་འཐོར་ཅིང་རྒྱལ་སྲིད་ ་ཀྱི་འདོད་ཡོན་ལ་ཆགས་པས་མི་ལུས་ཆུད་ཟོས་བའི་ཚེ། ཡང་དག་པའི་དགེ་སློང་ཞིག་དེར་བྱོན་པས་སྒོ་བ་སུམ་བརྒྱ་ཙམ་ཡོད་པ་དེས་ནང་དུ་མ་བཏང་བ་ན། རྒྱལ་པོས་ཐོས་ཏེ་ནང་དུ་ཐོབ་ཅིག་གསུངས་ནས་ནང་དུ་བྱོན་པས། དེས ་བཟའ་བ་ལ་སོགས་པ་དྲངས་ནས་ཁྱེད་ཀྱི་ཆོས་དང་ངའི་ཆོས་གང་དགའ་བྱས་པས། དགེ་སློང་གིས་སྨྲས་པ། བྱིས་པས་བལྟས་ན་ཁྱེད་ཀྱི་བཟང། །མཁས་པས་བལྟས་ན་དུག་དང་བཅས། །གསུངས་བས། རྒྱལ་པོས་དུག་ཅེས་བྱ་བ་ཅི ་ལ་ཟེར་བ་ལགས་བྱས་པས། དེས་དུག་གསུམ་རྒྱས་པར་གསུངས་པས། དུག་དེ་དང་རྒྱལ་སྲིད་སྲེས་ན་ཐ་མ་ངན་སོང་དུ་འགྲོ་ཞིང་སྡུག་བསྔལ་ཏེ། དཔེར་ན། དུག་དང་འདྲེས་པའི་བཟའ་བཏུང་བཟང་པོ་ཟོས་པ་དང་འདྲའོ་བྱས་པས། རྒྱལ་པོ ་རིགས་སད་ཀྱི་གང་ཟག་ཡིན་པས་དེ་བླ་མར་གཟུང་ནས་གདམ་ངག་ཞུས་པས། བདེ་མཆོག་ཏུ་དབང་བསྐུར་ནས་ལམ་བསྟན་ནོ། །དེས་རྒྱལ་སྲིད་བུ་ལ་གཏད་དེ་རྩ་བ་ནས་སྤང་ནུས་ཀྱང་ཨ་མྲའི་ཚལ་གྱི་བྱ་ཀོ་ཀ་ལིའི་སྒྲ་ལ་ཡིད་ཆགས་ནས་ལམ ་སྒོམ་དུ་མ་སྟུབ་བ་ལ། དེར་རྟོག་བ་གར་སྐྱེས་ཅིག་ཆར་གྲོལ་བའི་གདམས་པ་འདི་ལྟར་གནང་ངོ། །དཔེར་ན་ནམ་མཁའ་སྟོང་པ་ལས། །འབྲུག་སྒྲ་སྤྲིན་རྣམས་འདུ་བར་བྱེད། །དེ་ལ་ཆར་རྒྱུན་འབྱུང་བ་ཡིས། །རྩི་ཤིང་ལོ་ཏོག་རྒྱས་པ་ལྟར། །དེ་བཞིན ་རྣ་བ་སྟོང་བར་ནི། །ཀོ་ཀ་ལ་ལི་འབྲག་སྒྲ་ཡིས། །རྣམ་ཤེས་རྟོག་བྱེད་སྤྲིན་བྱུང་ནས། །ཉོན་མོངས་དུག་གི་ཆར་རྒྱུན་གྱིས། །ཆགས་སྡང་ལོ་འདབ་རྒྱས་བར་བྱེད། །མི་མཁས་བྱིས་པའི་རང་བཞིན་ཅན། །སེམས་ཉིད་སྟོང་པའི་ངང་ལས་ནི། ། ་གྲགས་སྟོང་དབྱེར་མེད་འབྲུག་སྒྲ་ཡིས། །བདེ་ཆེན་ཟག་མེད་སྤྲིན་བཞིན་བསྡུས། །གནས་ལུགས་རང་གསལ་ཆར་རྒྱུན་ལས། །ཡེ་ཤེས་ལྔ་ཡི་ལོ་ཐོག་རྒྱས། །ེ་མ་བློ་ལྡན་ངོ་མཚར་ཆེ། །ཅེས་གསུངས་པས་དེས་ཀྱང་བསྒོམས་པས ་ཟླ་བ་དྲུག་ན་གྲུབ་པ་ཐོབ་སྟེ་མཚན་ཡང་ཀོ་ཀ་ལི་པ་ཞེས་གྲགས་ནས་འགྲོ་དོན་མང་དུ་མཛད་དེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀོ་ཀ་ལི་པའི་ལོ་རྒྱུས་རྫོགས་སོ།། །། *། (། ནཾ་གོའི་ལོ་རྒྱུས་བཞུགས་སོ།།)་།གུ་རུ་ཨ་ནཾ ་གོའི་ལོ་རྒྱུས་ནི། ཡུལ་གྷ་ཧུ་ར་བྱ་བ་ན་དམང་རིགས་ཀྱི་གང་ཟག་ཞིག་སྐྱེ་བ་སྔ་མ་ལ་བཟོད་པ་བསྒོམས་བས་གཟུགས་བྱད་ཤིན་ཏུ་མཛེས་པ་ཞིག་ཡོད་པ་དེས་གཞན་ལ་བལྟས་པས་ང་རྒྱལ་སྐྱེས་པ་ན། དེའི་གམ་དུ་དགེ་སློང་ཞི་བ་དུལ་བ། སྤྱོད ་ལམ་མཛེས་པ་ཞིག་བྱོན་ནས་བསོད་སྙོམས་མཛད་པས། དེ་ན་རེ། ནང་དུ་གཤེགས་བདག་གིས་ཉིན་ཞག་གི་འཚོ་བ་འདྲེན་པ་ཡིན་ཟེར་ནས་སྤྱན་དྲངས་ཏེ་ཞབས་བཀྲུས་སྟན་ལྟབ་པ་ལ་སོགས་པ་བྱས་ནས་བཞེས་ཆབ་གྱ་ནོམས་པ་དྲངས་ཏེ། དེ ་ན་རེ། ཉིད་འཕགས་པ་ཟས་བསོད་སྙོམས་དང་དཀའ་ཐུབ་འདི་ལྟར་མཛད་པ་ཅིའི་ཆེད་དུ་བྱ་བ་ཅི་ལགས་ཟེར་བས། དགེ་སློང་གིས་དེ་ལ་བདག་འཁོར་བ་ལ་འཇིགས་ནས་ཐར་པ་ཐོབ་པར་འདོད་པའི་ཕྱིར་ཡིན་གསུངས་བས། ཡང་དེས་འཕགས་པ་འོ་སྐོལ ་གཉིས་ཀྱི་རྟེན་ལ་ཁྱད་པར་ཅི་ཙམ་འདོག་བྱས་པས། དེས་ཁྱད་ཆེ་སྟེ་ཁྱོད་ཀྱི་རྟེན་ང་རྒྱལ་ལ་ཡོན་ཏན་གྱི་ཆོས་མི་འབྱུང་ལ། བདག་གིས་དད་པའི་རྟེན་ལ་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ་གསུངས་པས། ཡང་དེས་འཕགས་པ་ཡོན་ཏན་བྱ་བ ་ཅི་ལ་ཟེར་ཞུས་བས། དེས་ཚེ་འདིར་ཆོས་བྱེད་པའི་རྟེན་ལ་མི་དང་མི་མ་ཡིན་པའི་བར་ཆད་མི་འགྱུར་ཞིང། མཐར་ཐུགས་སངས་རྒྱས་ཀྱི་སྐུ་ཐོབ་པ་ལ་སོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་བཤད་པས། དེ་འདྲ་བ་ཐོབ་པའི ་ཐབས་གཅིག་ཞུ་ཟེར་བས། དེས་དེ་ལ་ས་རྐོ་བ་དང་འཚོད་བ་ལ་སོགས་པའི་འཇིག་རྟེན་པའི་ལས་ནུས་སམ་གསུངས་པས། དེ་འདྲ་བ་གང་ཡང་མི་ནུས་ཟེར་བས། འོ་ན་སྟན་ཐོག་གཅིག་ཏུ་བསྡད་ནས་སྒོམ་ནུས་སམ་གསུངས་པས། ནུས་ཟེར་ནས་དེ་བདེ ་མཆོག་ཏུ་དབང་བསྐུར་ནས་ཚོགས་དྲུག་རང་གསལ་གྱི་གདམས་པ་འདི་གནོད། །སྣ་ཚོགས་སྣང་བ་སེམས་ཀྱི་རང་བཞིན་ལས། །འགའ་ཡང་གུང་ནས་ཡོད་པ་མ་ཡིན་པས། །ཚོགས་དྲུག་ཡུལ་ལ་རང་སར་བཞག་པར་བྱ། །མ ་ཞེན་མི་འགས་དེའི་ངང་ལ་གཞོག་།ཅེས་གསུངས་པས་དེ་བསྒོམས་པས་ཟླ་བ་དྲུག་ན་གྲུབ་པ་ཐོབ་ནས་བླ་མ་ཨ་ནཾ་གོ་པར་གྲགས་ཤིང་འགྲོ་དོན་མང་དུ་མཛད་ནས་མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཨ་ན་གོའི་ལོ་རྒྱུས་རྫོགས་སོ།། །། ་ལཀྵྨི?་ཀ་རའི་ལོ་རྒྱུས་བཞུགས་སོ།། །།གུ་རུ་ལཀྵྨི་ཀ་རའི་ལོ་རྒྱུས་ནི། ཡུལ་ཨཽ་རྒྱན་གྱི་སཾ་བོ་ལ་ཞེས་པ་གྲོང་ཁྱེར་འབུམ་ཚོ་ཕྱེད་དང་གསུམ་གྱི་རྒྱལ་པོ་ཨིནྡྲ་བོ་དྷིའི་ལྕ་མོ་ཡིན་ལ། དེ་གཞོན་ནུ་ནས་རིགས་སད་པའི་ཡོན་ཏན་དུ་མ་མངའ་ཞིང། གྲུབ་ཆེན་ལྭ་བ ་པ་ལ་སོགས་པ་ལ་ཆོས་ཀྱང་མང་དུ་གསན་ཞིང་རྒྱུད་སྡེ་མང་པོ་ཡང་མཁྱེན་པ་ལ། དེ་ལངཀའི་རྒྱལ་པོ་ཛ་ལེནྡྲའི་བུ་སཾ་བོ་ལ་བྱ་བའི་ཆུང་མར་བླངས་པས། རང་གི་མིང་པོ་རྒྱལ་པོ་ཨིནྡྲ་བོ་དྷིས་ཀྱང་བྱིན་པར་བྱས་ཏེ། ལེན་པའི་ཕོ་ཉ་བ་བྱུང་པ་ན་། ་འཁོར་ཆོས་ཤེས་པ་མང་པོ་དང་བཅས་ཏེ་ནོར་རྫས་ཟད་པ་མེད་པར་བསྐུར་ནས་གྲོང་ཁྱེར་ལངཀ་པུ་རང་བྱོན་པས། གཟའ་སྐར་ངན་ཟེར་ནས་རྒྱལ་སར་སྤྱན་མ་དྲངས་པའི་དུས་སུ། ལྕེམ་གྱིས་སྐྱེ་བོ་དག་གཟིགས་པས། ཐམས་ཅད་ཕྱི་པར་འདུག་པས་ཐུགས ་སྐྱོ་བའི་ཚེ། རྒྱལ་བུ་དེའི་འཁོར་རྣམས་ཀྱིས་ཤ་མང་པོ་ཁྱེར་ཏེ་ལིངས་པ་ལོག་ནས་དེའི་མདུན་ན་མར་སོང་བས། ལྕམ་ན་རེ། འདི་ཀུན་སུ་ཡིན་ཅི་བསད། གང་ནས་འོངས་གང་ཡིན་གསུངས་བས། ལིངས་ལ་ཕྱིན་པ་ཡིན། ཁྱོད་ཀྱི་ཁྱོ་རྒྱལ ་པོས་རི་དགས་གསོད?་དུ་བཏང་བ་ཡིན་བྱས་པས་ལྟོ་འགྲངས་པ་ལ་ཁ་ཟས་ཀྱི་གཏམ་བཏང་བ་ལྟར་ཤིན་ཏུ་ཡང་ཐུགས་ལོག་སྟེ། ངའི་མིང་པོ་དེ་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པ་ལ། མུ་སྟེགས་འདི་འདྲ་བ་ཡང་གཏོང་བ་སྙམ་ནས་དེ་ཉིད་དུ་བརྒྱ་ལོ། ། ་དེ་ནས་བརྒྱལ་བ་སངས་པ་དང། གྲོང་ཁྱེར་བ་དེ་རྣམས་ལ་ནོར་རྣམས་བྱིན། འཁོར་ཀུན་ལ་རྒྱན་ཆ་བསྐུར་ནས་ཡུལ་དུ་བཟློག་།དེ་ནས་དེ་མན་ཆད་གག?་བཅུ་རུ་སུ་ཡང་མ་བཏང་ཅིག་ཟེར་ནས། ཁང་པ་གཅིག་ཏུ་ཞུགས་ཏེ་ལུས་ལ་མར་ནག་དང་སོལ་བ?་ཀྱུགས?། ་སྒྲ་གཤིག་།གཅེར་བུར་ཕྱུང་ནས་སྨྱོ་རྫུན་བྱེད་ཅིང་སྙིང་པོའི་དོན་ལས་མ་གཡོས་པར་བཞུགས་པས། དེའི་རྒྱལ་པོ་ལ་སོགས་པ་མྱ་ངན་གྱིས་ནོན་ནས། སྨན་པ་ལ་སོགས?་པས་སྨན་གྱི་སྦྱོར་བ་བྱེད་པར་བྱས་པས། དེར་སུ་འོངས་བ་ལ་བརྡེག་འཚོག་ཁྲོ་འཕྱང ་འཕག་པ་ན། དེ་རྣམས་ཀྱིས་མིང་པོ་ཅན་དུ་ཕོ་ཉ་བཏང་བས། དེ་ཐུགས་བདེ་བར་གནས་ཏེ། འཁོར་བ་ལ་ཐུགས་ལོག་ཏེ་འོང་སྙམ་དུ་དགོངས་སོ། །ལྕམ་གྱིས་དེ་མན་ཆད་སྨྱོན་པའི་བརྟུལ་ཞུགས་ཀྱི་གནས་ནས། ལངཀ་བུ་རར་ཟས་ཀྱི་ལྷག་མ་ཟ་ཞིང་དུས ་ཁྲེད་དུ་ཉལ་ནས་སྙིང་པོའི་དོན་ཉམས་སུ་བླངས་པས། ལོ་བདུན་ནས་གྲུབ་པ་ཐོབ་ཅིང་རྒྱལ་པོ་དེའི་ཕྱག་དར་བ་ཞིག་གིས་ལྕམ་ལ་བསྙེན་བཀུར་བྱས་པས། དེ་ལ་ཡང་གདམས་པ་གནང་ནས་ཡོན་ཏན་ཐོབ་པས་དེས་ཡོན་ཏན་རྟོགས་ལ་གཞན་གྱིས་མ་རྟོགས ་པའི་དུས་སུ་རྒྱལ་པོ་ཛ་ལནྟྲ་འཁོར་དང་བཅས་པ་ལིངས་ལ་བྱོན་པ་ན་ནམ་ཚོད་མ་རིག་ཏེ། དེ་ཉིད་ལ་རྒྱལ་པོ་གཉིད་དུ་སོང་ནས། དེ་ནས་ཕྱིན་པས་ལམ་ལོག་པར་འཁྱམས་ཏེ། དེ་རྒོངས་ཡུལ་དུ་ལག་མ་ནུས་པས་ཉལ་ས་མེད་དེ། ལཀྵྨི་ཀ་ར་ཉལ ་བའི་ཕུག་ཏུ་ཕྱིན་ནས། སྨྱོན་མ་འདི་ཅི་རང་བྱེད་དམ་སྙམ་ནས་ལྟས་པས། དེ་ནི་རང་ལ་འོད་འཕྲོ་བས་གནས་པ་ལ། ཕྱོགས་ཐམས་ཅད་ནི་ལྷའི་བུ་མོ་དཔག་ཏུ་མེད་པས་བསྐོར་ནས་མཆོད་པ་བྱེད་པར་མཐོང་བས། དད་པ་ཡང་དག་པ་སྐྱེས་ཏེ་རྒོངས ་ཁ་དེར་སྡད་ནས་ཕྱི་དེ་ཡུལ་དུ་ཕྱིན། སླར?་ལོག་སྟེ་ཕྱག་བྱས་པས། ང?་འདྲ་བའི་བུད་མེད་ལ་ཕྱག་བྱེད་པ་ཅི་ཡིན་ཟེར་བ་ལ། གདམས་པ་ཞུ་བྱས་པས། དེས་དེ་ལ་འཁོར་བར་གནས་པའི་སེམས་ཅན་ཐམས ་ཅད་སྡུག་བསྔལ་དང་བཅས་བ། བདེ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། །ད་ཡང་སྐྱེ་རྒས་ན་འཆི་ལ་སོགས་པས། །འགྲོ་བའི་གཙོ་བོ་ལྷ་མི་དག་ཀྱང་བརྡུངས། །ངན་སོང་གསུམ་ན་སྡུག་བསྔལ་ཉིད་ཡིན་ཏེ། །ཕན་ཚུན ་ཟ་ཞིང་བཀྲེས་བས་རྟག་ཏུ་ཉེན། །ཚ་ཞིང་གྲང་པས་ཉེན་པ་དཔག་ཏུ་མེད། །དེས་ན་རྒྱལ་པོ་ཐར་པའི་བདེ་ཆེན་ཚོལ། །ཞེས་གསུངས་བའི་མཐར་ཁྱོད་ངའི་གདུལ་བྱ་མ་ཡིན་གྱི། ཁྱོད་རང་ཕྱག་དར་བ་ངའི་སློབ་མ་ཞིག་གྲུབ་པ་ཐོབ་ནས་ཡོད་པས། དེ ་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན་ནོ་གསུངས་པས། དེ་མང་དུ་ཡོད་པས་ཇི་ལྟར་ཤེས་པ་ཡིན་ཟེར་བས། དེ་ནི་ཕྱག་དར་བྱས་ནས་བཟའ་བ་སེམས་ཅན་ལ་སྟེར་བ་ཡིན་པས་དེ་ལ་མཚན་མར་གཟུང་ཅིག་གསུངས་པས། དེས་ཀྱང་ལེགས་པར་ཕྱག ་དར་པ་ལ་བལྟས་པས་གཅིག་དེ་ལྟར་བྱེད་པ་དེ་སྤྱན་དྲངས་ཏེ་ཁྲི་ལ་བཞག་ནས་ཕྱག་བྱས་གདམས་པ་ཞུས་པས་བྱིན་རླབས་འཕོ་བའི་དབང་བསྐུར་སྟེ། རྡོ་རྗེ་ཕག་མོའི་བསྐྱེད་རྫོགས་གཉིས་བསྟན་ནས། ཕྱག་དར་བ་དང་ལྕམ་གཉིས་ཀྱི་ལངཀ་པུ ་རིར་རྫུ་འཕྲུལ་བསྟན་ཏེ་ལུས་དེ་ཉིད་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ལཀྵྨི་ཀ་རའི་ལོ་རྒྱུས་རྫོགས་སོ།། (།།ས་མུ་དའི་ལོ་རྒྱུས་བཞུགས་སོ།།)་།།གུ་རུ་ས་མུ་དའི་ལོ་རྒྱུས་ནི། །ཡུལ་སརྦ་ཌི་ར་བྱ་བ་ན། རིགས་ངན་ཞིག་རྒྱ་མཚོ ་ནས་ནོར་བུ་བླངས་ཀྱིན་བཙངས་ནས་འཚོ་བ་ལས། དུས་གཅིག་ན་དེ་ཡང་མ་རྙེད་ནས་འཚོ་བ་ཆད་པས་སྐྱོ་བ་སྐྱེས་ཏེ་དུར་ཁྲོད་དུ་བསྡད་པས། རྣལ་འབྱོར་པ་ཨ་ཙནདྷ་བྱོན་ནས་དེ་ལ་དྲིས་པས། ཁྱོད་འདི་ན་ཅི་བྱེད་ཅིང་འདུག་གསུངས་པས། ་དེས་སྔར་གྱི་གཏམ་དེ་བདེན་པར་སྨྲས་པས། དེས་འཁོར་བའི་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་ཅིང། ཁྱོད་ཀྱི་སྔ་མ་ཡན་ཆད་ཀྱང་སྡུག་བསྔལ་མི་བཟོད་པ་དྲག་པོ་དག་མྱོང་ལ། ད་དུང་སྡུག་བསྔལ་མ་ཡིན་བ ་བདེ་བ་སྐད་གཅིག་ཀྱང་མི་འོང་གསུངས་པས། རྣལ་འབྱོར་པ་སྡུག་བསྔལ་ལས་ཐར་བའི་ཐབས་གཅིག་ཅིས་ཀྱང་ཞུ་ཟེར་བས། དེས་ཀྱང་དབང་བསྐུར་ནས། ཕྱི་ཚད་མེད་བཞི། ནང་དགའ་བཞིའི་གདམས་པ་གནང་སྟེ། བྱམས་དང་སྙིང་རྗེའི་དགའ་ ་བ་དང། །བཏང་སྙོམས་ཚད་མེད་བཞི་བོ་ཡིས། །འཇིག་རྟེན་ཆོས་བརྒྱད་ཆ་སྙོམས་ནས། །དབུས་ནས་བདེ་རྒྱུན་འབབ་བྱས་ཏེ། །འཁོར་ལོ་བཞི་ལ་དགའ་བ་བཞི། །བདེ་སྟོང་དབྱེར་མེད་རྣམ་པ་ཅན། །ཡང་དག་བར་ནི་སྒོམ་བྱས་ནས། ། ་བདེ་བ་ཟག?་མེད་འབའ་ཞིག་ལས། །སྡུག་བསྔལ་སྐད་ཅིག་ཙམ་མི་སྲིད། །ཅེས་གསུངས་པ་གོ་ནས་བསྒོམས་པས། ལོ་གསུམ་ན་གྲུབ་པ་ཐོབ་སྟེ་ཕྱོགས་ཐམས་ཅད་དུ་བླ་མ་ས་མུ་ད་བྱ་བར་གྲགས་ལ། དེས་རྟོགས་པ་བརྗོད་ཅིང་འགྲོ་བའི་དོན་བྱས ་ནས་འཁོར་བརྒྱད་བརྒྱ་དང་བཅས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ས་མུ་དའི་ལོ་རྒྱུས་རྫོགས་སོ།། །། *། (།བྱཱ་ལི་བའི་ལོ་རྒྱུས་བཞུགས་སོ།།)་།།གུ་རུ་བྱཱ་ལི་བའི་ལོ་རྒྱུས་ནི། །ཡུལ་ཨི་པ་ཏྲ་ར་ཅེས་པར། བྱཱ་ལི ་པ་བྱ་བའི་བྲམ་ཟེ་ཞིག་ལ་ནོར་མང་དུ་ཡོད་ལ། བདུད་རྩིའི་ཉམས་ལན་བྱེད་ཅིང་དངུལ་ཆུ་མང་དུ་ཉོས་པ་བཏུལ་ནས་སྨན་རྣམས་འཇུག་པ་ཡིན་ལ། སྨན་གཅིག་མ་ཤེས་ནས་གྲུབ་རྟགས་འབྱུང་དུ་མ་འདོད་པ་དང། དེ་ཁྲོས་ནས་བེ་བུམ་དེ་ཆུ་བོ ་གངྒཱ་ལ་སྐྱུར་ནས་བཏང་ངོ། །ཁོའི་ནོར་ཡང་ལོ་བཅུ་གསུམ་དུ་སྒྲུབས་པས་ཟད། གྲོང་ཁྱེར་ན་མར་བསོད་སྙོམས་ལ་བྱོན་པས། རྒྱལ་པོར་མའི་གཙུག་ལག་ཁང་ཡོད་བའི་གྲོང་ཁྱེར་དུ་ཕྱིན་པས། དེ་ན་དྷ་རི་མོ་ཞིག་གིས་གང་གའི་འགྲམ་དུ ་ཁྲུས་ལ་ཕྱིན་པས་བེ་བུམ་དེ་རྙེད་ནས་བྲམ་ཟེ་དེ་ལ་བསྟན་པས། ཁོའི་སྔར་གྱི་སྨན་ཡིག་ཏུ་འདུག་ནས་རྒད་བས་ཅི་ཟེར་བས། སྔར་གྱི་ལོ་རྒྱུས་བསྙད་པས། ད་དུང་ངལ་གསེར་ཁལ་གཅིག་ལ་སོགས་པ་ཡོད་པས་སྒྲུབ་པ་བྱ་དགོས་ཟེར། དེས ་སྔར་ཡང་འདིས་བསླུས་ནས་འདི་ལ་ཟུག་པ་ཡིན་ཅང་ཡོད་དེ?་བྱས་པས། བྲམ་ཟེ་ལ་རང་དབང་མེད་པར་གྱིས་ཟེར་ནས་དངུལ་ཆུ་མང་དུ་ཉོས་ཏེ་ལོ་གཅིག་ཏུ་སྒྲུབས་པས། སྒྱུ་རུ་དེ་དམར་པོ་བྱ་བ་མ་ཤེས་ནས་རྟགས་འབྱུང་དུ ་མ་འདོད་པ་ན། དྷ་རི་མོ་དེས་ཁྲུས་བྱས་པས་རང་བྱུང་གི་མེ་ཏོག་སོར་མོར་འབྱར་བ་དེས་སྒྲུགས་པ་ན། དེའི་ཟེག་མ་སྨན་ནང་དུ་ལྷུབས?་པས། དེ་མ་ཐག་རྟགས་རྣམས་བྱུང་བ་དང། བྲམ་ཟེ་མོ་ལ་དྲིས་པས་འདི་འདྲ་བའི་ཟེར་མ་སོང་བ་ཡིན་ནམ། གཞན ་བཅུག་པ་མེད་བྱས་པས་དགའ་ཨོ། །དྷ་རི་མོ་དེས་བྲམ་ཟེའི་བཟའ་བཏུང་ལ་ཏིག་ཏ་བཏབ་ནས་བྱིན་པས། སྔར་གྱི་དུས་སུ་མཚོར་བ་ལ་དེའི་ཞག་གཅིག་ཚོར་བས་དྷ་རི་མོས་གྲུབ་བམ་བྱས་པས། རྒྱུ་མཚན་ཅི་ཟེར་རོ། །སྔར་བཟའ་བཏུང་ལ་ཏིག་ཏ ་བཏབ་པ་མི་ཚོར་བ་ལ་དེ་རིང་ཚེར་བས་མོ་བྱས་པས། དེ་ན་རེ། དེ་ཡང་གྲུབ་པའི་རྟགས་ནི་འདི་ཡིན་སྟེ། གཡས་སུ་འཁོར་བ་བཀྲ་ཤིས་ལ་རྟགས་བརྒྱད་ལ་སོགས་པ་འབྱུང་བའོ་བྱས་པས། དེས་བཀྲ་ཤིས་རྒྱ་ཆེན་པོ་བྱས་ཏེ། བྲམ་ཟེ། དྷ་རི་མོ ་རྟ་དང?་གསུམ་གྱིས་ཟོས་བས། དེ་གསུམ་གྱིས་འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་སྟེ། གདམས་པ་ལ་ཕྲ་དོག་བྱས་ན་སླུ?་ལ་ཡང་མི་སྟེར་བའི་ཕྱིར་ལྷ་ཡུལ་དུ་ཕྱིན་བས་ལྷ་ཀུན་གྱིས་མ་བསྟེན་ནས། དེས་རྒྱལ་པོ་ཀ་ལ་མ་པ་ར་བ་བའི་ཡུལ ་དུ་ཕྱིན་ནས་གནས་ཏེ། དེ་ནི་བྲག་དཔངས་སུ་དཔག་ཚད་དང། རྒྱར་རྒྱང་གྲགས་བཅུ་ཡོད་ལ། མཛའ་མ་འདམ་གྱིས་བསྐོར་བས། དེའི་སྟེང་ན་ཤིང་དྲུང་གཅིག་ཡོད་པས་དེའི་གྲིབ་མ་ལ་གནས་པར་བྱེད་དོ། །དེ་ནས་སྨན་དེའི་མན་ངག་རྒྱུན་ཆད ་ནས་མེད་བ་ན། འཕགས་པ་ཀླུ་སྒྲུབ་ཀྱིས་མཁའ་སྤྱོར་སྒྲུབས་ནས་དེར་བྱོན་སྟེ། ལྷམ་ཡ་གཅིག་སྦས་ཡ་གཅིག་བསྣམས་ནས་ཕྱག་བྱས་ཏེ་གདམས་པ་ཞུས་པས། འདོར་གཙུག་བྱས་འོངས་ཟེར། མཆིལ་ལྷམ་འདིའི་མཐུ་ལ་བསྟེན ་ནས་འདིར་འོངས་པ་ལགས་གསུངས་པས། དེས་གདམས་པ་བྱིན་ཏེ། དཔལ་ཡོན་དུ་ལྷམ་དེ་ཕུལ་ཅིག་ཟེར་བས། དེ་ཕུལ་ནས་ཡ་གཅིག་སྦས་པ་དེ་བསྣམས?་ནས་སླར་འཛམ་བུའི་གླིང་དུ་བྱོན་ནས། དཔལ་གྱི་རིར?་སྒྲུབ་པ་མའང?་དེ་འགྲོ་བ ་ལ་ཕན་བཏགས་སོ། །དེས་ན་གསེར་ལ་སོགས་པ་ཉོན་མོངས་པ་གང་རྒྱུད་ལ་ཡོད་པ་དེ་ལ་ཡོན་ཏན་བླང་མི་ནུས་ཤིང། ཡོན་ཏན་ཡང་དག་པ་རྒྱུད་ལ་མི་སྐྱེ་བས་ན་བླ་མའི་མན་ངག་དང་ལྡན་པ་གལ་ཆེ་བ་ཡིན་གསུང་ངོ། །གུ་རུ་བྱ་ལ་པའི་ལོ་རྒྱུས ་རྫོགས་སོ།། །།ཇི་ལྟར་འཇིག་རྟེན་གྲགས་པ་ལྦུ?་ཡི་པ་སོགས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་གང། །རིགས་མཆོག་རྨད་བྱུང་མཱ་ག་དྷར་འཁྲུངས་ཡང་དག་ཡོན་ཏན་གྱིས་བརྒྱན་མི་འཇིགས་པ་དཔལ་གྱི། །མགུར ་གྱི་བུམ་པ་ལས་བྱུང་བཞིན་དུ་བདག་གིས་ཡང་དག་དེ་རྣམས་ལེགས་རྒྱུས་བསོད་ནམས་དེས། །ཏུག་གིས་མནར་རྣམས་འཚོ་བྱེད་བླ་མས་ཟིན་ནས་དུག་ཉིད་སྨན་གྱི་ངོ་བོར་རྟོགས་པར་ཤོག་།གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་རྒྱ་གར་ཙམ་པརྞའི ་བླ་མ་ཆེན་པོ་མི་འཇིགས་པ་སྦྱིན་པ་དཔལ་གྱི་ཞལ་ནས་གསུངས་པ་ལྟར། དགེ་སློང་སྨོན་འགྲུབ་ཤེས་རབ་ཀྱིས་ལེགས་པར་བསྒྱུར་བ་རྫོགས་སོ།། །། *། (།ལཱུ་ཡི་བའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།གུ་རུ ་ལཱུ་ཡི་བའི་ཞལ་ནས། ཁྱི་རྒོད་མི་བསྲུན་སྣ་ལ་སྦྲང་རྩི་བཀུམ་བས་ཕྱོགས་རྣམས་ཀུན་ཏུ་ཟ་བར་བྱེད། །དེ་བཞིན་བློ་དམན་སྨལ?་མིན་རྣམས་ལ་བླ་མའི་མན་ངག་བྱིན་པས་རང་རྒྱུད་བསྲེག་།སྐལ་ལྡན་སྐྱེ་མེད་རྟོགས་པ་རྣམས་ནི་སྣང་བ་ཐུག་ཕྲད་ཙམ་གྱིས ་རྣམ་རྟོག་འཛོམས། །དཔེར་ན་གླང་ཆེན་རབ་བརྟན་མྱོས་པའི་སྣ་ལ་རལ་གྲི་བཏགས་པས་དགྲ་དབང?་འཇོམས། ཅེས་པའོ། །འདི་ལ་གཉིས་ཏེ། བློ་ངན་ལ་ཟབ་མོའི་ཆོས་བསྟན་དུ་མི་རུང་བ་ནི། རྔོན་པ་མི་བསྲུན་པས་ཤ་ཁྱིའི་སྣ་ལ་སྦྲང་རྩི་བཀུས ་བས་ཕྱོགས་རྣམས་ཟ་བར་བྱེད་པའི་དཔེ་བསྟན་པ་གཅིག་།སྣོད་དང་ལྡན་པ་ལ་རྣམ་རྟོག་གིས་མི་གནོད་པ་རྒྱལ་པོ་གཟུགས་ཅན་སྙིང་པོའི་གླང་པོ་ཆེའི་དཔེ་བསྟན་པའོ། །དང་པོ་ནི། ཁྱི་རྒོད་མི་བསྲུན་སྣ་ལ་སྦྲང་རྩི་བཀུས ་པས་ཕྱོགས་རྣམས་ཀུན་ཏུ་ཟ་བར་བྱེད། །བློ་དམན་སྐུལ?་བ་མེད་པ་དག་ལ་བླ་མའི་མན་ངག་བྱིན་པས་རང་རྒྱུད་བསྲེག་།ཅེས་པས་བསྟན་ཏེ། དེ་ཡང་ཡུལ་སུ་ཏ་རི་བྱ་བ་ན། རྔོན་པའི་རིགས་ལས་འཚོ་བ་བྱེད་པའི་ཁྲོ་ཏྲེ་ཞེས་བྱ་བ་ཞིག་ཡོད་པ་ལས། དེ ་དུས་རྟག་ཏུ་རྔོན་པ་བྱེད་པ་ཡིན་པ་ལ། དུས་གཅིག་ཆེ་ན་ཁ་ཆེ་བ་ཆེན་པོ་གཅིག་བྱུང་བ་ལ་རི་དྭགས་གཤོར་དུ་འགྲོ་བས། ཁྱི་ཀུན་དུས་རྟག་ཏུ་ཚད་པས་གདུངས་ནས་གནས་པས། ལུས་ལ་སྤུ་མེད་པ་དང། རི་དགས་ཀྱི་རྗེས་ཆོལ་ཆོལ་ནས་སྣ ་ཕྱིར་ནས་འགྲོ་བས། དེ་ལ་སྣ་དང་སྡེར་མོ་ལ་སྦྲང་རྩི་བཀུས་པས་དེ་ཁྱི་ཡིས་བལྡམས?་པ་དེ་སྤྲད་རྒོད་ཡིན་པས་ཁྱི་གཟི་སྟེ་ཤེས་པ་འཁྲུལ་ནས། ཕྱོགས་དང་ཕྱོགས་མཚམས་རྣམས་ཀྱི་རྡོ་དང། དུ་བྱུག་བ་དང། ཤིང་ལ་སོགས་པ་ཐམས ་ཅད་ཟོས་སོ། །དེ་ནས་བདག་པོ་ཡང་ཟོས་ལ། དེ་ནས་རང་གི་རྐང་ལག་ཀྱང་བཅད་ནས་ཟོས་སོ། །དེས་ན་དེ་ལ་ཕྱོགས་རྣམས་ཀུན་ཏུ་ཟ་བར་བྱེད། ཅེས་སོ། །དེ་བདེ་བཞིན་དུ། བློ་དམན་ཅེས་པ་ནི། སྐྱེ་བ་སྔ་མ་ལ་འགྲོད་པར་བྱ་བའི་ལམ ་ལ་ཐོས་བསམ་སྒོམ་གསུམ་གྱིས་སྤྱངས་པའི་ལས་འཕྲོ་མེད་པས་བློ་དམན་པའོ། །སྐལ་བ་མེད་པ་ནི་མཚོན་བྱ་སློབ་མའི་སེམས་ཅན་ལ་མཚོན་བྱེད་མན་ངག་དང། མཚོན་པ་པོ་སློབ་དཔོན་དང་གཉིས་པོ་དེ་དང་མི་ལྡན་པས་སྐལ་བ་མེད ་པའོ། །བླ་མའི་མན་ངག་བྱིན་པས་རར?་རྒྱུད་བསྲེག་།ཅེས་པ་ནི། བླ་མ་ཅེས་པ་ནི་གོང་ན་མེད་པ་ལ་བྱ་སྟེ། ཐུན་མོངས་ལས་ཁྱད་པར་དུ་བྱས་པའི་མཆོག་ཏུ་གྱུར་པ་གཅིག་པ་དེ་སྐད་བྱའོ། །མན་ངག་ནི་ཐབས་ཀྱི་ཁྱད་པར་དུ་བྱས་པ་སྟེ་། ་??་ཆུང་ལ་འོ་ན་ཆེ་བ་གཅིག་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་གདམས་པ་དེ་སྣོད་མིན་ལ་བྱིན་པས་རང་རྒྱུད་བསྲེག་པ་ནི་རྟོགས་པའི་ཡལ་མིན་པས་མཐར་གོལ་ས་དང་བཅས་པའོ། །དཔེ་གཉིས་པ་ནི་གླང་པོ་རབ་ཏུ་མྱོས་པའི་སྣ་ལ་རལ་གྲི་བརྟགས་པས་དགྲ་དཔུང ་འཇོམས?། །སྐལ་བཟང་སྐྱེ?་མེད་རྟོགས་པ་དག་ནི་སྣང་བ་ཐུག་ཕྲད་དག་གི་རྣམ་རྟོག་འཇོམས། ཤེས་པས་བསྟན་ཏེ། དེའི་དཔེ་ནི་གླང་ཆེན་སྐད། མཱ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ། ཀོ་ས་ལའི་རྒྱལ་པོ་དང་ཙམ་པ་ཀའི་རྒྱལ་པོ ་རྣམས་བཙུན་མོ་རིམ?་ཆེར་ལ་དམག་ཆེན་པོ་དྲངས་པས། རྒྱལ་པོ་དེས་གླང་པོ་ཆེ་ལྔ་ལ་མྱོས་པའི་འབྲས་ཆང་དྲངས་ནས་སྣ་ལ་རལ་གྲི་བཏགས་ཏེ། དེའི་ལུས་པོ་ལ་འཐབ་ར་བྱས་ནས་འཐབས་པས་ཕ་རོལ་གྱི་དམག་དཔུང་ཆོམས?་ཏེ་རྒྱལ་བར་འགྱུར་རོ། །དཔེ ་དེ་བཞིན་དུ་སྐལ་བཟང་ཅེས་པ་ནི་ལས་དང་སྐལ་བ་འཇོམ་པ་གཅིག་ལ་བྱ་སྟེ། དེ་ཡང་ལས་དང་འཕྲོ་ཡོད་པ་གཅིག་ལ། །སྐྱེ་བ་ནས་སྐྱེ་བར་ཐོས་བསམ་རྒྱུད་ལ་བསྟེན་པའོ། །སྐལ་བ་ནི་བླ་མ་དང་ལྡན་པ་ལ་བྱ་སྟེ། རྒྱུ་དབང་གིས་རྒྱུད་ཡོངས?་སུ?་སྨན? ་པར་བྱས། ལམ་གྱི་དུས་སུ་ཏིང་ངེ་འཛིན་ཉམས་སུ་ལེན་པ་ལ་ཡེ་ཤེས་མངོན་དུ་སྐྱེ་བར་བྱ། འབྲས་བུ་ལ་སྐུ་གསུམ་མངོན་དུ་གྱུར་བ་གཅིག་ལ་བྱ་སྟེ། དེས་སྣ་བའི་ཐུག་ཕྲད་དུ་རྣམ་རྟོག་འཇོམས་པ་ན་སྐྱེ་མཆོད་རྟོག་པས་རྣམ་རྟོག་ཆོས་ཉིད་དུ་སང་ནས། སྣང ་བ་བླ་མར་ཤར་ཙམ་ན་ཏིལ་གྱི་བང་མཛོད་ལ་མེ་ཤོར་བ་ལྟ་བུ་ཡིན་སྟེ། སྣ་ཚོགས་མེའི་གྲོགས་སུ་འགྱུར་བ་ལྟར་སྣང་བ་ཐུག་ཕྲད་ཀྱིས་རྣམ་རྟོག་ཐམས་ཅད་སྐྱེ་མཆེད་ཀྱི་ངང་དུ་ཟད་ཅིང་འགགས་པས་ན་འཇོམས་ཤེས་པའོ། །རྟོགས་བརྗོད་བརྒྱད་ཅུ་རྩ་བཞི་ལས། ་དང་པོ་ལཱུ་ཡི་པ་ཡི་དགོངས་པའི་དོན། བླ་མ་ཨ་བྷ་ཡ་ཤྲིས་ངག་དོན་དུ་གསུངས་པ་རྫོགས་སོ།། །། *། (།ལི་ལ་པའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་ལི་ལ་པའི་ཞལ་ནས། ཚད་མེད་བཞི་ཡི་དགོན་བ་རུ།། ་རྣལ་འབྱོར་རྒྱལ་པོ་སེངྒེ་བཞིན། །མགོ་ལ་གཡུ་མདོག་རལ་ལྔས་བརྒྱན། །རྣལ་འབྱོར་དབང་རྟགས་རིགས་ལྔ་འཆད། །སེངྒེའི་སྡེར་མོ་བཅུ་དག་གིས། །གླང་པོ་ལ་སོགས་ཤ་རུས་འབྱེད། །རྣལ་འབྱོར་ཕ་རོལ་ཕྱིན་བཅུ་ཡིས། ། ་རྣམ་རྟོག་མི་མཐུན་ཕྱོགས་རྣམས་འབྱེད། །ལི་ལས་དེ་ལྟར་རྟོགས་པས་གྲོལ། །ཅེས་སོ། །འདི་ལ་གཉིས་ཏེ། ལི་ལ་བའི་ཞལ་ནས། ཅེས་པ་ནས། །རྟོགས་ནས་གྲོལ་ཅེས་ཡན་ཆད་ཀྱིས་བཤད་དེ། དང་པོ་དཔེ་ནི། དབང་དང་ནུས་པ་རྫོགས་པའི་རྣལ་འབྱོར ་པ་སེངྒེ་ལྟ་བུ་ཡིན་ཏེ། དེ་ཡང། རྣལ་འབྱོར་རྒྱལ་པོ་སེངྒེ་བཞིན། །ཅེས་བྱ་སྟེ། རྒྱལ་པོ་ཞེས་པ་གཅན་གཟན་གྱི་རྒྱལ་པོ་སེངྒེ་ལ་བྱ་སྟེ། དེའི་ཁྱད་པར་ནི། མགོ་ལ་གཡུ་མདོག་གི་རལ་འཆར་ལྔས་བརྒྱན་པའོ། །དཔེ་དེ་བཞིན་དུ། རྣལ་འབྱོར་རྒྱལ་པོ་ཅེས ་པ་ནི། གང་ཟག་ལི་རྣམས་ཀྱི་ནང་ན་ཡང། དབང་དང་ནུས་པ་རྫོགས་པའི་རྣལ་འབྱོར་པ་ནི་རྒྱལ་པོ་དང་འདྲ་སྟེ། གཡུ་མདོག་གི་རལ་པ་བཞིན་དུ། དབང་རྟགས་སུ་རྫོགས་པའི་སངས་རྒྱས་རིགས་ལྔ་འཆང། ཅེས་སོ། །དབང་རྟགས་ཀྱི་རིགས་ལྔ ་པོ་དེ་ཡང་བུམ་པའི་དབང་ལ་བརྟེན་ནས་ཉོན་མོངས་པ་རྣམ་པ་ལྔ་དབང་དུ་གྱུར་བས་སྐུ་རིགས་ལྔའི་རྣམ་པ་དང། ཡེ་ཤེས་ལྔ་རུ་གནས་གྱུར་ལས་མི་མཐུན་པའི་ཕྱོགས་ཀྱི་ཉོན་མོངས་པ་ཐམས་ཅད་ཉེར་ཞི་བའོ། །དེ་ཡང་འདི་སྐད་བཤད་དེ། སེངྒེའི་སྡེར ་མོ་བཅུ་དག་གིས། །གླང་ཆེན་ལ་སོགས་ཤ་རུས་འབྱེད། །ཅེས་བ་སྟེ། རྩལ་གསུམ་རྫོགས་པའི་སེངྒེ་ལ་ཡོན་ཏན་གྱི་རྣམ་པ་གསུམ་ཡོད་སྐད་རེ། ལུས་སྟོབས་དང་ལྡན་པས་རགས་པའི་ཤ་རུས་ཐམས་ཅད་རིང་པོར་མི་ཐོགས་པར་སྐད་ཅིག་གཅིག ་ལ་འབྱེད་ནུས་པ་དང། གདུག་པ་ཅན་གྱི་གཅན་ཟན་ཐམས་ཅད་ཟིལ་གྱིས་བསྣོན་པ་དང། དཔའ་རྩལ་དང་ལྡན་ཞིང་ཉམས་པ་མེད་པས་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བའོ། །དཔེ་དེ་བཞིན་དུ། རྣལ་འབྱོར་ཕ་རོལ་ཕྱིན་བཅུ་ཡིས། ། ་དེ་དག་མི་མཐུན་ཕྱོགས་ལས་སུ་བྱེད། ཅེས་པ་སྟེ། རྣལ་འབྱོར་ཕ་རོལ་ཕྱིན་བཅུ་ཅེས་པ་ནི། །ཡུལ་གང་ལ་འདོད་པ་མེད་བཞིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། སེར་སྣའི་མི་མཐུན་ཚོགས་ལས་ཕྱེ་སྟེ་སྦྱིན་པ་དང། ལུས་ལ་ཉོན་མོངས་པའི་ཚད་བ་མེད་པ་ཚུལ ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚུལ་ཁྲིམས་འཆལ་བ་མི་མཐུན་པའི་ཕྱོགས་ཕྱེ་སྟེ་བསིལ་བ་ཐོབ་པའོ། །འགྲོ་བ་ལ་སོགས་པ་དུག་ལྔ་ལམ་དུ་གྱུར་བས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཞེ་སྡང་དང་ཁོང་ཁྲོ་ལ་སོགས་པའི་མི་མཐུན་པ་ལས་ཕྱེ་ནས ་བཟོད་པ་ཐོབ་པའོ། །ཟབ་མོའི་དོན་འབའ་ཞིག་ལས་གཡེང་བའི་རྣམ་པ་གང་ཡང་མེད་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ལེ་ལོ་མི་མཐུན་པའི་ཕྱོགས་ལས་ཕྱེ་ནས་མཆོག་གི་དོན་ལ་སྦྱོར་བར་བྱེད་བ་དང། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་འབའ་ ་ཞིག་ལས་གཞན་པའི་སེམས་མེད་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཉོན་མོངས་པ་གཡེང་བའི་ཕྱོགས་ལས་ཕྱེ་ནས་ཏིང་ངེ་འཛིན་ཡིད་འཛིན་པར་བྱེད་པ་སྟེ། དེ་ལྟར་རྟོགས་པ་དང་ལྡན་པས་མ་རིག་པ་ཡེ་ཤེས་སུ་སད་ནས་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་སྟེ། གཏི་མུག་ལ་སོགས་པ་མི་མཐུན་པའི་ཕྱོགས་ལས་ཕྱེ་ནས་དེ་ཉིད་མངོན་དུ་གྱུར་བའོ། །ཉོན་མོངས་པ་རྣམ་པར་བྱང་བའི་ལམ་མམ། སྐུ་དང་ཡེ་ཤེས་ཀྱི་རྣམ་པ་འམ། བདེ་བ་ཆེན་པོའི་ལམ་ཡིན་པས་ཐབས་ཀྱི་ཕ་རོལ་ཏུ ་ཕྱིན་བ་སྟེ། བླུན་ཞིང་རྨོངས་པའི་མི་མཐུན་པའི་ཕྱོགས་ལས་ཕྱེ་ནས་མ་རྨོངས་ཤིང་མཁས་པར་འགྱུར་རོ། །དེ་ལྟར་སྐུ་ཉིད་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་དབྱིངས་དེ་ལས་གཞན་དོན་མ་འགགས་པས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཐུགས་རྗེས ་རེ་འཇོག་གི་མི་མཐུན་པའི་ཕྱོགས་ལས་ཕྱེ་ནས། འཕྲིན་ལས་རྒྱུན་མི་འཆད་པས་དོན་ཐམས་ཅད་འགྲུབ་བར་བྱེད་པའོ། །དེ་ལྟར་ཡོན་ཏན་ཐམས་ཅད་རྫོགས་ཅེ?་ན་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྫུ་འཕྲུལ་དང་མཐུ་རྩལ ་གྱི་ཕྱོགས་ལས་ཕྱོ་ནས། མི་མཐུན་པའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་བར་བྱེད་བའོ། །ཡོན་ཏན་ཕུན་སུམ་ཚོགས་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཏིང་ངེ་འཛིན་དུམ་བུའི་མི་མཐུན ་ཚོགས་ལས་ཕྱེ་ནས་ཆུ་བོ་ལྟ་བུ་རྒྱུན་མི་འཆད་པའི་ཡེ་ཤེས་བསྐྱེད་པར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པ་ནི་སཾ་སྐྲི་ཏའི་སྒྲ་ལས་དྲངས་ན་པཱ་ར་མི་ཏ་ཞེས་བྱ་སྟེ། འཁོར་བའི་ཕ་རོལ་མྱ་ངན་ལས་འདས་པའི་དབྱིངས་སུ་ཕྱིན་པས་ན་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་ཏུ ་ཕྱིན་པ་བཅུ་ཡང་བསྡུ་ན་དྲུག་ཏུ་བཅུས?་ཏེ། ཤེས་རབ་མཉམ་པར་གཞག་པའི་ཆ་ལ། དེའི་རྗེས་ཐོ་བ་ནི་ཐབས་དང་སྟོབས་དང་སྨོན་ལམ་དང་ཡེ་ཤེས་དང་བཞི་ཡིན་ནོ། །ཚུལ་དེ་བཞིན་དུ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ཚོགས་གཉིས་སུ་འདུས་པའི ་ཕྱིར་རོ། །དེ་ལ་སྦྱིན་པ་ཚུལ་ཁྲིམས་བཟོད་བ་གསུམ་ནི་ཡང་དག་པའི་ཚུལ་ཁྲིམས་ལ་བསླབ་པའོ། །བསམ་གཏན་ནི་ཡང་དག་པའི་ཏིང་ངེ་འཛིན་ལ་བསླབ་པའོ། །ཐབས་སྟོབས་སྨོན་ལམ་ཡེ་ཤེས་བཞི་ནི་ཡང་དག་པའི་ཤེས་རབ་ལ་བསླབ་པའོ། ། ་བརྩོན་འགྲུས་ནི་དེ་ཐམས་ཅད་ཀྱི་གྲོགས་སུ་གྱུར་པའོ། །ཤེས་རབ་ནི་མཉམ་པར་གཞག་པའི་ཆའོ། །དེ་ལྟར་བསླབ་པ་གསུམ་མོ། །སྦྱིན་བ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་ལྔ་ནི་བསོད་ནམས་སོ། །ལྷག་པའི་འབྲས་བུ་ཡེ་ཤེས་སོ། །དེ་ལྟར་རྣལ ་འབྱོར་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་མི་མཐུན་ཚོགས་ལས་ཕྱེ་ནས་དོན་ཅི་ལྟ་བུ་ཐུགས་སུ་ཆུད?་པ་ནི། །ལི་ལ་པ་ཡིས་རྟོགས་ནས་གྲོལ། ཅེས་པའོ། །ལི་ལ་པའི་རྟོགས་བརྗོད་འགྲེལ་བ་རྫོགས་སོ།། ། ་(བི་རཱུ?་བའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།གུ་རུ་བི་རཱུ་པའི་ཞལ་ནས། ཕྱག་རྒྱ་ཆེན་པོའི་ངང་ནས་ལྷན་ཅིག་སྐྱེས་པ་དེ། །མི་བསམ་མི་དཔྱད་བདག་མེད་རང་གི་ངང་ལ་བཞག་།ཆད་བར་མི་འགྱུར་ཉམས་སུ་མྱོང་བ་རང་གིས་རིག་།རྟག་པར་མི ་འགྱུར?་མངོན་ཞེན་མེད་པས་ཟུང་དུ་འཇུག་།ཅེས་སོ། །དེའི་དོན་ནི། དེ་ཡང་ཕྱག་རྒྱ་ཅེས་པ་ལ་གསུམ་སྟེ། དང་པོ་ཆོས་ཀྱི་ཕྱག་རྒྱ་ལ་སློབ་པའི་གང་ཟག་གིས། སྐུ་ཕྱག་རྒྱ་གཟུགས་དང་མཚན་མ་རུ་མཐོང་བ་ཡིན་ལ། གཉིས་པ་ལས་ཀྱི་ཕྱག་རྒྱ་ལ ་སློབ་པའི་གང་ཟག་གིས་སྐུ་ཕྱག་རྒྱ་ཡོན་ཏན་སྣ་ཚོགས་ཀྱིས་བརྒྱན་པོ་མཐོང་ལ། གསུམ་པ་ཆོས་ཀྱི་ཕྱག་རྒྱ་ལ་སློབ་པའི་གང་ཟག་གིས། སྐུ་ཕྱག་རྒྱ་ཆེན་པོ་རིགས་འཛིན་གྱི་སྐྱེ་བ་དང། རིགས་འཛིན་བརྒྱུད་པ་མཐོང་ལོ། །དེ་ཡང་སེམས་དང་པོ་བསྐྱེད ་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་སྐུ་དང་མཚན་མ་རུང་བ་མཐོང་ལ། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔས་སངས་རྒྱས་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་མཐོང། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔས་སངས་རྒྱས་སྐྱེ་བ་འཛིན ་པ་དང་རིགས་རྒྱུད་འཛིན་པར་མཐོང། ཆེན་པོ་ཅེས་པ་ནི་ཕྱག་རྒྱ་བཞི་བ་ཡིན་ཏེ། དེ་རྟོགས་པའི་གང་ཟག་གིས་སངས་རྒྱས་ངོ་བོ་ལྷན་ཅིག་སྐྱེས་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོར་རྟོགས་ཏེ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་པས། ་སངས་རྒྱས་མཐོང་བ་ཡང་མ་ཡིན། མི་མཐོང་བ་ཡང་མ་ཡིན། ཤེས་རབ་ཀྱི་མིག་གང་ཡིན་པ་དེ་བསྡུ་བ་ཡང་མེད། སྤྲོ་བ་ཡང་མེད། སྤྲོ་བསྡུ་མེད་པ་གང་ཡིན་པ་དེ་ནི་མཛའ་གཉིས་དང་བྲལ་བའོ། །མཛའ་དང་བྲལ་བ་གང་ཡིན་པ་དེ་ནི་བདག་ཉིད ་མཐོང་བའོ། །བདག་ཉིད་མཐོང་བ་གང་ཡིན་པ་དེ་ནི་སངས་རྒྱས་མཐོང་བའོ། །དེ་ལྟར་ན་བདག་རྣམ་པར་དག་པས་སངས་རྒྱས་རྣམ་པར་དག་པའོ། །སངས་རྒྱས་རྣམ་པར་དག་པས་ཆོས་རྣམ་པར་དག་པའོ། །ཆོས་རྣམ་པར་དག་པས་ཐམས་ཅད་མཁྱེན ་པ་ཉིད་རྣམ་པར་དག་པའོ། །དེས་ན་ཕྱག་རྒྱ་ཆེན་པོའི་ངང་ལམ་ལྷན་ཅིག་སྐྱེས། ཅེས་པ་ནི། ངོ་བོ་ལྷན་ཅིག་སྐྱེས་པའི་ངང་དུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ། །དེ་ཁོ་ན་ལ་སྣ་ཚོགས་ཡིད་ལ་མི་བྱེད་པ ་ཞེས་བྱ་སྟེ། ངོ་བོ་གང་དུ་ཡང་འདོད་པ་མེད་ལ། རྐྱེན་གྱིས་ཅིར་ཡང་སྣང་བས་ཕྱོགས་དང་རིས་མེད་པའོ། །དེ་ལྟ་བུའི་བསམ་གྱིས?་ཡུལ་ལས་འདས་པ་མི་བསམ་སྐད། རྟོག་དཔྱོད་དྲན་རིག་གི་ཡུལ་མ་ཡིན་པས་མི་དཔྱད ་སྐད། །དེས་ན་ཕྱག་རྒྱ་ཆེན་པོའི་རང་ལུགས་དེ་སེམ་འམ། །ལྟུག་པ་འམ། རྩོལ་བྲལ་འབྲས་བུར་ར?་ཆོས་གཅིག་ཡིན་པས་ན། འབད་མེད་དུ་ངང་གིས་བཞག་ཅེས་གསུངས་སོ། །ཆད་པར་མི་འགྱུར་རང་གི་རིག་པས་ཉམས་སུ་མྱོང། ཅེས ་པ་ནི་ངོ་བོ་ལྷན་ཅིག་སྐྱེས་པ་རང་ལ་རྒྱུན་ཆད་མེད་པའི་བསམ་གཏན་དུ་གནས་པས་ཆད་པར་མི་འགྱུར་ཞེས་པའོ། །དེ་ཡང་རྟོག་པའི་ཡེ་ཤེས་དེ་རང་ཉིད་ལ་མངོན་དུ་གྱུར་པས་རྒྱུན་མི་འཆད་པའོ། དེས་ན་རང་གིས་རིག་ཅེས་སོ། །རྒྱུན་མི་འཆད ་པའི་བསམ་གཏན་དེ་ལ་མངོན་ཞེན་མེད་དེ། དངོས་པོ་ཡང་དག་ཏུ་འཛིན་པ་དང་བྲལ་བ་གཅིག་ལ་བྱ་སྟེ། རྟག་བར་མི་འགྱུར་མངོན་ཞེན་མེད་པས། ཅེས་པའོ། །ཟུང་འཇུག་ཅེས་པ་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ནི་ལྟ་བ་ཐམས་ཅད་དང་བྲལ ་བའོ། །ཅེས་པའི་དོན་ཏོ། །སློབ་དཔོན་བི་རུ་པའི་རྟོགས་བརྗོད་དང་འགྲེལ་པ་རྟོགས་སོ།། `་(།།ཌོམྦྷི་པའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཌོམྦྷི་པའི་ཞལ་ནས། གསེར་འགྱུར་རྩི་ཡི་ནུས་པ་ཡིས།། ་ལྕགས་རྣམས་གསེར་དུ་འགྱུར་པ་ལྟར། །རིན་ཆེན་དབང་གིས་ནུས་པ་ཡིས། །ཉོན་མོངས་གཉིས་མེད་ཡེ་ཤེས་བསྒྱུར། །ཅེས་སོ། །འདི་ལ་དཔེ་དོན་གཉིས་ལས། དང་པོ་དཔེ་ནི། གསེར་འགྱུར་རྩི་ཡི་ནུས་པ་ཡིས། །ཞེས་པ་ནི། བདུད ་རྩི་བསྒྲུབས་པའི་གང་ཟག་བཅུད་ལེན་གྱི་དངོས་གྲུབ་བརྙེས་པའི་རྣལ་འབྱོར་པ་དེ་ཡིས་རིན་པོ་ཆེ་གསེར་དངུལ་ལ་སོགས་པ་བཞུ་ནས། དེའི་ནང་དུ་རྩི་སྨན?་སྣ་ཚོགས་པ་བཏབ་སྟེ། དེ་ལ་སྐྱུ་རུ་ར་དམར་པོ་སྨུག?་པས་བདུད་རྩིར་འགྱུར་རོ། །དེ་ལྟ་བུའི ་ནུས་པ་དེས་རིན་པོ་ཆེ་གཞན་གསེར་དུ་འགྱུར་རོ། །ཡང་ན་རྫས་ཀྱི་ནུས་པ་ལས་ཀྱང་འབྱུང་སྟེ། དར་ཚེར་དང། གསེར་སྦྲུལ་དང། ནག་ཚུར་དང། རྒྱ་ཤུག་ལ་སོགས་པ་རྫས་སུམ་ཅུ་སོ་དྲུག་བཞུ་ཞིང་བརྟུལ་ནས་བྱུགས་ན། ཟངས་ལྕགས་ས?་? ་རྡེ་ཆུན་ཆད་གསེར་དུ་འགྱུར་གསུང་ངོ། །དཔེ་དེ་བཞིན་དུ་དོན་ནི། རིན་ཆེན་དབང་གི་ནུས་པ་ཡིས། །ཉོན་མོངས་གཉིས་མེད་ཡེ་ཤེས་བསྒྱུར། །ཅེས་པ་ནི། དང་པོ་རྒྱུ་དབང་གིས་རྟེན་སྨིན་དགོས་ཏེ། རིན་ཆེན་དབང་གིས་ཅེས་བའོ། །དབང་རྣམ ་པ་བཞི་པོ་དེའི་ནུས་པས་ཉོན་མོངས་པ་དང་ཡེ་ཤེས་གཉིས་སུ་མེད་ཅེས་པའི་དོན་ཏོ། །དེ་ཡང་དང་པོ་བུམ་པའི་དབང་ཞེས་པ་དེ་ལ་བརྟེན་ནས་དམ་ཚིག་གི་ཕྱག་རྒྱ་སྒོམ་པ་སྟེ། དངོས་སུ་དང་པོ་སེམས་བསྐྱེད་ནས་ཐ་མ་ཆོས་སྐུ་དང་གཟུགས་སྐུ་གཉིས ་ཀྱིས་སེམས་ཅན་གྱི་དོན་ལས་འདའ་བས་དམ་ཚིག་གོ་།ལྷ་འམ་གཟུགས་སྐུ་སྐྱེ་མེད་ཀྱི་ངང་ལས་མི་འདའ་བས་ཕྱག་རྒྱའོ། །དེ་ལྟ་བུ་དེས་ཉོན་མོངས་པ་ཡིས་སུ་ཅིས་འགྱུར་ན། ཐབས་ཀྱི་རང་བཞིན་དུ་ཉོན་མོངས་པ་ལྔ་པོ་དེ་ཡང་ཡབ་རིགས ་ལྔའི་སངས་རྒྱས། ཤེས་རབ་ཀྱི་རང་བཞིན་གྱིས་ཡུམ་སངས་རྒྱས་སྤྱན་མ་དང། མཱ་མ་ཀི་དང། གོས་དཀར་མོ་དང། སྒྲོལ་མ་སྟེ་ཡུམ་བཞི་ཡེ་ཤེས་སུ་གྱུར་པས་ན། ཉོན་མོངས་གཉིས་མེད་ཡེ་ཤེས་བསྒྱུར། ཅེས་པའི་དོན་ཏོ། །གཉིས ་པ་གསང་བའི་དབང་ཅེས་པ་ནི། དེ་ཐོས་པས་ལས་ཀྱི་ཕྱག་རྒྱ་སྒོམ་པ་ལ་དབང་སྟེ། དེའི་ངེས་ཚིག་ནི་སྟོང་པ་བཅུ་དྲུག་ལ་བརྟེན་ནས་རང་སེམས་ཆོས་སྐུར་རོ?་སྤྲད་པའོ། །ལས་ནི་སྟོང་པའི་ལས་དང། ཐབས་ཀྱི་ལས་དང། གཉིས་སུ ་མེད་པའི་ལས་སོ། །ཕྱག་རྒྱ་ཆེན་པོ་ཞེས་པ་ནི་དེ་གསུམ་ལས་སྐྱེ་བ་མེད་པའི་དོན་རྟོག་པའོ། །དེ་ལྟར་ཡབ་ཡུམ་གྱི་སྙོམས་འཇུག་ལས་ཉོན་མོངས་པ་གཉིས་སུ་མེད་པའི་རང་བཞིན་སྐྱེ་མེད་ཀྱི་དབྱིངས་སུ་གྱུར་པས་ཉོན་མོངས་བ་ ་གཉིས་མེད་ཡེ་ཤེས་སུ་འགྱུར་ཅེས་པའི་དོན་ཏོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་གང་ཟག་དེས་ཆོས་ཀྱི་ཕྱག་རྒྱ་སྒོམ་པ་ལ་དབང་བ་ཡིན་ཏེ། ཆོས་ཅེས་པ་འཁོར་བའི་ཆོས་དང་མྱ་ངན་ལས་འདས་པའི་ཆོས ་སོ། །ཕྱག་རྒྱ་ནི་ལམ་སྒོམ་པའི་སྟོང་པ་ཉིད་དང། རྩ་རླུང་ཐིག་ལེ་གསུམ་ཡིད་ལ་བྱས་ནས་ཉམས་སུ་བླངས་པས་སྐྱེ་མེད་ཀྱི་དོན་ཆོས་སྐུ་མངོན་དུ་བྱེ་བ་དེ། ཉོན་མོངས་པ་ལམ་དུ་བྱས་ནས་བསྒོམས་པས་གཉིས་མེད་ཡེ་ཤེས་གཅིག་ཏུ་འགྱུར ་པས་ན་ཉོན་མོངས་པ་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ཏོ། །དབང་བཞི་པ་ནི་ཚིག་དབང་རིན་ཆེན་ཅེས་བྱ་སྟེ། དེ་ལ་དོན་བཞིས་བསྟན་ཏེ། དབང་བསྐུར་བའི་རྒྱུ་ནི་རྣལ་འབྱོར་པའི་རྒྱུད་ལ་རང་ཆས་སུ་གནས་པ་ཡིན་ལ། གཉིས་པ་རྒྱན་ནི། དཀྱིལ ་འཁོར་གཅིག་གི་སྒོ་དུ་དབང་བྱིན་རླབས་དང་བཅས་པ་བསྐུར་བ་ཡིན་པས། གསུམ་པ་ལམ་རྒྱུད་ལྡན་ལ་ལྡན་པ་ཉམས་སུ་བླང་བའི་ཐབས་ནི། ཕྱག་རྒྱ་བཞིའི་གདམ་ངག་ངེས་ཤེས་དང་བཅས་པ་གཅིག་བསྟན་པས། འབྲས་བུ་ཚུལ ་བཞིན་དུ་གྱུར་པ་ཡིན་ལ། ཕྱག་རྒྱ་ཆེན་པོའི་འབྲས་བུ་ཆོས་སྐུ་ཡིན་སྟེ། དེ་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པའོ། །དེ་ལྟ་བུ་དེ་ལ་ཉོན་མོངས་པ་གཞི་ནས་མེད་དེ། མ་ཡེངས་མི་ལྡན་ཡེ་ཤེས་ཆེན་པོའི་རང་བཞིན་ཡིན་པས་ན། ཉོན ་མོངས་གཉིས་མེད་ཡེ་ཤེས་འགྱུར། ཞེས་པའི་དོན་ཏོ། །རྣལ་འབྱོར་པ་ཌོམྦྷི་པའི་རྟོགས་པའི་དོན་རྫོགས་སོ།། `་(།།ཤཱ་ཝ་ར་བའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཤཱ་ཝ་ར་པའི་ཞལ་ནས། མ་རིག་པ་ཡི་ནགས ་ཆལ་དུ། །གཟུང་འཛིན་གཉིས་ཀྱི་རི་དགས་རྒྱུ། །ཐབས་ཤེས་གཉིས་ཀྱི་གཞུ་གདུངས་ནས། །སྙིང་པོ་དོན་གྱི་མདའ་གཅིག་འཕངས། །ཤཱི་ནི་རྣམ་པར་རྟོག་པ་འཆི། །ཤ་ནི་གཉིས་སུ་མེད་པར་ཟོས། །རོ་ནི་བདེ་བ་ཆེན་པོར་མྱོང། །འབྲས་བུ ་སྐུ་གསུམ་ཡེ་ཤེས་ཐོབ། །ཅེས་སོ། །དེའི་དོན་ནི། མ་རིག་པ་ཡི་ནགས་ཚལ་དུ། །ཅེས་པ་ནི། ལྷན་ཅིག་སྐྱེས་པ་ཀུན་བརྟགས་ཀྱི་མ་རིག་པས་ཉོན་མོངས་པ་ཐམས་ཅད་བསྐྱེད་པར་བྱེད་པས་དཔེ་ནགས་ཚལ་དང་འདྲ་ལ། དེའི་ནང་དུ་གཟུང ་འཛིན་གཉིས་ཀྱིས་བཅིངས་པའི་སེམས་དེ་རི་དགས་རིང་འདྲ་བས་རྒྱུ་ཅེས་པའི་དོན་ཏོ། །གཟུང་འཛིན་གྱིས་བཅིངས་པའི་རི་དགས་དེ་ཇི་ལྟར་དུ་གཤོར་ཅེ་ན། །ཐབས་ཤེས་གཉིས་ཀྱི་གཞུ་གདུང་ཅེས་པ། ཐབས་ནི་སྣང་བ་ལ་བྱ་སྟེ། མི? ་འགེགས་ཏེ། སྣང་བ་བླ་མར་ཤར་བ་ལ་བྱའོ། །ཤེས་རབ་ནི་སྟོང་པ་ལ་བྱ་སྟེ། །བདག་མེད་པ་དང་གཟུགས་ཅན་མ་ཡིན་པའི་ངོ་བོ་སྟོང་པ་འོད་གསལ་བ་རྟོག་པ་མེད་པ་གཅིག་ཡིན་ནོ། །གཞུ་དེ་ལྟ་བུ་གཅིག་གདུངས་ནས་མདའ་ཅི་ལྟ་བུ ་གཅིག་བརྡེག་ཅེ་ན། སྙིང་པོ་དོན་གྱི་མདའ་གཅིག་འཕངས། ཅེས་པ། སྣང་སྟོང་གཉིས་མེད་དེ་ཀ་ལ་སྙིང་པོ་དོན་ཞེས་ཟེར་བ་ཡིན་ཏེ། གཟུངས་འཛིན་གཉིས་ཀྱི་རྟོག་པ་ལས་འདས་ཤིང། ངོ་བོ་བསམ་བྱའི་ཡུལ་དང་བྲལ་ལ། བློ་དང་ཡིད་ཀྱི ་སྤྱོད་ཡུལ་དུ་མ་གྱུར་པའོ། །མདའ་དེ་གང་ལ་རྒྱབ་ན་གཟུང་འཛིན་གཉིས་ཀྱིས་བཅིངས་པའི་སེམས་རི་དགས་དང་འདྲ་བ་དེ་ལ་འཕངས་ཅེས་པའི་དོན་ཏོ། །འོ་ན་ཤི་བ་གང་ཤི་ན། དེ་མ་ཡིན་པ་དེར་འཛིན་པ་དང་བཅས་པའི་མ་རིག་པའི་ནགས ་ཚལ་ནི་གནས་པའི་རྣམ་པར་རྟོག་པ་དེ་ཤི་ཅེས་པའོ། །དོན་གཉིས་མེད་པ་ཅིག་གི་ངང་དུ་རྟོགས་པས། ཤ་ནི་གཉིས་སུ་མེད་པར་ཟོས། །ཅེས་པའི་དོན་ཏོ། །གཉིས་མེད་དེ་ཉིད་ལ་བདེ་བ་རྒྱུན་མི་འཆད་པས། རོ་ནི་བདེ་བ་ཆེན་པོར་མྱོང། ་ཅེས་པའི་དོན་ཏོ། །དེ་ཉིད་རང་ཆས་སུ་གདོད་ནས་ཐོབ་པར་གནས་པས། འབྲས་བུ་སྐུ་གསུམ་ཡེ་ཤེས་ཐོབ། ཅེས་པའོ། །རྣལ་འབྱོར་པ་ཤཱ་ཝ་ར་པའི་རྟོགས་པ་བརྗོད་པའི་དོན་རྫོགས་སོ།། །། ་*། (།ས་ར་ཧ་བའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།གུ་རུ་ས་ར་ཧ་བའི་ཞལ་ནས། ཀྱེ་ཧོ། གྲོགས་དག་ལྷན་ཅིག་སྐྱེས་པ་དེ། །གཞན་ནས་མི་རྙེད་བླ་མ་དམ་པའི་ཞལ་ལས་བརྙེད། །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ན། །ཡིད་ལ ་འཆི་བ་མེད་ཅིང་ལུས་ལ་རྒས་པ་མེད། །ཅེས་སོ། །དེའི་དོན་ནི། ཀྱེ་ཧོ། གྲོགས་དག། ཅེས་པ་ནི་ཕྱག་རྒྱ་ཆེན་པོའི་སྐལ་བ་དང་ལྡན་པ་དེ་ལ་འབོད་པའོ། །ལྷན་ཅིག་སྐྱེས་པ། ཅེས་པ་ནི་ཡིད་ལ་མི་བྱེད་པའི་དོན་ངོ་བོ་ལྷན་ཅིག་སྐྱེས་པ་དེ ་གཞན་ནས་བཙལ་མི་དགོས་པར། ཡེ་གདོད་མ་ནས་རང་ལ་རང་ཆས་སུ་གནས་པས་ལྷན་ཅིག་སྐྱེས་པའོ། །གཞན་ལས་མི་རྙེད་བླ་མའི་ཞལ་ནས་རྙེད། །ཅེས་པ་ནི། གཞན་ཅེས་པ་ནི་ཚིག་དང་ཡི་གེ་དང་གཏན་ཚིགས་ལ་སོགས་སྒྲ་བཏགས ་ཀྱི་ཐ་རྙད་ཀྱིས་གཏན་ལ་མི་ཕེབས་པས་མི་རྙེད་ཅེས་པའི་དོན་ཏོ། །བླ་མ་དམ་པའི་ཞལ་ལས་རྙེད་ཅེས་པས་ནི། བླ་མ་གསུམ་ལྡན་གཅིག་ལ་བརྟེན་ནས་བདྷའི་སྒོ་ནས་རིག་པ་ཁོང་འཇམ་དུ་གོ་རུ་བཏུབ་པས། ཞལ་ལས་རྙེད་ཅེས་པའོ། །བླ ་མ་གསུམ་ལྡན་ཅེས་པ་ནི། བརྒྱུད་པའི་བླ་མས་བྱིན་གྱིས་བརླབས། །བཀའ་ཨི་མན་ངག་ཡིད་ཆེས། དངོས་ཀྱི་བླ་མས་སེམས་ངོ་སྤྲད་ནས་སྒྲོ་འདོགས་ཆོད་པས་དེ་ལ་བླ་མ་གསུམ་ལྡན་ཅེས་བྱའོ། །ཡང་ན་བླ་མ་གསུམ་ནི་དབང་བྱིན་རླབས་དང ་བཅས་པ་བསྐུར་བ་དང། རྒྱུད་གོ་རྟོགས་དང་བཅས་པ་འཆད་པ་དང། གདམ་ངག་ངེས་ཤེས་དང་བཅས་པ་འདེབས་པ་གསུམ་མོ། །བཀའ་ནི་ཡིད་ཆེས་བསྐྱེད་པར་བྱེད་པས་ཁྱད་པར་ཅན་ནོ། །དངོས་ཀྱི་བླ་མས་ནི་སྒྲོ་འདོགས་གཅོད་པར་བྱེད་པ ་རང་གི་སེམས་ཉིད་རྗེན་པར་སྟོན་པའོ། །དེ་གསུམ་ལ་བརྟེན་ནས་ངོ་བོ་ལྷན་ཅིག་སྐྱེས་པ་རྟོགས་པའི་བླ་མ་དམ་པའི་ཞབས་ལས་རྙེད་ཅེས་པའི་དོན་ཏོ། །དོན་དམ་ནི་ངོ་བོ་ལྷན་ཅིག་སྐྱེས་པ་ཏེ་ཕྱིན་ཅི་མ་ལོག་པ་དེའོ། །ཞལ་གྱི་ཅེས་པ ་བརྒྱུད་པའི་བླ་མའི་ཞལ་ནས་གསུངས་པའི་ལུང། ངོ་བོ་ཉིད་ཅེས་པ་ནི་སྐྱེ་མེད་ཀྱི་དོན་རྟོགས་ནས་ཡིད་ལ་འཆི་བ་མེད་ཅེས་པའོ། །རྣམ་རྟོག་ཉོན་མོངས་ཀྱི་ཡིད་དེ་སྐྱེ་མེད་ཀྱི་དོན་རྒྱུན་མི་འཆད་པའི་རྟེན་དུ་འགྱུར་བས་འཆི་བ་མེད། ཅེས་པའོ། །ལུས ་ལ་རྒས་པ་མེད་ཅེས་པ་རྣམ་རྟོག་གི་བག་ཆགས་ཀྱིས་ལུས་ཇི་ལྟར་འདོད་པར་ལེན་བྱེད་ཀྱང། ཡེ་ཤེས་ཀྱི་ལུས་ལ་རྒས་པ་མེད་ཅེས་པའོ། །སློབ་དཔོན་ས་ར་ཧའི་རྟོགས་པའི་འགྲེལ་པ་རྫོགས་སོ།། ?།། ་*། (།ཀཾ་ཀ་ལི་པའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།།གུ་རུ་ཀཾ་ཀ་ལི་པའི་ཞལ་ནས། ཇི་ལྟར་ནམ་མཁའ་སྟོང་པ་ལ། །རང་དང་གཞན་གཉིས་སྤངས་པའི་གཟུགས། །རང་སྣང་ཡེ་ཤེས་བཙུན་མོ་དེ། །དཔེ་མེད་ཐ་སྙད་ཀུན་ལས ་འདས། །ཅེས་སོ། །དེའི་དོན་ནི། ཇི་ལྟར་ནམ་མཁའ་སྟོང་པ་ལ་ཅེས་པ། འདུས་མ་བྱས་ཀྱི་ནམ་མཁའ་སྟོང་པ་འདི་ལ་ཅེས་པའོ། །གཅིག་དང་གཞན་གཉིས་སྤངས་པའི་གཟུགས་ཅེས་པ་ལ། རང་ཅེས་པ་ནི་སྣང་བའོ། །གཞན་གཉིས་ཅེས་བྱ་བ ་སྟོང་པའོ། །སྤངས་པ་ཅེས་པ་སྣང་སྟོང་གཉིས་སྤངས་པའི་གཟུགས་ནི་ནམ་མཁའ་རང་གི་ངོ་བོ་སྣང་སྟོང་དབྱེར་མེད་ཅེས་པ་དེ་ལ་བྱའོ། །དཔེ་དེ་བཞིན་དུ་སེམས་ཉིད་ནམ་མཁའ་སྟོང་པ་ལྟ་བུ་དེ་ལ་རང་དང་ཅེས་པ་ཕྱིའི་ཆུང་མ་འདུས་བྱས་ཀྱི་རང ་བཞིན་ཅན་གྱི་ཤ་ཁྲག་གི་དངོས་པོ་ཅན་དེ་ལ་བྱའོ། །གཞན་གཉིས་ཅེས་པ་ནི་ནང་གི་ཆུང་མ་སྟོང་པའི་རང་བཞིན་གཟུགས་སྒྲ་དྲི་རོ་རེག་བྱ་ལ་བྱ་སྟེ། སྤངས་པའི་ཅེས་པ་ཕྱི་ནང་གི་ཆུང་མ་དེ་ལྟ་བུ་སྤངས་པའི་ཅེས་པའོ། །གཟུགས་ནི་རང ་གི་སེམས་ཉིད་རང་གི་ངོ་བོ་བདེ་ཆེན་འོད་གསལ་བ་དེ་ལ་བྱ་སྟེ། རང་ལ་རང་ཆས་ཀྱི་ཡེ་ཤེས་ཆེན་པོའོ། །དེ་ལྟ་བུའི་ཆུང་མ་དེ་ལ་རང་སྣང་ཡེ་ཤེས་ཀྱི་བཙུན་མོ་ཞེས་བྱའོ། །དེ་ཡང་རང་ཆས་སུ་གནས་པའི་ཡེ་ཤེས་ཡིན་ལ། གཞན་ནས ་བཙལ་མི་དགོས་པས་རང་སྣང་ཅེས་བྱའོ། །ཡེ་ཤེས་ཆུང་མ་ནི་དེ་ལ་དཔེ་ཡིས་མཚོན་དུ་མེད་ལ། ཐ་སྙད་ཀྱིས་གཞལ་དུ་མེད་པས། དཔེ་ཆེན་ཐ་དད་ཀུན་ལས་འདས། ཅེས་སོ། །ཀཾ་ཀ་ལི་པའི་རྟོགས་པའི་དན་དང ་འགྲེལ་པ་རྫོགས་སོ།། ?་(།།མི་ན་པའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་མི་ན་པའི་ཞལ་ནས། ལྕགས་སྐྱུ་ཐོགས་པའི་ཉ་པ་ནི། ལས་དབང་རྒྱ་མཚོའི་ནང་དུ་ཁྱེར། །ཉ་ཆེན་ལུས་ལ་རྟེན་བྱས་ནས། །ལྷ་ཆེན་གདམ ་ངག་ཉམས་བླངས་པས། །ཡོན་ཏན་ས་དང་རྡོ་དག་གིས། །མ་ཐེག་མིན་བ་ཞེས་གྲགས། །ཅེས་སོ། །དེའི་དོན་ནི། ལྕགས་ཀྱུ་ཐོགས་པ་ནི་ཉ་པའི་རིགས་སོ། །ལས་དབང་རྒྱ་མཚོའི་རྟིང་དུ་ཁྱེར། །ཅེས་པ་ནི་ཉ་ཡིས་ཟོས་པའི་ལོ་རྒྱུས་ཀྱིས་དབང་དུ ་བྱས་པའོ། །རྟེན་བྱས་པ་ནི་ཀའི་ལུས་པོ་ལའོ། །ལྷ་ཆེན་གདམས་པ་ཉམས་བླངས་པས། །ཅེས་པ་ནི་འབྱུང་བ་གོས་སུ་གྱོན་པའི་གདམ་ངག་ཚོགས་དྲུག་ནང་དུ་ནུབ་པ་བུམ་ནང་དུ་མར་མེ་ལྟ་བུའི་གདམ་ངག་།བྱང་སེམས་བདག་ཉིད་ཟས ་ཟ་བ་ལ་སོགས་པའི་གདམ་ངག་ནི་དོ་ཧ་ནཱི་ར་ན་བཞུགས་སོ། །དེའི་ཡོན་ཏན་ཐུན་མོང་གི་དངོས་གྲུབ་ནི། ས་དང་རྡོ་ཡིས་མ་ཐེག་པ་འབྱུང་བ་ཟིལ་གྱིས་གནོན་པའོ། །རྣལ་འབྱོར་པ་མིན་བའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?།། ་(གོ་རཀྵཱི?་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།།གུ་རུ་གོ་རཀྵའི་ཞལ་ནས། རིགས་ནི་མཆོག་དང་འབྲིང་དང་ཐ་མ་རུ། །གནས་པའི་རྒྱུ་ལ་རྐྱེན་གྱིས་སྟོབས་ལྡན་པས། །འགག་མེད་ལས་དབང་འབྲས་བུ་ངོ་མཚར་ཆེ། །ཙོའུ་རི?་ལ་བྱང ་སེམས་བསྙེན་བཀུར་བྱས། །དེ་རྐྱེན་སྟོབས་ཀྱིས་ཁམས་ཀྱིས་འོན་བཏབ། ། ཙིནདྷ་ཡིས་འཆི་མེད་བདུད་རྩི་བསྟན། །གོ་རཀྵ་ཡིས་གཉིས་མེད་དེ་ཉིད་མཐོང། །སྲིད་གསུམ་བརྫིའི་རྒྱལ་པོ་ངོ་མཚར་ཆེ། །ཅེས་སོ། །དེའི་དོན་ནི། ་དེ་ལ་རིགས་ནི་མཆོག་དང་ཅེས་པ། རྒྱལ་རིགས་ཙོའུ་ར་ལྟ་བཱུམ། འབྲིང་ཅེས་པ་རྗེ་རིགས་སམ། བྲམ་ཟེའི་རིགས་ལྟ་བུ་འམ། །ཐ་མ་ཡང་རུང་ཅེས་པ་དམང་རིགས་སམ། བ་ལང་རྫི་ལྟ་བུ་ཡང་རུང་ཅེས་པའོ། །གནས་པའི་རྒྱུ་ལ་ཅེས་པ་ནི་རང་གི ་སེམས་ཉིད་གཉུག་མ་ལ་བྱ་སྟེ། ངོ་བོ་སྟོང་པར་འདུག་པ། མཚན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ། ཐམས་ཅད་ཀྱི་འབྱུང་བའི་གཞིར་ཡང་འདུག་པ། ཐམས་ཅད་ཀྱི་གོ་འབྱེད་པར་བྱེད་པ། །དཔེར་ན་འདུས་མ་བྱས་ནམ་མཁའ་ལྟ་བུ་དེ་གཞན་ནས་བཙལ ་མི་དགོས་པར་ཡེ?་ནས?་རང་ལ་རང་ཆས་སུ་ཡོད་པས་གནས་པའི་རྒྱུ་ལ་ཅེས་བྱའོ། །རྐྱེན་ནི་སྟོབས་དང་ལྡན་པ། ཅེས་པ་ནི་གསུམ་སྟེ། སྔོན་འགྲོ་དང་པ་བསྐྱེད་པའི་རྐྱེན་འཇིག་རྟེན་ལ་བློ་ལོག་པ་དང། སྐལ་པ་བླ་མའི་རྐྱེན་དངོས་གྲུབ་ཅན་དང་འཇལ་བ། ་ལམ་བསྒྲུབ་པའི་རྐྱེན་ཆོས་གདམ་ངག་ལ་ཡིད་ཆེས་སྐྱེ་བ་མི་དམིགས་པའི་ཤེས་རབ་མངོན་དུ་གྱུར་པའོ། །དེ་གསུམ་གྱི་སྟོབས་དང་ལྡན་པས་གེགས་མེད་ཅེས་པ་ནི། རྐྱེན་གསུམ་གྱི་འབྲས་བུ་རང་ལ་ཡོད་པ་རྟོགས་ཙམ་ན་སངས་རྒྱས་ཀྱི་དགོངས་པ?་རང་ལ? ་རང་ཆས་སུ་ཤར་བས་གཞན་གྱི་གེགས་བྱ་ར་མེད་པའོ། །དཔེར་ན་ཉི་མ་མེ་ཤེལ་དང་འདྲ་གསུངས། དེ་ཡང་མེ་ཤེལ་ལ་མེ་རང་ཆས་སུ་ཡོད་པ་ལ་ཉི་མའི་རྐྱེན་གྱིས་མེ་འབར་བ་ལས། ཟླ་བ་ལ་སོགས་གཞན་གྱིས་གེགས་བྱ་རུ་མེད་པའི་དཔེ་དེ་བཞིན་དུ། ་གོང་དུ་བཤད་པའི་རྐྱེན་གསུམ་གྱི་སྟོབས་རང་ལ་ཡོད་པའི་སངས་རྒྱས་ཀྱི་དགོངས་པ་མངོན་དུ་རྟོགས་པ?་འོག་རྟོག་གཞན་གྱི་གེགས་བྱ་རུ་མེད་དེ་རང་ལ་ཡོད་པ་ངོ་མཚར་ཆེ། ཅེས་པའོ། །ཙོའུ་རི་ལ་བྱང་སེམས་བསྙེན་བཀུར་བྱས། ཅེས་པ་བྱམས་པ་ལ་སོགས་པ ་ཚད་མེད་པས་ཙོའུ་རས་ལོ་བཅུ་གཉིས་བསྙེན་བཀུར་བྱས་ཅེས་པའི་དོན་ཏོ། །དེའི་རྐྱེན་ནམ་སྟོབས་ཀྱིས་ཁམས་ཀྱི་སོན་བཏབ་ཅེས་པ་ནི། བྱམས་པའི་རྐྱེན་ནམ་སྟོབས་ཀྱིས་ཁམས་སྐྱེ་མཆེད་ལ་སོགས་པའི་ས་བོན་དང་བྲལ་ནས། བྱང་ཆུབ་ཀྱི་སེམས ་ཀྱི་ལ་དོན་བཏབ་པར་བྱས་ཅེས་པའི་དོན་ཏོ། །ཱ་ཙིནྟ་ཡིས་འཆི་མེད་བདུད་རྩི་བསྟེན། །ཅེས་པའི་དོན་ནི་བླ་མས་སྐྱེ་ཤི་མེད་པའི་དོན་ངོ་སྤྲད་ཅེས་པའོ། །གཽ་རཀྵ་པས་གཉིས་མེད་ཡེ་ཤེས་མཐོང། ཅེས་པ་ནི། གོ་ར་ཅེས་པ་ནི ་བ་ལང་འཚོ་ཡིན་དེའི་བླ་ཡི་འཚོ་བ་ཟ་བའོ། །གཉིས་མེད་ཅེས་པ་ཡང་དག་པའི་དོན་ལ་བྱ་ཞིང་དེ་བཞིན་ཉིད་ཅེས་ཀྱང་བྱའོ། །མཐོང་ཞེས་པ་མངོན་དུ་གྱུར་པའོ། །སྲིད་གསུམ་ཅེས་པ་ལུས་ངག་ཡིད་གསུམ་མམ། རྩ་བ?་དྲུག་གསུམ་ལ་བྱ་སྟེ། དེ ་ཆོས་སྟའི?་དབྱིངས་སུ་བ་ལང་ལྟར་བསྐྱངས་པས་ངོ་མཚར་ཆེ་ཅེས་པའོ། །གཽ་རཀྵ་པའི་རྟོགས་བརྗོད་ཀྱི་འགྲེལ་པ་རྫོགས་སོ།། ?་(།ཙོ?་རངྒའི?་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཙོ་རངྒའི་ཞལ་ནས། ཐོགས ་མེད་སྲིད?་པར་ཡུན་རིང་དུ། །མ་རིག་སྡོང་པོའི་རྩ་བ་ལ། །འདུ་བྱེད་ཆུ་ཡིས་ལེགས་བརླན་ནས། །སྲིད་པའི་ཡལ་འདབ་སྣ་ཚོགས་རྒྱས། །མ་རིག་པ་ཡི་ཤིང་ཆེན་དེ། །བླ་མ་དམ་པའི་མན་ངག་དང། །ཤེས་རབ་གསུམ་གྱི་རྟིའུ་ཡིས། །ཙོ་རངྒ་དེ? ་དེ་ཉིད་བཅད། །ཅེས་སོ། །འདིའི་དོན་ནི། དེ་ལ་ཐོགས་མེད་ཅེས་པ་ནི་འཁོར་བ་ལ་ཐོག་མ་དང་ཐ་མའི་ཆ་འདི་ཙམ་མོ་བྱ་བ་མེད་ཅིང། མ་ཤེས་པས་ན་སྲིད་པ་ཅེས་པ་ནི་ཉེར་ལེན་གྱི་ཕུང་པོ་སྲིད་པ་ལ་བརྟེན་ནས་ཡུན་རིང་དུ་འཁོར་བས་ན?་སྲིད་པར་འཁྱམས ་པའོ། །དེ་ཅིས་འཁྱམས་ན། མ་རིག་པ་སྡོང་པོའི་རྩ་བ་ལ་ཅེས་པ་སྟེ། སྲིད་པའི་རྩ་བ་མ་རིག་པ་ཡིན་ཏེ། ཐོག་མར་མ་རིག་པ་འབྱུང། དེ་ལས་འདུ་བྱེད། དེ་ལས་རྣམ་པར་ཤེས་པ། དེ་ལས་མིང་དང་གཟུགས། དེ་ལས་སྐྱེ་མཆེད་དྲུག་། ་དེ་ལས་རེག་པ། དེ་ལས་ཚོར་བ་འབྱུང་བས་སོ། །མ་རིག་པའི་སྡོང་པོ་དེ་སྲིད་པ་ཉེར་ལེན་པའི་རླན་པས་པའི་སྡོང་པོ་སྐྱེས་པས་ནང་ལས་སྲེད་པ་འབྱུང་ངོ། །དེ་ལས་ལེན་པ་འབྱུང། དེ་དག་ལས་ཐོགས་མེད་སྲིད་པར་ཡུན་རིང་དུ་འབྱུང་སྟེ། ་སྲིད་པ་དང་སྐྱེ་བ་དང་རྒ་ཤི་ལ་སོགས་པ་འབྱུང་བས། སྲིད་པའི་ཡལ་ངང་བ་སྣ་ཚོགས་རྒྱས། ཞེས་པའོ། །མ་རིག་པ་དེ་ཀ་སྲིད་པའི་རྩ་བ་ཡིན་པས། སྡོང་དེ་འདྲ་བ་དེ་ཇི་ལྟར་བཅད་ཅེ་ན། བླ་མ་དམ་པའི་གདམ་ངག་དང། ཅེས་པ་ན། ཆ་རོག ་པ་རྩད་ནས་བརྗོད་པའི་མན་ངག་ཅེས་བྱ་བ་དོ་ཧ་ན་གསལ། ཤེས་རབ་གསུམ་གྱི་རྟིའུ་ཞེས་པ་དང། ཐོས་པའི་ཤེས་རབ་ཚིག་ལ་བརྟེན་པའི་རྟིའུ་བསམ་པའི་ཤེས་རབ་ཚིག་དོན་གཉིས་ཀ་ལ་བརྟེན་པ་རྟིའུ། སྒོམས་བྱུང་གི་ཤེས་རབ་ཚིག་ལ ་བརྟེན་པའི་རྟིའུས། ཙ?་རང་གིས་དེ་རིང་བཅད་ཞེས་བྱ་བ། རྟོགས་པའི་དུས་དེ་རིང་བཅད་ཅེས་པའི་དོན་ཏོ། །ཙོ་རངྒའི་རྟོགས་པ་བརྗོད་པ་འགྲེལ་པ་དང་བཅས་པ་རྫོགས་སོ།། ?་།། *། (།ཝཱི་ཎ་པའི་དོ་ཧ་འགྲེལ་བ ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཝཱི་ཎའི་ཞལ་ནས། ཕྱིན་ཅི་ལོག་ལ་གོམས་པའི་སྒྲ། །གུས་དང་བརྩོན་པས་སྤྱད་བྱས་ནས། །མ་སྐྱེས་སྐྱེ་མེད་སྒྲ་བཅས་པས། །ཝཱི་ཎ་པ་ཡིས་བདག་མེད་རྟོགས། །ཅེས་པའོ། །ང་དིའི་དོན་ནི། དེ ་ལ་དང་པོ། ཕྱིན་ཅི་ལོག་ལ་གོམས་པའི་སྒྲ། །ཅེས་པ་ནི་ཏམྦུ་རའི་སྒྲ་ལ་རང་རྒྱུད་པར་ཞེན་པའོ། །གུས་དང་བརྩོན་པས་སྤྱད་བྱས་ནས། །ཅེས་པ་རྒྱལ་སྲིད་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་གཞན་ལ་བློ་མ་ཞུགས་པར་སྒྲ་དེ་རང་ལ་གུས་པའམ? ་རྩེ་གཅིག་ཏུ་སྤྱད་པས་མ་གྲོལ་ཅེས་པའོ། །མ་སྐྱེས་སྐྱེ་མེད་སྒྲ་བཅད་པས་ཅེས་པ་ནི། ཕྱིའི་ཏམྦུ་ར་ལ་སོགས་པའི་སྒྲ་ནི་དྲོད་རིག་ཡིན་ལ། ནང་འཛིན་བྱེད་ཀྱི་ཤེས་རབ་ཡང་དྲན་རིག་ཡིན་ནོ། །སྐྱེ་མེད་ཀྱི་དོན་ནི་དྲན་མེད་དམ། །བདག་མེད་ཀྱི་སྒྲ ་ཡིན་ཏེ། དེས་ན་དགྲ་མེད་དུ་རང་ངོ་ཤེས་པའི་སྒྲའི་དོན་སྤྱད་པས། ཝཱི་ཎ་པ་ཡིས་བདག་མེད་རྟོགས། །ཅེས་པའོ། །རྣལ་འབྱོར་པ་ཝི་ཎ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་།། *། (།ཀཱཏྟི?་བའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།) ་གུ་རུ་ཤཱནྟཱི་པའི་ཞལ་ནས། བུ་ཆུང་མ་ཡིས་གསོས་པ་ཡིས། །གྱང?་ཀྱིས་སྟོབས་དང་ལྡན་པ་བཞིན། །བློ་ཆུད་ལྷ་མའི་མན་ངག་གིས། །རིམ་གྱིས་ཁྲིད་པས་ཐེག་པ་ཏེ། །?་ཁྲིས་དང་ཀན་?་?་? ་རྣམས་སྨན་གྱིས་སེལ་བ་ལྟར། །ང་དང་བདག་ཏུ་འཛིན་པ་ནི། །བླ་མ་ཡི་གདམས་པས་སྐད་ཅིག་བསྲེག་།ཅེས་སོ། །འདིའི་དོན་ལ་གཉིས་ཏེ། དང་པོ་ཐེག་པ་རིམ་གྱིས་བཟོད་པའི་དཔེ་དུ་ཆུང་རྟ?་ལུས་བསྟན་པ་ན། བུ་ཆུང་མ ་ཡིས་གསོས་ཅེས་པ། བུ་ཆུང་བཙས་མ་ཐག་གི་དུས་ན་ལུས་དང་ཡན་ལག་དབང་པོ་ལ་སོགས་པ་སྐྱེ་མཆེད་མ་བརྟགས་པའི་དུས་སུ་དང་པོར་མ་ཡིས་བུ་ཆུང་ལ་?་མ་ནས་ཟས་རིམ་གྱིས་ཀ་ར་དང། མར་དང། མ་ཧའི་ཞོ་དང། འབྲས་ཀྱི་ལྔ ་བུ་ལ་སོགས་པས་རིམ་པར་གསོས་པས། མཐར་གྱང་ཀྱི་སྟོབས་དང་ལྡན་ནས་ལུས་དང་དབང་པོ་དང་ཡན་ལག་དང་ཉིང་ལག་རྒྱས་པར་འགྱུར་བ་བཞིན། བློ་ཆུང་དག་ནི་ཞེས་པ་སྦྱངས་པའི་ལས་འཕྲོ་མེད་པ་དེ། ཐེག་པ་རིམ་པས་མ་སྦྱངས ་ཤིང་འདུག་པའི་སློ་མ་ཐོབ་པས་བློ་ཆུང་བ་དང། དབང་གིས་སྨིན་པར་མ་བྱས་པས་བློ་ཆུང་བ་དང། རྨོངས་ཤིང་ཤེས་རབ་ཆུང་བས་བློ་ཆུང་བ་དག་གོ་།བླ་མའི་མན་ངག་གིས་ཅེས་པ་ནི། བརྒྱུད་པའི་བླ་མའི་གདམ་ངག་གིས་བགྲོད་པར ་བྱ་བ་ལམ་གྱི་ཆོས་ཡིན་ཏེ། དེ་ཡང་སོ་སོར་རྟོགས་པའི་ཤེས་རབ་ལ་བརྩོན་ནས་ལམ་རིམ་གྱིས་བགྲོད་པས། བཟོད་ཐེག་པ་ཆེན་པོར་འགྱུར་པས་ན་ཐེག་པ་ཆེ་ཞེས་པའི་དོན་ཏོ། །གཉིས་པ་ལམ་གཅིག་པར་རྟོགས་པའི་དཔེ་སྨན ་ལྟ་བུར་བསྟན་པ་ནི། རླུང་མ་དྲིས་བད་ཀན་འདུས་པའི་ནད་རྣམས་སྨན་གྱི་སེལ་བ་ལྟར། ང་དང་བདག་ཏུ་འཛིན་པའི་ནད་ཅེས་བྱ་བ་ནི། སྐྱེས་བུ་ང་བདག་གཟུང?་འཛིན་ཅན་དེ་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ནད་དང་འདྲ་བས་ན་ནད་རྣམས ་ཅེས་པའོ། །བླ་མའི་གདམས་པ་སྐད་ཅིག་བསྲེག་།ཅེས་པ། བླ་མ་ནི་རྒྱུད་དང་ལྡན་པའི་བླ་མའོ། །གདམས་པ་ནི་ཕྱི་ནང་གི་གདམས་པ་དྲུག་ཅེས་བྱ་བ་ནི་ངོ་ཧ་ནས་གསལ་ལོ། །བསྲེགས་ཅེས་པ་ནི་ལྟ་བ་དེ་ཉིད་ཀྱི་དོན་རྟོགས་པའི་ཡེ་ཤེས་མ་དཔུང ་དང་འདྲ་བ་དེས་ཉོན་མོངས་པའི་ནད་བུད་ཤིང་དང་འདྲ་བ་དེ་ལྟ་བུ་རྟོགས་པའི་སྐད་ཅིག་ལ་བསྲེག་།ཅེས་པའི་དོན་ཏོ། །རྣལ་འབྱོར་པ་ཤཱནྟི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། །། ་ཏནྟི་པའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།། །གུ་རུ་ཏནྟི་པའི་ཞལ་ནས། འཇིག་རྟེན་པ་ཡི་ཐགས་མཁན་རྣམས། །རྣལ་མ་ཐམས་ཅད་ཐགས་སུ་བཏགས། །ང་ནི་བླ་མའི་མན་ངག་གིས། །ཆོས་རྣམས་ཐམས་ཅད་ཐགས་སུ་བཏགས། །ཡེ་ཤེས ་ལྔ་ཡི་སྟོང་ཉིད་ནི། །རྣ་ལམ་མན་ངག་སྟག་སོ་དང། །ཤེས་རབ་ཀྱིས་ནི་སྒྲོམ་བུ་ཡིས། །དབྱིངས་རིག་གཉིས་མེད་ཆོས་སྐུར་བཏགས། །ཅེས་སོ། །འདི་ལ་དཔེ་དོན་གཉིས། དང་པོ་དཔེ་ནི་ཐགས་མཁན་ཅེས་པ་རྣལ་མའི་ཐགས་པ་འདྲ ་བ་ཀུན་རྫོབ་ཡིན་ཅེས་པའི་དོན་ཏོ། །གཉིས་པ་དོན་ནི། ད་ནི་བླ་མའི་མན་ངག་གིས། །ཆོས་རྣམས་ཐམས་ཅད་ཐགས་སུ་ཐག་།ཅེས་པ་དོན་དམ་པའི་ཐགས་སུ་འཐག་ཅེས་པའི་དོན་ཏོ། །དོན་དེ་ཇི་ལྟར་ཐགས་སུ་འཐག་ཅེ་ན། སྟོང་ཉིད ་གནས་སུ་ཅེས་པ་ནི། ཕྱི་གཟུང་བའི་ཡུལ་ངོ་བོས་སྟོང་བ། ནང་འཛིན་པའི་ཤེས་པ་རང་བཞིན་གྱིས་སྟོང་པ། དེ་ལྟར་ཡང་སྟོང་པ་རང་གི་ངོ་བོ་མ་གྲུབ་པ་གཅིག་ག་གནས་སུ་འཐག་ཅེས་པའོ། །ཡེ་ཤེས་ལྔ་ཡི་ཅེས་པ་ནི། ཉོན་མོངས་པ་ལྔ ་ལ་སོགས་པ་རྣམས་ཀྱི་སྟོང་པའི་ངོ་བོར་མ་གྲུབ་པ་དེའི་དང་དུ་ཟད་ཅིང་འགགས་ཙམ་ན་ཡེ་ཤེས་རྣམ་པ་ལྔ་མ་འགགས་པར་ཤུགས་ལ་ཤར་བ་ཉི་མའི་འོད་ཟེར་ལྟ་བུར་བྱུང་བ་དེ་ཐགས་ཀྱི་རྣལ་མར་བྱས་པའི་དོན་ཏོ། །གདམ་དག་ཅེས་པ་ནི། ་ཡེ་ཤེས་དེ་མཚོན་པར་བྱེད་པའི་བླ་མའི་ཞལ་གྱིས་གདམ་ངག་ལ་རག་ལས་ཅེས་པའི་དོན་ཏོ། །ཤེས་རབ་ཀྱིས་ནི་ཅེས་པ་ནི། ཡེ་ཤེས་ཀྱི་དོན་རྟོག་པར་བྱེད་པ་ཡེ་ཤེས་ཀྱི་སྤུན་བརྒྱུད་པར་བྱེད་པའི་སྒྲོམ་བུ་བྱས་ཅེས་པའི ་དོན་ཏོ། །དེ་ལྟ་བུ་ཐགས་སུ་ཅི་འཐག་ཅེས་པ་ལ། དབྱིངས་རིག་གཉིས་མེད་ཆོས་སྐུར་འཐག་།ཅེས་པའོ། །དེ་ཡང་དབྱིངས་ཅེས་པ་ཆོས་ཀྱི་དབྱིངས་ཡིན་ལ། རིག་ཅེས་པ་རང་རིག་པའི་ཡེ་ཤེས་ལ་བྱའོ། །དབྱིངས་དང་ཡེ་ཤེས་གཉིས་མེད ་དུ་རྟོགས་པ་ལ་ཆོས་སྐུ་ཆེན་པོ་ཞེས་བྱ་སྟེ། དེ་ལྟ་བུར་ཐགས་སུ་བཏགས། ཅེས་པའི་དོན་ཏོ། །རྣལ་འབྱོར་པ་ཏནྟི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། 12?་།།ཙ་མ་རི་འདི་དེ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།། ་གུ་རུ་ཙ་ནའི་པའི་ཞལ་ནས། རྣམ་རྟོག་མཚན་མའི་ཀོ་བ་འདི། །སྟོང་ཉིད་རྡོ་རྗེའི་སྤངས་ནང་དུ། །ཆོས་བརྒྱད་སྤངས་པའི་རྒྱུན་གྱིས་ནི། །ཤེས་རབ་ཉམས་མྱོང་སྙུང་བུས་བཅོམས། །ལྷུན་གྲུབ་ཆོས་སྐུའི་ལྷམ་བྱེད་པ། །ཙ་མ་རི་པ་ལྷམ ་མཁན་མཆོག་།ཅེས་སོ། །འདི་ལ་དཔེ་དོན་གཉིས་ཏེ། དང་པོ་ལྷམ་གྱི་བཟོ་ལ་དཔེ་བླངས་པ་ནི། བླ་མས་ཁམས་དང་བསམ་པ་དང་བག་ལ་ཉལ་དང་བཏུན་ནས་གདམ་ངག་སྟོན་ཏེ། དེ་བཞིན་དུ་རང་གི་ལས་ཀྱི་བྱ་བ་དང་སྦྱར་ནས ་ཉམས་སུ་བླངས་པའི་དོན་ཏོ། །དཔེ་ཀོ་བ་གྱོང་པོ་སྤངས་ཀྱིས་བརྟུལ་བ་ལྟ་བུར། རྣམ་རྟོག་དང་མཚན་མ་ཀོ་བ་གྱོང་པོ་དང་འདྲ་བ་དེ་སྟོང་ཉིད་ཡེ་ཤེས་བྱ་རྩོལ་དང་བྲལ་བས་བརྟུལ། །སྨོན་ལམ་གྱི་སྟོབས་ཀྱིས་ཐུགས་རྗེ་འགག་པ་མེད་པའི ་སྙིང་རྗེ་ཆེན་པོར་ཤར་པས་ན། །སྟོང་ཉིད་སྙིང་རྗེའི་སྐབས་སུ་བཅུག་།ཅེས་པའོ། །དེའི་སྐུད་པ་ནི། འཇིག་རྟེན་ཆོས་བརྒྱད་སྐུད་པ་དང། །ཅེས་པ་ཆོས་བརྒྱད་ནི། །རྙེད་པ་དང་མ་རྙེད་པ་དང། །བདེ་བ་དང། མི་བདེ་བ་དང། སྙན་པ་དང། མི ་སྙན་པ་དང། བསྟོང་པ་དང། སྨད་པ་ལ་སོགས་པ་དགའ་མི་དགའ་དང་སྦྱར་བ་སྐུད་པ་ཞེས་བྱའོ། །ཤེས་རབ་ཉམས་མྱོང་སྙུང་བུས་བཙེམས། །ཅེས་པ་ནི་སོ་སོར་རྟོག་པའི་ཤེས་རབ་ལ་བརྟེན་ནས་ཉམས་མྱོང་ནི་མི་དམིགས་པའི་ཉམས་མྱོང་ལ་འཁོར ་འདས་ཐམས་ཅད་ཆོས་སྐུ་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པས་ཉམས་མྱོང་ཅེས་པའོ། །དེ་ལྟ་བུའི་སྙུང་བུ་དང་སྐུད་པས་ལྷུན་གྲུབ་ཆོས་སྐུའི་ལྷམ་བཅོམས་ཞེས་པའོ། །ཙ་མ་རི་པ་ལྷམ་མཁན་མཆོག་ཅེས་པ་ནི། ཆོས་སྐུ་ལྷམ་དེའི་གོང་ན ་གཞན་མེད་ཅེས་པ་མཆོག་ཅེས་པའོ། །ཙ་མ་རི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། 14་།། *། །ཥ་ཌཱ་པའི་དོཧ་འགྲེལ་པ་དང་བཅས་པ་བཞུགས་སོ།། །གུ་རུ་ཥ་ཌཱ་པའི་ཞལ་ནས། མཚོན?་ཆ་མེད ་པའི་དཔའ་བོ་ནི། །རྒྱུན་ཏུ་དགྲ་དང་གཡུལ་འགྱེད་ཀྱང། །བདག་ཉིད་དགྲའི་དབང་དུ་འགྱུར། །འཆི་མེད་ཡེ་ཤེས་རལ་གྲི་ཡིས། །སྲིད་གསུམ་དགྲ་རྣམས་ཕམ་བྱས་ནས། །ཥ་ཌཱ་པ་ནི་ལོངས་སྤྱོད་བྱེད། །ཅེས་སོ། །དེ་ལ་མཚོན་ཆ་མེད ་པའི་ཅེས་པ་ནི། །དགྲ་དེ་ལས་རྒྱལ་བར་བྱེད་པའམ་དེ་འདུལ་བར་བྱེད་པའི་མཚོན་ཆ་རལ་གྲི་ལྟ་བུ་དེ་མེད་པའོ། །དེ་ལྟ་བུས་དེས་རྒྱུན་ཏུ་དགྲ་ལ་གཡུལ་བཀྱེ་ཡང་དགྲ་ལས་རྒྱལ་བར་མི་ནུས་པས་བདག་ཉིད་དགྲའི་དབང་དུ་འགྱུར་ཅེས་པའི་དོན ་ཏོ། །ཉོན་མོངས་པ་གཟུང་འཛིན་གྱི་དགྲད་ལས་རྒྱལ་བར་བྱེད་པའི་མཚོན་ཆ་ནི། འཆི་མེད་ཡེ་ཤེས་རལ་གྲི་ཡིས། །ཅེས་པ་རྟོགས་པའི་ཡེ་ཤེས་དེ་དང་རལ་གྲི་དང་འདྲ་སྟེ། སྐྱེ་བ་དང་འཆི་བའི་རྣམ་པ་རྩད་ནས་བཅད་ནས་འཆི་མེད་ཅེས ་པའོ། །དེ་ལྟ་བུའི་རལ་གྲི་དེས་དགྲ་སུ་ཕམ་པར་བྱེད་ན། སྲིད་གསུམ་དགྲ་རྣམས་ཕམ་བྱས་ནས། །ཅེས་སྲིད་པ་གསུམ་ནི་ཕྱི་གཟུགས་ཁམས་དང། གཟུགས་མེད་པའི་ཁམས་འདོད་པའི་ཁམས་དང་གསུམ་ཡིན་ལ། ནང ་གི་ཁམས་གསུམ་ནི་ལུས་ངག་ཡིད་གསུམ་ལ་བརྟེན་པའི་དུག་གསུམ་ལྟ་བུ་ཡིན་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གོ་།དེ་གཉིས་ཀྱིས་འཆི་བར་བྱེད་པ་དགྲ་དང་འདྲ་སྟེ། དེ་དག་ལས་རྒྱལ་བར་བྱེད་པ་ནི་འཆི ་མེད་ཡེ་ཤེས་ཀྱི་རལ་གྲི་དེས་སྲིད་གསུམ་རྩད་ནས་བཅད་ནས་ཕམ་བར་བྱས། ཅེས་པའི་དོན་ཏོ། །ལོངས་སྤྱོད་ནི་ཐུན་མོང་གི་དངོས་གྲུབ་ཕྱག་མཚན་རལ་གྲི་ལ་བརྟེན་ནས། མཆོག་གི་དངོས་གྲུབ་ཡེ་ཤེས་རལ་གྲིས་སྲིད་གསུམ་རྩད་ནས ་སྤྱོད་པ་དེ་ལ་ལོངས་སྤྱོད་དེ། ཅེས་པའི་དོན་ཏོ། །རྣལ་འབྱོར་པ་ཥ་ཌཱ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་།།ནཱ་གཱརྫུ?་ནའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།། །གུ་རུ་ནཱ་གཱརྫུ་ནའི་ཞལ་ནས། གང ་གི་མ་གཏགས་སྤྱོད་པ་མི་བྱ་སྟེ། བྱས་ན་རྒྱལ་སྲིད་པ་?་ཀྱིས་གཟུང་བ་བཞིན། །རྟོགས་པས་མ་གཏོགས་སྤྱོད་པ་མི་བྱ་སྟེ། །བྱས་ན་གླང་ཆེན་འདམ་དུ་ཟིན་པ་འདྲ། །ཅེས་སོ། །འདི་ལ་དཔེ་དོན་རྣམ་པ་གཉིས་ཀྱིས་བསྟན་ཏེ། ལོངས ་སྐུའི་?་རྒྱལ་པོ་ལྔ་དུས་བསྟན་པ་དང། ཆོས་སྐུའི་རྩལ་ལ་ཐེ་ཚོམ་མི་ཟབ?་གླང་པོ་ཆེ་ལྟ་བུས་བསྟན་པའོ། །དང་པོ་ནི། མ་གཏོགས་པའི་སྤྱོད་པ་མི་བྱེད་ཅེས་བྱ་སྟེ། གང་གིས་ཅེས་པ་ནི་གང་ཟག་དབང་པོ་འབྲིང་དེས་ལོངས་སྐུའི་ཡོན ་ཏན་རྒྱལ་པོ་ལྟ་བུ་དེ་ཐོབ་པ་ཡིན་ཏེ། དང་པོ་ཚོགས་ཀྱི་?་?་?་ཏིང་ངེ་འཛིན་ལ་སྦྱར་ནས་སྐུ་ཇི་ལྟ་བུ་དེ་ལ་སྦྱོར། དེའི་སྟོབས་ཀྱིས་ས་བཅུའི་ཡེ་ཤེས་མཐོང་སྟེ། ཡེ་ཤེས་དེ་ལ་མིང་འདོགས་པ་གཉིས་ཡོད་དེ། དག་པ ་འཇིག་རྟེན་པའི་ཡེ་ཤེས་ཀྱང་བྱ་ལ། ཡིག་འབྲུ་ལ་བརྟེན་ནས་དབྱིབས་དང་ཁ་དོག་ཏུ་བསྒོམས་པས་དངོས་པོ་མ?་པའི་ཡེ་ཤེས་བྱ་བ་དེ་མཐོང་ལམ་མོ། །དེ་ལྟ་བུ་དེ་བསྒོམས་པས་མཐར་ཕྱིན་ཏུ་ལོངས་སྐུ་ས་བཅུའོ་བྱང་ཆུབ་སེམས་དཔའ་དེ ་ཐོབ་སྟེ། དེ་ཡང་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྟེ། དེའི་དཔེ་སྟོང་འཁོར་ལོས་བསྒྱུར་པའི་རྒྱལ་པོ་དང་འདྲ་བས་ན། གང་གིས་ཞེས་པ་ནི་ཡེ་ཤེས་སོ། །མ་གཏོགས་པའི་ཅེས་པ་ནི་ས་བཅུ་པ་དེའི་སངས་རྒྱས་ཀྱི་སའི་རྣམ་པར་མི་རྟོག་པའི་ཡེ་ཤེས ་དེ་མ་གཏོགས་པ་རུ་རྫུ་སྟེ་བཏབ་ནས། ཆོས་སྐུ་བློ་ལས་འདས་པ་ལ་སྒོམ་མི་དགོས་ཟེར་ནས་བཏང་སྙོམས་སུ་བཞག་པས་ལོངས་སྐུ་རྒྱལ་བ་དང་འདྲ་བའི་ཏིང་ངེ་འཛིན་དང་བྲལ་ནས་ཆོས་སྐུ་མི་ཐོབ་པའི་དཔེ་རྒྱལ་སྲིད་ཤོར་བ་དང་འདྲ་ཞེས་པའི་དོན་ཏོ།། ་དེ་དག་གི་གཏམ་རྒྱུད་བག་ཙམ་ཡོད་པ་ཞལ་ལས་ཤེས་སོ། །གཉིས་པ་གླང་པོ་ཆེའི་དཔེས་བསྟན་པ་ནི། རྟོགས་པ་རྣམས་ཀྱིས་ཅེས་པ་དེ་ནི་སངས་རྒྱས་ཀྱི་སའི་ཡེ་ཤེས་རྟོགས་པ་ལ་བྱ་སྟེ། འདི་ལ་མིང་འདོགས་ལུགས་འགའ་རེ་ཡོད་དེ། རྣམ ་པར་མི་རྟོག་པའི་ཡེ་ཤེས་ཞེས་ཀྱང་བྱ་ལ། རྒྱུན་ཟད་ཡེ་ཤེས་ཀྱི་འོད་གསལ་ཞེས་ཀྱང་བྱ་སྟེ། དོན་ལ་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཐམས་ཅད་ཟད་ཅིག་འགགས་པའི་སེམས་དང། སེམས་ལས་བྱུང་བ་ཐམས་ཅད་ཀྱི་རྒྱུ་ཟད་ནས་སྨྲ ་བ་དང་བརྗོད་པ་ཐམས་ཅད་དང་བྲལ་བ་བློ་དང་བསམ་པའི་ཡུལ་ལས་འདས་ཙམ་ན། སངས་རྒྱས་ཀྱི་ས་ལ་ཐེ་ཙོམ་མམ། སོམ་ཉི་མི་ཟ་པ་ཡིན་ལ། དེ་ལྟར་རྟོགས་བད་རུང་དུ་རྒྱུ་ལམ་དུ་བྱས་ནས་འབྲས་བུ་ཕྱིན་ནས་ཐོབ་པར་འདོད་པ་ནི་མ ་རྟོགས་པའི་སྤྱོད་པ་ཡིན་ཏེ། དེ་ནི་གླང་པོ་ཆེ་འདམ་དུ་ཕྱིར་བ་དང་འདྲ་སྟེ། །རང་གིས་རང་མ་ཐོན་ན་གཞན་གྱིས་མི་ཐོན་པའི་དོན་དང་སྦྱར་རོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། ?་།། ་ཀཧྞ་བའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།། །གུ་རུ་ཀཧྞ?་བའི་ཞལ་ནས། ཤིང་རྟའི་འཁོར་ལོ་བཞི་དང་མི་ལྡན་ཁྲིད་ཀྱང་འགྲོ་བར་མི་ནུས་ལྟར། །སྦྱིན་སོགས་འབད་པ་བྱས་ཀྱང་བླ་མ་མི་ལྡན་དངོས་གྲུབ་དམ་པ་མིན། །བྱ་རྒོད་རྩལ ་རྫོགས་འདབ་གཤོག་རྒྱས་པ་དག་ནི་ནམ་མཁར་སྤྱོད་ཅིང་རྒྱུག་།སྐལ་བཟང་རྣལ་འབྱོར་རྣམས་ནི་དབང་གི་གདམ་ངག་ཁོང་དུ་ཆུད་པས་བདེ། །ཅེས་སོ། །འདི་ལ་དཔེ་དོན་རྣམ་པ་གཉིས་ཏེ། དང་པོ་བློ་དང་མི་ལྡན་ན་དངོས ་གྲུབ་མི་རྙེས་པའི་དཔེ་ཤིང་རྟ་ལྟ་བུས་བསྟན་ཏེ། དཔེ་ཤིང་རྟའི་འཁོར་ལོ་དེ་ཡན་ལག་བཞི་དང་མི་ལྡན་ན་འགྲོ་མི་ནུས་པ་ཡིན་ལ། གསུམ་ལས་གཅིག་དང་མི་ལྡན་ན་འགྲོ་མི་ནུས་པ་ལྟར། སྦྱིན་སོགས་ལ་འབད་པ་བྱས་ཀྱང། ཅེས་པ་ནི། ?? ་བསོད་ནམས་ཀྱི་ཚོགས་ཅི་སྙེད་པ་འམ། ལུས་ངག་གི་བསྲུང་སྡོམ་ལ་སོགས་པ་འབད་ཅི་སྙེད་གཅིག་བྱེད་པ་ཡང། ཐུན་མོང་གི་དངོས་གྲུབ་ལྷ་མིའི་གོ་འཕངས་ཙམ་ལས་མཆོག་གི་དངོས་གྲུབ་རྙེད་པ་དེ་མིན། ཅེས་སོ། །དཔེ་གཉིས་པ ་བླ་མ་དམ་པ་དང་ལྡན་ན་ཐབས་ཟབ་མོ་དབང་ལ་རྟེན་སྟེ་འབྲས་བུ་མཆོག་ལ་སྦྱོར་བའི་དཔེ་འདབ་གཤོག་ཚང་བའི་བྱ་རྒོད་ལྟར་བསྟན་པ་ནི། བྱ་རྒོད་རྩལ་རྫོགས་པ་ནི། ཅེས་པ་ལ་ལང་ཚོ་དར་ལ་བབ་པ་ལྟ་བུ་ཡིན་ལ། འདབ་གཤོག ་ཚང་བ་ཅེས་པ་ཇི་ལྟ་བུ་དྲུག་དང་ལྡན་པ་ལ་བྱ་སྟེ། དེ་ལྟ་བུའི་བྱ་རྒོད་དེ་ནི་ངལ་བ་དང་དུབ་པ་དང་གཡང་ཟ་བ་མེད་པར་ཚེ་རབས་ཀྱི་བར་དུ་ཡང་ནམ་མཁའ་ལ་སྤྱོད་ཅིང་རྒྱུ་ཅེས་པའོ། །དཔེ་དེ་དང་འདྲ་བར་སྐལ་ལྡན་ཅེས་པ་དངོས་གྲུབ་བམ?། བླ ་མ་བྱད་པར་ཅན་གྱིས་རྗེས་སུ་གཟུང་བའི་སྐལ་བ་དང་ལྡན་པ་ལ་བྱ་སྟེ། བླ་མ་དེ་ཡང་གསུམ་ལྡན་དུ་བཞག་དེ། དང་པོ་དབང་གི་དུས་སུ་བྱིན་རླབས་དང་བཅས་པ་གཅིག་བསྐུར་ནས་བར་དུ་ཆོས་འཆད་པའི་དག་དེ་གོ་རྟོགས་བྱས་པ་གཅིག ་འཆང། ཐལ་གདམ་ངག་ངེས་ཤེས་དང་བཅས་པ་གཅིག་འདེབས་ཤེས་པ་དེ་ལ་བླ་མ་གསུམ་ལྡན་ཅེས་པ་སྐལ་བ་དང་ལྡན་པའོ། །རྣལ་འབྱོར་དམ་པ་ཅེས་པ་གོང་གི་བླ་མའི་གདམ་ངག་གསུམ་པོ་དེ་ལ་སྦྱོར་བར་བྱེད་པས་ན་དམ་པའོ། ། ་རྣམས་ནི་ཅེས་པ་མང་པོའི་སྒྲ་ཡིན་ཏེ་སྐལ་ལྡན་རྣམས་སོ། །དབང་གི་མན་ངག་ཅེས་པ་དབང་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཐོབ་པའི་མན་ངག་ཁོང་དུ་ཆུད་པ་གཅིག་ལ་ཟེར་སྟེ། བསྐུར་བྱེད་ཀྱི་དབང་ནི་བུམ་པ་ལ་སོགས་པ་གསུམ་པོ་དེས་ཇི་ལྟར་བསྐུར་པའི ་ཚུལ་ཁོང་དུ་ཚུད་པས་བདེ་ཞེས་བྱ་ལ། བསྐུར་བར་བྱ་བའི་དོན་རང་སེམས་ཆོས་སྐུར་ངོ་སྤྲད་པས་དོན་ཟག་པ་མེད་པའི་ཡེ་ཤེས་དེ་ལ་ཆེན་པོ་ཞེས་བྱའོ། །རྣལ་འབྱོར་པ་ཀཧྞ་པའི་རྟོགས་པ་བརྗོད་པ་དང་འགྲེལ་པ་རྫོགས་སོ།། ?་།། ་ཀརྞ་རི་བའི་དོཧ་འགྲེལ་བ་དང་བཅས་པ་བཞུགས་སོ།། །གུ་རུ་ཀརྞ་རི་པའི་ཞལ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ངོ་བོ་གཅིག་།དེ་ནི་རྟོགས་ན་རང་བཞིན་རང་གི་སེམས། རྟོགས་པར་འདོད་ན་མ་བཅོས་ཇི་བཞིན་ཞོག་།གོམས་པར་བྱས་ན ་རྣལ་འབྱོར་མངོན་དུ་འགྱུར། ཅེས་སོ། །འདིའི་དོན་ནི། དེ་ལ་དུས་གསུམ་ཅེས་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་གསུམ་ལ་བྱ་སྟེ། དུས་གསུམ་གྱི་སངས་རྒྱས་དེའི་ཡོན་ཏན་ལ་བཏགས་ན་སངས་རྒྱས་རེ་རེ་ལའང་ཡོན་ཏན་བརྗོད་ཀྱི་མི་ལང ་སྟེ། ཆོས་སྐུ་དཔེ་དང་བློས་མི་རིག་སྟེ། ཐུགས་རྗེའི་རྒྱུན་ལ་འགག་པ་མེད་པའི་དཔེ་ནམ་མཁའ་ལྟ་བུའི་ཡོན་ཏན་མངའ་། ཆོས་སྐུ་ལ་མཚན་མ་མངའ་ཡང་ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་དཔེ་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུ ་དང། སྤྲུལ་སྐུ་རང་ཤར་འགག་མེད་ཀྱི་དཔེ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཡོན་ཏན་དང། དེ་ལྟར་སྐུ་གསུམ་གྱིས་འགྲོ་དོན་མཛད་པས་གཟུགས་སྣ་ཚོགས་འཛིན་པའི་ཡོན་ཏན་འབྱུང། དེ་ཐམས་ཅད་ཀྱི་ངོ་བོ་ཡང་རྣམ་པར་མི་རྟོག་པའི ་ཡེ་ཤེས་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་ན་ངོ་བོ་གཅིག་ཅེས་པའོ། །ཡང་དུས་གསུམ་སངས་རྒྱས་ཅེས་པ་རང་གི་སེམས་ཉིད་འདི་དུས་གསུམ་ཡང་ཡིན་ཏེ། འདས་པའི་དུས་ནི་ཐོག་མའི་ཆ་སྐད་ཅིག་དང་པོ་ལ་འཁྲུལ་པ་འབྱུང་བའི ་དབང་གིས་རྟོག་པ་སྣ་ཚོགས་སུ་འཁྲུལ་བ་དེ་ཡེ་ཤེས་ཀྱི་རྒྱུ་ཡིན་ལ། ད་ལྟར་སྐད་ཅིག་མ་གཉིས་པ་འཁྲུལ་བ་དེ་ཡང་ཡེ་ཤེས་ཡིན། མ་འོངས་པ་སྐད་ཅིག་གསུམ་པ་ལ་འཁྲུལ་བ་དེ་ཡེ་ཤེས་ཡིན་ནོ། །དེའི་གནད་སྐས་ཅི་ཡིན ་བྱས་པ་ལ། དེ་ཐམས་ཅད་ཀྱི་ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་ལྷན་གྱིས་ཤེས་ཙ་ན། དུས་གསུམ་གྱི་རྟོག་པ་ཇི་རྙེད་པ་དེ་རྙེད་ཡོད་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་དུ་དུས་གསུམ་པོ་དེ་གཅིག་པས་ན་ངོ་བོ་གཅིག་ཅེས་པའི་དོན་ཏོ། ། ་དེའི་ངོ་བོ་རང་གི་སེམས་ཅེས་པ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འམ། དུས་གསུམ་འཁྲུལ་བའི་ངོ་བོ་ཐམས་ཅད་རང་སེམས་ཆོས་སྐུ་ཆེན་པོ་ཡིན་པ་ལ་དེ་ཐམས་ཅད་གཞན་ནས་བཙལ་མི་དགོས་པར་རང་གི་སེམས་ཉིད་ཀྱི་ངོ་བོ ་ཉིད་ལས་མ་འདས་པ་ངོ་བོ་རང་གི་སེམས་ཅེས་པའོ། །དོན་ལ་སེམས་ཉིད་ཡེ་ཤེས་ཀྱི་ངོ་བོ་ལས་མ་འདས་པ་ལ་བྱའོ། །དེ་རྟོགས་པར་འདོད་ན་མ་བཅོས་ཇི་བཞིན་ཞོག་།ཅེས་བྱ་སྟེ། ཇི་བཞིན་ནི་ཡེ་ཤེས་རང་ལུགས་དེ་ལ་བྱ་སྟེ་། ་དེ་ལ་བཙལ་བས་མི་རྙེད་ཅེས་པ་ཞོག་ཅིག་བ་ཡིན་ལ། རྩོལ་བ་བློ་ཡིན། བློ་ཀུན་རྫོབ་ཡིན་པས་སོ། །འོ་ན་རྩོལ་བྲལ་དེ་ཉམས་སུ་བླངས་པའམ། གོམས་པ་ཇི་ལྟར་བྱས་པ་ལ་འབྱུང་ན། སྙིང་པོའི་དོན་དེ་མངོན་སུམ་དུ་ཇི་ལྟར་འགྱུར ་ཅེས་པ་སྟེ། བློ་དང་རྩོལ་བ་ལ་གོམས་པར་བྱ་བ་མ་ཡིན་གྱི། རང་ལུགས་རྩོལ་བྲལ་གྱི་ཡེ་ཤེས་ཉམས་སུ་མྱོང་རྒྱུ་མེད་པའི་ཉམས་མྱོང་དུ་རྒྱུན་མི་འཆད་པའི་བསམ་གཏན་དེ་གོམས་པར་བྱས་པས་སྙིང་པོའི་དོན་དེ་མངོན་དུ་གྱུར་ནས་སངས ་རྒྱས་ཀྱི་སྤྱོད་ཡུལ་བའོ། །རྣལ་འབྱོར་པ་ཀརྞ་རི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། 18་(།།ཐ་ག་ན་པའི?་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཐ་ག་ན་པའི་ཞལ་ནས། གང་གི་སྣ་བར་ཆུ ་ཞུགས་ནས། ཆུ་ཉིད་ཀྱིས་ནི་འབྱིན་པ་བཞིན། །དེ་བཞིན་སྣང་སྲིད་བརྫུན་པ་ལ། །བརྫུན་པར་བསྒོམས་པས་བདེན་པར་མཐོང། །ཅེས་སོ། །འདིའི་དོན་ནི། གང་གི་རྣ་བར་ཆུ་ཞུགས་བ། ཅེས་པ་རྣ་བ་སྐམ་པོ་དེར་ཆུ་ཐིགས་པ་གཅིག་ཞུགས ་པ་དེ་རྣ་བའི་སྣུམ་དང་བ་སྤུའི་འོག་ཏུ་ཟིལ་བར་སོང་ནས་མི་འཐོན་པས། དེ་ཟུག་རྡུར་གྱུར་ནས་མགོ་བོ་ན་བ་དང། རླུང་ནད་དུ་འགྱུར་ལ། དེ་འདོན་པའི་ཐབས་ལ་མཁས་བས། ཆུ་རང་གིས་གང་བར་བླུག་པས་ཆུས་ཆུ་དྲངས་ནས་ཕྱིར་འཐོན ་པ་ལྟར། དེ་བཞིན་དུ་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་བརྫུན་པ་ལ། བརྫུན་བ་དེ་རང་བསྒོམས་པས་བདེན་པར་མཐོང་བ་ཡིན་ཏེ། ཇི་ལྟར་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བརྫུན་པར་མཐོང་ཙ་ན་གང་ལ་ཡང་སྙིང་པོ ་མེད་པ་སོག་སོ་བ་ཡ་མ་བླ་དེ་ཀ་ལ་བདེན་པར་མཐོང་ཅེས་པའོ། །རྣལ་འབྱོར་པ་ཐ་ཀ་ནའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། ?་།། *། (།ན་རོ་བའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།།གུ་རུ་ན་རོ ་བའི་ཞལ་ནས། འཁོར་ལོས་བསྒྱུར་རྒྱལ་དཔུང་ཚོགས་རྣམས་ཀྱིས་ནི། གླིང་དང་གླིང་ཕྲན་དག་ལ་དབང་བྱེད་ལྟར། །ལྷན་ཅིག་སྐྱེས་པའི་རོ་གྱུར་རྣལ་འབྱོར་ནི། །འཁོར་བ་དབང་བསྒྱུར་བདེ་བ་ཆེན་པོ་ཡིན། །ཅེས་སོ། །འདི་ལ་དཔེ་དོན ་གཉིས་ལས། དང་པོ་འཁོར་ལོས་བསྒྱུར་རྒྱལ་དཔུང་གི་ཚོགས་ཀྱིས་གླིང་དག་ལ་དབང་བྱེད་པ་ལྟར་ཅེས་པ་ནི། །འཁོར་ལོས་བསྒྱུར་རྒྱལ་ཅེས་པ་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་བྱའོ། །དེ་ལ་གསེར་དངུལ་ཟངས་ལྕགས་ཀྱི་རྒྱལ་པོ་བཞི་ཡོད་པ ་ལས། དེ་ཡང་གསེར་གྱི་རྒྱལ་པོ་དེས་གླིང་བཞི་ལ་དབང་བྱེད་ནུས་ཏེ། དེ་ནི་སྔོན་གྱི་སྨོན་ལམ་དང་ལས་དང་བསོད་ནམས་ཀྱིས་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང། བཀྲ་ཤིས་པའི་རྫས་བརྒྱད་དང། རྫུ་འཕྲུལ་གྱི་ཡོན་ཏན་སྣ་ཚོགས་རྫོགས ་ནས་གླིང་བཞི་ལ་དབང་བྱེད་པ་ལྟར། དོན་ནི་ལྷན་ཅིག་སྐྱེས་པའི་རོ་རྙེད་པར་གྱུར་ནས། འཁོར་བ་དབང་བསྒྱུར་བདེ་བ་ཆེ། །ཅེས་པ་ནི། ལྷན་ཅིག་སྐྱེས་པ་ཅེས་པ་རང་རིག་གཉུག་མ་འོད་གསལ་དེ་ཡེ་གདོད་མ་ནས་རང ་ལ་རང་ཆས་སུ་གནས་ཏེ། གཞན་ནས་བཙལ་མི་དགོས་པས་ལྷན་ཅིག་སྐྱེས་པ་ཅེས་བྱའོ། །དེའི་རོ་རྙེད་པ་ནི་གཉུག་མ་ཆོས་སྐུ་རྟོགས་པ་ལ་རོ་རྙེད་པ་ཅེས་པའོ། །དེས་འོད་གསལ་དབང་བསྒྱུར་བར་བྱེད་པ་ནི། འཁོར་འདས་ཀྱི་ཆོས་ཐམས ་ཅད་གཉུག་མའི་ངོ་བོ་ལས་མ་འདས་པས་དབང་བསྒྱུར་ཅེས་པའོ། །བདེ་བ་ཆེ་ཅེས་པ་འཁོར་བའི་རྟོག་པ་ཐམས་ཅད་གཉུག་མའི་ངང་ངམ། རང་བཞིན་དུ་རྟོགས་པས་བདེ་བ་ཆེ་ཅེས་པའོ། །རྣལ་འབྱོར་པ་ན་རོ་པའི་རྟོགས་བརྗོད་དང་འགྲེལ་པ ་རྫོགས་སོ།། 20་(།།ཤ་ལི་བའི་དོཧ?་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཤ་ལི་བའི་ཞལ་ནས། ལེགས་སྦྱངས་རི་མོ་མཁན་དག་གིས། །ཤིན་ཏུ་འཇིགས་པའི་གཟུགས་བརྙན་བྲིས། །མཐོང་ན་བདག་ཉིད་འཇིགས ་འགྱུར་ལ། །བརྟགས་ན་མ་གྲུབ་གཟུགས་བརྙན་སྣང། །ཅེས་སོ། །འདིའི་དོན་ནི། འདི་ལ་ལྷམ་བཟོའི་གཏམ་རྒྱུད་གཅིག་ཡོད་དེ། དེ་ཡང་རྒྱ་གར་གྱི་ཁང་བདག་ཕྱུག་པོ་གཅིག་གིས། དཀོར་མཛོད་དང་བང་མཛོད་ཀྱི་ཁང་བཟང་དཔག་ཏུ ་མེད་པ་ཡོད་པས། དེ་བསྲུང་བའི་ཆེད་དུ་མུ་སྟེགས་ཚོགས་བདག་གླང་པོ་སྣའི་མཐུ་བསྒྲུབས་ནས་ཡོད་པ་ལས། དེའི་བསྲུངས་མ་གནོད་སྦྱིན་ནག་པོ་རལ་གཅིག་བྱ་བ་ཡོད་པས། དེའི་གཟུགས་ཁང་བཟང་གི་སྒོ་ཁང་དུ་ལྷ་བཟོ་ཤིན་ཏུ་མཁས ་པ་གཅིག་གིས་བྲིས་ནས་བཞག་པས། དེར་ལྷ་བཟོ་བས་ཡོན་བདག་གི་ཁྱིམ་དུ་ཟླ་བ་བརྒྱད་ལོན་ནས། ཡོན་བདག་དང་འགྲོགས་ཏེ་ནོར་ལེན་དུ་ཕྱིན་པས་ཤིན་ཏུ་འཇིགས་པའི་གཟུགས་ཅན་དེས་གཉིས་ཀ་དྲེད་དེ་རྒྱལ་ལོ། དེ་ནས་ལྷ་བཟོ་དེས་། ་?་འདྲིས་པའི་བག་ཆགས་ཀྱིས་རྒྱལ་བ་སངས་ནས་བརྟགས་པས། འཇིགས་པའི་གཟུགས་བརྙན་མ་གྲུབ་པ་དེའི་གཉེན་པོར་སོང་ནས་དེ་ལ་ཁོང་གཉིས་མི་འཇིགས་སོ། །དཔེ་དེ་བཞིན་དུ་ལེགས་སྦྱངས་རི་མོ་མཁན་དང་འདྲ་བ་ནི་འཁོར་བ་རྣམ ་རྟོག་གི་འཁྲུལ་རྟོག་འདི་ཡིན་ལ། འཇིགས་པའི་གཟུགས་བྲིས་པ་ནི་ཕྱིའི་འབྱུང་བ་ལས་སྐྱེས་པའི་སྣོད་ཀྱི་འཇིག་རྟེན་གྱི་གཟུགས་དང། ནང་རྟེན་འབྲེལ་ལས་སྐྱེས་པའི་བཅུད་ཀྱི་གཟུགས་འདི་ལ་བྱ་སྟེ། མཐོང་ན་བདག་ནི་འཇིགས་འགྱུར ་ལ་ཅེས་བྱ་སྟེ། བདག་འཁྲུལ་བའི་དུས་སུ་སོ་སོ་སྐྱེ་བོ་ཐེག་པ་དམན་པ་ཉན་ཐོས་དང། རང་སངས་རྒྱས་དང་ཡུལ་གང་ལ་དངོས་པོ་འཛིན་པ་རྣམས་ཀྱིས་མཐོང་ན་འཇིགས་འགྱུར་ལ། ཅེས་བྱའོ། །བརྟགས་ནས་མ་གྲུབ་གཟུགས ་བརྙན་སྣང། ཅེས་པ་གནས་ལུགས་སྒྲ?་མེད་འོད་གསལ་དུ་རྟོགས་པའི་གང་ཟག་དེས་བརྟགས་པས་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་འཇིགས་པའི་གཟུགས་དེ་ལྟ་བུ་མ་གྲུབ་ཏེ། དངོས་པོ་གང་དུ་ཡང་ཞེན་པ་མེད་པའི་ཕྱིར་རོ། ། ་འོ་ན་གཉེན་པོ་གཅིག་ཡོད་དམ་མེད་བྱས་པ་ལ་མེད་དེ། སྤངས་བྱ་ཉོན་མོངས་པ་དང། གཉེན་པོ་གཉིས་ཀ་ཡང་བརྟགས་ན་མ་གྲུབ་པའི་ཕྱིར་རོ། །རྣལ་འབྱོར་པ་ཤ་ལི་པའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། 21་།། ་*། (།ཏིལློ་བའི་དོཧ?་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།།གུ་རུ་ཏིལློ་པའི་ཞལ་ནས། རི་རབ་ངེས་ལ་བྱ་གནས་པ། བྱ་ཡི་རང་བཞིན་གསེར་དུ་སྣང། །མཁས་པ་སྐྱེ་མེད་རྟོགས་པ་ཡིས། །དངོས་པོ་བོར་ནས་བདེ་བ་ཆེ། །ཅེས་སོ། ། ་འདི་ལ་གཉིས་ཏེ། དེ་ཡང་རི་རབ་ངོས་ལ་ཅེས་པ་དཔེ་ཡིན་ཏེ། རི་རབ་ཅེས་པ་རི་བོ་མཆོག་རབ། གསེར་གྱི་ཅེས་པ་དེའི་འགྲམ་དུ་རིན་པོ་ཆེ་གསེར་གྱིས་གཞི། དེ་ལ་བརྟེན་པའི་རི་བདུན་ཡོད་དེ། གཉའ་ཤིང་འཛིན་དང་གཤོལ་མདའ ་འཛིན་གཉིས། སེང་ལྡན་ཅན་དང་ལྟ་ན་སྡུག་གཉིས། རྟ་སྣ་དང་རྣམ་འ?་པ་གཉིས་སྟེ་དྲུག་།མུ་ཁྱུད?་འཛིན་དང་?་པོ་དེ་གསེར་དུ་ཡོད་པས། དེའི་སྒོ་ལ་འདབ་ཆགས་གཡུའི་ཁྱུང་ཅེས་བྱ་བ་རི་རབ་ལན་གསུམ ་གསུམ་སྐོར་ནུས་པ་གཅིག་ཡོད་པའི་དུས་སུ། རི་དེ་དག་ལ་རྟེན་བྱས་ནས་སྤང་པས་གཡུའི་རང་བཞིན་སྤངས་ནས་གསེར་གྱི་མདོག་ཏུ་འགྱུར་སྐད། དེ་བཞིན་དུ། མཁས་པ་གང་ཞིག་སྐྱེ་མེད་རྟོགས་ཅེས་པ་ནི། མཁས་པ་ཅེས་པ་ནི་ཚིག ་དོན་གཉིས་ཀ་ལ་མཁས་པ་གཅིག་ལ་བྱ་སྟེ། ཚིག་གི་སྒྲོ་འདོགས་སྤྱོད་པ་ལ་མཁས་པས་མཚོན་བྱ་དོན་གྱིས་སྐྱེ་བ་མེད་པ་རྟོགས་ལ། དོན་ལ་མཁས་པས་གནས་ལུགས་སྐྱེ་བ་མེད་པ་དེ་རྟོགས་ཤིང་ཁོང་དུ་ཚུད་པ་གཅིག་ལ་མཁས་པ ་ཅེས་བྱའོ། །དེ་ལྟ་བུའི་མཁས་པ་དེས་དངོས་པོའི་རང་བཞིན་བོར་ནས། ཅེས་པ་ནི། ཕྱི་ནང་གི་གཟུང་འཛིན་དུ་བྱེད་པའི་དངོས་པོ་སྐྱེ་བ་མེད་པར་རྟོགས་པས་བོར་ནས་བདེ་བ་ཆེ་ཞེས་པའོ། །ཇི་ལྟར་བདེ་བ་ཆེ་ན། གཟུང་འཛིན་གཉིས ་མེད་ཀྱི་བདེ་བ་ཆེ། ཅེས་པའོ། །རྣལ་འབྱོར་པ་ཏིལློ་པའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། 22་(།།ཙ་ཏྲ་བའི་དོཧ?་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཙ་ཏྲ་པའི་ཞལ་ནས་།རྣལ་འབྱོར་པ་ཡིས་གང་མཐོང ་གདམས་པ་ཡིན། །མཐོང་བ་སྐྱེ་མེད་རྟོག་པ་སློབ་དཔོན་མཆོག་།བྱིས་པ་རྣམས་ཀྱིས་གཉིས་འཛིན་རྟོག་པ་ཡིས། །དགེ་སྡིག་འབྲས་བུ་དེ་ལ་གཉིས་མི་འགྱུར། །ཅེས་སོ། །འདིའི་དོན་ནི། རྣལ་འབྱོར་པ་ཡིས་གང་མཐོང་གདམས་པ ་ཡིན། ཅེས་པའི་རྣལ་འབྱོར་ནི་སྐྱེ་མེད་རྟོགས་པའི་སྐལ་བ་དང་ལྡན་པའི་གང་ཟག་དེ་ལ་བྱ་གང་མཐོང་ཐམས་ཅད་གདམས་པ་སྟེ། གང་མཐོང་བ་སྣང་བ་དང་སྟོང་པ་གཉིས། བདེ་བ་དང་སྡུག་བསྔལ་གཉིས། ཞི་གནས་དང་ལྷག་མཐོང་གཉིས།། ་ཡིན་པ་དང་མ་ཡིན་པ། ཕ་ཀ་དང་ཚུ་ཀ་དང། རྒྱུ་དང་འབྲས་བུ་ལ་སོགས་པ་གཉིས་ཀ་འཛིན་གྱི་ཆོས་ཐམས་ཅད་གདམས་པ་ཡིན་ཏེ། །ཅིའི་ཕྱིར་གདམས་པ་ཡིན་ན། དོན་སྐྱེ་མེད་དེ་ལ་གཉིས་སྣང་གི་ཆོས་ཐམས་ཅད་མ་གྲུབ་པས་གང་མཐོང་བ་ཐམས་ཅད་སྐྱེ ་མེད་དུ་རོ་གཅིག་པས་གདམས་པར་འགྲོ་།ཅེས་པའོ། །མཐོང་བ་སྐྱེ་མེད་རྟོགས་ཕྱིར་སློབ་དཔོན་མཆོག་།ཅེས་པ་ནི། མཐོང་བ་ཞེས་པ་གཉིས་སྣང་ལ་སོགས་པ་ཅི་མཐོང་བ་ཐམས་ཅད་སྐྱེ་མེད་དུ་རྟོགས་པར་བྱ་བའི་ཕྱིར་རོ། །དེའི་ཐབས་ནི་སློབ་དཔོན ་མཆོག་ཅེས་པ་ལ་བྱའོ། །གང་མཐོང་བ་ནི། །སྣང་བ་ཐམས་ཅད་སྐྱེ་མེད་དུ་རྟོག་པར་བྱེད་པའི་སློབ་དཔོན་གང་ཡིན་བྱས་བྱ་ལ། དེ་ཡང་གསུམ་ལྡན་གཅིག་ལ་བྱ་སྟེ། དང་པོ་དབང་གིས་རྒྱུད་སྨིན་པར་བྱས། གདམ་ངག་གིས ་ལམ་གྲོལ་བར་བྱས། འབྲས་བུ་སྐྱེ་མེད་མངོན་དུ་མཚོན་པར་བྱས་པ་གཅིག་ལ་མཆོག་ཅེས་བྱའོ། །བྱིས་པ་ཀུན་གྱིས་ཅེས་པ་ནི་སོ་སོ་སྐྱེ་བོ་ཐ་མལ་པའི་མི་ཤེས་བླུན་ཞིང་རྨུགས་པ་གཅིག་ལ་བྱའོ། །གཉིས་མེད་རྟོགས་ཕྱིར་ཅེས་པ་ནི། གཉིས ་སྣང་ཐམས་ཅད་སྐྱེ་མེད་དུ་རྟོགས་པར་བྱ་བའི་ཕྱིར་རོ། །དེའི་ཐབས་ནི་སློབ་དཔོན་མཆོག་ཅེས་བྱ་སྟེ། གང་མཐོང་བའི་སྣང་བ་ཐམས་ཅད་སྐྱེ་མེད་དུ་རྟོགས་པར་བྱེད་པའི་ཕྱིར་ཐབས་ཡིན་ཅེས་པ་སྟེ། དེ་གང་ཡིན་ན་སྐྱེ་མེད་རྟོགས་པར་བྱེད་པའི་ཐབས་དེ ་སློབ་དཔོན་ཡིན་ལ། དེ་ལྟར་སྐྱེ་མེད་ཀྱི་འབྲས་བུ་རྟོགས་ན་དགེ་སྡིག་གི་འབྲས་བུ་གཉིས་ཏེ། དེ་ལ་མི་འབྱུང་ཅེས་བྱ་སྟེ། འབྲས་བུ་སྐྱེ་མེད་ཐོབ་པ་དེ་ལ་དགེ་བའི་འབྲས་བུ་སྟེ་མཐོ་རིས་ལ་ཐོབ་རྒྱུ་མེད་ལ། སྡིག་པའི་འབྲས་བུ་སྟེ་ངན་སོང་ལ ་བསགས་རྒྱུ་མེད་པས་གཉིས་མི་འབྱུང། ཅེས་པའོ། །རྣལ་འབྱོར་པ་ཙ་ཏྲ་རི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། 23་།། *། (།བྷ་ཏྲ་པའི་དོཧ?་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་བྷ་ཏྲ་པའི་ཞལ་ནས། སྟོང ་ཉིད་རྟོགས་པས་འཁྲུལ་པ་དག་།བྱམས་པ་བསྒོམས་བས་སྤྱོད་པ་རྫོགས། །སྣ་ཚོགས་གཉིས་མེད་གོམས་བ་ཡིས། །བཞི་མཐུན་རོ་གཅིག་འབྲས་བུར་རྟོགས། །ཅེས་སོ། །འདིའི་དོན་ནི། བླ་མས་བདྷ?་རྣམ་པ་བཞི ་བསྟན་པས། ལྟ་སྒོམ་སྤྱོད་པ་རྣམ་པ་བཞི་རུ་ག་སྟེ། ཕྱག་དར་བ་དང་ཞལ་ཞལ་དང་ཁ་དོག་དང་གསུམ་པོ་རོ་གཅིག་པར་གོ་བ་ལ་སོགས་པའོ། །དེ་ལ་སྟོང་ཉིད་རྟོགས་པས་འཁྲུལ་བ་དག་།ཅེས་པ་ནི་ལྟ་བ་ཡིན་ཏེ། སྟོང་ཉིད་ནམ་མཁའ་ཆེན ་པོ་ལྟར་རྟོགས་པའོ། །ནམ་མཁའ་དེ་ལ་མཚན་ཉིད་ཡོན་ཏན་བཞི་ལྡན་དུ་འདུག་པ་ལྟར། སྟོང་ཉིད་རྟོགས་པའི་ཡེ་ཤེས་དེ་ཡང་དེ་བཞིན་དུ་ཡིན་ཏེ། ནམ་མཁའ་ཨི་ངོ་བོ་ཞེས་པའོ། །བྱམས་པ་བསྒོམས་པས་སྤྱོད་པ་རྫོགས། ཞེས་པ་ནི། སྟོང་ཉིད ་དེ་ཐམས་ཅད་འབྱུང་བའི་གཞི་རུ་འདུག་པས། བྱམས་པ་ལ་སོགས་པ་གང་ཡང་དགག་སྒྲུབ་མི་བྱེད་པར་སྤྱད་པས་འཆིང་གྲོལ་མེད་པས་སྤྱོད་པ་རྫོགས་ཅེས་པའོ། །སྣ་ཚོགས་གཉིས་མེད་སྒོམ་བ་ཡིས། །ཅེས་པ་ནི་སྟོང་ཉིད་དེ་ལས་རྫས ་ཐམས་ཅད་སྐྱེས་ཀྱང་སྟོང་ཉིད་དེ་རང་དང་གཉིས་མེད་དུ་འདུག་པས་དེ་ཁོ་ན་སྒོམ་ཞེས་བྱའོ། །གཞི་མཐུན་རོ་གཅིག་འབྲས་བུ་ཡིན། །ཅེས་པ་ནི། སྟོང་ཉིད་སྣ་ཚོགས་འབྱུང་བའི་གཞིར་འགྱུར་ཡང། །ངོ་བོ་སྟོང་པ་རུ་རོ་གཅིག་པར་འདུག་པས་གཞི་ ་ཡང་སྟོང་པར་མཐུན་པས་རོ་གཅིག་པ་།དེ་ཁོ་ན་ལ་ཐོབ་བྱ་མེད་པའི་འབྲས་བུ་ཟེར་ཏེ། ཐུན་མོང་མ་ཡིན་པས་མཆོག་ཅེས་བྱའོ། །རྣལ་འབྱོར་པ་བྷ་ཏྲ་པའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། 24་།། ་(ཁནདྷི་བའི་དོཧ?་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།།གུ་རུ་ཁནདྷི་པའི་ཞལ་ནས། ཀུན་རྫོབ་བསྐྱེད་པའི་རིམ་པ་དང། །དོན་དམ་རྫོགས་པའི་རིམ་པ་གཉིས། །ཟུང་འཇུག་ཕྱག་རྒྱ་ཆེན་པོར་བསྒོམས། །འབྲས་བུ་སྐུ་གསུམ་ཡེ་ཤེས་འཆར། །ཅེས་སོ། །འདིའི་དོན ་ནི། དེ་ཡང་བསྐྱེད་རྫོགས་གཉིས་གཅིག་ཏུ་བྱེད་པ་ཡིན་ཏེ། དེ་ལ་ཀུན་རྫོབ་བསྐྱེད་པའི་རིམ་པ་ཅེས་པ། ལྷ་བསྐྱེད་པའི་རིམ་པ་དཀྱིལ་འཁོར་གཅིག་གི་ནང་དུ་རྟོག་ཚོགས་ཐམས་ཅད་ལྷ་དང་ལྷ་མོར་གནས་བསྒྱུར་ནས་སྒོམ་པ་དེ་ཡིན་ལ། །དོན་དམ ་རྫོགས་པའི་རིམ་པ་ནི་སྔར་གྱི་ལྷ་བསྒོམ་པ་ལྷ་དེ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་སྒོམ་བ་ནི་རྫོགས་པའོ། །ཟུང་འཇུག་ཕྱག་རྒྱ་ཆེན་པོར་སྒོམ་ཅེས་བ་ནི། ཕྱག་རྒྱ་ཆེན་པོ་ཅེས་བྱ་བ་ལྟ་བའི་མཐར་ཐུག་ཡིན་ཏེ། ཕྱག་རྒྱ་ཅེས་པ་མི་སྣང་བ་འམ། སྟོང་པ་འམ། ་བསྐྱེད་རྫོགས་ཀྱི་རིམ་པ་འམ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རྒྱ་ཡིས་ཐེབས་བས་ན། ཕྱག་རྒྱ་ཅེས་བྱའོ། །ཆེན་པོ?་ཞེས་པ་ནི་དེའི་གོང་ན་གཞན་མེད་བའོ། །ཟུང་འཇུག་ཅེས་པ་ནི་གོང་ན་མེད་པ་དེའི་གནས་ལུགས་དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་སྣང་མེད་ཅིང་མ ་གྲུབ་པས་ཕྱག་རྒྱ་ཆེན་པོ་དེ་ཡང་ཟུང་དུ་འཇུག་ཅེས་བའི་དོན་ཏོ། །དེ་ལ་འབྲས་བུ་ཅི་འབྱུང་ཅེས་ན། འབྲས་བུ་སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་ཅན་གཅིག་ཐོབ་བྱ་མེད་པའི་འབྲས་བུར་གནས་སོ། །དེ་གཉིས་གང་གིས་ཀྱང་གཟུང་ས་མེད་པའི་སྐུ་རུ་གནས ་པའོ། །རྣལ་འབྱོར་པ་ཁནདྷའི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། 25་(།། ཛོ་ཀིའི་བོཏ?་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཨ་ཛོ་ཀིའི་ཞལ་ནས། བླ་མ་དམ་པའི་གདམ་ངག་གིས། །སྟེང་སྒོ་སྣ་རྩེར་ཐིག་ལེ་སྒོམ། །དེ་ཉིད་ལ ་ནི་བློ་གཏད་པས། །ཡུངས་ཀར་སྟོང་ཉིད་དམིགས་པ་སྟོར། །ཅེས་སོ། །དེ་ཡང། བླ་མ་དམ་པའི་གདམ་ངག་གིས་ཅེས་པ་ནི། ཐོག་མར་བླ་མས་བསྟན་པའི་བསྐྱེད་རྫོགས་ཀྱི་གདམ་ངག་གོ་།དེ་རང་ཇི་ལྟར་བསྟན་ཅེ་ན། སྟེང་སྒོ་སྣ་རྩེར་ཐིག་ལེ་སྒོམ་ཅེས་པ་སྟེ། དེ ་ཡང་སྟེང་སྒོ་ཐབས་ཀྱི་རང་བཞིན། འོག་སྒོ་ཤེས་རབ་ཀྱི་རང་བཞིན་ཡིན་པས། དེའི་སྟེང་སྒོ་གླང་བ་ལ་བདེ་བའི་འཁོར་ལོ་སྣའི་རྩེ་མོའི་ཆར་བྱང་ཆུབ་ཀྱི་ཐིག་ལེ་ཡུངས་འབྲུ་ཙམ་གཅིག་གི་ནང་དུ། སྟོང་གསུམ་སྒོམས་གཅིག་གསུངས་ནས་བསྒོམས་པས། ་དེས་འབྲས་བུ་ཅི་བྱུང་ན། དེ་ཉིད་ལ་ནི་བློ་གཏང་པས། ཅེས་འབྱུང་སྟེ། དེ་ཉིད་ཡུངས་ཀར་སྟོང་གསུམ་དེ་ལ་བློ་གཏང་པ་ནི་མ་ཡེངས་པར་བསྒོམས་པས། ཡུངས་ཀར་སྟོང་གསུམ་དམིགས་པ་སྟོར་ཅེས་བྱ་བ་འབྱུང་སྟེ། དེའི་ཐོབ་བྱ་གང ་ཡིན་ན། དམིགས་པ་དང་བཅས་པར་བསྒོམས་པས་ཡུང་ཀར་དང་སྟོང་གསུམ་གྱི་དམིགས་པ་དེ་སྟོང་ཉིད་ཀྱི་ནང་དུ་སྟོར་ནས། སྟོང་ཉིད་ཕྱག་རྒྱ་ཆེན་པོར་རྟོགས་ཏེ། དམིགས་པ་མེད་པ་ནམ་མཁའ་ཆེན་པོ་ལྟ་བུར་རྟོགས། ཅེས་པའི་དོན་ཏོ། འོ་ན ་སྟོང་ཉིད་དེ་ལས་འབྲས་བུ་ཕྱག་རྒྱ་ཆེན་པོ་བྱ་བ་གཅིག་བུད?་ནས་ཡོད་དམ་བྱས་པ་ལ། དེ་མེད་དེ། སྟོང་ཉིད་རང་གའི་དུས་ན་ཕྱག་རྒྱ་ཆེན་པོ་ཡིན་ལ། ཕྱག་རྒྱ་ཆེན་པོ་དེ་ཁོ་ན་སྟོང་ཉིད་ཡིན། ཅེས་སོ། །རྣལ་འབྱོར་པ་ཨ་ཇོ་ཀིའི་རྟོགས་བརྗོད་དང་འགྲེལ ་པ་རྫོགས་སོ།། 16་།།ཀ་ལ་པའི་དོ་ཏ་འབྲེལ་བ་དང་བཅས་པ་བཞུགས་སོ།། །གུ་རུ་ཀ་ལ་པའི་ཞལ་ནས། འགྲོ་བ་འདི་དག་ཐོག་མེད་དུས་ནས་འཁྲུལ། །ང་ཡིས་འཇིག་རྟེན་ཐམས་ཅད་སྐྱོན་པར་གྲགས། །བླ་མའི་གདམ་ངག་བདུད ་རྩིའི་སྨན་གྱིས་ནི། །འཁྲུལ་པའི་ན་དེ་རྣམས་སྐད་ཅིག་གཅིག་ལ་བསྲེགས། །ཅེས་སོ། །འདིའི་དོན་ནི། དེ་ཡང་འགྲོ་བ་ཅེས་པ་སྐད་ཅིག་མ་གཅིག་གིས་མི་སྡོད་པར་འགྲོ་བས་ན་འགྲོ་བའོ། །འདི་དག་ནི་ཁམས་གསུམ་འདི་ལ་བྱའོ། །ཐོག་མེད་ཅེས ་པ་བསྐལ་པ་ཐོག་མ་མེད་པའི་དུས་ནས། འཁྲུལ་ཅེས་པ་ནི། ཐོག་མ་མེད་པའི་དུས་དེ་ཁོ་ནས་འཁྲུལ་པ་ཡིན་སྟེ། ཇི་ལྟར་འཁྲུལ་ན། འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་འོད་གསལ་སྟོང་པའི་རང་བཞིན་གཉིས་མེད་ཟུང ་འཇུག་བདེ་བ་ཆེན་པོའི་རང་བཞིན་ཡིན་པ་ལ། ཡིན་པར་ངོ་མ་ཤེས་པས་མ་རིག་པས་མ་རིག་པར་མིང་བཏགས་ཏེ་དངོས་པོར་ཞེན་པས་འཁྲུལ་ཅེས་པའོ། །འཁྲུལ་པའི་རང་བཞིན་སྨྱོན་པར་གྲགས་ཅེས་པ་འཁྲུལ་བའི་རང་བཞིན་དཔེ་ཅི་དང་འདྲ་ན། ་དཔེ་ལར?་ཏངྒི་དུག་ཞེས་པ་དང་འདྲ་སྟེ། དེ་ནི་དབང་པོ་ལ་གཟུགས་སྣ་ཚོགས་འཛིན་པས་འཁྲུལ། །དབང་སྟེན་ལ་ཡང་སྣང་བས་འཁྲུལ་ལོ། །འཇིག་རྟེན་སྨྱོན་པར་གྲགས་ཅེས་པ་དུག་ལང་ཏང་ཟོས་པའི་སྨྱོན་པ་ལྟ་བུ་བླ་མའི་ལོ་རྒྱུས་དང་ཡང་སྦྱོར། བླ ་མའི་མན་ངག་བདུད་རྩིའི་སྨན་གྱིས་ཅེས་པ་ལ། བླ་མའི་མན་ངག་ནི་བསྐྱེད་རྫོགས་ཟུང་འཇུག་གཅིག་བསྒོམས་པས་དེའི་དང་དུ་བདག་གཞན་གྱི་དམིགས་པ་སྟོང་ནས་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ལྟ་བ་རྒྱུན་མི་འཆད་བའི་ཁམས་གཏན་རང་ཤུགས ་གྱིས་འབྱུང་ཞིང། ལྷུག?་བའི་སྦྱོད་བ་གཅིག་བྱུང་ནས་སྨྱོན་པར་གྲགས་སོ། །བདུད་རྩི་སྨན་དག་གི་ཅེས་པ་བདག་གཞན་གྱི་དམིགས་པ་མེད་པའི་སྨན་བདུད་རྩི་ལྟ་བུ་དེས། འཁྲུལ་བ་ལང་ཏང་གི་དུག་ཟོས་པ་ལྟ་བུའི་སྨྱོན་པའི་ནང་དེ་སྐད་ཅིག་མ་གཅིག་ལ ་བསྲེགས། ཅེས་པའི་དོན་ཏོ། །རྣལ་འབྱོར་བ་ཀ་ལ་པའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། 27་།།*། །ཌོམྦྷི་པའི་དོ་ཧ་འབྲེལ་བ་དང་བཅས་བ་བཞུགས་སོ།། །གུ་རུ་ཌོམྦྷི་པའི་ཞལ་ནས། ཡུན་རིང་དུས་ནས་དྲི་མ་འཁྲུད་བྱས་ཀྱང། ་སོལ་བའི་རང་བཞིན་དཀར་པོར་འགྱུར་བ་མེད། །རང་བཞིན་རྣམ་རྟོག་སྟོང་ཉིད་དག་པར་འགྱུར། །བླ་མའི་གདམས་པ་རང་བཞིན་ཁྲུས་མཁན་མཆོག་།ཅེས་སོ། །འདིའི་དོན་ནི། ཌོམྦྷི་པ་ཁྲུས་མཁན་ཡིན་པས། ཆོ་གང་ཏུ་ཡང་གོས་ཀློག་བཀྲུས། །ཅེས་པའི ་དོན་ཏོ། །སོལ་བའི་རང་བཞིན་དཀར་པོར་འགྱུར་བ་མིན། །ཅེས་པ་ནི་དཔེ་སོལ་བ་ལ་བྱ་སྟེ། དེ་ལ་བྱི་དོར་བྱས་ཀྱང་དཀར་བོར་མི་འགྱུར་ཅེས་སོ། །དཔེ་དེ་བཞིན་དུ་ཀྱིའི་དྲི་མ་ཡུན་རིང་དུ་བཀྲུས་ཀྱང། ནང་སེམས་ཀྱི་དྲི་མའམ། ལུས་ངག་གི་དྲི་མ་འདག ་ཏུ་མི་བཏུབ་པས་དཀར་བོར་འགྱུར་བ་མིན་ཅེས་པའོ། །རང་བཞིན་རྣམ་དག་སྟོང་ཉིད་གོས་དག་ལ། ཅེས་པ་ནི། ནང་གི་སེམས་ཉིད་ཡེ་ནས་རྣམ་པར་དག་བའི་རང་བཞིན་ཡིན་ཏེ། ཇི་ལྟར་དུ་དག་ན་ནམ་མཁའ་ཆེན་པོ་ལྟར་དག་པ་ཡིན་ཏེ། ནམ་མཁའ་ ་དེ་ལ་བློ་བུར་བ་ཇི་རྙེད་བྱུང་ཡང། གང་གིས་ཀྱང་བློ་བུར་བསྒྲིབ་གཡོགས་མི་མངའ་བས། རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་དུ། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དེ་ལ་བློ་བུར་བའི་རྣམ་རྟོག་མི་དྲི་མས་མ ་གོས་ན། རྣམ་དག་གི་གོས་དག་གོ་སྐད། རྣམ་དག་གི་གོས་དེ་ལ་ཁྲུས་སུས་བྱེད་ན། བླ་མའི་གདམ་ངག་རང་བཞིན་ཁྲུས་མཁན་མཆོག་།ཅེས་པ་དེ་ཡིས་བཀྲུས་ཅེས་པའོ། །ཇི་ལྟར་བཀྲུས་ན་བླ་མའི་བ་དྷ་ཡིས་བསྟན་པ་ཙམ་གྱིས་སྐད་ཅིག་ལ་ལུས ་ངག་གི་སྡིག་པ་ཐམས་ཅད་དག་པས་ན་བཀྲུས་ཅེས་པའོ། །རྣལ་འབྱོར་པ་ཌོམྦྷོ་པོའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། ?་(།།ཀཾ་ཀ་ནའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།།གུ་རུ་ཀཾ་ཀ་ནའི་ཞལ་ནས། རྟོགས་པ་ཡིད་བཞིན ་ནོར་བུ་ལ། །ཉམས་སུ་མྱོང་བའི་མདོག་བྱུང་བས། །སྤྱོད་པ་ནུས་པས་དགོས་གདོད་འབྱུང། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། ཅེས་སོ། །འདིའི་དོན་ནི། དེ་ལ། རྟོགས་པ་ཡིད་བཞིན་ནོར་བུ་ལ། ཞེས་པ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེ ་ངོ་དང་པོར་མ་ཤེས་པའི་དུས་ན་ཡོན་ཏན་ཡོད་པ་མ་རྟོགས་ཏེ། ངོ་ཤེས་པ་འམ། དེ་ལྟར་རྟོགས་ཙམ་ན་དེ་ལ་མདོག་ཕྱུང་ནས་བྱི་དོར་ངང་མཆོད་པ་ལ་སོགས་པ་བྱས་པས་དགོས་འདོད་ཀྱི་མདོག་འབྱུང་བ་ལྟར་སེམས་ཉིད་དེ་ལ་ཡང་ཉམས་སུ་མྱོང ་བའི་མདོག་འབྱུང་བས་ན། སྤྱོད་པའི་ནུས་པས་དགོས་འདོད་འབྱུང། ཅེས་པ་སྟེ། སྤྱོད་པ་ནུས་པ་ནི་རྟོགས་པའི་དོན་ལ་སྤྱོད་པར་ནུས་པ་ལ། དགོས་འདོད་འབྱུང་བ་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་དེར་འབྱུང་ཅེས་པའོ། རོ་སྙོམས་ལྡན ་བ་རྣམས་ཀྱིས་འགྲུབ། ཅེས་པ་ནི། དེ་ཡང་རྟོགས་པ་ཆོས་ཉིད་དུ་རོ་སྙོམས་པ་ལ། གྲུབ་པ་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཡེ་ཤེས་སུ་གྲུབ་པའོ། །རྣལ་འབྱོར་བ་ཀཾ་ཀ་ནའི་རྟོགས་པ་བརྗོད་པ་དང་འགྲེལ་པ་རྫོགས་སོ།། 97?་།། ་ཀཾ་བྷ་ལའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།། །གུ་རུ་ཀཾ་བྷ་ལའི་ཞལ་ནས། རྒྱ་མཚོ་ཟབ་ཅིང་རྒྱ་ཆེ་བའི་ནང་ན་ནོར་བུས་གང་པ་ལ། ཀླུའི་རྒྱལ་པོ་རྣམས་ནི་དེ་ལ་ལོངས་སྤྱོད་ངོ་མཚར་ཆེ། །དེ་བཞིན་སྣང་གྲགས་ཐམས་ཅད་ཡེ་ནས་ཆོས་སྐུ་ཡིན ་པ་ལ། །རྟོག་པ་དང་ལྡན་རྣམས་ནི་དེ་ལ་ལོངས་སྤྱོད་ངོ་མཚར་ཆེ། །ཅེས་སོ། །འདིའི་དོན་ནི། དེ་ལ་རྒྱ་མཚོ་ཆེན་པོ་ནི་དཔེ་ཡིན་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ཅེས་བ་ནི་ངོ་མཚར་ཅན་གྱི་རྒྱ་མཚོ་མཆོག་ཡིན་ཏེ། དེ་ལ་ནོར་བུ་རིན་པོ་ཆེ་ལ་སོགས་པ་རིན་པོ་ཆེ ་ཐམས་ཅད་ཀྱིས་བར་བར་བྱས་པ་དེ་ཀླུའི་རྒྱལ་པོ་ཆེན་པོ་ཐམས་ཅད་ལོངས་སྤྱོད་བྱེད་པ་དེ་བཞིན་དུ། སྣང་གྲགས་ཐམས་ཅད་ཡེ་ནས་ཆོས་སྐུ་ཡིན་པ་ལ། ཅེས་པ་སྟེ། སྣང་བ་ཞེས་བྱ་བ་ཕྱི་གཟུང་བྱའི་ཡུལ་དུ་གྱུར་བ་ཡིན་ལ། འཛིན་པ་ནི་ནང་གི་སེམས ་འཁྲུལ་བ་དང་བཅས་པའོ། །གྲགས?་ཅེས་པ་ནི་བཏགས་པ་ཙམ་ཡིན་ཏེ། ད་ལྟར་གྱི་སྣང་གྲགས་ཐམས་ཅད་ནི་ཡེ་ནས་ཆོས་སྐུ་ཡིན་པ་ལ། སྣང་བ་རང་བཞིན་གྱིས་མ་གྲུབ་པ་སྟེ། སྣང་བ་ཞེས་བྱ་བ་ནི་རྒྱུའི་གཟུགས་བཞི་བསྐྱེད་པའི་རྟེན་འགྲེལ་ལས་གྲུབ་པས ་ན་རང་བཞིན་གྱིས་སྟོང་པའོ། །བརྟགས་པ་ནི་ཏོག་འདུན་དེའི་བློ་འམ། བསམས་པའི་ངོ་བོ་ཙམ་ཡིན་ཏེ། དེ་ནི་གང་གི་སྐྱེ་མཆེད་བཅུ་གཉིས་པོ་དེ་ལ་ཡ་བྲལ་བར་བྱེད་པས་རང་བཞིན་གྱིས་སྟོང་པའོ། །འོ་ན། དཔེར་ན། བྲལ་བ་མེད་པས་ཡེ་ནས་ཆོས་སྐུ ་ཡིན་ལ། དེ་ཅི་ཡིན་ཞེ་ན། ཆོས་སྐུ་ཅེས་པ་སྟེ་དཔེ་དང་བློ་ཡིས་མ་རེག་པ་གཅིག་ཡིན་བས་ན་དངོས་པོ་འམ་དོན་ཏོ། །དེ་ཉིད་ལ་བརྟན་པ་ཐོབ་པའི་དཔེ་གླང་པོ་ལྟ་བུ་ཡིན་ཏེ། གླང་པོ་ཆེ་ནི་སྟོབས་དང་ལང་ཚོ་རྒྱས་པ་ལ་བརྟན་ཞིང་དུལ་བའི་གླང་པོ ་དེ་གཞན་གྱི་སྟོབས་ཀྱིས་བསྐྱོད་བར་མི་ནུས་པར་བརྟན་པ་དེ་བཞིན་དུ། གནས་ལུགས་སེམས་ཉིད་ཀྱི་ཡོན་ཏན་མཐོང་ཙམ་ན་ཉོན་མོངས་པ་འམ་རྣམ་པར་རྟོག་པ་གང་གིས་ཀྱང་བསྐྱོད་པར་མི་ནུས་བསམ། བརྟན་པ་ཐོབ་པས་རབ་ཏུ་བདེ། །ཅེས་པའི ་དོན་ཏོ། །དེ་ལྟར་སེམས་ཉིད་རྟོག་བའི་ཡོན་ཏན་ཁོང་དུ་ཚུད་ཙམ་ན་རྣམ་རྟོག་གིས་མི་གཡོ་བའི་དཔེ་རྒྱ་མཚོ་ལྟ་བུ་ཡིན་ཏེ། རྒྱ་མཚོ་དེ་ལ་རླུང་གིས་བསྐྱོད་ནས། རྦ་རླབས་ཇི་ལྟ་བུ་བྱུང་ཡང། འདོམ?་བདུན་མན་ཆད་དུ་གཡོ་མགུལ ་མེད་པ་དེ་བཞིན་དུ་གནས་ལུགས་ཀྱི་དོན་ཁོང་དུ་ཚུད་པ་ཉོན་མོངས་པ་རྣམ་རྟོག་གིས་གཡོ་མ་བུལ་མེད་བས་ན་བདེ་བ་ཆེ་ཞེས་གའོ། །དོན་གཉིས་པ་དེ་ལྟ་བུ་གནས་ལུགས་ཀྱི་ཡོན་ཏན་ཁོང་དུ་ཆུད་པས་རྟོག་པ་རང་ཤར་དུ་ཤར་བའི་དཔེ་གསུམ་གྱིས ་བསྟན་པ་ནི་མཚན་ཉིད་བཞི་ལྡན་དུ་བཤད་དོ། །དེ་ལ་སྤྱོད་པ་ནི་ཀླུའི་རྒྱལ་པོ་དང་འདྲ་སྟེ། དེ་སུ་ཡིན་ན་རྟོག་པ་དང་བཅས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་མཆེད་དུ་རྟོག་པ་ལ་བྱའོ། །ཉམས་མྱོང་ལྡན་པའི་རྣལ་འབྱོར་རྣམས་ཀྱིས་ཞེས་བ་དོན་ཉམས་སུ་མྱོང ་བ་ལ་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་དེ་ཡོན་ཏན་རྒྱ་མཚོ་ལྟར་འབྱུང་བས་སྤྱོད་པའོ། །ངོ་མཚར་བ་ནི་རྨད་དུ་བྱུང་བའོ། །རྣལ་འབྱོར་བ་ཀམྦྷ་ལའི་རྟོགས་བརྗོད་པར་འགྲེལ་བ་རྫོགས་སོ།། 34?་།། ་དིངཀ་བའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།། །གུ་རུ་དིངཀ་པའི་ཞལ་ནས། རྟ་དང་གླང་པོ་རྒྱ་མཚོ་འཕྲན་རབ་ཏུ་བདེ། །སྤྲེའུ་བྱིས་པ་ཆུ་ཡི་རི་མོ་འདྲན་རྟོག་པ་ཡིན། །ཆུ་བོ་ཉི་མ་སྨན་དང་འདྲན་དབྱེར་མི་ཕྱེད། གཙུག་ཕུད་མིག་དང་འཁོར་ལོ ་ལྟ་བུས་འབྲས་བུ་ཐོབ། ཅེས་སོ། །འདི་ལ་དོན་བཞི། དཔེ་བཅུ་གཉིས་ཀྱི་དོན་གྱིས་སྟོན་ཏེ། དེ་ལ་དང་པོར་གནས་ལུགས་ཇི་ལྟར་ཡིན་པ་གཏན་ལ་འབེབས་པ་དཔེ་གསུམ་གྱིས་བསྟན་ཏེ། རྟ་དང་གླང་པོ་རྒྱ་མཚོ་འདྲ་ན་རབ་ཏུ་བདེ། །ཞེས་བ་སྟེ། ་དེ་ལ་དང་པོ་བླ་མ་རྣམ་པ་གསུམ་གྱིས་གཏན་ལ་ཕབ་པའི་དུས་སུ་རང་ལ་ཡིད་ཆེས་པར་ལྷན་གྱི་སོར་ཅེས་པ་སེམས་ཉིད་ཀྱི་ཡོན་ཏན་མཐོང་བའི་དུས་ན་བགྲོད་བར་བྱ་བའི་ལམ་ལ་ཐོགས་པ་མེད་པར་འགྲོ་བའི་དཔེ་ནི་རྫུ་འཕྲུལ་གྱི་ཤུགས་ཐོབ་པའི་རྟ ་མཆོག་ལྟ་བུ་ཡིན་ཏེ། ཡུལ་གཅིག་ནས་གཅིག་ཏུ་ཐོགས་བར་ཕྱིན་པ་དང་འདྲ་བའི་གནས་ལུགས་ཀྱི་ལམ་སེམས་ཉིད་ཀྱི་ཡོན་ཏན་མཐོང་བས་བགྲོད་པར་བྱ་བའི་ས་དང་ལམ་སྐད་ཅིག་ལ་རྫོགས་པ་བདེ། ཅེས་པའི་དང་པོའོ། །སྤྲེའུ་བྱིས་པ་ཆུ་ཡིས་རི་མོ་འདྲན ་རྟོགས་པ་ཡིན། ཅེས་བས་བསན་ཏེ། དེ་ཉིད་ནི་སེམས་ཉིད་གནས་ལུགས་ཀྱི་ཡོན་ཏན་དེ་ཁོང་དུ་ཆུད་པས་རྟོག་པ་རང་ཤར་དུ་རྒྱུད་ལ་སྐྱེས་བུ་ཡིན་ཏེ། སྣང་བ་བླ་མ་ཤར་ན་སྣ་ཚོགས་སྤྱོད་ཅིང་མ་ཞེན་པའི་སྡེའུ་ལྟ་བུ་ལེན་པས་ན། སྦྱོད་པ་ལམ་ཞེན་པ་དེ ་ཀ་རྟོག་པའི་མཆོག་ཏུ་གྱུར་པ་ཡིན་བས་ན་རྟོག་པ་ཡིན་ཞེས་པའི་དོན་ཏོ། །དཔེ་གཉིས་པ་དེ་ལྟར་དུ་གྱུར་ཙམ་ན། སྣང་ལ་མ་ངེས་ཀྱང་བླ་མངོན་དུ་མ་སོང་བས་བུ་ཆུང་ལྟ་བུ་དེ་རྟོག་པ་ཡིན་ཅེས་པའི་དོན་ཏོ། །དཔེ་གསུམ་པ་མི་རོལ་སྐྱོས་ལ་སྣང་བ་སྣང ་ཚོགས་སུ་ཤར་བའི་ཆུའི་གཉེར་མ་ལྟ་བུར་འདུག་པ་དང། ཚོར་བ་རྗེས་བརྗོད་ཀྱི་ཤེས་བ་དེ་རྗེས་མེད་དུ་སོང་བས། ཆུའི་གཉེར་མ་ལྟར་རྗེས་མེད་དེ་ལ་རྟོགས་པ་ཡིན་ཞེས་པའི་དོན་ཏོ། །སྤྱི་དོན་གསུམ་བ་དབྱེར་མི་ཕྱེད་པ་ལ་གསུམ་སྟེ། དང་པོ་ཆུ་ཡིས་ཅེས? ་པ་ཏེ། ཕྱིའི་རྒྱ་མཚོ་ལ་ཆུ་བྲམ་ཐམས་ཅད་འབབ་པ་དེ་དག་ཐད་དུ་གྱུར་བ་མེད་དེ། ཐམས་ཅད་ལན་ཚར་རོ་གཅིག་པ་ལྟར་སྣང་བ་སྣ་ཚོགས་སུ་རྟོགས་པ་དེ་ཐམས་ཅད་དབྱེར་མེད་ཅིང་ཆོས་ཉིད་དུ་རོ་གཅིག་པས་དབྱེར་མི་བྱེད་པའོ། །ཉི་མ་ཅེས་པ་ནི་ནམ་མཁའ་ལ་ཤར ་བའི་ནི་མ་དེ་ལ་གཅིག་ལས་མེད་པ་ལ། ཝ་ར་ནཱ་སི་དང། ཟླ་བའི་གླིང་དང། རོལ་མཚོ་བདུན་ལ་སོགས་པ་ན་གནས་པའི་དུད་འགྲོ་བརྒྱད་ལ་ཉི་མའི་སྣང་བ་བརྒྱད་ཡོད་པ་ཡིན་ཏེ། ཉ་ལ་འོད་ཙམ་དུ་སྣང། བིར་ལ་ཁྲག་ཙམ་དུ་སྣང། ཉ་ཕྱིས་ལ་དུང་དང ་འཇའ་མཚོན་ཙམ་དུ་སྣང། ལངཀ་སྲིན་པོའི་རིགས་ལ་མེའི་ཕུང་པོར་ནང། ས་གནོན་འབྲོག་མོའི་རིགས་ལ་གསེར་གྱི་འཁོར་ལོ་སྣང། ཀླུའི་རྒྱལ་པོ་གཙུག་ཕུད་ཅན་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་དུ་སྣང། སྦྲུལ་མགོ་དང་གླང་ཅན་ལ་མུན་པའི་གླིང་དུ་སྣང། ་གསེར་གྱི་ཕག་པའི་རིགས་ལ་འོད་མེད་པའི་ཕུང་པོར་སྣང། དུད་འགྲོ་ཆེན་པོ་སྤྱི་ལ་ཉི་མ་ཡང་མུན་བ་འབའ་ཞིག་ཏུ་སྣང་ངོ། །དེ་ལྟར་ན་སྣ་ཚོགས་སུ་སྣང་ཡང་ཉི་མ་རང་གི་ངོ་བོ་དེ་དག་ཐམས་ཅད་དབྱེར་མེད་པ་དེ་བཞིན་དུ་སེམས་ཉིད ་རྟོགས་པའི་ཆོས་སྐུ་དེ་ལ་གཟུགས་སྐུ་གཉིས་ཀྱི་དོན་སྣ་ཚོགས་སུ་བྱས་ཀྱང། དོན་ཆོས་སྐུའི་ངང་དུ་ཐ་དད་མེད་པས་དབྱེར་མི་ཕྱེད་ཅེས་པའོ། །གཉིས་པ་སྨན་དང་ཅེས་བ་མི་སྨན་ནི་མཁའ་འགྲོ་མ་རྣམས་བརྒྱད་ཀྱིས་སྒྲུབ་པ་རྣམས་ལ་ཐུན་མོང་གི་དངོས་གྲུབ་བརྒྱད་སྣང་བ ་ལ། གཅིག་ནི་མིག་སྨན་གྱི་རིལ་བུ་ས་འོག་གི་གཏེར་ཐམས་ཅད་མཐོང་བ་ཡིན་ལ། དེའང་མིའི་དངོས་གྲུབ་ཡིན་ཏེ། དུད་འགྲོ་རྐང་བཞི་ལ་སོགས་པའི་མིག་ལོང་བར་བྱེད་དེ། དེ་ཡང་རྐྱེན་གྱིས་ཐད་དུ་གྱུར་པ་ལས། སྨན་རང་གི་ངོ་བོ་ལ་དབྱེར་མེད ་པ་དེ་བཞིན་དུ་སེམས་རྟོགས་པའི་ངོ་བོ་དེ་དྲན་རིག་རྟོག་པ་སྣ་ཚོགས་སུ་སྣང་ཡང་ངོ་བོ་དེ་རང་ལ་དབྱེར་མེད་ཅེས་པའི་དོན་ཏོ། །སྤྱི་དོན་བཞི་པ་འབྲས་བུ་ལ་དཔེ་གསུམ་གྱིས་བསྟན་ཏེ། དེ་ཡང་གཙུག་ཕུད་ཅེས་པ་ནི། ངོ་བོ་ཆོས་སྐུ་དེ་བཞིན་གཤེགས ་པའི་དབུའི་གཙུག་བུད་ལྟར་མི་མཐོང་ཅེས་པའི་དོན་ཏོ། །འོ་ན་མི་མངོན་ན་མི་གསལ་ལམ་ཞེ་ན། མིག་དང་ཞེས་པ་ལྟར་མི་མངོན་ཏེ། དོན་ཐམས་ཅད་ལ་གསལ་བར་བྱེད་པའི་མིག་དང་འདྲ་བའི་འབྲས་བུ་ཐོབ་ཅེས་བའི་དོན་ཏོ། །དེ་ལྟར་གསལ་བ་ཙམ ་ན་ཇི་ལྟ་བ་དང་ཇི་སྙེད་པའི་མཁྱེན་པའི་ཡེ་ཤེས། རྟོགས་པའི་ཡེ་ཤེས་ཉོན་མོངས་པའི་རབ་རིབ་ཐམས་ཅད་གཅོད་པར་བྱེད་པས་ན་འཁོར་ལོ་ལྟ་བུའི་འབྲས་བུ་ཐོབ་ཅེས་བའི་དོན་ཏོ། །རྣལ་འབྱོར་པ་དིངཀ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། 21?་།། ་བྷནདྷེ་བའི་ངོ་རྟ་འགྲེལ་བ་དང་བཅས་པ་བཞུགས་སོ། །གུ་རུ་བྷནདྷེ་པའི་ཞལ་ནས། མངོན་ཞེན་མེད་པ་བྱམས་པའི་མཆོག་།གནས་ལུགས་རྟོག་པ་སྙིང་རྗེ་ཡིན། །ཟག་མེད་བདེ་བ་དགའ་བ་སྟེ། །གཞི་མཐུན་རོ་གཅིག་བཏང་སྙོམས་རྫོགས། །ཅེས་སོ། །འདིའི་དོན་ནི། ་སློབ་དཔོན་བུནདྷེ་བས་ཚད་མེད་པ་བཞི། ལྟ་བ་བསྒོམ་པ་སྤྱོད་པ་འབྲས་བུ་རྣམ་པ་བཞི་རུ་སྒོམ་པའི་དབང་དུ་བྱས་པ་ཡིན་ཏེ། དེ་ཡང་མཚན་མ་འམ། རྟེན་དང་བརྟེན་པ་ཅན་གྱི་འབྲེལ་པ་གང་ཡང་མ་གྲུབ་པ་གཅིག་ཡིན་ལ། དེ་ལྟར་དུ་མ་གྲུབ་པས་ན་བསྐྱེད་བྱ་སྐྱེད ་བྱེད་དེ་བསྐྱེད་པའི་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ། དེ་ཁོ་ནའི་ངོ་བོ་དེ་ལ་ཆོས་སྐུ་ཟེར་བ་ཡིན་ཏེ། དེ་ཡང་བླ་དགས་ཙམ་དུ་ཟད་ཀྱི། དོན་དམ་ལ་ཆོས་སྐུ་དང་ཡང་ཡོད་པ་མ་ཡིན་ཅེས་པའི་དོན་ཏེ། དེ་ལྟ་བུ་ཡེ ་ནས་ཆོས་སྐུ་ཡིན་ཞེས་བྱའོ། །དེའི་དཔེ་རྒྱ་མཚོ་དང་འདྲ་སྟེ། མཚན་ཉིད་རྣམ་པ་བཞི་དང་ཡང་ལྡན་པ་ཡིན་ཏེ། ཆུ་རླབས་སྣ་ཚོགས་སུ་གཡོས་ཀྱང་འདོམ་བདུན་མན་ཆད་དུ་གཡོ་བ་མེད་པ་ཡིན་པ་དང། ནོར་བུ་རིན་པོ་ཆེ་ཐམས་ཅད་འབྱུང་བའི་གཞི་ཡིན་ཞིང། ལྡན?་ལྡིན? ་ཐམས་ཅད་མཐར་འབྱིན་པར་བྱེད་པ་ཐམས་ཅད་ཆུར་རོ་མཉམ་པ་དེ་བཞིན་དུ་ཆོས་སྐུ་དེ་ཡང། གནས་ལུགས་རྟོགས་པ་སྙིང་རྗེ་ཡིན་ཅེས་པ་དེ་ཡང་ལྟ་བའི་དབང་དུ་བྱས་པ་ཡིན་ཏེ། གནས་ལུགས་དེ་ལྟ་བུའི་དོན་མ་རྟོག་བ་དེ་སྙིང་རྗེ་ཞལ་བའི་དོན་ཏོ། ། ་དེའི་དོན་ནི་ལྟ་བ་རྟོགས་ན་སྙིང་རྗེ་ཚད་མེད་པ་སྐྱེ་ཞེས་བྱ་བ་ནི་སྒོམ་པའི་ཡུལ་མོད་དེ། འགག་པ་མེད་ཅེས་བྱ་བའི་དོན་ཏོ། །དེ་ཅི་ཡིས་བྱས་པ་ལ། ཟག་པ་མེད་བའི་ཡེ་ཤེས་དེ་ཀ་ལ་རྒྱུན་མི་འཆད་པ་ཅེས་བྱ་བའི་དོན་ཏེ། ཟག་མེད་བདེ་བ་དགའ་བ་སྟེ། ཅེས་པ་ནི། ་ལྟ་བ་ཟག་པ་མེད་པའི་ཡེ་ཤེས་དེ་ཁོ་ན་ལ་མ་ཡེངས་པ་དེ་རྒྱུན་མི་འཆད་པའི་སྒོམ་པ་ཡིན་སྟེ། དེ་ཁོ་ན་ལ་དགའ་བ་ཚད་མེད་ཅེས་པའི་དོན་ཏོ། །ལྟ་བ་ཟག་པ་མེད་པའི་ཡེ་ཤེས་དེ་མངོན་ཞེན་གྱི་མཛའ་ཐམས་ཅད་དང་བྲལ་བ་དེ་ཁོ་ན་ལ་སྤྱོད་པ་ཞེས་ཟེར་ཏེ། ་བྱམས་པ་ཚད་མེད་པ་ཞེས་པའི་དོན་ཏོ། །གཞི་མཐུན་རོ་གཅིག་བཏང་སྙོམས་རྫོགས། ཞེས་བྱ་བ་ནི་འབྲས་བུའི་དོན་ཡིན་ཏེ། གཞི་ནི་ཁམས་གསུམ་གྱི་སེམས་ཅན་གྱི་རྒྱུད་ལ་གནས་པའི་གཞི་མུན་པ་ནི་སངས་རྒྱས་སུ་གཞི་མུན་ཅེས་སོ། །རོ་གཅིག་ཅེས ་པ་ནི་ཆོས་ཉིད་དུ་རོ་གཅིག་བའོ། །འབྲས་བུ་དེ་ལྟ་བུ་ཁོ་ན་ལ་བཏང་སྙོམས་ཚད་མེད་པ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་པ་བྷནདྷེ་པའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། ?།། ་(ཏནདྷེ་བའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཏནདྷེ་པའི་ཞལ་ནས། ཇི་ལྟར་དྲན་རིག་སྣ་ཚོགས་དག་།རྟོག་མེད་དབྱིངས་སུ་ཟད་ཅིང་འགག་།དེ་བཞིན་སྣང་སྲིད་ཆོས་རྣམས་ཀུན། །སྟོང་ཉིད་དབྱིངས་སུ་ཟད་ཅིང་འགག་།ཅེས་སོ། །འདིའི་དོན་ནི་ཇི་ལྟར་དྲན་རིག་སྣ ་ཚོགས་དག་།ཅེས་པ་ནི། དྲན་རིག་གི་རྟོག་པ་སྣ་ཚོགས་ཡིན་ལ། དག་ཅེས་པ་ནི་རྟོག་པ་དེ་དག་པའོ། །དེ་གང་དུ་ཟད་ན། རྟོག་མེད་ཀྱི་ངང་དུ་ཟད་ཅིང་འགག་།ཅེས་པ་སྟེ། དྲན་པ་དེ་ཉིད་སྟོང་པ་དྲན་མེད་ཀྱི་དབྱིངས་སུ་སྟོང་བས་ཟད་ཅེས་བྱ་བའི་དོན་ཏོ། ། ་དེ་བཞིན་སྣང་སྲིད་ཆོས་རྣམས་ནི། །ཅེས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡིན་ཏེ། དེ་ཐམས་ཅད་ཀྱང་སྟོང་ཉིད་ཀྱི་དབྱིངས་སུ་ཟད་པ་འམ། འགག་ཅེས་བྱ་བའི་དོན་ཏོ། །རྣལ་འབྱོར་པ་ཏནདྷེ་པའི་རྟོགས་བརྗོད་དང་འགྲེལ་པ ་རྫོགས་སོ།། ?(།།ཀུཀྐུ་རི་པའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཀུཀྐུ་རི་པའི་ཞལ་ནས། སངས་རྒྱས་མཆོད་སོགས་རྣམས་ལ་དོན་མི་འབྱུང། །འདོད་དང་འབད་རྩོལ་ཡོད་ན་སངས་རྒྱས་མིན། །བླ་མ་དམ་པའི་ཉམས་མྱོང་བྱིན ་རླབས་དཔལ། །ཆ་ལྡན་རང་ལ་ཡོད་ཀྱང་མ་མཐོང་ངོ། །ཅེས་སོ། འདིའི་དོན་ནི། ད་ལ་སངས་རྒྱས་མཆོད་སོགས་རྣམས་ལ་དོན་མི་འབྱུང། །ཅེས་པ་སྟེ། དེ་ཅིས་མི་འབྱུང་ཞེ་ན། ཐུན་མོང་གི་དངོས་གྲུབ་ཕྲ་མོས་སངས་རྒྱས་ལ་རེ་བ་ལ་བྱ་སྟེ། དེས ་མཆོག་གི་དངོས་གྲུབ་མི་ཐོབ་པ་ནི། སློབ་དཔོན་ཀུཀྐུ་རི་པ་རང་གི་ལོ་རྒྱུས་དང་སྦྱར་རོ། །དེ་ཅིས་བྱས་པ་ལ། ཐུན་མོང་གི་དངོས་གྲུབ་ཕྲ་མོ་ལ་སངས་རྒྱས་ལྟ་བུར་མཐོང་ནས་མཆོད་པ་ལ་སོགས་པ་བྱས་པས་རང་ཡང་དེ་ལྟར་ཡིན་སྙམས་ནས་དེའི་བར ་ཆད་དུ་འགྲོ་བ་ཡིན་ཏེ། སློབ་དཔོན་རང་ཉིད་ལ་ལྷས་བར་ཆད་བྱས་པ་ལྟ་བུའོ། །དེ་སོགས་ལ་དོན་མི་འབྱུང་ཅེས་པའོ། །ཅིས་མི་འབྱུང་ན། འདོད་དང་སྩོལ་བ་ཡོད་ན་སངས་རྒྱས་མིན། །ཅེས་པས་མཆོག་ཐུན་མོང་གཉིས་སམ། སངས་རྒྱས་ཆེ་བའི་ཡོན་ཏན་དེ་ལ ་འདོད་ཅིང། །དེ་བློའི་ཡུལ་དུ་བྱས་ནས། འབད་རྩོལ་བྱེད་པ་དེ་འདྲ་སངས་རྒྱས་མིན་ཅེས་པའི་དོན་ཏོ། །འོ་ན་ཅི་འདྲ་གཅིག་ཡིན་བྱས་པ་ལ། བྱིན་རླབས་བླ་མའི་ཞལ་ལས་ཉམས་མྱོང་དཔལ། །ཞེས་པ་སྟེ། བྱིན་རླབས་ཞེས་པ་བདག་གི་རྒྱུད་ལ་སྨིན་པ ་ཡིན་ཏེ། དེ་རང་གཅིག་པུའི་བྱིན་རླབས་ཡིན་ན་བླ་མའི་ཞལ་ལས་ཅེས་པ་སྟེ། སློབ་དཔོན་ལ་མཁའ་འགྲོ་མས་བར་ཆད་བཟློག་པ་ལྟར་བདག་གི་རྒྱུད་ལ་སྨིན་པར་བྱེད་པའི་བྱིན་རླབས་དེ་བླ་མའི་ཞལ་ལས་འབྱུང་ཅེས་བྱ་བའི་དོན་ཏོ། །དེ་ལྟར་བླ་མས་བསྟན་པ་དེ ་ཡང་རང་གིས་ཉམས་སུ་མྱོང་བས་མངོན་དུ་གྱུར་པས་དཔལ་ཞེས་བྱའོ། །འོ་ན་དེ་རང་ལ་མྱོང་བྱེད་ཀྱི་རྟོགས་བྱེད་ནི་བློ་ཡིན་ལ། བླ་རེག་ཏུ་མ་བསྡུ་བ་པས་ན་བློའི་ཆ་ལ་ཡིན་གྱི། དོན་གྱི་ཆ་ལ་མིན་ཅེས་སོ། །རྣལ་འབྱོར་པ་ཀུཀྐུ་རི་པའི་རྟོགས་བརྗོད་དང་འགྲེལ་པ ་རྫོགས་སོ།། 43།། *། (།ཀུ་ཙི་བའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཀུ་ཙི་པའི་ཞལ་ནས། གང་ལ་ལྷན་ཅིག་སྐྱེས་པ་ནི། །གླང་པོ་ཆེ་ཡི་མིག་བཞིན་དུ། །གཟེ་རེ་བསྐྱེད་ན་ཟུག་དུ་འབྱུང། །གློད་ནས་མ་ཞེན་བསམ་གཏན ་མཆོག་།བླ་མའི་གསུང་གི་འོད་ཟེར་གྱིས། ཡོད་དང་མེད་པའི་མཛའ་མ་རྙེད། །གང་གི་མ་རྙེད་དེ་མཛའ་ཨོ། །མཛའ་དེ་རྟོགས་ན་དན་གྱི་མཆོག་།ཅེས་སོ། །འདིའི་དོན་ནི་གང་ལ་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་སྣང་བ་དང་སྟོང་པའོ། །དེ་ལྷན་ཅིག་སྐྱེས་པ་གཉུག ་མ་མ་བཅོས་པ་དེ་ལ་བྱ་སྟེ། ཇི་ལྟར་དུ་ལྷན་ཅིག་སྐྱེས་ཞེ་ན། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་ཆེན་པོ་འདི་ལས་སྤྲིན་དང་ཁུ་རླངས་ལ་སོགས་སྣ་ཚོགས་འབྱུང་ཡང། དེ་ཉིད་ལས་བྱུང་ཞིང་ཐིམ་ཡང་དེ་ཀ་ལ་ཐིམ་པ་ལྟར། སེམས་ཉིད་ཀྱི་ངོ་བོ་དེ་ལས་སྣང་བ་སྣ ་ཚོགས་པའི་དྲན་རིག་གི་རྟོག་པ་སྣ་ཚོགས་པ་བྱུང་ཡང་དེ་ཀ་ལས་བྱུང་ཐིམ་ཡང་དེ་ཀ་ལ་ཐིམ་པ་དེ་ལ་སྣང་བ་ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། སྣང་བ་དྲན་རིག་གི་ཡལ?་སའམ་ཐིམ་ས་དེ་ཀ་ལ་ལྷན་ཅིག་སྐྱེས་པ་ཞེས་བྱའོ། །སྟོང་ཉིད ་ཀྱི་ངོ་བོ་འམ་བསམ་དུ་མེད་པ་དེ་ལ་དེ་ཉིད་ལྷན་ཅིག་སྐྱེས་པ་ཞེས་ཟེར་ཏེ། དེ་ནི་མ་བཅོས་པར་རང་ལུགས་སུ་འདུག་པའི་དོན་ཡིན་པས་ན་དགྲ་དང་གཉེན་ལ་སོགས་པ་དཔེ་ཟླ་གང་གིས་ཀྱང་མཚོན་དུ་མེད་པའམ་བཅོས་སུ་མེད་པའི་དོན་ཏོ། །དེས་ན་གླང་པོ ་ཆེའི་མིག་བཞིན་དུ་ཅེས་པ་དཔེ་ཡིན་ཏེ། གླང་པོ་ཆེ་ཞེས་བྱ་བ་དེ་ལ་མིག་གཅིག་པོ་རང་ལ་ཡང་ཁྲུ་གང་ཡོད་པ། མ་མཆུ་ལ་ཁྲུ་དོ་ཁྲུ་གང་ཡོད་པས་དེ་འགྲངས་སྟེ་རིལ་གྱི་ཕུག་བའི་ནང་དུ་ཉལ་བའི་དུས་སུ། རླུང་ཕྲ་མོ་ཞིག་ལངས་ནས་མིག་རྡུལ ་ཕྲ་མོ་མང་པོ་འགྲོ་བ་དེ་ལ་གཟེ་རེག་སྐྱེས་ནས་མིག་གི་ཟུག་རྔུར་འགྱུར་བ་བཞིན་དུ། ཕྱག་རྒྱ་ཆེན་པོའི་ངོ་བོ་བསམ་དུ་མེད་པ་དེ་ཉིད་ལ་ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། དེ་ལ་དྲན་རིག་གི་རྟོག་པ་ཉམས་སུ་ལེན་རྒྱུ་མེད་པས་ན། གླེང་ན་ཞེན་མེད་བསམ་གཏན ་མཆོག་།ཅེས་བྱའོ། །གང་གིས་སྤྲོད་ན། བླ་མའི་གསུང་གི་འོད་ཟེར་གྱིས། ཅེས་པ་བླ་མ་ནི་འཕགས་པ་ཀླུ་གྲུབ་ཡིན་ལ། གསུང་གི་འོད་ཟེར་ནི་གདམ་ངག་གིས་སོ། །ཡོད་དང་མེད་པའི་མཛའ་མ་རྙེད་ཅེས་པ་ནི། ཀུ་ཙི་པ་ཞེས་པས་ཡོད་མེད་ཀྱི་མཛའ་ ་མ་རྙེད་པའོ། །མ་རྙེད་པ་དེ་ཀ་ཕྱག་རྒྱ་ཆེན་པོའི་མཛའ་ཡིན་པའོ། །མཛའ་དེ་ཀ་རྟོགས་ན་དོན་གྱི་མཆོག་ཡིན་ཏེ། བླ་ན་མེད་པའི་དོན་ཅེས་བྱའོ། །རྣལ་འབྱོར་པ་ཀུ་ཙི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། 35་།། ་(དྷ་མ་པའི་དོན་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་དྷ་མ་པའི་ཞལ་ནས། གཉིས་འཛིན་མ་རིག་དུག་དག་གིས། །རིག་པའི་སྐྱེས་བུ་རྒྱུན་དུ་གཟུང། །བླ་མའི་གསུང་གི་བྱིན་རླབས་ཀྱིས། །སྣང་སྲིད་འཁྲུལ་པའི་དུག་ནད་སེལ། །ཅེས་སོ། །འདིའི་དོན་ནི། གཉིས་འཛིན ་པ་རིག་དུག་དག་གིས། །ཅེས་པ། གཉིས་འཛིན་ནི་རྒྱུ་རྐྱེན་ལས་བྱུང་བ་གང་ཡང་གཉིས་སུ་མ་ཤེས་པ་འམ་གཉིས་སྣང་གི་རྟོག་པ་ཐམས་ཅད་ལ་བྱའོ། །ཇི་ལྟར་སྣང་ན་མ་རིག་པའི་རྐྱེན་གྱིས་བསྒྲིབས་པའི་དཔེ། སྐྱེས་བུ་ཟས་དུག་ཅན་ཟ་བལྟ་བུ་ལ་བྱའོ། །དཔེར་ན་དུག ་དེས་སྲོག་གཅོད་པར་བྱེད་པ་ཡང་ངོ་མ་ཤེས་པར་ཟོས་པས་སྐྱེས་བུ་དེ་རང་དུག་གིས་ཟིན་པ་དང་འདྲ་སྟེ། མ་རིག་པའི་རྐྱེན་གྱིས་ངོ་བོ་གཉིས་མེད་དེ་ལ་སྒྲིབས་ནས་ངོ་མ་ཤེས་པས་གཉིས་འཛིན་གྱི་རྟོག་པ་དུག་དང་འདྲ་སྟེ། ཐམས་ཅད་འཆིང་བའི་དུག་ཡིན་པས་དུག་དག་གིས་ཅེས་པའོ།། ་དེས་སུ?་གཟུང་ན་རིག་པའི་སྐྱེས་བུ་གཟུང་སྟེ། ཇི་ལྟར་གཟུང་ན་རིག་པ་ཞེས་བྱ་བ་ངོ་བོ་གཉིས་མེད་རང་བཞིན་སྤྲོས་བྲལ་གཅིག་ཡིན་པ་ལ། དེར་དོམ་ཤེས་པས་སྐྱེས་བུ་དེ་གཟུང་ཅེས་པའོ། །དུས་ཇི་ཙམ་ནས་གཟུང་ན་རྒྱུན་དུ་གཟུང་སྟེ། རྒྱུན་ཅེས་བྱ་བ་དུས་ཡུན་རིང ་བ་ལ་བྱེད་སྟེ། དེ་ཡང་ཐོག་མཛའ་མེད་པ་ལ་བྱའོ། །བླ་མའི་གསུང་གི་བྱིན་རླབས་ཀྱིས། །ཅེས་བྱ་བ་བླ་མ་ནི་གཉིས་འཛིན་གྱི་དུག་ལ་གཉིས་མེད་དུ་སྟོན་པ་འམ། ངོས་འཛིན་པ་དེ་ལ་བྱའོ། །ངོས་འཛིན་ཇི་ལྟར་དུ་འཛིན་ན། །གསུང་གི་བྱིན་རླབས་ཀྱིས་ཅེས ་བས་གཟུང་སྟེ། གསུང་གི་བྱིན་རླབས་ནི་མཚོན་བྱེད་བླ་མའི་གསུང་ཡིན་ལ། དེས་མཚོན་བྱ་རིག་པའི་སྐྱེས་བུ་དེ་ལ་མཚོན་པའོ། །ཇི་ལྟར་མཚོན་ན། གཉིས་འཛིན་ཐམས་ཅད་འཁྲུལ་པ་ཡིན་ལ། འཁྲུལ་པ་ནི་དུག་ནང་དང་འདྲ་བ་ཡིན་པས་སོ། ་རིག་པའི་ངོ་བོ་ནི་སྤོས་བྲལ་ཡིན་པས། སྤྲོས་བྲལ་དེ་ལ་གཉིས་འཛིན་གྱིས་གོམ་པ་མི་མངའ་བས། མཚོན་བྱ་རིག་པའི་སྐྱེས་བུ་དེ་ལ་གསུང་གི་བྱིན་རླབས་ཞུགས་ཏེ། གཉིས་མེད་རང་གསལ་གྱི་ལྟ་བ་རྟོགས་ནས་གསུང་གི་བྱིན་རླབས་ཀྱི་ཅེས་པའོ། །གསུང ་གི་བྱིན་རླབས་དེས་ཅི་བསལ་བྱས་པ་ལ། སྣད་སྲིད་འཁྲུལ་བའི་དུ་གནད་བསལ། །ཅེས་པ་ལྟ་བུའོ། །སྣང་བ་ཕྱི་སྣོད་ལ་སོགས་པ་ཡུལ་དང་བཅས་པ་འདི་ཡིན་ལ། སྲིད་པ་ནི་བཅུད་ལ་སོགས་པ་ཕུང་པོ་དང་ཁམས་དང་སྐྱ་མཆེད་ཡིན་ལ། འཁྲུལ ་པ་ནི་ཡེ་ནས་གཉིས་མེད་ཡིན་ཡང་མ་རིག་པའི་སྟོབས་ཀྱིས་གཉིས་འཛིན་དང་བྲལ་བས་འཁྲུལ་པའོ། །དེའི་དུག་དང་འདྲ་སྟེ། དཔེར་ན་སྨན་པ་མཁས་པས་དུ་གནད་ཚོགས་སྨན་གྱིས་བསལ་བ་ལྟ་བུར། མཚོན་བྱེད་བླ་མའི་གདམ ་ངག་གི་བྱིན་རླབས་ཀྱིས་འཁྲུལ་པའི་དུག་ཐམས་ཅད་སེལ་ཅེས་པའི་དོན་ཏོ། །རྣལ་འབྱོར་པ་དྷ་མ?་པའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། ?(།།མ་ཧི་ལའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་མ་ཧི་ལའི ་ཞལ་ནས། མ་རིག་པ་ཡི་ང་རྒྱལ་གྱིས། །མ་རྟོགས་ཡིད་བཞིན་ནོར་བུ་སྒྲིབས། །སྤྱོད་པར་འདོད་པས་དགོས་འདོད་འབྱུང། །རོ་སྙེམས་ལྡན་པ་རྣམས་ཀྱིས་འགྲུབ། །ཅེས་སོ། །འདིའི་དོན་ནི། དེ་ལ་དང་པོ་མ་རིག་པའི་ང་རྒྱལ་ཅེས་པ་ནི། མ་རིག་པ་སྟེ། ་མཐོང་བ་སྒྲིབ་པར་བྱེད་པས་ན་མ་རིག་པ། གང་ལ་སྒྲིབ་པར་བྱེད་ན། དེ་ཁོ་ན་ཉིད་ལ་སྒྲིབས་སོ། །དེས་སྒྲིབ?་བར་ཅིས་ཤེས་བྱས་པ་ལ། དེ་ལ་མ་རིག་པ་སྐྱེད་ནས་བརྒྱལ་ལ་སོགས་པའི་ཉོན་མོངས་པ་བྱེ་བ་ཕྲག་བརྒྱ་དགུ་བཅུ་རྩ་བརྒྱད་དམ། བཞི་བརྒྱ་ལ་སོགས་པ ་འབྱུང་ལ། དེའི་དཔེ་ནི་རི་བོ་དང་འདྲ་སྟེ། རི་བོ་ཡིས། ཅེས་སོ། །དཔེ་དེས་གང་ལ་སྒྲིབས་བྱས་པ་ལ། ལུས་འཕགས་ཅན་གྱི་བྱང་ཕྱོགས་ན་མཚོ་མུན་པ་ཅན་བྱ་བ་དེ་ལ་ཀླུའི་རིན་པོ་ཆེའི་གཞལ་ཡས་ཁང་ཡོད་ལ། དེ་ལ་བལྟད་མོ་ངོ་མཚར་ཅན་ཡང་པ་བལྟ ་བར་འདོད་པ་རྣམས་ཀྱིས་དུས་ཐམས་ཅད་དུ་མི་མཐོང་སྟེ། བར་སྐབས་སུ་མཐོང་བ་འདྲ་བ་གཅིག་ཡོད་སྐད། དེ་ཅིས་དེས་བྱས་པ་ལ། མཚོ་དེའི་ཕྱོགས་བཞི་ནི་རི་རྩེ་མོ་གང་སུ་ཡོད་བ་བཞི་ཡིས་སྒྲིབས་ནས་ཡོད་པས། དེ་ལ་ཉི་མ་མ་ཤར་བར་དུ་མི་མཐོང ་ངོ། །ཉི་མ་ཕྱེད་ན་འཆར་ཏེ་གཟིར་དང་མ་རྒྱས་པའི་ཁ་རླངས་བྱ་བའི་རིམས་འོད་བས་འཇིགས་ནས་མི་ལྟའོ། །མོས་ཀའི་དུས་སུ་ཉི་མ་བྱང་ཤར་མཚམས་ནས་འཆར་དུ་མ་འགའ་ཡིས་མཐོང་བར་འགྱུར་རོ། །དཔེ་དེ་བཞིན་དུ་མ་རིག་པ་ལ་སོགས་པའི་ཉོན་མོངས ་པའི་རི་བོ་དེས་གང་ལ་སྒྲིབས་ན། རྟོགས་པ་ཡིད་བཞིན་ནོར་བུ་སྒྲིབས། །ཅེས་པ་སྟེ། རྟོགས་པ་ནི་གང་ཡིན་ན་སྟོང་པའི་ངང་དུ་ང་རྒྱལ་གྱི་རི་བོ་ལ་སོགས་པ་སྟོར་ནས། སྟོང་ཉིད་ཕྱག་རྒྱ་ཆེན་པོ་བྱ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེ་ལ་སྒྲིབས། ཅེས་པའི ་དོན་ཏོ། །དེ་ལ་སྤྱོད་པར་ནུས་པས་དགོས་འདོད་འབྱུང་ཅེས་པའོ། །སྤྱོད་པར་ནུས་པ་གང་ལ་སྤྱོད་པར་ནུས་ན། རྟོགས་པ་ཡིད་བཞིན་གྱི་ནོར་བུ་ལ་སྤྱོད་པར་ནུས་ཅེས་པའོ། །ནུས་པས་དགོས་འདོད་འབྱུང་བྱས་པ་ལས། ཡིད་བཞིན་གྱི་ནོར་བུ་དེ་དགོས་འདོད ་ཐམས་ཅད་འབྱུང་བའི་གཞི་ཡིན་པས་ན་དགའ་བ་ཆེན་པོའི་ཡེ་ཤེས་བཅུའི་དོན་ནམ། མི་དམིགས་པའི་ཡེ་ཤེས་ཀྱིས་སའི་དོན་དམ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་འགྲུབ་པས་ན་དགོས་འདོད་འགྲུབ་ཅེས་པའོ། །དེ་ཡང་ཇི་ལྟར་འགྲུབ་ན་རོ་སྙོམས་དང ་ལྡན་པ་རྣམས་ཀྱིས་འགྲུབ་ཅེས་པ་སྟེ། རོ་སྙོམས་ཅེས་པ་ཇི་ལྟར་དུ་སྙོམས་ན་ཚོར་བ་བདེ་སྡུག་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ངང་དུ་དབྱེར་མེད་རོ་གཅིག་ཏུ་རྟོགས་པ་ལ་རོ་སྙོམས་ཞེས་བྱའོ། །འགྲུབ་ཅེས་པ་མྱ་ངན་འདས་པ་འགྲུབ་པའོ། །རྣལ་འབྱོར ་བ་མ་ཧི་ལའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། ?་(།། ཙིནདྷའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཨ་ཙིནདྷའི་ཞལ་ནས། དམིགས་མེད་ཕྱག་རྒྱ་ཆེན་པོ་རུ། །འཁྲུལ་པའི་དྲན་འཛིན་སྣ་ཚོགས་གཏོར། །ཡེ ་ཤེས་རིག་པའི་སྣང་བ་ཡིས། །རང་སྣང་ཕྱག་རྒྱ་ཆེན་པོར་མཐོང། །ཅེས་སོ། །འདིའི་དོན་ནི། དེ་ཡང་དམིགས་མེད་ཕྱག་རྒྱ་ཆེན་པོ་ཞེས་པ་ནི། ཆོས་ཉིད་སྟོང་པའི་ངང་དེ་ལ་དམིགས་པར་བྱ་བའི་ཡུལ་དང་ངང་གིས་བྲལ་བས་དམིགས་མེད་ཅེས་པའོ།། ་འོ་ན་དམིགས་མེད་གང་ཡིན་བྱས་པ་ལ། དམིགས་པ་ནི་ལོག་རྟོག་དང་ཡང་དག་པ་ཉིད་དོ། །མ་རྟོགས་པ་ནི་བྱིས་པ་སོ་སོའི་སྐྱེ་བོའི་ཤེས་པའི་ཡུལ་དུ་འཁྲུལ་པ་དང་བཅས་པ་དེ། ཡུལ་གཟུང་འཛིན་གྱི་དབང་གིས་ཡུལ་དང་ཡུལ་ཅན་ནམ། བདག་དང ་བདག་གིར་འཛིན་པ་དང། །ལས་དང་བྱེད་པ་ལ་སོགས་པའི་དྲན་རིག་སྣ་ཚོགས་བ་དེ་ནི་འཁྲུལ་པ་དང་བཅས་པའི་དམིགས་པ་ཡིན་ལ། དམིགས་མེད་ཕྱག་རྒྱ་ཆེན་པོ་ནི་ངོ་བོ་བསམ་དུ་མེད་པ། རང་བཞིན་མེད་པ། འཁོར ་འདས་ཐམས་ཅད་རྒྱ་ཡིས་ཐེབས་པ་གཅིག་ལ་དམིགས་མེད་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །འཁྲུལ་པའི་དྲན་རིག་སྣ་ཚོགས་གཏོར། །ཅེས་པ་ནི། འཁྲུལ་པ་ནི་གོང་དུ་བཤད་བའི་དྲན་རིག་ཡིན་ལ། སྣ་ཚོགས་ཞེས་བྱ་བ་ནི་རྟོག་པ་ཕྱོགས་མེད་པ་ཡིན ་ལ། གཏོར་ཅེས་པ་ནི་ཕྱག་རྒྱ་ཆེན་པོའི་དྲན་རིག་དམིགས་པས་གཏོར། ཅེས་པའོ། །འོ་ན་ཕྱག་རྒྱ་ཆེན་པོ་ལ་དྲན་རིག་གི་འཁྲུལ་པའི་སྣང་བ་ནི་མེད་དེ། ཡེ་ཤེས་རིག་པའི་སྣང་བ་མ་འགགས་པས། །ཡེ་ཤེས་རིག་པའི་སྣང་བ་ཡིས། །ཅེས་པའོ། ། ་དེས་གང་མཐོང་ན། རང་སྣང་ཕྱག་རྒྱ་ཆེན་པོ་མཐོང་བའོ། །ཇི་ལྟར་མཐོང་ན་གཞན་ནས་བཙལ་མི་དགོས་པར་ཡེ་གདོང་མ་ནས་རང་ལ་རང་ཆས་སུ་ཡོད་པ་དེ་ལ་ཡེ་ཤེས་རིག་པ་མཐོང། ཅེས་པའོ། །རྣལ་འབྱོར་པ་ཨ་ཙིནདྷའི་རྟོགས་བརྗོད ་དང་འགྲེལ་བ་རྫོགས་སོ།། ?་(།།བ་བྷ་ཧིའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།གུ་རུ་བ་བྷ་ཧིའི་ཞལ་ནས། བདེའོ་བདེའོ་དངོས་མེད་པ་དེ། ཞེན་པ་མེད་པས་དངོས་མེད་པ་དེ། །རྟོག་པ་ཐམས་ཅད་དེར་ཤེས་བདེ། ། ་སྒྲུབ་བྱ་མེད་པའི་གསང་བ་བདེ་ཅེས་སོ། །འདིའི་དོན་ནི། དེ་ལ་བདེའོ་ཅེས་པ་ནི། རྒྱུ་བྱང་ཆུབ་ཀྱི་སེམས་ཡིན་ཞེས་བྱ་སྟེ། དེ་ཉིད་གདོད་མ་ནས་མ་སྐྱེས་པའི་ངོ་བོ་བདེ་བ་ཆེན་པོའི་རང་བཞིན་ཅན་གཅིག་ཡིན་པས་ན་བདེའོ། །ཅེས་བྱའོ། །མ་སྐྱེས་པའི་བདེ ་བ་དེ་ཇི་ལྟར་བདེ་བྱས་པ་ལ། དེ་དངོས་པོའི་ཟུག་རྔུ་ཐམས་ཅད་དང་བྲལ་བས་ན་བདེའོ་ཅེས་པའོ། །བློ་དང་དངོས་པོ་འམ་སེམས་དང་སེམས་ལས་བྱུང་བ་བཞི་ནི་ཟུག་རྔུས་བསྐྱེད་པར་བྱེད་པ་དུག་སྦྲུལ་ལྟ་བུ་ཡིན་ལ། དེ་དག་གི་ཕྱོགས་དང་བྲལ་པ་རང ་བཞིན་མེད་པའི་བདེ་བ་རིན་པས་།ན?་དངོས་མེད་བདེ་ཅེས་པའོ། །རང་བཞིན་མེད་པ་ཅིས་ཤེས་ན་དངོས་མེད་དེ་ལ་དངོས་པོའི་མཚན་མ་འམ། སེམས་དང་སེམས་ལས་བྱུང་བ་འམ། དྲན་རྟོག་གམ། དེ་དག་གི་འདོད་པ་འམ། རང་བཞིན་ནམ། ཞེན་པ ་གང་ཡང་མེད་པས་ན་ཞེན་པ་མེད་པའི་དངོས་མེད་བདེ། ཞེས་པའོ། །རྣལ་འབྱོར་བ་བྷ་ཧིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་།། *། (།ན་ལི་ནའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་ན་ལི་ནའི ་ཞལ་ནས། སྤྱི་བོའི་པདྨ་འདམ་སྐྱེས་སུ། །ས་བོན་གཡོ་ལ?་དགའ་བ་སྟེ། །སྙིང་ཀ་མགྲིན་པ་མཆོག་ཏུ་དགའ་། །ལྷན་སྐྱེས་དགའ་བྲལ་བླ་མེད་ཐོབ། །ཅེས་སོ། །འདིའི་དོན་ནི། འཁོར་ལོ་བཞི་འམ། དམིགས་པ་ལ་བརྟེན་ནས་དགའ་བ་བཞི་བསྒོམས ་པས། དགའ་བྲལ་དེ་ལ་དམིགས་པའི་སྐྱོན་གྱིས་མ་གོས་པའི་དཔེ། པདྨ་འདམ་གྱི་སྐྱོན་གྱིས་མ་གོས་པ་ལྟ་བུས་བསྟན་པ་ཡིན་ཏེ། སྤྱི་བོ་པདྨ་འདམ་སྐྱེས་སུ། ཅེས་པ་ནི། སྤྱི་བོ་ན་རྩའི་འཁོར་ལོ་རྒྱ་མཚོ་འམ་འདམ་དང་འདྲ་བ་ཡོད་ལ། པདྨ་ནི་དེའི ་སྐྱོན་གྱིས་མ་གོས་པ་དེ་བྱང་ཆུབ་ཀྱི་ས་བོན་ལ་བྱའོ། །དེ་ཡང། ས་བོན་གཡོ་བ་དགའ་བ་སྟེ། ཅེས་པ། ས་བོན་ནི་ས་བོན་ཡིན་ལ། གཡོ་བ་དང་པོ་དྲོད་ཀྱི་ས་བོན་ཡིན་ཏེ། དགའ་བ་ནི་དེ་གཞན་ནས་བཙལ་མ་དགོས་པར་རང་ལ་ཡོད་པས་ལྷན ་ཅིག་སྐྱེས་པའི་དགའ་བ་ཞེས་བྱའོ། །སྙིང་ཀ་མགྲིན་པ་མཆོག་ཏུ་དགའ་། །ཅེས་པ་ལ། དེ་ཡང་སྙིང་ཀ་མགྲིན་པ་ནི་འཁོར་ལོ་གཉིས་པ་དང་གསུམ་པ་ལ་བྱའོ། །དེ་ལ་རྟེན་ནས་བྱང་ཆུབ་ཀྱི་ས་བོན་དྲོད་ཀྱི་ཡེ་ཤེས་གཡོ་བ་དེ་ལས་ཁྱད་པར ་དུ་གྱུར་པའི་མཐོང་ལམ་དེ་ལ་བརྟེན་པ་ཐོས་ནས་བསྒོམ་ལམ་གྱི་རྟེན་དུ་གྱུར་པ་དེ་ལ་མཆོག་ཅེས་བྱའོ། །ལྷན་སྐྱེས་དགའ་བྲལ་བླ་མེད་ཐོབ། །ཅེས་པ་ནི། འཁོར་ལོ་བཞི་བའི་བྱང་སེམས་ཀྱི་རང་བཞིན་གཉུག་མའི་ངོ་བོ་མེ་ཏོག་པདྨ་ལྟ་བུ་དེ་ལ། ་འཁོར་ལོ་བཞི་ལ་དམིགས་པའི་སྐྱོན་གྱིས་མ་གོས་པའི་དཔེ་པདྨ་འདམ་གྱིས་མ་གོས་པ་ལྟ་བུ་ཡིན་ཏེ། དེ་ཡང་པདྨ་དེ་ཇི་ལྟར་འདམ་གྱིས་མི་གཙང་བ་སྣ་ཚོགས་ཀྱི་སེབ་ནས་སྐྱེས་ཀྱང། དེའི་སྐྱོན་གྱིས་མ་གོས་པར་སླར་ཡང ་ཁ་དོག་དང་དྲི་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་བཞིན་དུ་དགའ་བྲལ་གྱི་ཡེ་ཤེས་དེ་ལ་འཁོར་ལོ་གསུམ་མན་ཆད་ཀྱི་ཟག་བཅས་ཀྱི་བདེ་བ་དེ་ཉམས་སུ་མྱོང་ཡང་དེ་ལ་ཟག་པའི་སྐྱོན་གྱིས་མ་གོས་པར་སླར་དེ་ཉིད་ལ ་བརྟེན་ནས་ཟག་པ་མེད་པའི་ངོ་བོ་ཡེ་ཤེས་སྤྲོས་བྲལ་གྱི་ཕྱག་རྒྱ་ཆེན་པོ་ཐོབ་པས་ན་དགའ་བྲལ་བླ་ན་མེད་པའོ། །རྣལ་འབྱོར་པ་ན་ལི་ནའི་རྟོག་བརྗོད་དང་འགྲེལ་བ་རྫོགས་སོ།། ?་(།།བྷུ་སུ་ཀུའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།) ་གུ་རུ་བྷུ་སུ་ཀུའི་ཞལ་ནས། བདག་གིས་མ་རྟོགས་པར་དུ་རོ་ལ་ཁྱད་པར་ཆེ། །དེ་བཞིན་འཁོར་བ་དག་དང་སངས་རྒྱས་ཁྱད་པར་ཆེ། །རྟོགས་པའི་དུས་ན་འཁོར་འདས་བདེ་བ་ཆེན་པོ་སྟེ། །དཔེར་ན་རྒྱ་མཚོའི་ནང་ན་འབར་བའི་རིན་ཆེན་བཞིན། །ཅེས ་སོ། །འདིའི་དོན་ནི། དེ་ལ་བདག་གིས་ཅེས་པ་ནི་བྷུ་སུ་ཀུ་པ་བདག་གིས་སོ། །མ་རྟོགས་པར་དུ་ཅེས་པ་ནི། ཚིག་དང་དོན་ལ་མི་མཁས་པའི་བྱིས་པ་སོ་སོ་སྐྱེ་བོའི་དུས་ཅེས་པའོ། །རོ་ལ་ཁྱད་པར་ཆེ་ཅེས་པ་དཔེ་ཡིན་ཏེ། འབྲས་ལ་སོགས་པ་དཀར ་པོ་དང། དམར་པོ་དང། འབྲས་ཆན་དྲུག་ཅུ་པ་དང། ཏིལ་དང། སོ་བ་དང། ཁྲེ་དང། ཞུ་ཚེ་ལ་སོགས་པ་རྣམས་ལ་སྤོང་དང། ན་ལི་ཁུ་ལོགས་པའི་རྡོར་སྣ་ཚོགས་ཀྱིས་བརྒྱན་པའི་འབྲས་ཆན་གྱི་རོ་ལ་ཁྱད་པར་ཆེ། །ཅེས་པའོ། །དཔེ་དེ་བཞིན་དུ ་མ་རྟོགས་པའི་བྱིས་པ་སོ་སོ་སྐྱེ་བོའི་དུས་སུ་འཁོར་འདས་གཉིས་ཐ་དད་པའི་རང་བཞིན་དུ་རྟོགས་ཅེས་པའོ། །དེ་ཡང་རྟོགས་པའི་དུས་ན། འཁོར་འདས་བདེ་བ་ཆེན་པོ་སྟེ། ཅེས་པ་སྟེ། དེ་ཇི་ལྟར་ཡིན་ན། འཁོར་བ་སྤངས་པའི་ཕ་རོལ་ན་སངས་རྒྱས ་ཅེས་བྱ་བ་གཅིག་ལོགས་ན་མེད། འཁོར་བ་ཞེས་བྱ་བ་སངས་རྒྱས་ཀྱི་ངོ་བོ་ཡིན་པའོ། །ཇི་ལྟར་ཡིན་ན། འཁོར་བའི་རྩ་བ་ཉོན་མོངས་པ་ལས་བྱུང་བ་ཡིན་པས། ཉོན་མོངས་པ་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་སྐུ་དང་ཡེ་ཤེས་ཀྱི་རྣམ་པ་ཡིན་ནོ།། ་རྣལ་འབྱོར་པ་བྷུ་སུ་ཀུའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་།། *། (།ིནཌ་བྷུ་ཏིའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཨིནྡྲ་བྷུ་ཏིའི་ཞལ་ནས། དུས་ཀྱི་སྣ་རྩེ་དག་ནི་བྱིན་རླབས་དག་དང་མི་ལྡན་ན།། ་ཕྱི་ནང་ཀུན་ཏུ་སྤྱོད་པ་དག་གིས་རྣལ་འབྱོར་འཚང་མི་རྒྱ། དགའ་བདེའི་རང་བཞིན་སངས་རྒྱས་དག་དང་ཁྱད་པར་མེད་པར་ནི། ཞེན་པ་བཏང་ན་རང་བཞིན་སྐྱེས་པའི་ཉམས་མྱོང་མཆོག་ཏུ་འགྱུར། །ཅེས་སོ། འདིའི་དོན་ནི། དུས་ཀྱི་སྣ་རྩེའི་བྱིན་རླབས་གང་ཡིན་ན།། ་དུས་ནི་སྲོང་དང་ཐོ་རངས་ལ་སོགས་པ་ཐུན་བཞིའི་དུས་སུ། །སྣ་རྩེ་ནི་འཁོར་ལོ་བཞི་ལ་སོགས་པ་འམ། སྣ་རྩེ་ལྟ་བུའི་སྒོམ་པར་བྱ་བའི་ཡུལ་ལ་བྱའོ། །དེའི་བྱིན་རླབས་གང་ཡིན་ན། ཕྱི་གཟུང་བྱའི་ཡུལ་ཐམས་ཅད་གཙེ་གཅིག་པ་སངས་རྒྱས་ཀྱི་ངོ་བོ་སྣ་རྩེ ་ལྟ་བུ་གཅིག་ཡིན་ལ། ནང་འཛིན་བྱེད་ཀྱི་ཤེས་པ་དེ་ཡང་དེ་ཀ་ཡིན་པས། དེ་ལྟར་ཕྱི་ནང་གཉིས་མེད་ཀྱི་ཤེས་པ་དེ་ལ་སངས་རྒྱས་ཀྱི་ངོ་བོ་གཉིས་མེད་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ལྟ་བུའི་དོན་དང་མི་ལྡན་ན་ཕྱི་ནང་དུ་སྤྱོད་པས་རྣལ་འབྱོར་སངས ་མི་རྒྱ་ཅེས་པ་སྟེ། དེ་ཡང་ཕྱི་རོལ་གྱི་ཡུལ་སྤང་བྱ་ལ། ནང་གཅོད་བྱེད་ཀྱི་གཉེན་པོ་དེ་ཡེ་ཤེས་སུ་སྤྱད་པས་སངས་མི་རྒྱ་ཅེས་པའོ། །འོ་ན་སངས་གང་གིས་རྒྱ་ཅེ་ན། དགའ་བདེའི་རང་བཞིན་སངས་རྒྱས་དག་དང་ཁྱད་པར་མེད་པར་ནི། ཅེས་པ་དེ་འདྲ ་གཅིག་གིས་སངས་རྒྱས་ཅེས་པའོ། །སྣང་བ་དེ་རྟོགས་དཔྱོད་སྣ་ཚོགས་པ་ཡིན་པ་དེ་ཡང་བདེ་བ་སྟེ་སྟོང་པའི་ཡེ་ཤེས་དང་དེ་གཉིས་ཁྱད་པར་མེད་པས་ན་སངས་རྒྱས་ཅེས་པའོ། །འོ་ན་དེ་ཐོབ་པར་བྱེད་པའི་ཐབས་གང་ཡིན་ན། ཞེན་པ་བཏང་ན་རང ་བཞིན་སྐྱེས་པའི་ཉམས་མྱོང་མཆོག་ཏུ་འགྱུར། །ཅེས་པ་ཡིན་ནོ། །ཞེན་པ་དེ་གང་ཡིན་ན། ཕྱི་ནང་དུ་ཞེན་པ་འམ། བདེན་པ་དབྱེར་མེད་ལོག་པའི་ཞེན་པ་བཏང་ནས་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པ་ཞེས་བྱ་ལ། ལྟ་བའི་རང ་བཞིན་ལྟ་རྒྱུ་མེད་པ། སྒོམ་པའི་རང་བཞིན་སྒོམ་རྒྱུ་མེད་པ། དེར་འཛིན་གྱི་བློ་དང་བྲལ་བ། ཉམས་སུ་མྱོང་རྒྱུ་མེད་པའི་ཉམས་མྱོང་གཅིག་ལ་དེ་རྟོགས་བྱེད་པའི་ཐབས་སམ། ཉམས་སུ་མྱོང་བའི་མཆོག་ཏུ་འགྱུར་ཅེས་པའི་དོན་ཏོ། །རྣལ་འབྱོར་པ ་ཨིནྡྲ་བྷུ་ཏིའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། ?་(།མེ་ཀོ་བའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ། །གུ་རུ་མེ་ཀོ་བའི་ཞལ་ནས་བླ་མ་དམ་དག་ལས་དང་པོར་རང་གི་སེམས་རྟོགས་བྱ། །དེ་ནས་སྣང་བ་ཀུན་ཏུ་ཐ་དད་མེད་བྱ་སྟེ། །གཉིས ་མེད་གོམས་པས་དུར་ཁྲོད་གནས་སུ་འདུག་པར་བྱ། །མཉམ་པར་རྟོགས་ནས་སྨྱོན་པའི་བརྟུལ་ཞུགས་སྤྱོད་པར་བྱ། ཅེས་སོ། །འདིའི་དོན་ནི། བླ་མ་དམ་པ་དག་ལས་དང་པོར་རང་གི་སེམས་རྟོགས་བྱ། ཅེས་པ་ནི། དང་པོ་བྱིས་པ་སོ་སོ་སྐྱེ་བོའི ་དུས་སུ་རང་ལ་ཡོད་པ་ངོ་མ་ཤེས་པ་དེ་བླ་མ་བརྟེན་ནས་རྟོགས་པར་བྱ་ཅེས་པའོ། །ཇི་ལྟར་རྟེན་ནས་རྟོགས་པར་བྱ་ན། མ་རྟོགས་པ་རྟོགས་པར་བྱ་བ་འམ། མགོ་བ་གོ་བར་བྱ་བ་འམ། མི་ཤེས་པ་ཤེས་པར་བྱེད་ཅིང། མ་གྲོལ་བ་གྲོལ་བར ་བྱེད་པ་སྟེ། དེ་ཐམས་ཅད་བླ་མ་ལ་རྟེན་ནས་བྱེད་པས། དང་པོ་བླ་མ་ལས་རང་གི་སེམས་རྟོགས་པར་བྱ་ཞེས་པའི་དོན་ཏོ། །དེ་ནས་རྣམ་པ་ཀུན་ཏུ་ཐ་དད་མེད་བྱ་སྟེ། ཅེས་པ་རྟོགས་པའི་ངང་ལས་གཞན་དུ་ཐ་མི་དད་པར་བྱ་སྟེ། ཆོས་ཐམས ་ཅད་མཉམ་པ་ཉིད་དམ། གཉིས་མེད་དུ་རྟོགས་ནས་དུར་ཁྲོད་ཀྱི་གནས་སུ་གནས་པར་བྱ་སྟེ། སྣང་བ་དགྲར་ལངས་ཀྱི་དུས་སུ་ཆོས་ཐམས་ཅད་སྟོང་ཉིད་མཉམ་པ་ཉིད་དུ་རྟོགས་ནས། སྟོང་པ་དགྲར་ལངས་ཀྱི་དུས་སུ་སྣང་སྟོང་གཉིས་མེད་དུ་གོམས ་པར་བྱས་ནས། དུར་ཁྲོད་གནས་སུ་ཉལ་བར་བྱ། ཅེས་པ་ནི་སྣང་སྟོང་རོ་སྙོམས་པ་ཅེས་པའི་དོན་ཏོ། །ཇི་ལྟར་དུ་རོ་མཉམ་ན། མཉམ་པར་རྟོགས་ནས་ཅེས་པ་ཆོས་ཐམས་ཅད་གཉིས་མེད་དམ་མཉམ་པ་ཉིད་དུ་རྟོགས་པར་བྱས་ནས། སྨྱོན་པའི་བརྟུལ ་ཤུགས་གང་ལ་ཡང་མ་ཞེན་པར་ཟས་ཀྱི་སྣོད་ལྟ་བུ་འབྱར་ལམ་གོས་པ་དངུལ་ཆུ་ལག་མཐིལ་དུ་བཞག་པ་ལྟ་བུ། གང་ལ་ཡང་བློ་སྔོན་དུ་མ་སོང་བ་བུ་ཆུང་ལྟ་བུ། གང་ལ་ཡང་རྩིས་གདབ་མང་པ་སྨྱོན་ལྟ་བུའི་བརྟུལ་ཞུགས་སྤྱད། ཅེས་པའི་དོན ་ཏོ། །རྣལ་འབྱོར་པ་མེ་ཀོ་བའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་།། *། (།ཏོག་རྩེ་བའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཀོ་ཏ་ལིའི་ཞལ་ནས། བདེ་དང་སྡུག་བསྔལ་ཐམས་ཅད་སེམས ་ལས་བྱུང། །བླ་མའི་གདམས་པས་སེམས་ཀྱི་རི་བོ་བརྐོས། །བློ་ལྡན་ས་ཡི་རི་བོ་བརྐོས་གྱུར་ཀྱང། །གཉུག་མའི་བདེ་ཆེན་རྟོགས་པར་མི་འགྱུར་རོ། །ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་བ་རྒྱུན་མི་འཆད། །བཏགས་པ ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །སྒོམ་དང་མི་སྒོམ་གཉུག་མའི་ངང་ལ་ཞོག་།ཅེས་སོ། །འདིའི་དོན་ནི། བདེ་བ་དང་སྡུག་བསྔལ་ཐམས་ཅད་སེམས་ལས་བྱུང། །ཅེས་པ་ནི། ཡུལ་མེད་པའི་སྡུག་བསྔལ་དང། ཡུལ་བཙལ་ལ་སྐྱིད་པར་བྱ ་བསམས་པའི་བདེ་བ་དང། དེ་ཐམས་ཅད་གཞན་ལས་མ་བྱུང་རང་གི་སེམས་ལས་བྱུང་བྱ་བའི་དོན་དང་སྦྱོར། །བླ་མའི་གདམས་པས་སེམས་ཀྱི་རི་བོ་བརྐོས། །ཅེས་པ་ནི་བླ་མའི་གདམས་པས་བརྐོས་ཏེ། ཕྱིན་ཅི་ལོག་གི་ཕ་རོལ་ས་དྲུག་ལས་ལེག ་ནས་ཡང་དག་པའི་ཕ་རོལ་ས་དྲུག་གིས་བརྐོས་སྐད། བློ་ལྡན་ས་ཡི་རི་བོ་བརྐོས་གྱུར་ཀྱང། །གཉུག་མའི་བདེ་ཆེན་རྟོགས་པར་མི་འགྱུར་རོ། །ཅེས་པ་ལོ་རྒྱུས་ཀྱི་དོན་དང་སྦྱར་བའོ། །ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཅེས་པ་ཐ་མལ ་གྱི་ཤེས་པ་ཕྱིན་ཅི་ལོག་གི་བློ་ཕྱག་རྒྱ་ཆེན་པོ་མ་རྟོགས་པའི་བྱིས་པ་སོ་ས་སྐྱེ་བོའི་ཤེས་པ་ལ་བྱ་སྟེ། ཇི་ལྟར་སྲད་ན་སྙིང་གི་དབུས་སུ་སད་ཅེས་པ་དང་པོའི་སྙིང་གི་དབུས་སུ་སད་ཅེས་པ། དངོས་པོའི་སྙིང་གི་གོ་བ་ནི། ཆོས་ཐམས ་ཅད་ཀྱི་སྙིང་པོའི་གནས་ལུགས་ཕྱག་རྒྱ་ཆེན་པོ་དེ་ཡིན་ཏེ། སྙིང་པོ་དོན་གྱི་རང་བཞིན་ཅེས་བྱའོ། །འདི་ཉིད་མཛའ་ཐམས་ཅད་དང་བྲལ་བའི་དབུས་ཞེས་བྱའོ། །སྙིང་གི་དབུས་སུ་ཐ་མལ་གྱི་ཤེས་པ་སད་པ་ནི། སྙིང་པོ་དོན་གྱི་རང་བཞིན་ཕྱག་རྒྱ་ཆེན་པོའི ་དང་དུ་ཐ་མལ་གྱི་རྣམ་རྟོག་ཟད་ཅིང་འགགས་པས་སད་ཅེས་པའོ། །དེ་ལྟར་རྟོག་པ་ཟད་པས་ཚོགས་དྲུག་གི་རྟོག་པ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ན་ཚོགས་དྲུག་ཅེས་བྱའོ། །བདེ་ཆེན་ཅེས་པ་ནི་ཚོགས་དྲུག་ལ་སོགས་པའི་རྟོག་ཚོགས ་ཐམས་ཅད་ཕྱག་རྒྱ་ཆེན་པོའི་གཟིགས་མོར་ཤར་བས་བདེ་བ་ཆེ་ཅེས་པའོ། །བདེ་བ་ཆེ?་ཡང་རྒྱུན་མི་འཆད་པར་བསམ་གཏན་ཅེས་བྱ་བར་གནས་སོ། །དེ་ལྟ་བུའི་དད་ནས་བཏགས་ན་བློ་དང་སེམས་ལས་བྱུང་བའི་དྲན་རིག་ཐམས་ཅད་དོན་མེད་པ་སྡུག་བསྔལ་གྱི་རྒྱུ ་ཡིན་ལ། རྟོགས་པ་ལ་ནི་དེ་ཉིད་བླ་མར་ཤར་ཅེས་སོ། །དེ་ཉིད་བླ་མར་བྱས་ནས་སྒོམ་རྒྱུ་ཅི་ཡོད་དམ་བྱས་པས། མེད་དེ། སྒོམ་ན་སྒོམ་རྒྱུ་མེད། ཅེས་པའོ། །འོ་ན་སྒོམ་རྒྱུ་མེད་ན་མི་སྒོམ་མམ་བྱས་པ་ལ། གཉུག་མའི་ངང་ལ་ཞོག་ཅེས་པ་ནི་མ་བཅོས་པ་ ་ཡིན་ལ། དེའི་ངང་ལ་མ་བཅོས་པར་ཞོག་ཅེས་པའི་དོན་ཏོ། །རྣལ་འབྱོར་པ་ཏོག་?་?་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་(།།ཀམ་པ་རི་པའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།།གུ་རུ་ཀམ་པ་རི་པའི་ཞལ་ནས། ་རང་བཞིན་ལུས་ཀྱི་སོ་མལ་དུ། །དྲན་རིག་རྣམ་རྟོག་སོལ་བ་ལ། །རོ་རྐྱང་གཉིས་སུ་ཀྱི་སྤུད་པས་བུས། །དྷཱུ་ཏི་ཡེ་ཤེས་མེ་སྦར་ནས། །དུག་གསུམ་རྣམ་རྟག་ཆོས་སྐུར་བརྡུངས། །ཀམ་རི་བ་ཡིས་རྟོགས་ནས་གྲོལ། །ཅེས་སོ། །འདིའི་དོན་ནི། ཕྱི་མ་གར་བའི་དཔེ་ནང ་དུ་སྦྱར་ཏེ། དེ་ལ་རང་བཞིན་ལུས་ཀྱི་སོ་མལ་དུ། ཞེས་པ་ནི། ལུས་ནི་རང་ལུས་ལ་སྟོང་ཉིད་ཀྱི་རྩ་ཨ་ཝ་དྷཱུ་ཏི་ཏེ། རྣམ་པར་ཤེས་པའི་རྟེན་ཡིན་པས་དེའི་རང་བཞིན་གྱི་སྟོང་པའི་སོ་མལ་ལྟ་བུར་བྱས་ནས། བློ་བུར་བའི་དྲན་རིག་ཐམས་ཅད་སོལ་བ་ལྟ་བུར ་བྱས་ཏེ། རོ་རྐྱང་ཅེས་པ་ནི་ཐབས་ཤེས་ལྟ་བུའི་སྡུད?་པར་བྱས་ནས། དེས་དྷཱུ་ཏི་ཡེ་ཤེས་ཀྱི་མེ་སྤར་ནས་ཅེས་པ། དྷཱུ་ཏི་ནི་སེམས་ཀྱི་སོ་མལ་དེ་དུ་སྟོང་ཉིད་ཀྱི་རྟེན་ཡེ་ཤེས་ཀྱི་མེ་སྤར་ཅེས། སྟོང་ཉིད་ཀྱི་སོ་མལ་དེར་སེམས་ཀྱི་རང་བཞིན་འོད་གསལ་སྟོང་པ ་ཉིད་ཡིན་ལ། དེའི་ནང་དུ་དྲན་རིག་གི་རྣམ་པར་རྟོག་པ་ཐམས་ཅད་རོ་མ་རྐྱང་མ་ལྟ་བུ་ཐབས་ཤེས་རབ་ཀྱི་རང་བཞིན་སྤུད་པ་ལྟ་བུ་དེས་སྣང་སྟོང་གཉིས་མེད་དུ་རྟོགས་པའི་མེ་དེ་ལ་སྤར་ཅེས་པ་ལྟ་བུའོ། །དེ་ལྟར་དུ་རྟོགས་ཙམ་ནང་དུག་གསུམ་ཆོས་སྐུ་ཅེས་བྱ ་སྟེ། སོ་མལ་གྱི་སྟེང་པ་དང་དྲན་རིག་སྣང་བ་གཉིས་ཐབས་ཤེས་གཉིས་མེད་དུ་རྟོགས་པའི་ཡེ་ཤེས་དེས་དྲུག་གསུམ་རྣམ་རྟོག་ཆོས་སྐུར་བརྡུངས་ཅེས་པའོ། །དེ་སུས་རྟོགས་ན་ཀམ་པ་རི་བས་རྟོགས་ནས་འཁོར་བ་ལས་གྲོལ་ཅེས་པའོ། །རྣལ་འབྱོར ་པ་ཀམ་པ་རི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?།། *། (།ཛ་ལནདྷ་རའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཛ་ལནདྷ་རའི་ཞལ་ནས། ཁམས་གསུམ་ལུས་ངག་ཡིད་གསུམ་གྱི། །དྲན་རིག་རྣམ་རྟོག་སྣ ་ཚོགས་ཀུན། །རོ་མ་རྐྱང་མ་དབུ་མ་རུ། །བདག་བྱིན་རླབས་ཕྱིར་བཅིང་བར་བྱ། །ཅེས་སོ། །འདིའི་དོན་ནི། དེ་ལ་ཁམས་གསུམ་ཅེས་པ་ནི་འདོད་པའི་ཁམས། གཟུགས་ཀྱི་ཁམས། །གཟུགས་མེད་པའི་ཁམས་དང་གསུམ་ཡིན་ལ། ནང་གི་ཁམས ་གསུམ་ནི་ལུས་ངག་ཡིད་གསུམ་མོ། །དེ་གསུམ་གྱིས་བསྡུས་པའི་དྲན་རིག་གི་རྣམ་པར་རྟོག་པ་སྣ་ཚོགས་པ་ཀུན་རྩ་རྣམ་པ་གསུམ་དུ་འདུས་ཏེ། དེ་ཡང་གཡས་པ་ཐབས་ཀྱི་རང་བཞིན་ངམ་ཞེས་བྱ་ལ། གཡོན་ཤེས་རབ་ཀྱི་རང་བཞིན་རྐྱང་མ་ཞེས་བྱ་བར ་ཡིན་ཏེ། དེ་ཉིད་ཀྱི་དབུས་ན་རྩ་ཨ་ཝ་དྷཱུ་ཏི་ཞེས་བྱ་བ་གཉིས་མེད་ཀྱི་རྩ་དེ་རུ་ཐབས་ཤེས་རབ་གཉིས་ཀྱི་རྩེ་དེ་བསྡུས་པས་དྷཱུ་ཏི་རུ་ཅེས་བྱའོ། བདག་བྱིན་རླབས་ཕྱིར་བཅིང་བར་བྱ། །ཅེས་པ་ནི། བདག་བྱིན་གྱིས་བརླབས་པ་ཞེས་བྱ ་བ་གཉིས་མེད་ཀྱི་རྩ་ལ་རྟེན་ནས་རྟོགས་པར་བྱ་བ་ཡིན་ཏེ། དེ་ཡང། བཅིངས་ཅེས་བྱ་བ་ནི་དྲན་རིག་སྣ་ཚོགས་པ་སྟེ་སྣང་སྟོང་གཉིས་མེད་དུ་བཅིངས་ཅེས་པའོ། །དོན་དབྱེར་མེད་དེ་ཁོ་ན་ཉིད་ལ་གནས་ལུགས་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །རྣལ་འབྱོར་པ་ཛ ་ལནདྷ་ར་བའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?(།།རཱ་ཧུ་ལའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།གུ་རུ་རཱ་ཧུ་ལའི་ཞལ་ནས། ཕྱི་ཡི་སྒྲ་གཅན་བཟང་པོ་ཡིས། །ཟླ་བའི་སྣང་བ་གཉིས་མེད་ཟོས། །ཀུན་རྫོབ་ཟླ ་བའི་ཐིག་ལེ་ནི། །དབྱིངས་རིག་སྒྲ་གཅན་གཉིས་མེད་ཟོས། །ཅེས་སོ། །འདིའི་དོན་ནི། དེ་ལ་ཕྱིའི་སྒྲ་གཅན་ཅེས་པ་ནི་དཔེ་ཡིན་ཏེ། དཔེར་ན་རཱ་ཧུ་ལ་ལ་བྱའོ། །དེའི་སྣང་བས་ཟླ་བ་ཟོས་པ་ལྟ་བུར། ཀུན་རྫོབ་ཐིག་ལེ་ཟླ་བ་ནི། ཅེས་པ་བདག་ཉིད་ཀྱི་སྤྱི་བོ་ནས་ཨ ་ལས་ཟླ་བའི་དཀྱིལ་འཁོར་བསྒོམས་པའི་ནང་དུ་སྣང་སྲིད་འཁོར་འདས་ཀྱི་རྟོག་པ་འམ། སེམས་དང་སེམས་ལས་བྱུང་བའི་དྲན་རིག་ཐམས་ཅད་སྒོམས་པས་ནི་ཀུན་རྫོབ་ཐིག་ལེ་ཟླ་བ་ཞེས་བྱ་ལ། དེ་ཟ་བར་བྱེད་པ་ནི་དབྱིངས་རིག་སྒྲ་གཅན་བཟང་པོར་བྱ་བ ་ཡིན་ཏེ། དེ་ཇི་ལྟར་དུ་ཟོས་ན་དབྱིངས་ཆེན་ཆོས་ཀྱི་དབྱིངས་ཡིན་ལ། རིག་པ་ཅེས་པ་ཆོས་ཀྱི་དབྱིངས་ཡེ་ནས་རྣམ་པར་དག་པ་ཡིན་ལ། དེ་ལ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཅེས་བྱའོ། །དེའི་ནང་ཀུན་རྫོབ་ཟླ་བའི་ཐིག་ལེ་དྲན་རིག་གི་རྟོག་པ་སྣ་ཚོགས ་པ་དེ་དབྱིངས་དང་ཡེ་ཤེས་དབྱེར་མེད་གཉིས་མེད་དུ་ཟོས་པས་ཟོས་ཅེས་བྱའོ། །རྣལ་འབྱོར་པ་རཱ་ཧུ་ལའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་(།།དྷརྨམ་བའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་དྷརྨམ་པའི་ཞལ་ནས། སྣང ་སྲིད་ཆོས་ཀྱི་སྣོད་དུ་ནི། །བྱང་ཆུབ་སེམས་ཀྱི་མར་ཁུ་བླུག་།ཚོགས་དྲུག་རྣམས་ཤེས་སྡོང་བུ་ལ། །གཉིས་མེད་ཡེ་ཤེས་མེ་སྤར་བས། །རྣམ་རྟོག་འཁྲུལ་པའི་མུན་པ་བཅོམ། །ཅེས་སོ། །འདིའི་དོན་ནི། དེ་ཡང་དེ་ཉིད་ཀྱི་དཔེ་མར་མེ་ལ་སྦྱར་བར་བྱ་སྟེ། སྣང་སྲིད ་ཆོས་ཀྱི་ཀོང་བུ་རུ། ཅེས་པ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་ཀྱི་ཀོང་བུ་རུ་ཅེས་པ་ཆོས་ཉིད་མ་བཅོས་པའི་དང་རྒྱ་མཚོ་ལྟ་བུར་བྱས་ནས། བྱང་ཆུབ་སེམས་ཀྱི་མར་ཁུ་བླུག་ཅེས་པ་བྱང་སེམས་ལ་ཉོན་མོངས་ཀྱི་འཁྱག ་པ་མེད་པ་མར་ཁུ་ལྟ་བུར་བཞུ་བ་དེ་ཆོས་ཉིད་ཀྱི་ཀོང་བུར་བླུག་ཅེས་པའོ། །དེ་ལ་ཚོགས་དྲུག་གི་རྣམ་ཤེས་སྡོང་བུར་བྱས་ནས། གཉིས་མེད་ཡེ་ཤེས་ཀྱི་མེ་ཇི་ལྟར་སྤར་ན། ཚོགས་དྲུག་གི་རྣམ་པར་རྟོག་པ་ཙཱ་ཤིང་དང་འདྲ་བ་དེ་ལ་གཉིས་མེད་ཡེ་ཤེས ་ཀྱི་མེ་སྤར་བས་ན་རྣམ་རྟོག་འཁྲུལ་པའི་བུད་ཤིང་བསྲེགས་ནས་དངོས་མེད་ཡེ་ཤེས་ཀྱི་ངང་དུ་ཐིམ་ཅེས་པའོ། །རྣལ་འབྱོར་པ་དྷརྨམ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?། *། (།དོ་ཀ་རིའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།) ་གུ་རུ་དོ་ཀ་རིའི་ཞལ་ནས། ཆོས་དབྱིངས་རང་བཞིན་སྣོད་ནང་དུ། །རིག་པ་ཆོས་སྐུའི་རྫས་ཉིད་བཅུག་།དབྱིངས་རིག་གཉིས་ཀྱི་འབྲས་བུ་ནི། །བསྐལ་ལྡན་རྣལ་འབྱོར་རིག་པས་རྟོགས་ཅེས། །ཆོས་དབྱིངས་རང་བཞིན་སྣོད་ནང་དུ། །ཅེས་པ་ནི། ཆོས ་དབྱིངས་དེ་གཞན་གྱིས་དག་པ་འམ། གསལ་བར་བྱ་བ་མེད་དེ། ཁོ་རང་ཡེ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་ནམ་མཁའ་ལྟ་བུ་ཡིན་ལ། དེ་ལ་མི་གཤོང་བ་གང་ཡང་མེད་པས་ཐམས་ཅད་ཀྱི་འབྱུང་གནས་སམ་སྣོད་དུ་གྱུར་པས་ན་བསྣོད་དག་ཅེས ་པའོ། །དེ་རུ་ཅི་ལྡུགས་བྱས་པ་ལ། རིག་པ་ཆོས་སྐུའི་རྫས་དག་བཅུག་།ཅེས་པ་ལྡུགས་པའོ། །དེ་ལ་འབྲས་བུ་ཅི་འབྱུང་ན། དབྱིངས་རིག་གཉིས་མེད་འབྲས་བུ་ཅེས་པ་དེ་འབྱུང་བ་སྟེ། དབྱིངས་མ་བཅོས་པ་རིག་པ་ཆོས་སྐུ་གཉིས་མེད་དུ་རྟོགས ་བའི་འབྲས་བུ་འབྱུང་ཅེས་པའོ། །རྣལ་འབྱོར་པ་དྷོ་ཀ་རི་བའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། 49?་(།།མེ་དྷི་ནའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།གུ་རུ་མེ་དྷི་ནའི་ཞལ་ནས། རིག་པ་གཉུག་མའི ་ཤེས་རབ་དང། །ཉམས་མྱོང་གོམས་པའི་ཐབས་དག་གིས། །རང་བཞིན་གནས་ལུགས་གཞི་དག་ལས། །བདེ་ཆེན་ལྷུན་གྲུབ་འབྲས་བུར་རྟོགས། །ཅེས་སོ། །འདིའི་དོན་ནི། དེ་ལ་རིག་པ་ཅེས་པ་ནི་རང་གི་སེམས་ཡིན་ལ། གཉུག་མ་ཅེས་པ་ནི་སེམས་དེ་ཉིད ་མ་བཅོས་པའི་དོན་ཡིན་ནོ། །ཤེས་རབ་ཅེས་པ་ནི་གཉུག་མ་དེ་རྟོགས་པར་བྱེད་པ་མི་དམིགས་པའི་ཤེས་རབ་དེའོ། །ཐབས་ནི་གང་ཡིན་ན། ཉམས་མྱོང་གོམས་པའི་ཐབས་དག་གིས། ཅེས་པ་གཉུག་མ་དེ་གོམས་པར་བྱེད་པའི་ཐབས་ཤེས་རབ་དེས ་ཇི་ལྟར་རྟོགས་ན། རང་བཞིན་གནས་ལུགས་གཞི་དག་ལས། ཅེས་པ་ཡེ་ནས་གཞི་གནས་ལུགས་ཆེན་པོ་དེ་ལ་གཉུག་མ་བདེ་བ་ཆེན་པོ་བྱ་བ་དེ་འབྲས་བུ་ལྷུན་གྲུབ་ཆེན་པོར་ཡོད་པ་དེ་རྟོགས། །ཅེས་པའོ། །རྣལ་འབྱོར་པ་མེ་དྷི་ནིའི་རྟོགས་བརྗོད ་དང་འགྲེལ་པ་རྫོགས་སོ།། 50?་(།།སམ་ཀ་ཛའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་སམ་ཀ་ཛའི་ཞལ་ནས། ཇི་ལྟར་བླ་མས་མ་ཟིན་མ་རྟོགས་དུས་དག་ཏུ། །ཡིད་བཞིན་ནོར་བུ་དང་ནི་ནོར་བུ་འཕྱིད?་སུ་མཉམ། །བླ ་མ་དང་ནི་རྟོགས་པས་ཡོངས་སུ་ཟིན་གྱུར་ན། །ཉི་ཟླའི་འོད་དང་སྲིན་བུ་མེ་ཁྱེར་ཇི་བཞིན་ནོ། །ཅེས་སོ། །འདིའི་དོན་ནི། དེ་ལ་ཇི་ལྟར་བླ་མས་མ་ཟིན་ཅེས་པ། ཡིད་བཞིན་གྱི་ནོར་བུ་ངོ་མ་ཤེས་པའི་དཔེ་ཡིན་ཏེ། བསམ་འཕེལ་གྱི་ནོར་བུ་ངོ་མ་ཤེས་བས་འཕྱིད ་ཕུ་དང་མཉམ་པར་མཐོང་ནས་རྗེས་པ་ལྟ་བུར། མ་རྟོགས་དུས་དག་ཏུ་ཅེས་པ། དོན་མ་རྟགས་པའི་དུས་ན་སངས་རྒྱས་ཀྱི་སའི་ཡོན་ཏན་དང་ལྷ་མིའི་འབྲས་བུ་གོ་འཕང་ཐོབ་པ་དེ་གཉིས་ལ་ཁྱད་པར་གོ་ནས། ལམ་ཕྲ་མོ་སྨོན་འཇུག་ཙམ་ལ་རྟེན་ཏེ། ་འབྲས་བུ་ལྷ་མིའི་གོ་འཕང་ནོར་བུ་འཕྱིད?་བུ་ལ་འདུན་བ་བྱས། ཅེས་པའོ། །བླ་མ་དང་ནི་རྟོགས་པས་ཡོངས་སུ་ཟིན་གྱུར་ན། ཅེས་པ་དོན་གྱི་བླ་མ་ནི་རང་གི་སེམས་ཉིད་ལ་བྱ་སྟེ། སེམས་ཉིད་གནས་ལུགས་ཕྱག་རྒྱ་ཆེན་པོ་ཡོངས་སུ་ངོས་ཟིན་ན་སངས་རྒྱས་ཀྱི་དགོངས ་པ་རྟོགས་སྟེ། ཡིད་བཞིན་གྱི་ནོར་བུ་ལྟ་བུར་ཡོན་ཏན་ཐམས་ཅད་རྫོགས་པར་གོ་ཅེས་བའི་དོན་ཏོ། །འོ་ན་དེ་གཉིས་ཀྱི་ཁྱད་པར་དཔེར་བྱས་ན་ཇི་ལྟ་བུ་བྱས་བ་ལ། ཉི་ཟླའི་འོད་དང་སྲིན་བུ་མེ་ཁྱེར་ཇི་བཞིན་ནོ། །ཅེས་པའོ། །དེ་གཉིས་འོད་གཟེར་ཙམ་དུ་མཉམ ་ཡང་ཁྱད་བར་ཤིན་ཏུ་ཆེ་བ་དེ་བཞིན་དུ་ལམ་སྦྱོང་ཙམ་དུ་མཉམ་ཡང་འབྲས་བུ་ཁྱད་པར་ཆེ་བར་འབྱུང། །ཅེས་པའི་དོན་ཏོ། །རྣལ་འབྱོར་པ་སམ་ཀ་ཛའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། 51་།། ་*། (།གྷཎྚ་པའི་དོ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།།)་།གུ་རུ་གྷཎྚ་པའི་ཞལ་ནས། ལ་ལ་ར་ས་དྷུ་ཧི་གསུམ། །བདག་བྱིན་རླབས་ཕྱིར་བཅིང་བར་བྱ། །བླ་མ་སེམས་དང་སྣང་བ་གསུམ། །རྟོགས་པ་བསྐྱེད་ཕྱིར་མཁས་བས་བརྟེན། །ཅེས་སོ། །འདིའི་དོན་ནོ། དེ་ལ་ལ ་ལ་ར་ས་དྷུ་ཏི་གསུམ། །ཅེས་པ་ནི། ལ་ལ་ཅེས་པ་གཡས་པ་ཐབས་ཀྱི་རྩ་རོ་མ་ཡིན། རས་ཅེས་པ་གཡོན་པ་ཤེས་རབ་ཀྱི་རྩ་རྐྱང་མ་ལ། དྷུ་ཏི་ཅེས་པ་རྣམ་པར་ཤེས་པའི་རྟེན་རྩ་དབུ་མ་ཡིན་ཏེ། བདག་བྱིན་རླབས་ཕྱིར་བཅིང་བར་བྱ། ཅེས་པ་བདག་། ་སྐྱེས་བུ་དེ་རྟོགས་པའི་རྟེན་དུ་བྱིན་གྱིས་བརླབ་པའོ། །དེ་ཕྱིར་བཅིང་བར་བྱ་སྟེ། ཇི་ལྟར་དུ་བཅིང་ན། ཐབས་དང་ཤེས་རབ་ཀྱི་རྩ་ཨ་ཝ་དྷུ་ཏིར་གཉིས་མེད་དུ་བཅིངས་པའོ། །དྷུ་ཏི་སེམས་ཉིད་ཀྱི་ངོ་བོ་རྟོག་མེད་ཀྱི་ཡི་གེ་ཨ་དཀར་པོ་དེར་བདེ་བའི་རང་བཞིན་ཕྱག་རྒྱ ་ཆེན་པོར་བཅིང་བར་བྱ། ཅེས་པའོ། །དེ་ཐབས་གང་གི་ཞེས་ན། བླ་མ་སེམས་དང་སྣང་བ་གསུམ། །ཅེས་པ་ཡིན་ཏེ། བླ་མ་ཞེས་པ་རང་གི་རྒྱུད་ལ་ཆོས་སྐུ་མཚོན་པར་བྱེད་པའི་བླ་མ་དེ་ལ་བྱའོ། །སེམས་དང་ཞེས་པ་ནི་བླ་མས་བནདྷ?་སྦྱར་བའི་ཕྱིར ་རང་གི་སེམས་ཉིད་ལ་བྱ་སྟེ། དེ་ཡང་རང་སེམས་གཉུག་མར་ལྷན་གྱིས་ངོ་བོ་རྟོགས་པ་དེ་ལ་བྱའོ། །སྣང་བ་ཞེས་པ་ནི་ཕྱི་རོལ་གྱི་ཡུལ་གྱི་རྟེན་ཚོགས་དྲུག་གི་རྗེས་སུ་དབང་པོ་འབྲང་ནས་རྟོགས་པའི་དབང་གིས་སྣ་ཚོགས་སུ་སྣང་བ་དེ་ལ་བྱ་སྟེ། དེ་ཡང ་བླ་མའི་གདམས་ངག་གིས་སྣ་ཚོགས་ཕྱག་རྒྱ་ཆེན་པོར་སྣང་བ་མ་སྣང་བ་ཞེས་བྱའོ། །རྟོགས་པ་སྐྱེད་ཕྱིར་མཁས་པས་བརྟེན་ཅེས་པ་ནི་བརྡའ་དང་ཐབས་ལ་རྟེན་ནས་རྟོགས་པར་བྱ་བའི་མན་ངག་ཡིན་ལ། སེམས་ནི་གཉུག་མའི་རང་བཞིན་?་སྣང་བ་ནི་རང་སྣང ་ཕྱག་རྒྱ་ཆེན་པོ་ལ་བྱ་ལ། རྟོགས་པར་བྱ་ཕྱིར་ཅེས་པ་ནི་ལམ་དེ་ཉིད་ལ་གོམས་པར་བྱ་བའི་དོན་ནོ། །མཁས་པས་བརྟེན་ཞེས་པ་ནི། དོན་གྱི་སྙིང་པོ་གཉུག་མའི་དོན་ལ་མཁས་པས་སྣ་ཚོགས་ཕྱག་རྒྱ་ཆེན་པོར་རྟོགས་སོ། །སློབ་དཔོན་དྲིལ་བུ་པའི ་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། 52?་(།།ཛོ་ཀི་བའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཛོ་ཀི་བའི་ཞལ་ནས། མར་མེའི་རྩེ་མོ་ལྟ་བུ་ཡི། །ཕྲ་ཞིང་གསལ་བ་ཡིད་གོམས་པས། །བརྟན་ཞིང་གཡོ ་བའི་དངོས་པོ་ཀུན། །ཆོས་ཀྱི་དབྱིངས་སུ་རྣམ་པར་ཐིམ། །ཅེས་སོ། །འདི་ལ་དཔེ་དོན་གཉིས་ལས། མར་མེའི་རྩེ་མོ་ལྟ་བུ་ཅེས་པ་དཔེ་ཡིན་ཏེ། དེ་ཡང་ཕྲ་ཞིང་གསལ་བའི་དཔེའོ། །དེ་བཞིན་དུ་དོན་ནི་ཕྲ་ཞིང་ཆས་ཕྲ་བའི་ཡོན་ཏན་གོམས་པས། ཅེས་པ་ཕྲ་ཞིང ་ཞེས་པའི་ངོ་བོ་གནས་ལུགས་ཀྱི་སེམས་ཉིད་དངོས་པོ་འམ། མཚན་མ་ཅིར་ཡང་མ་གྲུབ་པ་ལ་བརྟག་བར་དཀའ་ཞིང་ཅིར་ཡང་མ་གྲུབ་པས་ན་ཕྲ་ཞིང་ཞེས་བའོ། །ཆེས་ཕྲ་ཞིང་ཞེས་པ་ནི་སེམས་ཉིད་ཅིར་ཡང་མ་གྲུབ་པ་དེ་རང་ཆོས་སྐུར་འདུག་ལ། ཆོས་སྐུ ་དེ་ཡང་ཕྲ་ཞིང་ཟག་པ་མེད་ལ་རྒྱུ་ས་བོན་དང་བྲལ་བ། རྐྱེན་གཞན་ལ་མི་ལྟོས་པ། འབྲས་བུ་རེ་དོགས་མེད་པ། ཤིན་ཏུ་ཡང་ཟབ་པར་འདུག་པས་ན་ཆེས་ཕྲ་ཞེས་པའོ། །ཡིད་གོམས་པ་ཅེས་པ་ཡིད་ནི་སེམས་ཉིད་ཕྲ་ཞིང་ཟག་པ་མེད་པ་ངོ་བོ་ཆོས་ཀྱི་ ་སྐུའི་རང་བཞིན་ཡིན་ལ། དེ་ལ་གོམས་པ་ཅེས་པའོ། །དེ་ལ་འབྲས་བུ་ཇི་ལྟར་འབྱུང་ཞེ་ན། བརྟན་ཞིང་གཡོ་བའི་དངོས་པོ་ཀུན། །ཞེས་པའོ། །བརྟན་ཞིང་ཞེས་པ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ཡིན་ལ། གཡོ་བ་ནི་བཅུད་ཀྱི་སེམས་ཅན་ཡིན་ཏེ། དངོས་པོ་ཀུན་ཅེས་པ ་ནི་དེ་ལྟར་བརྟན?་གཡོའི་དངོས་པོ་ལ་བརྟེན་ནས་སྐྱེ་མཆེད་བཅུ་གཉིས་ཀྱི་རྟོག་ཚོགས་ཀྱི་དངོས་པོ་ཀུན། །ཞེས་བའི་དོན་ཏོ། །ཆོས་ཀྱི་དབྱིངས་སུ་རྣམ་པར་ཐིམ། ཅེས་པ་ནི་ཕྲ་ཞིང་ཆེས་ཕྲ་བའི་རྣམ་པར་རྟོག་པ། མི་རྟོག་པ་དེ་ལ་ཆོས་ཀྱི་དབྱིངས་ཙམ་དུ་བླ་དགས་སུ ་བརྟགས་བ་ཡིན་ལ། དེ་ལ་རྣམ་རྟོག་རང་རྒྱུད་པར་འཛིན་པའི་དངོས་པོ་ཡང་མི་མངའ་བས་ན་ཐིམ་ཞེས་པའོ། །རྣལ་འབྱོར་པ་ཛོ་ཀི་བའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། 51?་(།།ཙ་ལུ་ཀིའི་དོཧ་འགྲེལ་པ་དང་བཅས་པ་བཞུགས་སོ།། །། ་གུ་རུ་ཙ་ལུ་ཀིའི་ཞལ་ནས། བླ་མ་དམ་པའི་གདམས་པ་ནི། །ཡུན་རིང་དུས་ན་གོམས་པ་ཡིས། །ས་སོགས་རིམ་པར་ཐིམ་པ་ལས། །རང་སྣང་ཕྱག་རྒྱ་ཆེན་པོར་འགྱུར། །ཅེས་སོ། །འདིའི་དོན་ནི། དེ་ཡང་བླ་མ་དམ་པའི་གདམས་ངག་གིས། ཅེས་པ་ནི། ་བླ་མ་ཞེས་པ་དང་བོའི་གདམ་ངག་རྒྱུད་ལ་སྦྱོར་བར་བྱེད་པའི་བླ་མ་དེ་ལ་དམ་པ་ཞེས་ཟེར་ཏེ། དེའི་གདམས་ངག་ཇི་ལྟར་ཡིན་ན། རྩ་རོ་མ་དང་རྐྱང་མ་གཉིས་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་པས། །དེ་གཉིས་ཀྱི་རྟོག་པ་དབུ་མ་ཨ་ཝ་དྷཱུ་ཏིར་གཉིས ་མེད་དུ་བཅུག་ནས། དེ་ལྟར་ལུས་སེམས་གཉིས་མེད་ཀྱི་རང་བཞིན་དུ་བྱས་ནས། གཉིས་མེ་དེ་ཆོས་ཀྱི་དབྱིངས་རྒྱ་མཚོ་ལྟ་བུར་སྒོམ། །དབྱིངས་རྒྱ་མཚོ་ལྟ་བུ་དེ་ལ་རིག་པའི་ཡེ་ཤེས་ཉ་འཕྱོ་བ་ལྟ་བུར་སྒོམ་པ་ལ། ཡུན་རིང་དུས་སུ་གོམས་པ་ཡིས། །ཅེས་སོ།། ་སྒོམ་པ་དེ་ལ་ཡོན་ཏན་ཅི་འབྱུང་ཞེ་ན། ས་སོགས་རིམ་པར་ཐིམ་པ་ལས། ཞེས་པ་སྟེ། དེ་ཡང་ས་སོགས་རིམ་པར་ཐིམ་པ་ནི་དབྱིངས་དང་རིག་པ་གཉིས་མེད་དུ་རྟོགས་པ་དེ་སངས་རྒྱས་ཀྱི་ས་བཅུ་བཞི་པ་རྡོ་རྗེ་འཛིན་པའི་ས་ཡིན་པས་ས་དང་ལམ་ལ ་སོགས་པའི་རིམ་པས་བགྲོད་མི་དགོས་པས་ན་སྐད་ཅིག་ལ་ཐིམ་པར་ཐིམ་ཅེས་པའོ། །དེ་ལ་ཅི་འབྱུང་ཞེ་ན། རང་སྣང་ཕྱག་རྒྱ་ཆེན་པོ་འབྱུང་ཞེས་པ་སྟེ། རང་སྣང་ནི་དབྱིངས་དང་རིག་པ་གཉིས་མེད་ཀྱི་རང་སྣང་དེ་ལ ་དྲན་རིག་གི་རྣམ་པར་རྟོག་པ་ཐམས་ཅད་གཉིས་མེད་ཕྱག་རྒྱ་ཆེན་པོར་གྱུར་ནས་འབྲས་བུ་ཐོབ་པ་ལ་བྱའོ། །རྣལ་འབྱོར་པ་ཙོ་ལུ་ཀིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། 54?་(།།གོ་རུ་རའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།) ་གུ་རུ་གོ་རུ་རའི་ཞལ་ནས། ཕྱི་ནང་ཆོས་ཀུན་སེམས་སུ་འདུས་།སེམས་ཉིད་གསལ་བའི་དོན་རྟོགས་ན། །སྤྱོད་ལམ་རྣམ་བཞི་ཆོས་ཀྱི་སྐུ། །རྟོགས་པ་མངོན་གྱུར་རྫོགས་སངས་རྒྱས། །ཅེས་སོ། །འདིའི་དོན་ནི། ཕྱི་ནང་ཆོས་ཀུན་སེམས་སུ་འདུས། ། ་ཅེས་བ་ནི། ཕྱི་ནང་གི་ཆོས་ཐམས་ཅད་ནི་ཕྱིའི་སྐྱེ་མཆེད་བཅུ་གཉིས་ལོ། །དེ་ལ་རྗེས་སུ་འབྲངས་ནས་རྟོག་པའི་ཡུལ་སྣ་ཚོགས་པ་འབྱུང་བ་དེ་ཡང་སེམས་ཀྱི་ངོ་བོ་ལ་བསམ་འདས་ཏེ། ཕྱི་རོལ་གྱི་ཡུལ་བདེན་པ་མ་ཡིན་ནོ། །ནང་གི་སྐྱེ་མཆེད་ ་བཅུ་གཉིས་པོ་དེ་ཡང་སེམས་ཉིད་ཀྱི་ངོ་བོ་ལས་གཞན་དུ་མ་གྲུབ་པས་ན། ཕྱི་ནང་ཆོས་ཀུན་སེམས་སུ་འདུས། །ཅེས་པའོ། །དེ་བཞིན་གཤེགས་པའི་སྡེ་སྣོད་ནས་ནང་དང་ཕྱི་ཡི་སྐྱེ་མཆེད་ནི་བཅུ་གཉིས་པོ་དེ་སེམས་ཀྱི་རྩར?་བཤད་པས་ན། ཕྱི་ནང་གི ་ཆོས་ཐམས་ཅད་སེམས་སུ་འདུ་ཅེས་བའོ། །སེམས་ཉིད་གསལ་བའི་དོན་རྟོགས་ན། ཅེས་པས། ཕྱི་ནང་གི་ཆོས་ཐམས་ཅད་སེམས་སུ་འདུས་པའི་སེམས་ཉིད་གསལ་བའི་དོན་རྟོགས་པ་ནི། སེམས་རང་བཞིན་འོད་གསལ་འདུས་མ་བྱས་པའི ་ནམ་མཁའ་ལྟ་བུར་རྟོགས་པ་ལ་བྱའོ། །དེ་ལྟར་དུ་རྟོགས་ཙ་ན། སྤྱོད་ལམ་རྣམ་བཞི་ཆོས་ཀྱི་སྐུ། །ཅེས་པ་སྟེ། དེ་ཡང་སྤྱོད་ལམ་རྣམ་བཞི་ནི། འགྲོ་འཆག་ཉལ་འདུག་དང། ཕྱི་ནང་གི་སྐྱེ་མཆེད་དུ་ཇི་ལྟར་འདུག་ཀྱང་ཆོས་སྐུ་ལས་མ་གཡོས ་པའི་དོན་ཏོ། །དེ་ལྟར་རྟོགས་པ་མངོན་ཏུ་གྱུར་ཙམ་ན་རྫོགས་པའི་སངས་རྒྱས་ཅེས་དེ་ལ་བྱའོ། །རྣལ་འབྱོར་པ་གོ་རུ་རའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། 55?་།། *། །ལུ་ཙི་ཀའི་དོཧ?་འགྲེལ་པ་དང་བཅས་པ་བཞུགས་སོ།། ། ་གུ་རུ་ལུ་ཙི་ཀའི་ཞལ་ནས། གང་ཞིག་ཐོག་མ་མེད་དུས་ནས། །འཁོར་བའི་རྒྱ་མཚོར་ཡུན་རིང་འཁྱམ། །གྲུ་མཆོག་བླ་མ་དམ་པ་ཡིས། །བརྒལ་དཀའ་ཨི་མཚོ་ལས་དེ་རིང་ཐེར། །ཅེས་སོ། །འདིའི་དོན་ནི། དེ་ལ་གང་ཞིག་ཅེས་པ་ནི་མ་རྟོགས་པའི་སེམས ་ཅན་གང་ཞིག་ཅེས་པའོ། །ཐོག་མེད་དུས་ནས་ཅེས་པ་ཐོག་མ་ནི་འཁོར་བ་ལ་དུས་དང་པོར་འདི་ཙམ་གཅིག་གི་དུས་ནས་འཁོར་ཅེས་བྱ་བ་མེད་པ་ན་དུས་ཅེས་བྱའོ། །འཁོར་བའི་རྒྱ་མཚོར་ཡུན་རིང་འཁྱམས་ཅེས་བྱ་བ་ནི། འཁོར་བ་དེ་ཉིད་རྒྱ་མཚོའི ་ཆུ་དང་འདྲ་སྟེ། ཐར་པ་ཤིན་ཏུ་དཀའ་བས་ན་ཡུན་རིང་དུ་འཁྱམས། །ཅེས་པའོ། །གྲུ་མཆོག་བླ་མ་དམ་པ་ཡིས། །ཅེས་པ་བླ་མ་ནི་བརྒྱུད་བའི་བླ་མ་ལ་བྱ་ལ། གདམ་ངག་ནི་སྐྱེ་ཤིང་རྩ་ནས་གཅོད་པར་བྱེད་པའི་གདམ་ངག་ཅེས་བྱ་བ་ཡིན་ཏེ ་འཁོར་བའི་རྒྱ་མཚོ་འམ། སྲེད་པའི་ཉེན་བཤེས་གྱི་ཆུ་དེ་ལས་སྒྲོལ་བར་བྱེད་པས་ན་གྲུ་ཅེས་བྱའོ། །བརྒལ་དཀའ་ཨི་མཚོ་དེ་ལས་དེ་རིང་ཐར་ཅེས་པ་ནི། འཁོར་བ་དེ་ལས་ཐར་བ་འམ། བརྒལ་བར་དཀའ་བས་ན་རྒྱ་མཚོ་ལས། ཅེས་པའི་དོན་ཏོ། ། ་དེ་རིང་ཐར་ཅེས་པ་ལ། སུ་ཐར་ན་ལུ་ཙི་པ་ཉིད་བླ་མའི་གདམ་ངག་གི་གྲུ་དེ་རིང་རྙེད་ནས་ཐར། ཅེས་པའི་དོན་ཏོ། །རྣལ་འབྱོར་བ་ལུ་ཙི་ཀའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། 56?་།། *། །ན་གུ་ནའི་དོཧ་འགྲེལ་པ་དང་བཅས་པ་བཞུགས་སོ།། ་གུ་རུ་ན་གུ་ནའི་ཞལ་ནས། ཆུ་རླབས་ལྟ་བུའི་ཉམས་བརྟན་ནས། །སྤྱོད་པ་བགས་ཀྱི་འགྲོ་བར་བྱ། །བླ་མ་དམ་པའི་གདམ་ངག་གིས། །ཆགས་སྡང?་རྟོག་པ་རང་ཞིར་བྱས། །ཅེས་སོ། །ཆུ་རླབས་ལྟ་བུ་ཅེས་པ་ནི་དཔེ་ཡིན་ཏེ། དེ་ཡང་རྒྱ་མཚོ་ཆེན་པོའི ་གཟིངས་ཀྱི་རྒྱ་ཞིག་པའི་དུས་སུ་ཆུ་རླབས་ཀྱི་ཕྱོགས་བཞིར་སྟོར་ནས། དངོས་པོའི་རང་བཞིན་རྒྱ་ཞིག་ནས་རྒྱ་མཚོ་རང་གསལ་ཞིང་མི་གཡོ་བ་ལྟར། ཆུ་རླབས་ལྟ་བུའི་ཉམས་བརྟན་ནས། ཅེས་པ་ནི། ཉམས་ནི་སྟོང་པ་སྙིང་རྗེ ་གསལ་བ་གསུམ་གྱི་ཉམས་པ་བྱ་སྟེ། དངོས་པོ་སྟོང་པའི་ཉམས་ནི་རང་གི་སེམས་ཉིད་ངོ་བོས་སྟོང་སྟེ། མཚན་མ་དང་བྲལ་བའི་འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུར་འདུག་པ་དང། འཇིག་རྟེན་གྱི་བྱ་བ་སྟོང་པ་དང་མི་རྟག་པ་དང་སྡུག་བསྔལ་བ་དང་བདག ་མེད་པའི་རང་བཞིན་དུ་སྒོམ་པས། ཆུ་རླབས་ལྟ་བུའི་ཉམས་ནི་སྣང་སྲིད་སྟོང་པའི་ཉམས་སྐྱེས་པའོ། །ད་ལྟར་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་དམིགས་མེད་སྟོང་པ་ཉིད་དུ་རྟོགས་པས་བདག་གཞན་ཐམས་ཅད་མ་གྲུབ་པར་རྟོགས་ཏེ། དམིགས ་པ་མེད་པའི་སྙིང་རྗེ་ཆུ་རླབས་ལྟ་བུའི་ཉམས་སྐྱེའོ། །དེ་ལྟར་སྟོང་པ་དང་སྙིང་རྗེ་གཉིས་མེད་འོད་གསལ་གྱི་རྟོགས་པ་སྐྱེས་ནས་མ་རིག་པའི་རྒྱ་ཐམས་ཅད་ཞིག་ཏེ་འཁྲུལ་པ་ཆུ་རླབས་དེ་ལྟ་བུ་དེ་འོད་གསལ་གཉུག་མའི་ངང་དུ་རྒྱ་མཚོ་དངས་པ་མ་གཡོས་པ ་ལྟ་བུའི་ཉམས་དང་རྟོགས་པ་འཆར་བའོ། །དེ་སུ་ཞིག་གིས་བསྟན་ན་བླ་མ་དམ་པའི་གདམ་ངག་གིས་བསྟན་པའོ། །བསྟན་པ་དེ་ཇི་ལྟར་ཉམས་སུ་བླང་ཞེ་ན། སྤྱོད་པ་བག་ཆགས་ཀྱི་འགྲོ་བར་བྱ། །ཅེས་པ་སྟེ་སྤྱོད་པ་ནི་ཉམས་ཡིན་ལ། བག་ཆགས ་ཀྱི་འགྲོ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ས་ལམ་བཞིན་དུ་རྣལ་འབྱོར་བའི་ཉམས་ཀྱང་བག་ཆགས་ཀྱིས་འགྲོ་བར་ཅེས་པའོ། །དེའི་རྟགས་གང་ཡིན་ན། ཆགས་སྡང་རྟོག་པ་རང་ཞིར་བྱས། །ཅེས་པ་སྟེ། ཡོན་ཏན་ཡར་ལྡན་གྱིས་དུས་སུ་ཆོས་ཉིད་གཉུག་མའི ་འོད་གསལ་དེ་ལ་ཆགས་སྡང?་གི་རྟོག་པ་མ་སྤངས་ལ་མི་ལྡན་པས། རྣལ་འབྱོར་པ་རང་སེམས་རང་སར་དངས་པའི་དཔེ་རིམ་ནད་ཅན་སྨན་གྱི་དངས་པ་ལྟ་བུའོ། །ཞེས་པའི་དོན་ཏོ?། །རྣལ་འབྱོར་པ་ན་གུ་ནའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ། ་ཛ་ཡཱ་ནནདའི་དཧ་འགྲེལ་པ་དང་བཅས་པ་བཞུགས།། །གུ་རུ་ཛ་ཡཱ་ནནདའི་ཞལ་ནས། ཡེ་ཤེས་རིག་པའི་ཏིང་འཛིན་ནི། །ཐ་དད་མེད་དེ་གཉུག་མར་གནས། །ཇི་ལྟར་རྟོགས་ན་ངེས་པ་ཡིན་།རྣམ་རྟོག་དྲན་པ་དེ་ཉིད་མིན། །ཅེས་སོ། །འདིའི་དོན་ནི། ་དེ་ལ་ཡེ་ཤེས་རིག་པའི་ཏིང་ངེ་འཛིན་ཅེས་པ་ནི། །འདིར་རིག་པ་དང་མ་རིག་པ་དང། ཡེ་ཤེས་གསུམ་གྱི་གོ་བ་གཅིག་བསམ་དགོས་པ་ཡིན་ལ། རིག་པ་ནི། རྒྱ་གར་གྱི་སྐད་དུ་བིདྱ?་བྱ་བ་ཡིན་ལ། འོ་ན་བི་དྱའི་སྒྲ་ལས་ཁྱད་མི་འདུག་པ་སྙམ་ན་། ་ཨ་ཕྲི་བས་རིག་པར་འགྲོ་ལ། ཨ་བསྣན་པས་མ་རིག་པར་འགྲོ་བས་ཁྱད་མེད་པ་དེ་ཅི་ཡིན་སྙམ་ན། ཨ་ཞེས་བྱ་བ་ནི་སེམས་ཉིད་ཀྱི་རང་བཞིན་རྟགས་ཀྱི་ཡི་གེ་ཨ་དཀར་པོ་དེ་ཡིན་ལ། དེ་སེམས་ཅན་ཐམས་ཅད་ལ་ཡེ་གདོང་མ་ནས་རང་ཆས་སུ ་གནས་བ་དེ་ཡེ་ནས་གནས་པའི་དོན་ནི། །ངོ་ཤེས་པས་ཡེ་ཤེས་ཅེས་པའི་སྒྲ་འཇུག་པའོ། །དེ་གང་གིས་ཤེས་ན་རིག་པ་ཡེ་ཤེས་ཀྱི་དུས་གསུམ་དོན་ལས་མི་འདའ་བར་ངོ་ཤེས་སོ། ། ཆོས་སུ་མ་ཤེས་ན་ཨ་ཞེས་བྱ་བ་སོ་སོ་སྐྱེ་བོའི་བློ་ལས་བཞག ་བའོ། །ངོ་ཤེས་ཤིང་ཡེ་ཤེས་རིག་པ་ཅེས་བྱ་ལ། དུས་གསུམ་དེའི་དོན་ལ་མ་ཡེངས་པས་ན་ཏིང་ངེ་འཛིན་ཅེས་བྱའོ། །འོ་ན་མ་རིག་པ་དང་ཡེ་ཤེས་དེ་གཉིས་ཐ་དད་དུ་ཡོད་དམ་མེད་བྱས་པ་ལ། མེ་དེ་ཐ་ཐད་མེད་གཉུག་མར་གནས་སོ་།ཅེས་པའོ། །ཐ ་ཐད་མེད་པ་དེ་རྟོགས་པའི་དུས་ན་ཡེ་ཤེས་རང་ཡིན་ལ། མ་རྟོགས་པའི་དུས་ནམ་རིག་པ་རང་ཡིན་པས་ན་ཐ་ཐད་ཅེས་བྱའོ། །འོ་ན་མ་རིག་པ་ཡང་ཡིན་ཡེ་ཤེས་ཡང་ཡིན་ན་སངས་རྒྱས་དང་སེམས་ཅན་གཉིས་ཀ་ཡིན་པར་མི་འགྱུར་རམ་བྱས་པ་ལ་མི ་འགྲོ་སྟེ། དཔེར་ན་ཡུངས་ཀར་མར་གྱི་རྒྱུ་ཡིན་པར་མ་ཤེས་ཀྱང་མར་གྱིས་ཁྱབ་པ་བཞིན་དུ་མ་གཏོགས་པ་ལ་སེམས་ཅན་ནམ་མ་རིག་པ་ལྟར་སྣང་ཡང། ཇི་ལྟར་རྟོགས་སམ་ངེས་པའི་དུས་ན་སངས་རྒྱས་ཡིན་ཅེས་པའོ། །འོ་ན་ཇི་ལྟར་སྟེང་འོག་ཏུ་བཤད ་པའི་དོན་དེ་ལྟར་དུ་མ་རིག་པ་ལ་སོགས་པ་རྣམས་ཡེ་ཤེས་རིག་པ་འམ། གཉུག་མ་ལ་སོགས་པ་ངེས་པར་རྟོགས་སམ་སྐད་ཅིག་ལ་དེ་རྟོགས་ན་ཡང་ངེས་པར་སངས་རྒྱས་ཅེས་པའོ། །དེ་བཞིན་དུ་མ་རྟོགས་པ་ན་ཅེས་པ་དང་དྲན་པ ་དེ་ཆོས་སྐུ་འམ། དེ་ཉིད་ཡེ་ཤེས་ཀྱི་དོན་མིན་ཅེས་པའི་དོན་ཏོ། །རྣལ་འབྱོར་པ་ཛ་ཡཱ་ནིནདའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། 58?་(།།པ་ཙ་རིའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་པ་ཙ་རིའི་ཞལ་ནས། གང ་ཡང་མ་བལྟ་དབུས་སུ་ལྟོས། །མཆོག་དང་དགའ་བྲལ་བདེ་བ་ཆེ། །སྔར་གྱི་གསང་བ་སྟོབས་སྤྱད་ན། །རྣལ་འབྱོར་རྟགས་ནི་བསྡུ་བར་བྱ། །ཅེས་སོ། །འདིའི་དོན་ནི། དེ་ལ་གར་ཡང་མ་ལྟ་ཅེས་བ་ནི། ཕྱིའི་བློ་རྟགས་ཀྱི་རྣམ་བ་འམ། ནང་འཁོར་ལོ་བཞིའི ་སྣང་བ་ལ་སོགས་པ་གར་ཡང་མ་བལྟ་ཅེས་པའོ། །འོ་ན་གང་དུ་བལྟ་ན་དབུས་སུ་བལྟ་ཞེས་བྱ་སྟེ། དབུས་གང་ཡིན་ན་ཨ་ཝ་དྷཱུ་ཏི་ལ་ལྟོས་ཅེས་པའོ། །དེ་ལ་བལྟས་པས་ཅི་འབྱུང་ཞེ་ན། མཆོག་དང་དགའ་བྲལ་བདེ་བ་ཆེ། །ཞེས་པའོ། །དེ་གང་ཡིན ་ན་དབུས་ཨ་ཝ་དྷཱུ་ཏིར་འཁོར་ལོ་བཞིའི་གནས་སུ་བདེ་བ་རྣམ་པ་བཞི་སྟེ། དེ་ཡང་དང་པོ་དགའ་བ། གཉིས་པ་མཆོག་དགའ་། གསུམ་པ་ལྷན་ཅིག་སྐྱེས་པའི་དགའ་བ། བཞི་པ་དགའ་བྲལ་གྱི་ཡེ་ཤེས་དང་བཞི་སྐྱེས་པ། ཐ་མ་དགའ་བྲལ་གྱི་དགའ་བ ་དེ་ལ་ཟག་པ་དང་བྲལ་ནས། ཡེ་ཤེས་འབའ་ཞིག་ཏུ་གནས་པས་བདེ་བ་ཆེ་ཞེས་པའོ། །དེ་འདྲ་བ་གང་གིས་སྤྱད་ཅེ་ན། སྔགས་ཀྱི་གསང་བ་སྟོབས་སྤྱད་ན་ཞེས་པ་ལྟ་བུ་ཅིག་གིས་འགྲོད་པར་བྱ་བ་ཡིན་ཏེ། གསང་སྔགས་ཅེས་པ་རྟེན་ཁྱད་པར ་ཅན་དེའོ། །གསང་བའི་ཅེས་པ་ཐབས་ལམ་ཁྱད་པར་ཅན་འགའ་ཞིག་གསང་བ་ཡིན་ལ། དེའི་སྟོབས་ནི་དགའ་བྲལ་གྱི་བདེ་བའི་ཡེ་ཤེས་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྟོབས་དེ་སྤྱད་ན་བྱང་ཆུབ་ཀྱི་གནས་སུ་བསྡུ་ནུས་ཅེས་པའོ། །དེ་ཅིས་ཤེས་ན། རྣལ ་འབྱོར་རྟགས་ཀྱིས་བསྡུ་པར་བྱ། ཅེས་པས་བསྟན་ཏེ། གནས་ནི་དགའ་བ་བཞི་ལ་གནས་ཤིང། ཟག་པ་མེད་པའི་ཡེ་ཤེས་ལ་དབང་འབྱོར་བའི་རྟགས་དེ་ལུས་ལ་བསྡུ་བ་ནི་བྱང་ཆུབ་ཀྱི་སེམས་སམ། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་བར་བྱེད་ཅེས་པའོ།། ་རྣལ་འབྱོར་བ་ཙ་རིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་(།།ཙམ་པ་ཀའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།།གུ་རུ་ཙམ་པ་ཀའི་ཞལ་ནས། ཐབས་དང་ཤེས་རབ་འོད་གསལ་ལྟ་བུ་ལ། བླ་མ་ཆུ་བོའི་རྒྱུན་གྱིས་ཀུན་ལ་ཁྱབ།། ་ལྷན་ཅིག་སྐྱེས་པ་དཔག་བསམ་ཤིང་དག་ལས། །འབྲས་བུ་སྐུ་གསུམ་རང་གསལ་རབ་ཏུ་རྫོགས། །ཅེས་སོ། །འདི་ལ་དོན་གསུམ་གྱིས་བསྟན་ཏེ། དེ་ལ་ཐབས་དང་ཤེས་རབ་ཅེས་པ། གནས་ལུགས་སྐྱོན་དང་བྲལ་བ་དེ་དྲི་དང་ཁ་དོག་ཡོན་ཏན་གྱིས ་བརྒྱན་པའི་མེ་ཏོག་ཙམ་པ་ཀ་ལྟ་བུས་བསྟན་ནས། དང་པོར་གནས་བརྟན་ལ་ཕབ་པ་གཅིག་ལ་ཐབས་ཅེས་བྱའོ། །གཉིས་པ་ཤེས་རབ་ཅེས་པ་ནི་རང་གི་སེམས་ཉིད་བུང་བ་ལྟ་བུ་གཅིག་ལ་ཤེས་རབ་ཅེས་བྱའོ། །འོ་ན་དེ་ལྟར་ཐབས་ཤེས་གཉིས་ཀྱིས་གཏན ་ལ་ཕབ་ནས་ཅི་བྱེད་ན། བྱང་ཆུབ་ཆེན་པོའི་འབྲས་བུ་སྦྲང་རྩི་ལྟ་བུ་དེ་ཐོབ་པའི་ཕན་ཡོན་ཡོད་དོ། །དེ་གང་ཡིན་ན། ཨ་བཛྲ་ཅེས་པ་དེ་ཡིན་ཏེ། ཨ་ཅེས་པ་གནས་ལུགས་སྐྱེ་མེད་ཀྱི་ངོ་བོ་ལ་བྱ་ལ། བཛྲཱ་ཅེས་པ་གང་གིས་ཀྱང་གཞིག་ཅིང་གཞོམ་དུ་མེད་པ ་མཚན་ཉིད་བཞི་ལྡན་གྱི་དོན་ལ་སྦྱོར་བ་ལ་བྱའོ། །དེ་ལྟ་བུའི་གནས་ལུགས་དེ་རང་ལ་རང་ཆས་སུ་ཡོད་པར་ཅིས་ཤེས་ན། བླ་མ་ཆུ་བོའི་རྒྱུན་གྱིས་ཀུན་ལ་ཁྱབ། །ཅེས་པའོ། །བླ་མ་ནི་ཅེས་པ་ཙམ་པ་ཀའི་མེ་ཏོག་ལྟ་བུས་གཏན་ལ་འབེབས་པར་བྱེད། དེས ་གཏན་ལ་ཕེབས་པས་རང་སེམས་བུང་བ་དང་འདྲ་བ་དེས་གནས་ལུགས་སྦྲང་རྩི་དང་འདྲ་བ་དེ་རྟོགས་པས། རྒྱུན་མི་འཆད་པར་ཀུན་ལ་རང་ཆས་སུ་འདུག་པས་ན་ཆུ་བོའི་རྒྱུན་གྱིས་ཅེས་སོ། །འོ་ན་དེ་གཞན་ལ་མེད་དམ་ཞེ་ན། ཡོད་དེ། ཀུན་ལ་ཁྱབ་ཅེས་པའི ་དོན་ཏོ། །རྣལ་འབྱོར་པ་ཙམ་པ་ཀའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། 60་(།།བྷིཀྵ་ནའི་རྟོགས་བརྗོད་དང་འགྲེལ་པ་བཞུགས་སོ།།)་།གུ་རུ་བྷིཀྵ་ནའི་ཞལ་ནས། བླ་མེད་བགྲོད་དཀའ་ཨི་བྱང་ཆུབ་གནས ་ཆེན་དུ། །ཟུང་འཇུག་བདེ་ཆེན་བགྲོད་དཀའ་ཨི་ལམ་བསྟན་ནས། །ཕྱོགས་ཆ་བྲལ་བའི་རྣལ་འབྱོར་དབང་ཕྱུག་མཆོག་བླ་མའི་གདམས་པའི་དྲིན་གྱིས་དེ་ཉིད་རྟོགས། །ཅེས་སོ། །འདིའི་དོན་ནི། བླ་མེད་བགྲོད་དཀའ་ཨི་བྱང་ཆུབ་གནས་ཆེན་དུ། །ཅེས ་པ་ནི། བླ་ན་མེད་པའི་ཐར་པ་མྱ་ངན་ལས་འདས་པའི་ས་འམ་གནས་ཡིན་ཏེ། དེ་ཡང་བྱང་ཆུབ་གནས་ཆེན་དུ། །ཅེས་པ་སྤངས་པ་ཕུན་སུམ་ཚོགས་པ་གཅིག་གིས། སྒྲིབ་པ་གཉིས་བྱང་བ་ཡིན་ཏེ། ཆུབ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ ་འོག?་མིན་གྱི་གནས་ཆེན་ལྟ་བུར་ཆུབ་པས་ན་བྱང་ཆུབ་གནས་ཆེན་དུ་ཅེས་པའོ། །གནས་ཆེན་དེ་རུ་ཤིན་ཏུ་བགྲོད་པར་དཀའ་བས་ན་བགྲོད་དཀའ་ཨི་ཅེས་པའོ། །འོ་ན་དེར་དེ་ཙམ་དུ་བགྲོད་པར་དཀའ་ན་ལམ་མེད་དམ་བྱས་པ་ལ། གསང་སྔགས ་ཐབས་ལམ་ཆེ་བས་ལམ་ཡོད་པར་བསྟན་པ་ནི། ཟུང་འཇུག་བདེ་ཆེན་བགྲོད་དཀའ་ཨི་ལམ་བསྟན་ནས། ཅེས་པ་སྟེ་ཟུང་འཇུག་གི་སྣང་བ་འམ། སྟོད་པ་འམ། འཁོར་འདས་སམ། བདེ་སྡུག་གམ། ཞི་གནས་དང་ལྷག་མཐོང་ལ་སོགས་པ་ཐམས ་ཅད་དབྱེར་མི་ཕྱེད་བས་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ལམ་གྱི་ཆེ་བ་བྱ་བ་ཡིན་པས། ལམ་དེ་འདྲ་གཅིག་རྒྱུད་ལ་བརྟེན་ནས་བགྲོད་དཀའ་ཨི་གནས་སུ་འགྲོ་བར་བྱེད་ཅེས་སོ། །འོ་ན་ལམ་དེ་རྒྱུད་ལ་ནམ་འཆད་ཞེ་ན། ཕྱོགས་ཆ་བྲལ་བ་རྣལ་འབྱོར་དབང ་ཕྱུག་མཆོག་།ཅེས་པ་སྟེ། དེ་ཡང་རྣལ་ཅེས་པ་བྱང་ཆུབ་ཀྱི་སེམས་རྣལ་མ་ལ་ཟེར་ལ། འབྱོར་ཅེས་པའི་དོན་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ལམ་ལ་འབྱོར་པ་ལ་ཟེར་རོ། །དེ་རྟོགས་པ་ལ་ཕྱོགས་དང་རིས་མེད་པས་ན་ཕྱོགས་ཆ་བྲལ་ཅེས་བའོ ་དབང་ཕྱུག་ནི་ལམ་དེ་ལ་དབང་ཞིང་ལོངས་སྤྱོད་པས་ཕྱུག་པའོ། །མཆོག་ནི་དེའི་གོང་ན་གཞན་མེད་པས་མཆོག་ཅེས་པའོ། །དེ་ལྟར་རྟོགས་པ་དེ་ཇི་ལྟར་ཞེ་ན། བླ་མའི་གདམས་པའི་དྲིན་གྱིས་དེ་ཉིད་རྟོགས་ཅེས་པར། བླ་མ་ནི་མཁའ་འགྲོ་མ་ཡིན་ལ། གདམས ་པ་ནི་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་གདམས་པ་ཡིན་ལ། དེའི་ཞལ་གྱི་དྲིན་ལས་བྱུང་བ་དྲིན་གྱི་དེ་ཉིད་རྟོགས། ཅེས་པའོ། །རྣལ་འབྱོར་པ་བྷིཀྵ་ནའི་རྟོགས་བརྗོད་དང་འགྲེལ་བ་རྫོགས་སོ།། ?་(།།དྷི་ལི་པའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་། ་གུ་རུ་དྷི་ལི་བའི་ཞལ་ནས། བདག་གི་གདོད་ནས་སངས་རྒྱས་ལ། །རྟོགས་པའི་དབང་གིས་ཆོས་ཉིད་ཡིན། །དབང་བླང་ལྷན་ཅིག་སྐྱེས་པ་དེས། །སྐྱེ་མེད་རྒྱས་འདེབས་རྗེ་བོ་འཛིན། །ཅེས་སོ། །འདིའི་དོན་ནི། དེ་ལ། བདག་གི་གདོད་ནས་སངས་རྒྱས་ལ། །ཅེས་པ ་བདག་ཉིད་ནི་དྷི་ལི་པའོ། །གདོད་ནས་ཅེས་པ་དངོས་པོ་གཉིས་ཀྱི་གནས་ལུགས་དེ་མ་རྟོགས་པའི་དུས་སུ་འཁོར་བ་འམ་སྲིད་པའི་ཡན་ལག་སྣ་ཚོགས་པར་འདུག་པ་དང། རྟོགས་པའི་ཚེ་སྦྱངས་བར་བྱས་པ་འམ། བྱེད་པའི་མཁན་པོ་མི་དགོས་པར་ཡེ ་གདོད་མ་ནས་དག་ཅེས་པའོ། །སངས་རྒྱས་ཅེས་བྱ་བ་ནི། ཉོན་མོངས་པ་ཡེ་ནས་སངས་ལ་ཡེ་ཤེས་ངང་གིས་རྒྱས་པས་སངས་རྒྱས་ལ་ཅེས་པའོ། །རྟོགས་པའི་དབང་གིས་ཆོས་ཉིད་ཡིན་ཅེས་པ་ནི། རྟོགས་པའི་ཐབས་གང་གིས་རྟོགས་བྱས་པ་ལ། ་དབང་བླང་ལྷན་ཅིག་སྐྱེས་པ་དེས། ཅེས་པ་དེ་ལྟ་བུའི་ཐབས་གཅིག་གིས་རྟོགས་པའོ། །དབང་བླང་ཅེས་པ་རང་གི་བརྒྱུད་པའི་བླ་མས་དང་པོར་ངོ་སྤྲད་པས། ལྷན་ཅིག་སྐྱེས་པ་རྟོགས་པར་བྱེད་པའི་དབང་བླང་བས་སྟེ། དེས་ན་ལྷན་ཅིག་སྐྱེས་པ་ཞེས ་བྱའོ། །དེས་རང་སེམས་སྐྱེ་བ་མེད་པར་སྒྲོ་འདོགས་ཆོད་ཙམ་ན། སྐྱེ་མེད་ཀྱི་འཁོར་འདས་གཉིས་ལ་རྒྱས་ཐེབས་པས་རྡོ་རྗེ་འཛིན་པའི་ས་ཐོབ་སྟེ། ས་བཅུ་རྒྱུན་གྱི་ཐ་མལ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ་ཅེས་པའི་དོན་ཏོ། །རྣལ་འབྱོར་པ་དྷེ་ལི་པའི་རྟོགས ་བརྗོད་དང་འགྲེལ་པ་རྫོགས་སོ།། ?་(།།ཀུ་མ་རིའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཀུ་མ་རིའི་ཞལ་ནས། རྒྱུ་མཐུན་ལས་ཀྱི་འཁོར་ལོ་ཡིས། །སྲིད་པའི་ཟློས་གར་སྣ་ཚོགས་བྱས། །ཡེ་ཤེས་རི ་བའི་མེ་ཡིས་ནི། །འཁྲུལ་པའི་དྲི་མ་མ་ལུས་བསྲེགས། །ཅེས་པའི་དོན་ནི། རྒྱུ་མཐུན་ལས་ཀྱིས་ཅེས་བའི་ཚིག་རྐང་དང་པོ་གཉིས་ཀྱིས་འཁོར་བའི་འཁོར་ལོ་ཇི་ལྟར་དུ་འཁོར་བའི་དཔེ་གཉིས་ཀྱིས་བསྟན་ཏེ། དེ་ནས་རྒྱུ་མཐུན་ལས་ཀྱི་འཁོར་ལོ ་ཡིས། །ཅེས་པ་དཔེར་ན་རྣལ་འབྱོར་ཀུ་མ་རི་བས་རྫ་མའི་འཁོར་ལོ་བསྐོར་བརྫའི་བྱ་བ་བྱས་པ་ལྟ་བུར། རྒྱུ་མཐུན་ལས་ཀྱི་འཁོར་ལོ་སྟེ། རྒྱུ་ཅེས་བ་མ་རིག་པ་ཡིན་ལ། དེ་དང་མཐུན་པའི་འདུ་ཤེས་དང་འདུ་བྱེད་རྣམ་པར་ཤེས་པ་ནས་རྒ་ཤིའི ་བར་རྟེན་ཅིང་འབྲེལ་པར་མཐུན་པའོ། །ལས་ནི་དེས་བསགས་པའི་ལས་ཡིན་ཏེ། རྒྱུ་དྲུག་ཁམས་གསུམ་དུ་འཁོར་བས་ན་འཁོར་ལོ་ཅེས་བྱའོ། །དེ་ཅི་ཞེ་ན། སྲིད་པའི་ཟློས་གར་སྣ་ཚོགས་བྱས། རྒྱུ་མུན་དེ་དང་ལས་མཐུན་དེ་དང་ལས་མུན་དེས ་སྲིད་པའི་བློ་སྐྱེས་ནས་འཁོར་སྟེ། དེ་ཡང་དཔེར་ན་གར་མཁན་གྱི་ལུས་ཟློས་གར་སྣ་ཚོགས་བྱས་པ་ལྟ་བུ། ཟློས་གར་སྣ་ཚོགས་བྱས་ཅེས་པ་སྲིད་པའི་བློ་དེས་ཉེར་ལེན་གྱི་ཟག་པ་དང་བཅས་པའི་འཁྲུལ་པ་སྣ་ཚོགས་བྱས་ཅེས་པའི་དོན་ཏོ།། ་འོ་ན་འཁྲུལ་བ་དེ་གང་གིས་སྦྱངས་ན། ཡེ་ཤེས་རིག་པའི་མེ་ཡིས་ནི་ཅེས་པ། ཡེ་ཤེས་རྒྱུ་མཐུན་གྱི་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་ལྔ་རིག་པའི་ཡེ་ཤེས་སུ་སད་པས། དེ་ཐམས་ཅད་བསྲེགས་པར་བྱེད་པ་མེ་དང་འདྲ་བ་དེས་མ ་རིག་པ་ལ་སོགས་པ་སྲིད་པའི་ཡན་ལག་སྣ་ཚོགས་པ་བུད་ཤིང་དང་འདྲ་བ་དེ་ཐམས་ཅད་བསྲེག་།ཅེས་པའི་དོན་ཏོ། །རྣལ་འབྱོར་པ་ཀུམ་རི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་(།།ཙ་པ་རི་བའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།) ་གུ་རུ་ཙ་པ་རི་པའི་ཞལ་ནས། སངས་རྒྱས་ཀུན་གྱི་སྡོམ་པ་མཆོག་།རང་གིས་རྟོགས་ལས་གཞན་མེད་དེ། གཉུག་མ་སེམས་ཀྱིས་རྟོགས་པ་གང། །སངས་རྒྱས་ཐམས་ཅད་དེ་མཐོང་ཡིན། །ཅེས་སོ། །དེ་ལ་སངས་རྒྱས་ནི་དུས་གསུམ་དུ་རྣམ་པར་གཟིགས ་པ་ལ་བྱ་སྟེ། ཀུན་གྱི་སྡོམ་པ་ཅེས་པ་ཀུན་གྱི་ནི་མ་ལུས་པ་ལ་བྱ། །སྡོམ་པ་ནི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་གསང་བའི་རང་བཞིན་དེ་ལ་ཀུན་གནས་པས་སྡོམ་པ་ཞེས་བྱའོ། །མཆོག་ཅེས་པ་ནི་དོན་སྐྱེ་མེད་སྡོམ་པ་རྣམས་ཀྱི་ནང་ན་མཆོག? ་ཏུ་གྱུར་པའོ། །ཅེས་སོ། །འོ་ན་དེ་འདྲ་བའི་སྡོམ་པ་དེ་དག་གང་ནས་བཙལ་ཞེ་ན། རང་གི་རྟོགས་ལས་གཞན་མེད་དེ། ཅེས་པ། དེ་ལ་རང་གིས་ཅེས་པ་རང་རང་གི་གདོད་ནས་ལྷན་ཅིག་སྐྱེས་པའི་རང་ངོ་རང་གིས་རྟོགས་པ་གཅིག་ལས་གཞན་ཞིག ་ནས་རྙེད་པ་མེད་ཅེས་པའི་དོན་ཏོ། །རང་གིས་རྟོགས་པ་ལས་གཞན་ན་མེད་པའི་རྟོགས་པ་དེ་གང་ལ་ཟེར་ན། གཉུག་མ་སེམས་ཀྱི་རྟོགས་པ་གང། ཅེས་པས་བསྟན་ཏེ། གཉུག་མ་ཅེས་པ་མ་བཅོས་པ་སོ་མ་ལ་ལྷུག་པ་རྒྱུན་ནམ་རང་ལུགས་གཅིག ་ལ་བྱའོ། །དེ་རིག་པ་སེམས་ཀྱིས་ཟིན་པ་འམ། རྟོགས་པ་གང་ཡིན་པ་དེ་སངས་རྒྱས་ཀྱི་ངོ་བོ་ཡིན་ལ། གཞན་ཐམས་ཅད་ཀྱིས་མཐོང་བ་མེད་པས་ན། སངས་རྒྱས་ཐམས་ཅད་དེ་མཐོང། ཅེས་པའོ། །རྣལ་འབྱོར་པ་ཙ་པ་རི་བའི་རྟོགས་བརྗོད་དང ་འགྲེལ་པ་རྫོགས་སོ།། ?་།། *། (།མ་ཎི་བྷ་དྲའི་རྟོགས་བརྗོད་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་མ་ཎི་བྷ་དྲའི་ཞལ་ནས། གང་གི་མ་རྟོགས་དུས་ཀྱི་ཚེ། །རྣམ་རྟོག་སྣ་ཚོགས་དགྲ་ཕྱིར་འབྲེངས། །དེ་ཉིད་རང་བཞིན་མངོན་དུ ་གྱུར། །གང་སྣང་རང་བཞིན་དེ་དེ་ཉིད། །ཅེས་སོ། །འདིའི་དོན་ནི། གང་གི་མ་རྟོགས་དུས་ཀྱི་ཚེ། །ཅེས་པ་གང་གི་ནི་འཁོར་བ་ཐོག་མ་མེད་པའི་དུས་ཀྱི་ཚེ་ན་འཁྲུལ་པའི་རང་བཞིན་ནམ། རྟོགས་པའི་རང་བཞིན་ལ་སོགས་པ་ཐམས་ཅད། སུ་གང་གི ་ཕྱིས་ནས་འབྲེངས་པ་མཚོར་ཅེས་པའི་དོན་ཏོ། །དེ་ཉིད་རང་བཞིན་མངོན་དུ་གྱུར་ཅེས་པ། དེ་ཉིད་ནི་གཉུག་མའི་རང་བཞིན་གྱི་ལྷུག་པས་བྱའོ། །མངོན་དུ་གྱུར་ཅེས་པ་བླ་མ་ཀུཀྐུ་རེ་པ་ཉིད་ཀྱིས་བསྟན་པའི་ཚེ་རང་ལ་རང་གི་རྟོགས ་པའི་ཚེ་ན། གང་སྣང་རང་བཞིན་དེ་དེ་ཉིད། །ཅེས་པ་གང་སྣང་ནི་གོང་དུ་བཤད་པ་ལྟར་རྟོགས་ཆོད་དང། འཁྲུལ་པའི་རང་བཞིན་གཉུག་མའི་དེ་ཁོ་ནའི་འང་དེ་ཉིད་ཅེས་བྱའོ། །རྣལ་འབྱོར་མ་མ་ཎི་བྷ་དྲའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་།། ་(མེ་ཁ་ལའི་དོཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་མེ་ཁ་ལའི་ཞལ་ནས། ཕྱི་དང་ནང་ཀུན་སེམས་སུ་འདུག་།ཞེན་པ་མེད་ན་རོ་སྙོམས་ལྡན། །འབད་སྩོལ་མེད་ན་སྒོམ་པའི་མཆོག་།གཉིས་མེད་བདེ་ཆེན་རྫོགས་སངས་རྒྱས། །ཅེས་སོ། །འདིའི་དོན་ནི། ་ཕྱི་དང་ནང་ཀུན་སེམས་སུ་འདུས། ཅེས་པ། ཕྱི་སྣོད་ཀྱི་འཇིག་རྟེན་དང། ནང་བཅུད་ཀྱི་སེམས་ཅན་གྱི་བསྡུས་པའི་འཁོར་བའི་ཆོས། །རྟོགས་པའི་རི་བོ་འདི་དག་ཐམས་ཅད་ཀྱང་སེམས་སུ་འདུས། ཅེས་པའོ། །སེམས་རང་གི་རང་བཞིན་ཅི་ཞིག་ན། སེམས ་ཅེས་བ་རང་རིག་པའི་ངོ་བོ་འདུས་མ་བྱས་པ་གཅིག་ལ་བྱ་ལ། རིག་པའི་ངོ་བོ་དེ་རང་བདེ་བ་དབྱེར་མེད་པ་སྟོང་ཉིད་འོད་གསལ་འདུས་མ་བྱས་པ་གཅིག་ཡིན་གསུང་ངོ། །དེ་ལྟ་བུ་ཡིན་ན་ལྟ་ཐོག་ན་སྤྱོད་པ་གཅིག་འདུག་ན་སྤྱོད་པ་ཐམས་ཅད་གཅིག ་ཏུ་རོ་སྙོམས་པ་ལ་བྱ་སྟེ། དེ་ཡང། ཞེན་པ་མེད་པ་རོ་སྙོམས་ལྡན། །ཞེས་པ་ཞེན་པ་ནི་ཕྱི་ནང་གི་ཆོས་ཐམས་ཅད་བློ་ཡིན་ལ། བློ་ནི་ཀུན་རྫོབ་ཀྱི་བློ་ཡིན་པས། བློ་དེ་བཞིན་པ་ཙམ་ན་ལྡན་ཞེས་བྱའོ། །དེ་ལྟར་ཞེན་པ་མེད་ན་འབད་སྩོལ་དང་བྲལ ་ནས་འདུག་ཙམ་ན་སྒོམ་པའི་མཆོག་ཅེས་བྱའོ། །རྣལ་འབྱོར་མ་མེ་ཁ་ལིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་(།།ཀ་ན་ཁ་ལའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།།)་།གུ་རུ་ཀ་ན་ཁ་ལའི་ཞལ་ནས། གོ་ཆ་ཆེན་པོ་བགོས་ནས་ཀྱང ་ནོར་བུ་ལྟ་བུའི་སྙིང་སྟོབས་ཀྱིས། །རང་གི་སེམས་ཀྱི་གྲུ་བཏང་ནས། །མི་རོའི་ཁོང་བར་ངེས་པར་ཞུགས། །ཅེས་སོ། །འདིའི་དོན་ནི་དེ་ལ། གོ་ཆ་ཆེན་པོ་བགོས་ཅེས་བ། །གོ་ཆ་ནི་བཞི་སྟེ། དེ་ཡང་གོ་ཆ་གཅིག་གིས་གོ་ཆ་རྣམ་བཞི་འབྱེད་ཅེས་བྱ་སྟེ། བག་ཆགས ་མཚམས་སྦྱོར་གྱི་གོ་ཆ་དང་གཅིག་འབྱུང་བ་དངས་སྙིགས་འབྱེད་པའི་གོ་ཆ་དང་གཉིས། འབྱུང་བ་རོ་སྙོམས་པའི་གོ་ཆ་དང་གསུམ། སྲིད་པ་གཅིག་པའི་གོ་ཆ་དང་བཞིའོ། །གོ་ཆ་ཆེན་པོ་བཞི་པོ་དེས་སྐྱེ་རྒས་ན་འཆིའི་ཆུ་བོ་ཆེན་པོ་བཞིས་སྒྲོལ་བར་བྱེད་པ ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྐུ་བལྟམས་པའི་དུས་སུ། ཕྱོགས་བཞིར་གོམ་བ་བདུན་བདུན་བོར་བའི་དུས་སུ་ཚིགས་སུ་བཅད་པ་གསུངས་པ། འཇིག་རྟེན་འདི་ནས་ཕ་རོལ་ཏུ། །སྐྱེ་བའི་སྡུག་བསྔལ་ད་མི་འབྱུང། །སྐྱེ་བའི་སྡུག་བསྔལ ་ཐམས་ཅད་འདིར་ཟད་ཀྱི། །བག་ཆགས་མཚམས་སྦྱོར་གྱི་གདམས་ངག་བདོག་།ཅེས་ཤར་ཕྱོགས་སུ་གསུངས། འཇིག་རྟེན་འདི་ནས་ཕ་རོལ་ཏུ། །རྒས་པའི་སྡུག་བསྔལ་ད་མི་འབྱུང། །རྒས་པའི་སྡུག་བསྔལ་ཐམས་ཅད་འདིར་ཟད་ཀྱི། །འབྱུང་བ་དངས ་སྙིགས་འབྱེད་པའི་གདམ་ངག་བདོག་།ཅེས་ལྷོ་ཕྱོགས་སུ་གསུངས་སོ། །འཇིག་རྟེན་འདི་ནས་ཕ་རོལ་ཏུ། །ན་བའི་སྡུག་བསྔལ་ད་མི་འབྱུང། །ན་བའི་སྡུག་བསྔལ་ཐམས་ཅད་འདིར་ཟད་ཀྱི། །འབྱུང་བ་རོ་སྙོམས་ཀྱི་གདམས་པ་བདོག་།ཅེས་ནུབ་ཕྱོགས་སུ ་གསུངས་སོ། །འཇིག་རྟེན་འདི་ནས་ཕ་རོལ་ཏུ། །འཆི་བའི་སྡུག་བསྔལ་ད་མི་འབྱུང། །འཆི་བའི་སྡུག་བསྔལ་འདིར་ཟད་ཀྱི། །སྲིད་པ་གཅིག་པའི་གདམ་ངག་བདོག་།ཅེས་པ་གསུངས་པ་ལྟ་བུའོ། །དེ་ལ་གདམ་ངག་དྲུག་བདོག་སྟེ། །ལྟ་བ་འོད ་གསལ། །ལུས་རྒྱུ་ལུས། མཚམས་སྦྱོར་རྨི་ལམ་བར་དོ། ཏིང་ངེ་འཛིན་གྱི་ཕོ་བ་དང། རྣམ་ཤེས་གྲོང་འཇུག་གོ་།དེ་དག་གི་གདམ་ངག་རིན་ཆེན་འཕྲེང་བ་ན་བཞུགས་སོ། །གོ་ཆ་བཞི་པོ་དེ་བགོས་ནས། ནོར་བུ་ལྟ་བུའི་སྙིང་སྟོབས་གང་ཡིན་ན། །དེ་ཡང ་ནོར་བུ་ཅེས་པ་དགོས་འདོད་ཐམས་ཅད་འབྱུང་བའི་རིན་པོ་ཆེ་ཡིན་ཞིང། དེ་ལྟ་བུ་ཅེས་པ་དཔེ་ཡིན་ལ། དེ་ཡང་ནོར་བུ་ནི་བསམ་འཕེལ་སྟེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ལ། དེ་ཐམས་ཅད་འབྱུང་བའི་གཞི་རྒྱ་མཚོ་ལྟ་བུའི ་སྙིང་སྟོབས་དགོས་སྐད། ཐམས་ཅད་འབྱུང་བ་རྒྱ་མཚོ་ལྟ་བུའི་ཇི་ལྟ་བུ་ཞེ་ན། རྒྱ་མཚོ་ཆེན་པོ་དེ་འདོམ་བདུན་མན་ཆད་མི་གཡོ་བ་ཡིན་ལ། འབབ་ཆུ་ཐམས་ཅད་དེ་རུ་ལན་ཚྭར་རོ་གཅིག་པ་ཡིན་སྐད། ནོར་ལ་སོགས་པ་ཅི་དང་ཅི་ཐམས་ཅད་སྐྱེ ་བའི་ཡུལ་ཡིན་གསུང། འོ་ན་དེ་འདྲ་བའི་སྙིང་སྟོབས་གང་ལ་ཡོད་ན་སེམས་ཉིད་ལ་ཡོད་པས། རང་གི་སེམས་ཀྱི་གྲུ་བཏང་ནས་ཅེས་པ་རང་སེམས་བཟུང་བས་སྐྱེ་རྒ་ན་འཆིའི་ཆུ་བོ་ལས་ཐར་ནས། མི་རོའི་ཁོག་པར་ངེས་པར་ཞུགས། ཅེས ་པ་དབང་པོའི་རྟེན་མི་རོ་ལ་ཡོད་པ་མི་རོ་ལ་སེམས་མེད་པ། མི་རོ་དེའི་རྟོག་པ་ཟད་པའོ། །ཁོང་བར་ངེས་པར་ཞུགས་ཅེས་པ་ནི་ཁོང་པ་སྟེ། བདེ་གསལ་མི་རྟོག་པའི་ཁོང་པར་ཞུགས་ན་སྐྱེ་རྒས་ན་འཆིའི་སྡུག་བསྔལ་ལས་ངེས་པར་ཐར་ནས་ལུས ་སྤྲོས་བྲལ་ལ་ཞུགས་པའོ། །རྣལ་འབྱོར་བ་ཀ་ན་ཁ་ལའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་།།ཀ་ལ་ཀ་ལའི་དེ་ཧ་འགྲེལ་བ་དང་བཅས་པ་བཞུགས་སོ།། །།གུ་རུ་ཀ་ལ་ཀ་ལའི་ཞལ་ནས། ཆོས་དབྱིངས་རྣམ་དག་མཁའ་དཀྱིལ་དུ། ། ་སྐྱེ་མེད་འབྲུག་སྒྲ་ལེགས་བསྒྲགས་པས། །སྣང་སྲིད་འཁྲུལ་པའི་ཆོས་རྣམས་ཀུན། །སྐུ་གསུམ་ཡེ་ཤེས་འབྲས་བུས་མཛེས། །ཅེས་སོ། །འདིའི་དཔེ་ནི། དཔག་བསམ་གྱི་ཤིང་ལྟ་བུ་ལ་བཞག་སྟེ། དེ་ཡང་ཤིང་སྣ་ཚོགས་འབྲས་བུས་བསྐྱེད་པར་བྱེད་པ་ནི། ་ནམ་མཁའ་ལ་སྤྲིན་དང། གློག་དང། འབྲུག་གི་སྒྲ་ལས་ཆར་འབབ་པས་ན། ཤིང་ཐོག་གང་ལས་སྐྱེ་བ་བསྐྱེད་པར་བྱེད་པ་དེ་བཞིན་དུ། ཆོས་དབྱིངས་རྣམ་དག་མཁའ་དཀྱིལ་དུ། །ཅེས་པ་ཆོས་ཀྱི་དབྱིངས་མ་བཅོས་པ་ཡེ་ནས་རྣམ་པར་དག་པ་རང་བཞིན ་ནམ་མཁའ་ཨི་དབྱིངས་ལྟ་བུར། ཆོས་ཉིད་སྐྱེ་བ་མེད་པའི་འབྲུག་སྒྲ་བསྒྲགས་པས། ཟག་མེད་ཡེ་ཤེས་ཀྱི་ཆར་ཆེན་པོ་བབ་སྟེ། དེ་ལ་འབྲས་བུ་གང་སྨིན་བྱས་པ་ལ། སྣང་སྲིད་འཁྲུལ་པའི་ཆོས་རྣམས་ཀུན་ཅེས་པའོ། །དེ་ཡང་སྣང་བ་ནི་འཁྲུལ་པའི་སྣང་བ་ཡིན་ལ། ་སྲིད་པ་ནི་འཁོར་བའི་ཆོས་ཐམས་ཅད་སྲིད་པའོ། །རྣལ་འབྱོར་པ་ཀེ་ལ་ཀ་ལའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་།།*། །ཀནྟ་ལའི་དོ་ཧ་འགྲེལ་པ་དང་བཅས་པ་བཞུགས་སོ།། །གུ་རུ་ཀནྟ་ལའི་ཞལ་ནས། བླ་མ་དམ་པའི ་ཁབ་དག་དང། །སྙིང་རྗེ་ཡིན་སྐུད་པ་ཡིས། །ཁམས་གསུམ་མ་ལུས་གོས་སུ་བརྩེམས། །གོས་ཀྱི་རྣལ་འབྱོར་ངོ་མཚར་ཆེ། །འདི་ལ་དཔེ་གསུམ་སྟེ། ཁབ་དང་ལྷན་པ་སྐུད་པ་གསུམ་གྱི་ཚིམ་བུས་གོས་བྱས་པ་ལྟ་བུ་ཡིན་ཏེ། དེ་ཡང། བླ་མ་དམ ་པའི་ཁབ་དག་གིས། །ཅེས་པ་བླ་མ་ནི་མཁའ་འགྲོ་ཆེན་མོ་བེ་ཏ་ལི་བྱ་བ་ཡིན་ཏེ། གདམས་པ་ནི་ཁམས་གསུམ་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་འབེབས་པ་གཅིག་གི་ཁབ་དུ་བྱས་ནས། སྙིང་རྗེའི་སྐུད་པ་ཅེས་པ། ཆོས་ཉིད་ལ་དམིགས་པ་མེད་པའི ་སྙིང་རྗེ་བྱ་བ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་བྱ་བ་གཅིག་གིས་སྐུད་པ་ལྟ་བུར་བྱས་ནས། ཁམ་གསུམ་མ་ལུས་གོས་སུ་བཙེམས། །ཅེས་པ། ཁམས་གསུམ་ནི་འདོད་པའི་ཁམས། གཟུགས་ཁམས་གཟུགས་མེད་ཁམས་སམ། ་ནང་ལུས་ངག་ཡིད་གསུམ་མམ། རྒྱུ་དུག་ལྔ་དུག་གསུམ་ཐམས་ཅད་ཆོས་ཉིད་སྟོང་པའི་ངོ་བོ་དེ་ལྟ་བུར་གོས་སུ་བཙེམས་པས་ན། གོས་ཀྱི་རྣལ་འབྱོར་ངོ་མཚར་ཆེ་ཅེས་པ། །རང་ལ་ཡིད་ཆེས་པས་ཐག་ཚོད་ན་འདུག་པས་ངོ་མཚར་ཆེ་ཅེས་པ། རང ་ལ་ཡིད་ཆེས་པས་ཐག་ཆོད་ནས་འདུག་པས་ན་ངོ་མཚར་ཆེ་ཅེས་པའོ། །རྣལ་འབྱོར་པ་ཀནྟ་ལི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་།།*། །དྷ་ཧཱུ་ལའི་དོ་འགྲེལ་པ་དང་བཅས་པ་བཞུགས་སོ།། །གུ་རུ་དྷ་ཧཱུ་ལའི ་ཞལ་ནས། ཟུང་འཇུག་རིག་ཆེན་མཛོད། །གཉིས་མེད་དང?་སྟེ་བཙལ་བས་མིན། །བྱ་བ་བཏང་བའི་སེམས་བཞིན་དུ། །ཇི་ལྟར་བཞག་པ་དེ་ལྟར་བདེ། །ཅེས་སོ། །འདིའི་དོན་ནི་དེ་ལ། ཟུང་འཇུག་རིག་བ་རིན་ཆེན་མཛོད། །ཅེས་བྱ་བ ་གང་དང་གང་ཟུང་དུ་འཇུག་ན། གཉིས་སྣང་གི་ཆོས་སྣང་སྟོང། ཞི་གནས་ལྷག་མཐོང་འཁོར་འདས་བདེ་སྡུག་།ཡིན་མིན་གྱི་ཆོས་ཐམས་ཅད་རང་གི་རིག་པའི་ངོ་བོ་ལས་གུད་དུ་ན་མེད་པས་ན་ཟུང་འཇུག་གི་རིག་པ་ཅེས་པའོ། །དེའི་དཔེ་ཇི་དང་འདྲ་ན་རིན་ཆེན ་མཛོད་ཅེས་པ་དེ། དེ་ཡང་འདོད་དགུ་འབྱུང་བ་འམ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ན་མཛོད་ཅེས་པའོ། །རིག་པ་དེ་ཟུང་དུ་ཇི་ལྟར་འཇུག་ན། གཉིས་མེད་ངང?་དུ་བཙལ་བས་མིན། །ཅེས་པ་གཉིས་མེད་ཀྱི་བདེ་བ་དང་ཐ་མི ་དད་སྟེ། དེ་ཡང་གཉིས་མེད་ཀྱི་དང?་དེ་རང་སྩོལ་བས་གཏན་ལ་མི་ཕེབས་པ་ནི། བྱ་བ་བཏང་བའི་སེམས་བཞིན་དུ། །ཅེས་པ། བྱ་བ་བཏང་བ་དེ་ཇི་ལྟ་བུ་གཅིག་ཡིན་ན། རྒྱལ་པོ་གྷ་དྲ་པ་བསྙུང་གཞི་ས་བདག་གི་ནད་ཀྱིས་ཐེབས་པས། དེས ་རྒྱལ་སྲིད་ཀྱི་བྱ་བ་ཐམས་ཅད་བཏང་ནས་བསྒྲུབ་པ་ལ་བཞུགས་པས། ཀླུའི་རྒྱལ་པོ་སོགས་མ་མེད་ཀྱིས་དངོས་གྲུབ་ཏུ་བདུད་རྩིའི་ཆུ་རྒྱལ་པོ་ལ་བླུད་པས། དེ་ནས་རྒྱལ་པོའི་ལུས་ཚེར་མའི་ནང་དུ་འདུག་ཀྱང་བདེ་བར་འདུག་གསུངས་སྐད། དེ་བཞིན ་དུ་ཟུང་འཇུག་གཉིས་མེད་ཀྱི་སྩོལ་བྲལ་དེ་ལ་བྱའོ། །རྣལ་འབྱོར་བ་གྷ་ཧུ་ལའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ?་།།ུ་དྷི་ལིའི་དོ་ཧ་འགྲེལ་པ་དང་བཅད་པ་བཞུགས་སོ།། །།གུ་རུ་ཨུ་དྷི་ལིའི་ཞལ་ནས། ་