CLOSE WINDOW

N3878: tshogs kyi 'khor lo'i mchod pa'i rim pa
Wyliee-texts based on the ACIP/ALL Input

ཀ་ར་ཤན་ཏིས་མཛད་པ་རྫོགས་སོ།། །།ཚོགས་འཁོར་མཆོད་པའི་རིམ་པ་གཟུགས།། !། །རྒྱ་གར་སྐད་དུ། གྷ་གཱ་ཙཀྲ་བིད་ཏི་ན་མ་ཀྲཾ་མཾ། བོད་སྐད་དུ་ཚོགས་ཀྱི་འཁོར་ལོའི་མཆོད་པའི་རིམ་པ་ཞེས་བྱ་བ། བཅོམ ་ལྡན་འདས་དག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཁའ་འགྲོ་རྣམ་པ་གཉིས་པོ་ཡིས། བླ་མ་རྣམས་ལ་ཚོགས་ཀྱི་མཆོད་པ་ལན་བརྒྱད་ཅུ་རྩ་བཞི་ཕུལ་བའི་དུས་སུ། མཁའ་འགྲོ་ཚོགས་ཀྱི་མཆོད་པ་ཞེས་བྱ་བ་དོན་བསྡུས་པ་གཅིག་གསུངས་པ་ལས། དེ ་ལ་བླ་མ་སུརྱ་རསྨའི་དཀྱིལ་འཁོར་དང་འབྲེལ་བའི་མཆོད་པ་འདི་ལྟ་བུ་ཅིག་མཛད། དེ་ཡང་དཀྱིལ་འཁོར་ཆེན་པོ་ཡོངས་རྫོགས་ནས། །ཚོགས་ཀྱིས་མཉེས་པར་མཆོད་བྱ་སྟེ། ཅེས་གསུངས་པས། དང་པོར་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆོད་རྫོགས་པར་བྱས ་ནས། དེ་ནས་ཚོགས་ཀྱི་མཆོད་པས་མཉེས་པར་བྱ་བའི་དོན་དུ། ཚོགས་ཀྱི་ཆོ་ག་ལ་འཇུག་པར་བྱ་བ་བཤད་དེ། དང་པོར་ཡོ་བྱད་བཤམ་པ་དང། མཆེད་དང་ལྕམ་འདྲལ་ལ་སོགས་པ་གང་ཡིན་པ་གལ་ལ་བཀོད་པར་བྱས་ཏེ། ཡོ་བྱད་ནི་དཀྱིལ་འཁོར་གྱི ་མཆོད་རྫས་ལ་སོགས་པ་འབྱོར་ཚད་བཤམ། ཚོགས་ཀྱི་ཡོ་བྱད་ནི། དང་པོ་ཐོད་པ་མཚན་དང་ལྡན་པ་གཅིག་ཏུ། ཤ་ལྔ་བདུད་རྩི་ལྔ་དང། ཁྲག་སྣ་དང། ག་པུར་འགི་ཧབ། གླ་རྩི་དང། ཙན་དན་དང། རིན་ཆེན་ལྔ་དང། གོ་རི་ཙ་ན་གང་རྙེད་རྣམས། ་ཆང་ཕུད་བསྲེས་ལ། དཀྱིལ་འཁོར་གྱི་དབུས་སུ་བཞག་།དེ་ནས་གཏོར་མ་འབྲས་སམ། འཁུར་པ་སོགས། རིན་ཆེན་གཙང་མའི་སྣོད་དུ་བླུག་།གཏོར་མ་གཞན་ཡང་ཅི་རིགས་བཤམ། ཟས་དང་ཚོགས་ནི་ཤ་དང་ཆང་དང་ཁུར་བ་འབྲས་དང་ལ་དུལ ་སོགས་པ་དང། ཨ་མྲ་ལ་སོགས་ཏེ་ཤིང་ཐོག་སྣ་ཚོགས་དང། ན་རི་ཀེ་ལ་སོགས་ཏེ་ཚོད་མ་སྣ་ཚོགས་ཀ་ར་བུ་རམ་སྦྲང་ལ་སོགས་ཏེ་བཅཝོ་པ་ལྔ། དེ་ཡང་བཅའ་བ་བཟའ་བཏུང་ལ་སོགས་པ་འདོད་ཡོན་ལྔ་ཅི་འབྱོར་པས། དཀྱིལ་འཁོར་གྱི་མཛའ་མ ་བསྐོར་ལ་བཞག་།དེ་ནས་མཆེད་ལྕམ་ལ་སོགས་གྲལ་བཀོད་པ་ནི། མཆེད་ལྕམ་རྣམས་ཕྱིར་ཕྱུང་སྟེ་ཁྲུས་བྱས་ལ། ཕྱི་ནས་འདི་སྐད་ཞུ་བ་དབུལ། དུར་ཁྲོད་ཆེན་པོ་ཉམས་དགའ་བར། །མཐོང་ངམ་ཐོས་ན་ཡིད་དུ་འོང། །མགོན་པོ་ཁྱོད་ལ་སྐྱབས་སུ་མཆི།། ་གནས་ཆེན་གསང་བའི་སྒོ་དབྱེ་ཞུ། ཞེས་ཞུ་བ་དབུལ། བླ་མས་ནང་ནས་འདི་སྐད་བརྗོད། །ཧཱུཾ་རྫོགས་སངས་རྒྱས་ཀྱི་ཞིང་འདི་ནས་།མཁའ་འགྲོ་ནམ་མཁའ་ཨི་སྤྲིན་བཞིན་འདུ། །ལས་ཀྱི་སྲིད་པ་དག་པར་བྱེད། །དགེ་བར་སྤྱོད་ན་འདུ་བར་འོས། །ཞེས་བརྗོད་ལ ་བླ་མས་སྒོ་བྱེ་ལ་འདི་སྐད་བརྗོད། ཕྱག་གཡས་བརྐྱང་ལ། གྲོལ་བར་བྱེད་དང་སྨིན་པ་ཐོབ། །ཚངས་པའི་གནས་སུ་ཕྱིན་པ་དང། །རྗེས་སུ་འབྲེངས་པའི་རིགས་ཅན་ནམ། །རྒན་པོའི་རིགས་ཡིན་འདི་རུ་འདུ། །ཞེས་བརྗོད་ལ་གྲལ ་བྱ། །དེ་ལ་གྲོལ་བར་བྱེད་དང་ཅེས་པ་རིག་པའི་གནས་ལྔ་ལ་སྦྱངས་པའི། ཐོས་པས་རྒྱུད་གྲོལ་བའི་པཎྜི་ཏ་གྲལ་གོང་མར་མཆིས་སྐད། དེ་ནས་སྨིན་པ་ཐོབ་ཅེས་པས་དབང་གི་རྒྱུད་སྨིན་པར་བྱས་པའི་གནས་དབང་ཐོབ་པར་བྱ་སྟེ། དབང་གི་བརྡ་བཏང ་ནས། གཅིག་པ་བུམ་པ། གཉིས་པ་གསང་བའི་དབང། དབང་གསུམ་པ་ཤེས་རབ་ཡེ་ཤེས། བཞི་པ་དེ་ཁོ་ན་ཉིད་ཐོབ་པ་རྣམས་བཟློག་པ་རིམ་གྱིས་བཀོད་པར་བྱའོ། །དེ་ནས་ཚངས་པའི་གནས་སུ་ཕྱིན་པ་སྟེ། བསམ་གཏན་བསྒོམ་པ་དེ་བཀོད། དེའི་འོག་ཏུ ་རིགས་ཅན་རྗེས་སུ་འབྲེང་པ་ཞེས་པ། རྒྱལ་རིགས་ལ་སོགས་པ་རིགས་བཙུན་པ་བཀོད། དེ་ནས་རྒན་པོ་སྟེ་ན་སོ་རྒན་པ་རྣམས་རིམ་པས་བཀོད་ལ། དེ་ནས་སྔོན་དུ་འགྲོ་བ་ལ་འཇུག་པ་ནི། གོང་གི་ཐོད་པའི་ནང་གི་བདུད་རྩི་དེ་དག་མཁའ་འགྲོ་འདུ་བར་བྱེད ་པའི་རྫས་ཡིན་པས། དེ་དག་ཐམས་ཅད་ཀྱི་དཔྲལ་བར་ཐིག་ལེ་རེ་བྱ། དེའི་ཐ་མ་ལི་དྲིས་བསྐོར། སྣ་ལ་ལི་དྲིའི་ཞུ་རུ་རེ་བྱ། གདོང་དང་ཡན་ལག་རྣམས་གུར་གུམ་གྱི་ཆུས་བྱུག་།ལུས་ལ་རྒྱན་དྲུག་གིས་བརྒྱན། ཌ་མ་རུ་ལ་སོགས་པའི་སྒྲ་རྣམས ་བཀྲོལ་ཏེ་བསྐོར་བ་ལན་གསུམ་བྱས་ལ་དངོས་གཞི་ལ་འཇུག་པར་བྱའོ། །བར་འདིར་སེམས་བསྐྱེད་བྱིན་བརླབས་དབང་སོགས་བྱ། དངོས་གཞི་ནི་བདག་ཉིད་ལྷའི་ང་རྒྱལ་ལས། དང་པོ་བགེགས་རྣམས་བསྲུང་བྱ་སྟེ་ཞེས་པས། བདག་ཉིད་ལྷའི་ང ་རྒྱལ་ནི། །བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། སྐུ་མཐིང་ནག་དབུ་གསུམ་ཕྱག་དྲུག་པ། དབྱུག་ཏོ། དགྲ་སྟ། རལ་གྲི། གཡས་པ་གསུམ་ན་རིམ་གྱིས་བསྣམས་པ། གཡོན་པ་གསུམ་ན་སྤྲུལ་ཞགས་སྡིགས་མཛུབ་བནདྷ་དམར་གྱིས ་བཀང་བ་བསྣམས་པ། དུར་ཁྲོད་ཆས་ཀྱིས་བརྒྱན་པ་ཅིག་བསྐྱེད། སུམ་བྷ་ནི་ཞེས་པའི་སྔགས་དང། ཨ་ཨ་སརྦ་ཏ་ཐཱ་ག་ཏ་ཅེས་པ། ཨོཾ་ཧྲི་ཏྲི་ཝི་ཏྲི་ཏ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་བཏགས་ལ་བར་དུ་གཅོད་པར་བྱེད་པའི་བགེགས་རྣམས་ཐམས་ཅད་གང་ན་མ? ་མི་གནས་བ་རུ་བསམ། དེ་ནས་ཚོགས་བྱིན་གྱིས་བརླབས་ཏེ། འདོད་པ་པོ་ནི་ཀུན་ཡིན་ཀྱང། ཁྱད་པར་དུ་མཆོད་པ་ཉི་ཤུ་པས་བསླབ་བ་བསྟན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥཔེ་པུ་ཙ་ཧཱུཾ། ཞེས་པ་ལ་སོགས་པས་རོལ་མོ་ཡན་ཆད་ཏིང་ངེ་འཛིན་རེ་རེས་གསལ་བར ་བརླབ། དེ་ནས་གཏོར་མ་བྱིན་གྱིས་བརླབ་སྟེ། ཐུགས་ཀའི་ཨ་ལས་འོད་ཟེར་སྤྲོ། ཅེས་པ་ནི། བདག་ཉིད་གོང་དུ་སེམས་དཔའ་གཉིས་བསྲེས་ཀྱི་སྙིང་ཁ་ཤེས་རབ་འཁོར་ལོའི་ལྟོ་བར་གནས་པའི་ཨ་དེ་ལས་འོད་ཟེར་སྤྲོ་ཞེས་པ་ནི་ཡི་གེ་བཞིའི་འོད ་ཟེར་ལ་བྱ་སྟེ། ཡི་གེ་དང་པོ་བྲུཾ་ལས་སྣོད་བཅུད་རྒྱ་ཆེར་བརླབ་ཅེས་པ་དེ་ཡིན་ཏེ། ཨ་ལས་བྲུཾ་ཁ་དོག་སྣ་ཚོགས་དང་ལྡན་པ་ཅིག་སྤྲོས་ནས། གཏོར་མའི་སྣོད་ལ་ཕོག་པས་འོད་ལམ་ལམ་འདུག་པས། སྣོད་དེ་ཕྱི་སྣོད་ཀྱི་འཇིག་རྟེན་ཡིན་པས་ཐོད་པ ་གླིང་གཅིག་པར་བསྐྱེད། གཏོར་མ་དེ་ནང་བཅུད་ཡིན་པས་སྣོད་ཁེངས་པར་བསྒོམ། ཧཱུཾ་གིས་ཉེས་པའི་སྐྱོན་སྦྱངས་ནས། ཅེས་པས། ཨ་ལས་ཧཱུཾ་སྔོན་པོ་ཅིག་ཆད་གཏོར་མ་ལ་ཕོག་པས་ཧཱུཾ་དང་འོད་དུ་ཞུ་ནས་སྔོ་ལམ་ལམ་འདུག་པས་ཉེས་པའི་སྐྱོན་ཐམས་ཅད ་སྦྱངས?། གཏོར་མ་དེ་ཤིན་ཏུ་དག་པར་བསམ། ཨོཾ་གྱི་ནམ་མཁའ་ཨི་མཛའ་དང་མཉམ་པ། ཨ་དེ་ལས་ཨ་དམར་པོ་ཅིག་ཆད་ནས་གཏོར་མ་ལ་ཕོག་པས། དམར་ལམ་ལམ་འདུག་པས་གཏོར་མ་དེ་ཤིན་ཏུ་རྒྱ་ཆེ་བ་ནམ་མཁའ་ཨི་མཛའ་དང་མཉམ་པར ་བསམ། ཨོཾ་གྱིས་བདུད་རྩིར་གྱུར་པའི་ཅེས་པས། ཨ་ལས་ཨོཾ་དཀར་པོ་ཅིག་སྤྲོས་པས། གཏོར་མ་ལ་ཕོག་པས་དཀར་ལམ་ལམ་བ་ཅིག་འོད་དུ་ཞུ། གཏོར་མ་དེ་བདུད་རྩིར་གྱུར་པར་བསམ། སྤྱན་དྲང་ལ་སོགས་པ་འདི་ཡིས་དྲང ་ཅེས་པ་ལ་གཉིས་ཏེ། མཚན་ནས་བོས་ཏེ་དྲང་པ་ནི། འདུའི་ལི་ལ་ཅེས་པ་ནས་བྱ་རེ་ཅེས་ཡན་ཆད་ཀྱིས་དྲང་ངོ། །ཚིགས་སུ་བཅད་པས་དྲང་བ་ནི། བདེ་བ་ཅན་དུར་ཁྲོད་དང། དགྱེས་པར་རོལ་མཁས་པར་སྤྱོད། །མཆོད་པ་མེད ་པའི་ཕྱག་རྒྱ་དང། །རྟག་པར་མཚན་མེད་སྤྱོད་པ་ཉིད། །སྟུག་པོ་བཀོད་པའི་ཞིང་ཁམས་ནས། །དཀྱིལ་འཁོར་ལྷའི་གནས་ཉིད་དུ། །མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ། །ེ་ཧ་ཧི་འགུ་རུ་བཛྲ་ཅེས་པས་དཀྱིལ་འཁོར་གྱི་ལྷ་རྣམས་དུ། དཔག ་བསམ་གྱི་ཤིང་ཉི་ཤུ་རྩ་བརྒྱད་ལ། བླ་མ་རྣམས་བཞུགས་པར་བསམ། དེ་ནས་ཕྱག་འཚལ་བ་ནི། ཚིགས་སུ་བཅད་པ་ལྔ་པོ་དེས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྒོ་ནས་སྟོད་པ་དང་ཕྱག་འཚལ། དེ་ནས་བླ་མ་དང་མཁའ་ ་འགྲོའི་ཚོགས་དང་རྣལ་འབྱོར་ཕོ་མོ་རྣམས་ཀྱིས། ཆོས་ཉིད་ཀྱི་དོན་མཐོང་བ་དང། ཡང་དག་ས་ལ་བཀོད་བྱའི་ཕྱིར། །མཁའ་འགྲོ་རྣམས་ཀྱིས་བསྟོད་གླུ་བླངས། །དེ་ནས་མཆོད་པ་ཉི་ཤུ་པ་ཡིས་མཉེས་པར་མཆོད་པ་ཕུལ་ལ། དེ་ཡི་རྗེས ་ལ་གཏོར་མ་ལ་སོགས་པ་ཚོགས་ཀྱི་མཆོད་པ་རྣམས་དབུལ་ཏེ། གོང་གི་ཐོད་པའི་བདུད་རྩི་དེ་ལ་སྲིན་ལག་གཡོན་པས་ཟེར་མ་ནམ་མཁའ་ལ་གཏོར། ཟེར་མ་དེ་རྣམས་མཁའ་འགྲོ་མ་ནམ་མཁའ་ཨི་མཛའ་དང་མཉམ་པར་འགྱུར། དེ་དག་ལ ་ཡང་གཏོར་བས། དེ་དག་ཐམས་ཅད་བླ་མ་རྣམས་ལ་མཆོད་པ་རྒྱ་ཆེན་པོ་དབུལ་བར་བསམ། རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ལག་ཏུ་ཚོགས་ཀྱི་ལོངས་སྤྱོད་རྣམས་ཐོགས་ལ། རིན་ཆེན་མཛེས་པའི་སྣོད་དག་ཏུ། །ཅེས་པ་ནས། ། ་པྲ་ཏི་ཛ་ཧེ་ཞེས་པ་ཡན་ཆད་ཀྱིས་མཆོད། གཞན་ཡང་གནས་ཉི་ཤུ་རྩ་བཞིའི་མཁའ་འགྲོ་རྣམས་ལ་འདི་ལྟར་དུ་མཆོད། །སུ་ལི་ར་མ་ཡ་ན་མཁའ་འགྲོ་འདུ་བའི་གནས། ཀོ་ཏ་ན་དང་ཨུ་བ་སཱི། །། ་དྷ་སུ་རི་དང་རྣམ་པ་གསུམ། །སྤྱི་གཙུག་འཁོར་ལོ་དག་ནི། །མགུལ་པ་དཔུང་པ་སྐེད་པ་སོགས། །ཕྱག་ཞབས་རུས་པའི་དུམ་བུས་བརྒྱན། །ཁ་ཊཝཾ་ཌ་མ་རུ་ཡི་སྒྲ། །སྙན་པའི་སྒྲ་སྒྲོགས་ཁྲོ་ལོ་ལོ། །མཛེས་པའི་གང་བྱད་ཁྱུག་གེ་ཁྱུག་།ཟབ་མོའི་གླུ་ལེན་མོ ་རེ་རེ། །འག?་ནའི་མཆོད་པ་འདི་བཞེས་ལ། །དག་པའི་དངོས་གྲུབ་བརྩལ་དུ་གསོལ། །འཛ་ལན་དྷ་ར་མཁའ་འགྲོའི་གནས། །པས་ས་དང་ན་ཀ་ར། །མེ་རྟ་རུ་ན་དང་རྣམ་པ་གསུམ། །སྤྱི་གཙུག་འཁོར་ལོ་འདྲེའོ། །ུརྱན་ས་མ་རྦྷེ?་ལ་ཡང ་མཁའ་ཨི་གནས། །འཛིན་ཏི་མ་དང་ཀམ་པ་ལི། །འགི་ཏི་པ་ལ་རྣམ་པ་གསུམ། །རམ་ཤ་རི་མཁའ་འགྲོའི་གནས། །ས་ལུ་ཏ་དང་པར་ཏ་ན། །ཏེ་ཤིས་པ་ལ་རྣམ་པ་གསུམ། །དྷེ་པི་ཀོ་ཏ་མཁའ་འགྲོའི་གནས། །མི་སི་ལི་དང་པོ་ས་ན། །རྱ ་ན་ག་རྣམ་པ་གསུམ། །མ་ལ་བྷ་ནི་མཁའ་འགྲོའི་གནས། །སུ་སུ་རི་དང་པ་ཤ་ཀྱི། །བི་ཁ་པ་དང་རྣམ་པ་གསུམ། །ཀ་མ་རུ་མ་མཁའ་འགྲོའི་གནས། །པ་ཏོ་ལ་དང་ཀིམ་པ་ཙེར་སྣ་རྣམ་པ་གསུམ། །ོ་དེ་ར་ནམ་མཁའ་འགྲོའི་གནས། ། ་དྷེ་པ་པྲི་དང་ཀན་?་རི། །ཀུ་གསུམ་ཙེ་དྷ་རྣམ་པ་གསུམ། །གྲི་ཤ་ཀུ་ནི་མཁའ་འགྲོའི་གནས། །སེ་ཡན་ལུ་དང་ཀ་པ་ལ། །ཐ་པི་རི་དང་རྣམ་པ་གསུམ། །ཀོ་ས་ལ་ནམ་མཁའ་འགྲོའི་གནས། །པ་ཧ་ན་དྷི་དང་སུ་ཀ་སྲི། །བྷ་ལམ་ཐི་པ་རྣམ་པ ་གསུམ། །ཀ་ལི་ནམ་མཁའ་འགྲོའི་གནས། ། པིར་ཏ་དང་པ་ཧུ་སི། །བྷ་ཧུ་ར་དེ་བ་རྣམ་པ་གསུམ། །ལམ་པ་ཀན་མཁའ་འགྲོའི་གནས། །ཤེས་པ་ཨུ་པ་ལ་དང་ནི། །མེ་ར་ལི་སོ་བ་དེ་བ་རྣམ་པ་གསུམ། །ཀན་ཙིཀ་ནམ་མཁའ་ ་འགྲོའི་གནས། །ཧི་ར་པ་དང་འགྱ་བྷག་པི་དྲ་རྣམ་པ་གསུམ། །ཧི་མ་ལ་ན་མཁའ་འགྲོའི་གནས། །ཀྲི་ཤ་ཙེ་བུ་ལ་དང་ནི་གུ་བ་རུ་རྣ། །ཕ་བུ་ཐ་བ་ལ་རྣམ་པ་གསུམ། །པྲེ་ཏ་པུ་རི་མཁའ་འགྲོའི་གནས། །ཧི་འགུ་ལི་དང་འདུ་དྷུ་སྲི། ། ་ཏི་ལི་ཆི་བ་རྣམ་པ་གསུམ། །གྷི་ཧ་དྷེ་པ་མཁའ་འགྲོའི་གནས། །བྷི་པ་ཝ་རྣ་ལས། །ཙ་རིས་ཀི་ཧ་ཀུ་རི་དང་རྣམ་པ་གསུམ། །སེའུ་ར་སྣ་མཁའ་འགྲོའི་གནས། །ཏེ་པ་རི་དང་ཏིལ་ཏི་ཀ་།མ་ས་ཏ་ལི་རྩམ?་པ་གསུམ། ། ་སོ་བ་ན་རི་པ་མཁའ་འགྲོའི་གནས། །ཀ་ཌ་རུ་ལ་མི་སུ་མ་ཏི་དང། །གྷ་ན་དཔེ་རྣམ་པ་གསུམ། །ན་ག་ར་ཡ་མཁའ་འགྲོའི་གནས། །ེ་ལ་ཤ་ཏི་ཀ་ཀ་པ་ལུ། །ཧུར་ཏུ་ང་དང་རྣམ་པ་གསུམ། །སིན་དྲུ་གནས་ནི་མཁའ་འགྲོ་མ། །ཏེ་ཙ ་མེ་ར་ཏི་ག་སུ། །ལི་ར་ཐ་ན་དང་རྣམ་པ་གསུམ། །མ་ཐོ་ར་ལི་གནས་ཀྱི་མཁའ་འགྲོ་མ། །ཙ་ཧཱུ་པ་རི་སེ་ཧ་ནན། །སན་ཏོ་མ་རྣམ་པ་གསུམ། །ཀུ་ལུན་དྷ་ན་མཁའ་འགྲོའི་གནས། །གྷོ་ཧཱུཾ་ཀོ་དུ་སེ་ས་ཧན་ཏ། །འཛམ་བྷ་ལྷ་དང་རྣམ་པ ་གསུམ། །སྤྱི་གཙུག་འཁོར་ལོ་དག་དང་ནི། །མགུལ་པ་དཔུང་པ་སྐེད་པ་སོགས། །ཕྱག་ཞབས་རུས་པའི་དུམ་བུས་བརྒྱན། །ཁ་ཊཝཾ་ཌ་མ་རུའི་སྒྲ། །སྙན་པའི་སྒྲ་སྒྲོགས་ཁྲོ་ལོ་ལོ། །མཛེས་པའི་གར་བྱེད་ཁྱུག་གེ་ཁྱུག་།ཟབ་མོའི་གླུ ་ལེན་མེ་རེ་རེ། །འགའ་ནའི་མཆོད་པ་འདི་བཞེས་ལ། །དག་པའི་དངོས་གྲུབ་བསྩལ་དུ་གསོལ། །དེ་ལྟར་མཁའ་འགྲོའི་ཚོགས་ཀྱི་མཆོད་པ་འབུལ། །དེ་ལྟར་མཆོད་པ་རྫོགས་པ་དང། །རྣལ་འབྱོར་ཚོགས་ལ་རོལ་པར་བྱ། །དང་པོ་ཕུར་བཀྲོས ་དབུལ་བ་ནི། །ཏིང་འཛིན་ཟས་ནི་ལོངས་སྤྱོད་ཆེ། །བདུད་རྩི་སྐོམ་གྱི་ཆུ་རྒྱུན་འབབ། །སྦྱིན་པའི་ཕ་རོལ་འདི་ན་སྦྱིན། །བསམ་གཏན་ཚུལ་ཁྲིམས་བཟོད་པ་བསྒོམ། །བརྩོན་འགྲུས་ཀུན་ཏུ་རྩོམ་པར་བྱེད། །ཐབས་དང་སྟོབས་དང་སྨོན་ལམ ་རྫོགས། །ཡེ་ཤེས་དག་པ་ཆེན་པོར་འགྱུར། །བླ་མེད་ཐོབ་པའི་མཆོད་པ་འབུལ། །དགྱེས་པར་ཀུན་ཏུ་དཔྱོད་པར་མཛོད། །ོཾ་འགུ་རུ་པུ་ཙ་ཏེ་ཌི་ཀ་ནི། ཨི་དམ་དྷ་ལིང་གྷྲི་རྣ་གྷྲི་ན་ཨ་མི་ཧཾ། །པི ་པ་ཏ། སཱ་མ་ཡཱ་སྭཱཧཱ། ཞེས་ཕུལ་ལ། དེ་ནས་སྟོན་མོ་དྲང། དེ་ཡང་དང་པོ་འདྲེན་པའི་ཕྱག་འཚང་གང་ཡིན་པས། འདི་སྐད་བརྗོད་ལ་དང། ལྷག་མ་ལྷའི་བསམ་པ་དང། རིགས་བཙུན་གཙང་མ་ཡིན་པ། རྒྱལ་པོ་བྲམ་ཟེ ་རྗེའུ་རིགས། །རྡོལ་པ་ཁྱི་དང་ཕག་པ་དང། །འདི་དག་ཁྱད་པར་གང་གིས་བསྟན། །བདེ་བའི་མགོན་པོས་ལེགས་པར་སྤྱད། །ཀུན་དང་ཀུན་ཏུ་སྐལ་པ་མཉམ། །ལེགས་ཅིང་མཛེས་པར་ཅིས་མི་སྤྱོད། །སརྦ་སཱི་ཏི། ཨ་ཧེ་སུ་ཀ་ཞེས་དྲང་། ་དེ་ཡིས་འདི་སྐད་བྱས་ལ་བླང། །བདེ་བའི་མགོན་པོས་ལེགས་སྤྱད་པའི། །ཀུན་དང་སྐལ་བ་མཉམ་པར་གསུངས། །དངོས་གྲུབ་བདུད་རྩི་ཆེན་པོ་འདི། །ལེགས་ཤིང་མཛེས་པ་དག་གིས་སྤྱད། །སརྦ་སི་ཏི་ཨ་ཧོ་སུ་ཀ། ཅེས་བླང་ངོ། ། ་དེ་ནས་ཇི་ལྟར་དུ་བྱ་བ་ནི། །གར་དང་རོལ་མོ་རྒྱན་རྣམས་དང། །དྲུག་སྐྱེས་ལྷན་སྐྱེས་གླུ་བླང་བྱ། །ཞེས་པས། དཔའ་བོ་དང་དཔའ་མོའི་གར་དང། །རྒྱུད་ལས་ཇི་ལྟར་སྐྱེས་པ་ཡང་བྱ། །སྒྲ་དང་རོལ་མོ་ཐམས་ཅད་བཀྲོལ། །མཛེས་པའི ་རྒྱན་རྣམས་ཀྱིས་བརྒྱན་ལ། །ཉམས་དང་འཐུན་པའི་སྤྱོད་པ་རྣམས་ཀྱང་བྱ། །ཆོས་སྐྱོང་དང་རང་རང་གི་བསྟན་པ་བསྲུང་པ་རྣམས་ལ་གཏོར་མ་རྒྱས་པར་གཏང། དྲག་པོའི་ལས་ཀྱང་བྱས་ཏེ་རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ་དང། བསྟན་པ་སྤྱིའི ་དགྲ་།རྣལ་འབྱོར་བ་ལ་བར་དུ་གཅོད་པའི་དགོས་དགྲ་།དགྲ་བགེགས་ཐམས་ཅད་སྒྲལ་བའི་ལས་བྱའོ། །ཟབ་མོའི་གྲུ་རྣམས་བླང་བྱས་ཏེ། །མཁའ་འགྲོ་མ་དམའཝེ་དབང་གིས་གླུ་བླངས་པ། །གཙུག་ཏོར་ཆེན་པོའི་སྐུ་མངའ་བ། ། ་བྲ?་མ་བརྒྱད་ཅུ་རྩ་བཞི་བདོག་།མཐོང་བ་འམ་ནི་ཐོས་པ་ཡིས། །ཕུང་པོ་ཁམས་སོགས་རྣམ་པར་དག་།འཇིག་ཚོགས་འཁོར་བའི་རང་བཞིན་འདི། །ལམ་གྱི་དུས་ན་བདེ་བ་ཆེ། །ཆོས་སྐུ་རི་བོ་ལྟ་བུར་གདའ་། །མན་ངག་སྒྱུ་སྐར་ ་ལྟ་བུར་གདའ་། །རྟོགས་ཚད་ཉི་ཟླ་ལྟ་བུར་གདའ་། །འོད་གསལ་རང་བཞིན་མེད་པར་རྟོགས། །ེ་མ་ངོ་མཚར་པན་ཊི་ཏ། །ཞེས་གསུངས་སོ། །མཁའ་འགྲོ་མ་ཀོ་ཀི་ལ་ཡིས་གླུ་བླངས་པ། །པ་ལ་ཡི་དུར་ཁྲོད་བྱ་སེམས ་ཤིང། །གྲུབ་ཐོབ་རྡོ་རྗེ་སེམས་དཔའ་ཨི་སྐུ། །རྟོགས་ཚོགས་སེམས་དཔའ་སེམས་མའི་འཁོར། །རྣམ་འཕྲུལ་ཡེ་ཤེས་ཀྱི་རང་བཞིན་ཅན། །འདོད་པའི་ཡོན་ཏན་ཡིད་བཞིན་སྤྱོད། །རྒྱལ་པོའི་ཕོ་བྲང་དེ་ལྟ་བུ། །གར་ནི་སྐྱེས་ཤི་ནགས་ཚལ་ཙེ་། ་གད་མོ་མཛེས་པའི་མེ་ཏོག་དགོད། །ཟས་སུ་དུག་གསུམ་རོ་གསུམ་ཟ། །སྐོམ་དུ་ཡེ་ཤེས་ཆུ་བོ་འཐུང། །ཁ་བའི་རོ་ནི་མངར་བར་མྱོང། །དེ་བཞིན་ལ་ཡང་བསིལ་བར་གྱུར། །ཆོས་སྐུའི་སྐྱེ་བ་འདི་བླངས་པོས། །སྲིད་པའི་འཆིང ་བ་རྣམ་པར་ཆད། །ེ་མ་ངོ་མཚར་པཎ་ཌི་ཏ། །དུས་དངས་ལང་ཚོ་ཕར་ཕར་ཐོང། །རྣལ་འབྱོར་མ་སུ་ཏི་ཡིས་གླུ་བླངས་པ། །ལྷ་མ་ལྷ་རུ་མཐོང་བ་བདོག་།བྱིན་བརླབས་རྒྱུན་མི་ཆད་པ་བྱུང་ངོ། །ཐུན་བཞི་མ་ཧེ་འཇོ་བཞིན་བསྒོམ། ། ་ནམ་ལངས་འདྲ་བའི་ཉམས་ཅིག་བྱུང། །བརྟན་པ་ཐོབ་པ་ལ་མི་སྨྲ། །འབྲལ་བ་མེད་བའི་ཉམས་ཅིག་བྱུང། །སྣ་ཚོགས་ཡེ་ཤེས་ཀྱི་མེ་ལྕེ་དེས། །རྟོག་པའི་ནགས་ཚལ་གྱི་སྡོང་པོ་བསྲེགས། །སྣང་བ་ཐུག་ཕྲད་ཀྱི་གདམས ་ངག་བསྟན། །ལུ་ཡི་མཚར་ན་པཎྜི་ཏ། །དངོས་མེད་དགྲ་ལ་རྟོག་པ་མེད། །གྲོང་ཁྱེར་སྟོངས་པའི་གདམ་ངག་བསྟན། །བཞིར་བ་མཚར་ན་པཎྜི་ཏ། །འཁོར་དང་མྱ་ངན་འདས་པ་མཉམ། །དྲན་པ་ཅིག་པའི་གདམ་ངག་བསྟན། ། ་ས་ར་ཧ་ལ་ངོ་མཚར་བདོག་།མཉམ་པར་རྟོགས་དང་པཎྜི་ཏ། །ཟས་ཟ་གོས་གྱོན་གདམ་ངག་བསྟན། །མི་ན་བ་ལ་ངོ་མཚར་བདོག་།ཕྱི་ནང་ལྟ་བ་དྲུག་ཏུ་བསྟན། །ཤན་ཏི་པ་ལ་ངོ་མཚར་བདོག་།ཏི་ལི་ཀུན་མ་མཁས་པ་ཡིས། ། ་བདག་གི་དུག་གསུམ་རྩད་ནས་བྱུང། །ཕྱི་ནང་ཟད་པའི་མེ་རེག་བྱས། །འཚེང་པར་གྱུར་ཅིག་ཏེ་ལོ་བ། །རྔ་མོའི་མགྲིན་པ་ལྟ་བུ་ཡི། །འཁོར་བའི་འཕྲེང་འདི་ཤིན་ཏུ་རིང། །ཟད་པར་གྱུར་ཅིག་ཏེ་ལོ་པ། །བདེ་བས་ཤིན་ཏུ་འཚོ་བ་མེད། །ལེགས ་པར་ཆོངས་ཅིག་པཎ་ཊི་ཏ། །ཅེས་གླུ་བླངས་སོ། །དེ་ནས་གཏོར་ཚོགས་ཕྱིར་བཏང་ལ། །རྣལ་འབྱོར་པ་རྣམས་ནང་དུ་འདུས་ལ། གཏོར་མའི་སྣོད་རྣམས་ཁ་སྦུབ་པའི་འོག་ཏུ། བདུག་པ་ཅན་གྱི་བགེགས་རྣམས་མནན་ལ། རྣལ ་འབྱོར་བ་རང་ཉིད་ལྷའི་ང་རྒྱལ་བྱས་ལ་རྐང་པ་གཡས་གཡོན་སྔོ་ཞིང་ཏེ་རུ་ཀའི་གར་དགུས་མནན་ནོ། །འདི་དག་ནི་ཚོགས་ཀྱི་འཁོར་ལོའི་དུས་སུ་བྱ། །ཚོགས་འཁོར་ལོ་ནི་གནས་སྐབས་དང་སྦྱར་ལ་བྱ། དེ་ནས་ཐོད་པའི་བདུད ་རྩིས་རྣལ་འབྱོར་ཕོ་མོ་རྣམས་ལ། སྦྱི་བོ། མགྲིན་པ། སྙིང་གར་ཐིག་ལེ་བྱས་ལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང། །དེ་ལྟར་བྱས་བས་མཁའ་འགྲོ་འདུ་བ་དང་ལུས་ཀྱི་བསྲུང་བར་འགྱུར་རོ། །ཡོ་བྱད་རྒྱལ་པོའི་ཁབ་ནས་སྦྱར། །བདག ་ནི་རིན་ཆེན་ཁྲི་རྐང་ལ། །སྐུ་དང་སྐུའི་རྟེན་བྱས་ནས། །མཁའ་འགྲོ་མ་དྷ་མ་དྷུ་མ་གཉིས་ཀྱིས་ཚོགས་ཀྱིས་འཁོར་ལོ་ལན་བརྒྱད་ཅུ་རྩ་བཞིའི་བར་དུ་མཛད་ནས། ལག་ལེན་དུ་བྱ་བ་ནི་པཎ་ཌི་ཏ་སུ་རྱ་ར་སྨིས་མཛད། །ཚོགས་ཀྱི་འཁོར་ལོའི ་ཆོ་ག་རིམ་པར་བསྡུས་པ་ཞེས་བྱ་བ་རྫོགས་སོ།། །།པཎ་ཌི་ཏ་ཨ་བྱ་ཤྲི་དང། །ལོཙྪ་བ་མེ་ཉག་གིས་བསྒྱུར་བའོ།། །།གང་གཱའི་འགྲམ་དང་མ་དྲོས་མཚོ་ནང་དུ། །མ་མཐོད་མ་མྱོང ་སྐོམ་ནས་ཤི་བའི་ཡི་དགས་བཞིན། །གྲུབ་ཐོབ་རྣམས་ཀྱི་གདམ་ངག་བདུད་རྩིའི་རྒྱ་མཚོ་ལ། །མ་ཟོས་མ་རྟོགས་སྒྲ་ཕྱིར་འབྲངས་པ་སྙིང་རྗེ་རྗེ། །ལས་འཕྲོ་སད་པས་གདམས་བའི་བཅུད་དང་འཕྲད། །སྦྱངས་འཕྲོ་ཡོད ་བས་རྟོགས་ཀྱི་ན་དོན་རྣམས་གསལ། །ཙན་དན་གྱི་རྐུ་རྒྱ་ནག་ན་བཞུགས་པའི་བྱོན་ཚུལ་བཞུགས།། !། །ོཾ་སྭ་སྟི་སིདྷཾ། བཅོམ་ལྡན་འདས་སྐྱ་བསྟམས་ནས་སངས་རྒྱས་ཀྱི ་