| Wylie | e-texts based on the ACIP/ALL Input |
པར་བཞག་པ་ནི་བཞི་པའོ། །འདི་ཟབ་ལམ་གྱི་ཡིན་གསུང་ངོ། །གྲོང་པས་མགོས་མི་གོས་གཉིས། །དབང་གི་སྨིན་བྱས་དམ་ཚིག་ལྡན། །དཀའ་ཐུབ་དྲག་པོ་བརྟེན་བྱས་སྟེ། །ཅེས་པ་ལ་སོགས་པའི་བཤད་པ་ཞིབ་རྒྱས་སུ་གསུང་ངོ།། ། !། །གྲུབ་མཛའ་ཨི་མན་ངག་ལམ་བསླང་བཞུགས་སོ། ། ་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གྲུབ་མཛའ་ཨི་མན་ངག་ལམ་བསླང་འདི། །དེ་ལ་ཐེག་པ་གསུམ། གནས་པ་བཞི། སྦྱོར་བ་དགུ་ལས། ཐག་པ་གསུམ་གྱི་ལམ་དང་འབྲས་བུ་གསུམ་སྟེ། རྟེན་གྱི་གང་ཟག་འཇུག་པའི་སྒོ ་བསྟན་ཏེ། གནས་པ་བཞིའི་གནས་ལུགས་བསྟན་པ། སྦྱོར་བ་གུས་རྣལ་འབྱོར་པས་ཉམས་སུ་བླང་བ་བསྟན། དེ་རྣམས་ཀྱིས་དངོས་པོའི་ཞེན་པ་བཟློག་པའི་ཕྱིར་བསྟན་པའོ། །དེ་ལ་ཐེག་པ་གསུམ་ནི། ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ ་དང། ཐེག་པ་ཆེན་པོའོ། །དེ་ལ་གནས་པ་བཞི་ནི། ཉན་ཐོས་ཀྱི་གནས་པ་དང། རང་སངས་རྒྱས་ཀྱི་གནས་པ་དང། སེམས་ཙམ་པའི་གནས་པ་དང། དབུ་མ་པའི་གནས་པའོ། །དེ་ཡང་སྦྱོར་བ་དགུ་ནི། །ཉན་ཐོས་དབང་པོ་ཐ་མ་དང། ཉན་ཐོས་དབང་པོ་འབྲིང་དང ་ཉན་ཐོས་དབང་པོ་རབ་དང། རང་སངས་རྒྱས་དང། མདོ་སྡེ་པ་དང། སེམས་ཙམ་རྣམ་བཅས་དང། སེམས་ཙམ་རྣམ་མེད་པ་དང། དབུ་མ་སྒྱུ་མ་ལྟ་བུ་དང། རབ་ཏུ་མི་གནས་པའོ།། །དེ་ལ་ཐེག་པ་གསུམ་ནི། གནས་པ་བཞི་ལ། གནས ་པ་བཞི་ནི་སྦྱོར་བ་དགུ་ལ་འཇུག་པའོ། །དེ་ལ་སྦྱོར་བ་དགུས་སྦྱོར་བའི་ཉམས་སུ་བླང་བ་བསྟན་པ་ནི། ཐ་མལ་པའི་ལུས་པོ་ལ་དངོས་པོའི་ཞེན་པ་བཟློག་པ་བསྟན་པའི་ཕྱིར། ཉན་ཐོས་ཐ་མ་བསྟན་པ་ནི། དེ་ལ་རྣམ་པར་རྟོག་པ་བཟློག་པའི་ཕྱིར། དངོས་པོའི་བཙང ་འཛིན་སྤང་བའི་ཕྱིར། །ཉན་ཐོས་ཐ་མ་བསྟན་པ་ཡིན། །ཚོར་བ་དངོས་པོར་འཛིན་པའི་ཕྱིར། །ཉན་ཐོས་འབྲིང་པོ་བསྟན་པ་ཡིན། །ཆོས་ལ་དངོས་པོར་འཛིན་པ་སྤང་བའི་ཕྱིར། །ཉན་ཐོས་རབ་ཏུ་བསྟན་པ་ཡིན། །སེ་ལ་དངས་པོར་འཛིན་པ་སྤང་བའི་ཕྱིར ་ང་རྒྱལ་བསྟན་པ་ཡིན་ན། །དེ་ལ་ཉན་ཐོས་པའི་ལྟ་བ་ལ་གཉིས་ཏེ། །དང་པོར་བགྲང་བ་དང་སེམས་པོའོ། །དེ་ལ་དང་པོར་བགྲང་བ་ནི། །སྤྱི་གཙུག་ནས་རྐང་མཐིལ་བར་དུ། ལུས་ཀྱི་དྲན་པ་ཉེ་བར་བཞག་སྟེ། མི་རྩང་བའི་རྫས་སུམ་ཅུ་རྩ་གཉིས ་ཀྱིས་གང་པའོ། །དེས་རང་གི་ལུས་ལ་རྩང་བར་འཛིན་པའི་ཞེན་པ་བཟློག་པས། བསྟན་པའི་ཚད་དུ་བླ་མས་གསུངས། །དག་ཅིང་རྩང་འཛིན་དྲི་མ་སྦྱངས་པའོ། །དེ་ལ་སེ་པ་ནི་རང་གི་དཔྲལ་བའི་སྨིན་འཚམས་སུ། །རུས་བའི་ཚོགས་ཉུངས་འབྲུ་ཙམ་པའི་འོད་ལ ་སེ་རྟད་ཏེ། དེ་ལས་འོད་འཕྲོས་པས་རང་གི་ལུས་ཀེང་རུས་སུ་གྱུར། ཕར་འཕྲོས་པས་ནང་བཅུ་པ་ཐམས་ཅད་དུས་པར་གྱུར། ཕྱི་སྣོད་ཀྱི་འཇིག་རྟེན་ཐུག་གི་བར་དུ་འཕྲོས་པས་ཀེང་རུས་ཉིད་དུ་གྱུར། དེ་ལྟར་འཕྲོ་ཞིང་སླར་འདུས་བསྒོམ། ཟས་ཟ་གོས་གོན ་སླར་འདུག་ཚེ། །ཀེད་རུས་ཉིད་དུ་བསྒོམ་པར་བྱའོ། །བརྟན་རྩ་དྲི་མ་སྤང་པའོ། །དེ་ལ་ཉན་ཐོས་པ་བྱིན་པོའི་འདོད་པ་ནི་སྲོག་དང་རྩོལ་བསྒོམ་པ་སྟེ། འཁོར་བར་སྐྱེ་བར་བྱེད་པའི་རྒྱུ་ནི་རྣམ་པར་རྟོག་པ་སྟེ། རངས་པ་སྤང་ཕྱིར་སྒོམ་པ་ཡིན། །དཔེར་ན་མི་ཕྱེད ་པོ་རྟ་ལ་བསྐྱོན་པ་བཞིན་དུ། རླུང་གི་རྣམ་རྟོག་སེ་ཞོན་ནས། །རྣམ་རྟོག་སྣ་ཚོགས་ཉིད་དུ་འཕྲོ། །རླུང་ཟིན་རྣམ་རྟོག་མི་འཕྲོ་བས། །དེ་ཕྱིར་སྲོག་དང་རྩོལ་བ་བསྡམ། །དེའི་ལུགས་ནི་རྣམ་གཉིས་ཏེ། །རླུང་སེ་འཛིན་པ་འདོད་པ་ན། །ཁ་དོག་དབྱིབས་དང་རེག་བྱ ་ལའོ། འདི་ནི་སེ་ཀི་རླུང་འཛིན་ཏེ། །འདི་ལ་དྲུག་ཏུ་ཤེས་བྱ་སྟེ། །བགྲང་དང་རྗེས་འགྲོ་འཇོག་པ་དང། །རྟོག་པ་དང་ནི་བསྒྱུར་བ་དང། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཁམས་ཆོད་བསྙམས་ཏེ་སྐྱིལ་ཀྲུང་བཅས། །གཡས་དང་གཡོན་ནས་རྒྱུ་བའི་རླུང།། ་ལྟས་ལ་སོར་བརྒྱད་བཅུ་དྲུག་ཚད་དག་ཏུ། །ཕྱིར་དབྱུང་རྗེས་སུ་སེ་འགྲོ་བསམ། །ནང་གི་དུས་སུ་འམ་དེ་བཞིན་བསམ། །དེ་གསུམ་གྲངས་གཅིག་ཏུ་བརྩིས་པས་ཐུན་འཚམས་འཛིན། །ལྟེ་དཀྱིལ་ཐུན་འཚམས་འཇོག་པ་སྟེ། །དང་པོར་ཉིན་མོ་ལན་གཅིག ་གཞག་།ཆུབ་མོའང་ཐུན་འཚམས་དེ་བཞིན་ནོ། །དེ་ཕྱིར་ཉིན་མོ་ནུབ་ཏུ་སྤེལ། །དེ་ལྟར་ཟླ་ཕྱེད་ཟླ་བའི་བར། །རྗེས་འགྲོ་བགྲང་དང་གནས་པ་དག་།རེ་རེ་བསྣན་ལ་ནང་དུ་གཟུང། །དེ་རྟགས་རྣམ་པ་དྲག་པོ་ནི། །མེ་བྱུང་ནས་ནི་ལུས་ལ་གནོད་བྱེད་འབྱུང། །ལུས ་ལ་རེག་བྱ་མེད་པ་འབྱུང། །རྟོག་པ་ནད་ནས་རླུང་དེ་ལ། །རྟོག་མི་རྟོག་དང་བྲལ་བ་སྟེ། །བརྗོད་མེད་གང་ཟག་ཁས་ལེན་པའོ། །སྒྱུར་བའི་ཏིང་འཛིན་དེ་བསྟན་ནས། །བདེན་བཞི་དགེ་བཅུ་ལ་འཇུག་པ། །བསྒྱུར་བ་ཡིན་པར་བླ་མས ་གསུངས། །ཡོངས་དག་རང་སངས་རྒྱས་བཞིན་དུ། །དབང་པོ་ཡུལ་ལ་བཟློག་མི་གོས། །ནང་དུ་རླུང་ཟིན་སྟོབས་ཀྱིས་ནི། །སེ་ནི་སྒྱུར་ཤི་རྣམ་རྟོག་ལ། །མི་འཕྲོ་སེ་ཀི་བདེ་བ་འབྱུང། །རླུང་གི་རྒྱུ་བ་དང་བྲལ་ནས། །གཟུགས་ལ་སོགས་པའི་ཡུལ་དག་ལ། ། ་མི་འཕྲོ་ཏིང་འཛིན་བསྟན་པའི་ཚད། །དྲི་མ་སེང་གེ་རྣམ་གྲོལ་ཏེ། །ཕྱག་རྒྱ་བཙ་ན་ཐབས་བཟུང་བའོ། །ཉན་ཐོས་རབ་ཀྱི་འདོད་པ་ནི། །འཁོར་བའི་རྩ་བ་ནི་བདག་ཏུ་འཛིན་པ་ཡོད་པའི་ཕྱིར། །སྟོང་ཉིད་མར་མེ་བསད་པ་ལྟ་བུའོ། །བདག་མེད ་རྣལ་འབྱོར་སྒོམས་པས་ཏེ། །དྲི་དང་རོ་དང་རེག་བྱ་ལ། །བདག་ཅེས་བཙལ་བས་མ་རྙེད་དོ། །ལུས་ཀྱི་སྤྱི་གཙུག་རྐང་མཐིལ་བར། །ཆ་ཤས་དྲུག་ཏུ་གཞིགས་བྱས་ནས། །གང་ཟག་བདག་ནི་མེད་པར་རྟོགས། །དེ་ནས་སེ་ལ་བདག་བཙལ་སྟེ། །འདས་པའི ་སེ་ཀྱང་བདག་མིན་ལ། །མ་འོངས་པའང་བདག་མ་ཡིན། །ད་ལྟར་མི་རྟག་གཡོ་བས་ནི། །གང་ཟག་བདག་ནི་མ་གྲུབ་སྟེ། །དཔེར་ན་རང་ཏག་ཆུ་ཆད་ལྟར། །བདག་མེད་པ་ལ་ཚོན་གྱིས་བཞག་།སྟོང་ཉིད་ཞི་བའི་སྒྲོ་འདོགས་ལས། །བསམ་གཏན་དྲི་མ་ཤེས ་པར་བྱའོ། །དེ་ལ་རང་རྒྱལ་འདོད་པ་ནི། །བདག་མེད་རྟོགས་པའི་སྟེང་དུ་ནི། །འཁོར་བར་སྐྱེ་བའི་རྩ་བ་ནི། །ཕྱིའི་ཡུལ་ལས་བཟློག་པས་ཏེ། །དེ་བཟློག་དབང་པོ་རང་ལོག་གི་།རྣལ་འབྱོར་བསྒོམ་པར་བྱ་བ་སྟེ། །རང་འབྱུང་ཡེ་ཤེས་བསམ ་པ་དང། །ཞི་གནས་དང་ནི་ལྷག་མཐོང་ངོ། །དེ་ལ་རང་འབྱུང་ཡེ་ཤེས་བསམ་པ་ནི། །སངས་རྒྱས་མེད་པའི་ཞིང་ཁམས་སུ། །སྐྱེ་བར་སྨོན་ལམ་འདེབས་བྱས་ཏེ། །དུར་ཁྲོད་བྱིན་ནས་ཀེང་རུས་བལྟས། །བརྟགས་པས་ཤི་བ་ལས་བྱུང་སྟེ། ། ་ཤི་བ་རྒས་པ་ཉིད་ལས་བྱུང། །མ་རིག་པ་ལ་ཐུག་པར་སྦྱར། །ཀུན་གྱི་རྩ་བ་མ་རིག་པ། །མ་རིག་པ་དེ་ཡང་དག་ཏུ། །རང་འབྱུང་ཡེ་ཤེས་བསྒོམ་བྱས་ཏེ། །ནམ་ལངས་སེ་དང་ནུབ་ཀ་མ། །དལ་ཡུལ་དུ་བསྡུས་ཏེ་གཞག་།ཞེས་པའི་ཚིགས་བཅད་འབྱུང་ངོ། །དེ ་ལ་ནང་པར་གཉིད་སད་པའི་སྐད་ཅིག་མ་ལ། ཤེས་པ་གསལ་བ་མི་རྟོག་བཞིན། །གང་ཟག་བདག་མེད་རྟོགས་པ་པོས། །ཉོན་མོངས་སྒྲིབ་དང་བྲལ་བའོ། །ནུབ་ཀ་བསལ་ལ་མི་རྟོག་བཞིན། །ཕྱིའི་ཡུལ་ལ་མི་རྟོག་པ། །ཤེས་བྱའི་སྒྲིབ་དང་བྲལ་བའོ། །དེ་རྟོགས ་རང་འབྱུང་ཡེ་ཤེས་ཏེ། །ལྷག་མཐོང་ཞེས་ཀྱང་དེ་ལ་བྱའོ། །ཞི་གནས་ལ་ཡང་གཉིས་ཡིན་ཏེ། །མཉམ་པར་བཞག་དང་རྗེས་ཐོབ་བོ། །དེ་ལ་མཉམ་བཞག་ཞི་གནས་ནི། །ལུས་ངག་ཡིད་གསུམ་གསོད་བྱེད་པའོ། །རྗེས་ཐོབ་བསམ་གཏན་སྡོམ་པས་ཏེ། ། ་ལུས་ངག་ཡིད་ཀྱི་མི་དགེ་སྤངས། །དགེ་བ་བཅུ་ལ་འཇུག་པའོ། །མྱོས་དང་སེ་མེད་དྲི་མའོ། །དེ་ལ་ཐེག་པ་ཆེན་པོ་ལ་རྣམ་པ་གསུམ་ཡིན་ཏེ། །ཐ་མ་དང་འབྲིང་དང། ཆེན་པོ། ཐེག་པ་ཆེན་པོའི་གདམ་ངག་གིས། །ཐ་མ་ལ་འདོད་ཆགས ་དྲལ་བའི། །འདོད་ཆགས་ཆེན་པོ་སྙིང་རྗེ་ལ་གཟུང་བའི་ཕྱིར། །ཐེག་པ་ཆེན་པོ་བསྟན་ཅེས་འབྱུང་ངོ། །དེ་ལ་ཐེག་པ་ཆེན་པོ་མདོ་སྡེ་བར་འདོད་པ་ནི། །རང་སངས་རྒྱས་པའི་དབང་པོ་ནི། །ཡུལ་གྱི་གྲོང་ལས་ལོག་གྱུར་ཀྱང། །ལྐོག་གྱུར་དོན་ལ་ཐེ་ཚོམ ་ཡོད། །རྟོག་པ་དེ་ཉིད་སྤང་དོན་དུ། །ཆོས་རྣམས་པའི་རྣམ་པ་ནི། །ཤེས་བྱ་སྣ་རྩེའི་རིམ་པ་སྒོམ། །གོམས་པར་སྔོན་དུ་བྱ་བའོ། །གོམས་དུས་ཞི་གནས་ལྷག་མཐོང་ངོ། །དེ་ཡང་རྣམ་རྟོག་ཤས་ཆུང་བས། །རང་གི་སྣའི་རྩེ་མོ་རུ། །ཡིད་ཀྱི་གཡོ་བརྟད་དེ་བསྒོམ། ་དང་པོ་ལྕགས་ཀྱི་ཚ་ཚ་ནི། །འཕྲོ་བ་ལྟ་བུའི་སེ་ཉམས་འབྱུང། །དམར་པོ་ཕྲོ་ཡིས་འཕྲོས་པས་ནི། །ས་ལ་དང་པོ་ཐིམ་བཞིན་དུ། །དངོས་པོར་རྣམ་རྟོག་འཕྲོས་འགྱུར་ཀྱང། །དེ་རྗེས་མི་དམིགས་པ་རུ་འགྱུར། །གཉིས་པ་མགར་བ་མཁས་པ་ཡིས། །ལྕགས་ལ ་ཇི་ལྟར་འདོད་པའི་མིས། །དྲང་དུ་བཏབ་ཏེ་དེ་བཞིན་དུ། །སེ་ཀྱང་ཇི་ལྟར་འདོད་པས་ཟིན། །ལྷག་མཐོང་སྣ་རྩེ་སེ་ཟིན་ནས། །དེ་ཉིད་ལ་ཡང་མི་རྟོག་པར། །བདག་ཉིད་མི་རྟོག་པར་ལ་གནས། །རྣམ་རྟོག་ཤས་ཆེའི་སྒོམ་ལུགས་ནི། །གང་སྣང ་ཡུལ་ལ་སྟད་བསྒོམས་པས། །བ་ར་ན་སེ་ལྟ་བུའི་ཡུལ་ལ་ཤེས་པ་འཕྲོས་འགྱུར་ན། །དེ་ཉིད་ལ་ནི་རྟད་དེ་གཟུང། །དེ་ལ་སེ་ནི་ཟིན་པ་ན། །དེ་ལ་མི་བཞན་མ་རྟོག་ཤེས། །རྡོ་རྗེ་གདན་ལ་འབྲས་འགྱུར་ན། །དེ་ཉིད་ལ་ནི་རྟད་དེ་གཟུང། །དེ་ལྟར་བཟུང་བ་ནི་ཉམས་གཉིས ་པའོ། །དེ་གོང་མ་ལྟ་བུར་སྐྱེ་བར་འགྱུར། །དེ་ལྟར་འཛིན་ནས་དེ་ཉིད་ལ་མི་རྟོག་མི་ཞན་ངང?་དུ་བསྒོམ། །དེ་ལྟར་གོམ་པ་མཐར་ཕྱིན་ནས། །ཕ་རོལ་ཕྱིན་དྲུག་རྩོལ་བའི། །དགེ་བ་གཞན་ལ་འཇུག་པར་བྱའོ། །དེའི་དྲི་མ་སྔ་མ་བཞིན་ནོ།། །།དེ་ལ་ཐེག་པ་ཆེན་པོ ་སེ་ཙམ་གྱི་འདོད་པ་ལ་གཉིས་ཏེ། །རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའོ། །དེ་ལ་འབྲིང་པོ་རྣམ་བཅས་ཀྱི་བསམ་གཏན་ནི། ཐེག་པ་ཆེན་པོ་མདོ་སྡེ་བས། ཆོས་ཐམས་ཅད་ཤེས་པའི་རྣམ་པ་རུ་ནི་འདོད་པ་ལ། །རྣམ་པ་འཇོག་མཁན་ལྐོག་ན་ཡོད་པར་འདོད་པ་བཟློག ་པའི་ཕྱིར། རྣམ་པ་འཇོག་མཁན་ཤེས་པ་ལས་ཐ་དད་ཡིན་པར་མི་འདོད་དོ། །ཉི་མ་དང་འོད་ལྟ་བུ། སྣ་ཚོགས་གཉིས་མེད་རང་རིག་པ་གསལ་ལ་རྟོག་པ་མེད་པར་འདོད། སློབ་དཔོན་ཀླུ་གྲུབ་སྒོམ་ལུགས་ཀྱིས། །ཀུན་གྱི་ཐོག་མར་དབྱེན་པ་མཐོང། །འོན་ཀྱང་མ ་དེས་ཐབས་མེད་པས། །ཐོག་མའི་ཚུལ་དུ་རྣམ་པར་ཞོག་ཞེས་པའོ། །ཤེས་སྐྱེས་པའི་སྐད་ཅིག་མ། །ཤེས་པ་གསལ་མི་རྟོག་སྐྱེ། །སྐད་ཅིག་ཕྱིན་མ་དེ་བཞིན་སྒོམ། །གཉའ་ན་ཤི་རི་མི་ཏྲ་ཡིས། །འགྲོ་ཚེ་རྩོལ་བ་རགས་བཞིན་གྱི། །ཤེས་པ་གསལ་བ་མི ་རྟོག་བསྒོམ། །དེ་ལ་རྣམ་པ་མེད་པའི་བསམ་གཏན་ནི། །རྣམ་པ་དཀར་དམར་སྣ་ཚོགས་འདོད། །ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །འདོད་ཏེ་རྣམ་པ་བྲལ་བའོ། །རང་རིག་མི་སྣང་མི་རྟོག་སྒོམ་།དོན་ངོས་བཟུང་ཚུལ་དུ་བསྒོམ་པ ་ནི། །བདེ་བའི་གདན་ལ་སྐྱིལ་ཀྲུངས་བཅས། །ཤེས་པ་སོ་མ་ལྷུག་པར་བཞག་།རང་གི་རྒྱུད་ལ་ཉོན་མོངས་ལྔ། །གང་ཤས་ཆེ་བ་གཅིག་བསྐྱེད་ཏེ། འདོད་ཆགས་ལྟ་བུ་སྐྱེས་པའི་ཚེ། །ཞེན་པའི་ཡུལ་ལ་མི་རྟོག་པར། །ཉམ་མྱོང་རང་རིག་ཉིད་ཞག་ནས། །གསེར་གྱིས ་གཡའ་ནི་མི་འདོར་ལ། །གསེར་དུ་འདོད་པ་ཇི་ལྟ་བར། །འདོད་ཆགས་ཡུལ་ལ་མི་འདོར་བར། །རང་རིག་གསལ་བར་མྱོང་བར་སྒོམ། །ཞེ་སྡང་རྩོལ་ཏེ་རྗེས་སུ་མཐུན། །ཁྱེད་ཀྱི་ཐད་ཀར་མྱུག་མར་གནས། །དེས་ན་རང་རང་དེ་ཉིད་ཞོག་།ཅེས་གསུངས་སོ།། །དེ ་ལ་ཐེག་པ་ཆེན་པོ་དབུ་མ་པ་ལ་ཡང་གཉིས་ཏེ། སྒྱུ་མ་ལྟ་བུ་དང་རབ་ཏུ་མི་གནས་པའོ། །དེ་ལ་རབ་ཀྱི་སྒྱུ་མ་ལྟ་བུ་ནི། །སེ་ཉིད་རང་རིག་དོན་དམ་དུ་འདོད་པའི་ཞེན་པ་བཟློག་བྱས་ཏེ། །ཕྱི་རོལ་ནང་གནས་རྔོས་འདི་ལ། །རིག་པ་ཡིས་ནི་དཔྱད་བྱས་ནས། །ཡང་དག་དོན་མེད ་དངོས་པོས་སྟོང། །གཟུགས་བརྙན་ལྟ་བུ་དལ་འབྱོར་ཏེ། །དེ་ལ་ཞི་གནས་ལྷག་མཐོང་ངོ། །གཟུགས་བརྙན་ལྟར་སྣང་ཞི་གནས་ལ། །ལྷག་མཐོང་ཞེན་པ་ལོག་སེ་པའོ། །དེ་ལ་སྔོན་དུ་ཡི་དམ་མཆོད་བྱས་ལ། །བདུན་པོ་དག་པས་ཚོགས་བསགས་ནས། །མདུན་དུ་མེ ་ལོང་གཟུགས་བརྙན་བལྟས། །བྱད་ཀྱི་ཤ་བཀྲག་སྔོས་པོས་སྟོང། །གཟུགས་བརྙན་ཁ་ནི་ཚུར་ལ་བལྟས། བྱད་ཀྱི་ཁ་ནི་ཕར་ལ་བལྟས། །དྲན་པ་མི་མཐུན་པའི་ཕྱིར། །ཡང་དག་བྱད་ཀྱི་རྔོས་པོས་སྟོང། །མངོན་ཞེན་ཟློག་པ་དེ་བཞིན་དུ། །གཟུགས་བརྙན་སྣང་པ ་རང་གིས། །སེ་སྟོང་ཞེས་པའི་ཁ་དོག་ལ་སྒོམ། །འདོད་ཆགས་ལྟ་བུ་སྣང་བའོ། །སེ་དེ་གཟུགས་བརྙན་ལྟ་བུར་སྒོམ། །ལུས་སུ་སྣང་བ་རང་གི་སེ། །ལུས་དང་སེ་ནི་གཟུགས་བརྙན་བཞིན། །དེ་ལྟར་སྐྱེས་བུམ་འདོད་ན། །ཡང་ནི་མེ་ལོང་གཟུགས་བརྙན་ལ། །བལྟས ་པས་ཞེན་པ་འབྲལ་བར་འགྱུར། །ཞེན་བྲལ་སེ་དེ་གང་ལ་ཡང། །མི་རྟག་བསྒོམ་པ་བླ་མ་གསུང། །ཞེན་ཁྲལ་སེ་ཀྱང་མེད་པ་ནི། །འདི་ནི་བསམ་གཏན་དྲི་མའོ། །དེ་ལ་རབ་ཏུ་མི་གནས་པའི་བསམ་གཏན་ནི། བརྫུན་པའི་ཞེན་པ་བཟློག་པ་སྟེ། །ཞི ་གནས་དང་ནི་ལྷག་མཐོང་ངོ། །ཞི་གནས་སྒོམ་པ་བྱ་ཐབས་ནི། །མདུན་དུ་མ་འདལ་ལྟ་བུའི། །རྟེན་ལ་དམིགས་ནི་འབྲུ་ཚུགས་ལྟ། །གཟུགས་བརྙན་ཞེན་ཟློག་ཇི་བཞིན། །དངོས་པོའི་ཆོས་ཅན་དེ་ཉིད་ལ། །ཞེན་པ་འཐོག་པའི་སེ་དེ་ཉིད། ཁ་ཅིག ་དང་དུ་མར་བརྟག་བྱས་པས། །ཞེན་བྲལ་སྒྱུ་མ་ཙམ་དུ་ཡང། །མི་གནས་རྟག་པ་ཙམ་དུ་སྣ་བ། །སྣང་བ་མི་འགོག་སྟོང་པར་གནས། །གསལ་བ་ཉམ་མྱོང་སྟོང་བར་སྒོམ། །དེ་ལྟར་སེ་ནི་བརྟེན་པ་དང། །རང་ལུས་སྣང་བའི་ས་དེ་ལ། །ཅེར་གྱིས་ལྟས་ཏེ་གོང་དུ་སྒོམ། ། ་དེ་ལྟར་སེ་ནི་གོམས་པ་དང། །སྣང་བ་གཞན་ལ་བརླབ་བྱས་ཏེ། །གང་སྣང་བའི་ཡུལ་ལ་ཡང། །སྔ་མ་བཞིན་དུ་བསྒོམ་པར་བྱ། །དེ་ལ་སེ་ནི་ལྟ་ནུས་ན། །འདོད་ཆགས་ལ་སོགས་ཉོན་མོངས་པ། །སྣང་བའི་སེ་ལ་བསླབ་པར་བྱ། །དེ་ལྟར་སེ་ནི་བསྟན་ནས་སུ། ། ་ཡང་ན་སེ་དེ་ནམ་མཁའ་ལ། ཅེར་གྱིས་བལྟས་པས་གོང་བཞོན་བསྒོམ། །དེ་ལྟར་སྣང་བ་ཐམས་ཅད་ཀུན། །སྟོང་པར་རྟོགས་པས་ལྷག་མཐོང་ངོ། །དེ་དོན་བཅོམ་ལྡན་འདས་ཀྱིས་གསུངས། །བསམ་པ་ཐམས་ཅད་ཡོངས་བཏང་སྟེ། །ཉི་མ་གཅིག་ཏུ་བརྟག་བྱས་ནས། གང་ཚེ ་ཡིད་ཆེས་མ་གྱུར་ན། །དེ་ཚེའི་བརྫུན་པོ་ཡིན་ཞེས་པའོ། །དེ་དོན་དགྲོལ་བར་བྱ་བའི་ཕྱིར། །པན་པི་ཏའི་ས་གསུངས་པ་ཡིན། །སྟོང་པ་ཉིད་ཀྱིས་སྟོང་པ་ལྟར། །དམིགས་ནི་འབྲུ་ཚུགས་ཉིད་དུ་བྱེད། །དངོས་པོ་ཐམས་ཅད་རླག་པར་བྱེད། །ཞེས་གསུངས་པའི་དོན་དེ ་ཡང། སྟོང་ཉིད་རབ་ཏུ་མི་གནས་པའོ། །སྟོང་པའི་ལྟ་བ་སྒྱུ་མ་ལ། །དེ་ལ་དགོས་པ་ཅི་ཡོད་ན། །སྒྱུ་མ་ལྟ་བུའི་ཞེན་པ་དང། །དྲལ་བའི་མགོ་བོ་གནོན་པར་བྱེད། །རབ་ཏུ་མི་གནས་དོན་རྟོགས་པས། །ཤེས་པའི་རྒྱུད་ནི་རླན་པར་བྱེད། །ཉམས་པའི་གང་ཟག ་དེའི་རྒྱུད། །མགོ་ལ་མཉམ་པའི་ཉམས་འབྱུང་ངོ། །དེ་ཡན་ཅད་དུ་ཕ་རོལ་ཏུ་བྱིན་པའི་གྲུབ་མཛའ་དང་སྦྱང་བའོ།། །དེ་ལ་ད་ནི་འབྲས་བུ་གསང་སྔགས་ཀྱི་ཐེག་པ་དང་གྲུང་མཛའ་སྟོན་ཏེ། །དེ་ལ་སྤྱི་དོན་རྣམ་པ་བཞི་སྟེ། །ཕྱི་སྐྱེད་ངའི་རིམ་པ ་སྒོམ་པ་དང། །བཙན་བཅས་ཀྱི་རྫོགས་རིམས་སྒོམ་པར་བསྟན་པ་དང། །ཡོངས་སུ་དག་པའི་རིམ་པ་བསྒོམ་པར་བསྟན་པ་དང། ངོ་བོ་ཉིད་ཀྱི་རྫོགས་རིམས་སྒོམ་པར་བསྟན་པའོ། །ཕྱི་སྐྱེད་པའི་རིམ་པ་སྒོམ་པ་ནི། །དང་པོ་བུམ་པའི་རིམ་བསྒོམ་པའི་དུས་སུ། །མེ་རྟོག་ཕོག་པའི ་ལྷའི་དལ་བསྒོམ་ཏེ། །དེ་ལ་རྡུལ་ཚོན་ཕྱི་རལ་བྲིས་ལ། །དང་པོ་བདག་ཉིད་ཡིག་འབྲུ་ལས་ལྷའི་སྐུ། །ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་ལྟ་བུ་བསྐྱེད་ལ། མཁའ་གསང་བྱིན་གྱིས་བརླབས་ལ། སྙོམས་པར་ཞུགས་ཏེ། ཐིག་ལེའི་ངོ་བོ་འདོད་དུ་ཞུ་བར་བསྒོམ། །དེ་ལ་ལྷ་མོ ་བཞེས་དབང་བསྐུལ་ནས། ཆོ་ག་ལྔ་ལས་ལྷའི་སྐུར་བསྐྱེད་དེ། སྡོས་པོ་སྣ་ཚོགས་ཐམས་ཅད་ཡི་དམ་དུ་འོལ་གྱིས་སྒོམ་པའོ། །དེ་ལ་རང་བཞིན་གྱི་དལ་སྤྱན་དྲང་སྟེ། དགུག་གཞུག་དང་མཆོད་བསྟོད་ལ་ལྕོལ་བ་བྱས་ཏེ། བཟླས་པ་ལ་སོགས་པ་ཕྱི་སྐྱེད་པའི ་རིམ་པ་སྒོམ་པའོ། །དེ་ལ་མཆིན་བཅས་ཀྱི་རྫོགས་རིམས་བསྟན་པ་ནི། གང་གིས་དེ་ལྟར་ལྷ་དང་ལྡན་པའི་གནས། །སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན། །རྩ་འདབ་སུམ་ཅུ་རྩ་གཉིས་དབུས་ཀྱི་ལྟེ་བ་ལ། །ོཾ་ཁ་ཐུར་དུ་ལྟ་བ་སྒོམ། སྙིང་ཀ ་ཆོས་ཀྱི་འཁོར་ལོ་ན། །རྩ་འདབ་བརྒྱད་ཀྱི་ལྟེ་བ་ན། །ཡི་གེ་ཧཱུཾ་ཁ་གྱེན་དུ་བལྟས་པ་སྒོམ། །དེ་དག་ཐིག་ལོ་བཞིའི་ངོ་བོར་བསྒོམ་པ་ནི། །མཚན་བཅས་ཀྱི་རྫོགས་རིམས་སྒོམ་པ་བསྟན་པའོ།། །དེ་ཡོངས་སུ་དག་པའི་རྫོགས་རིམས་བསྟན་པ་ནི། ཕྱི ་སྣོད་ཀྱིས་བསྡུས་པའི་འཇིག་རྟེན་ནི་།གནས་གཞལ་ཡས་ཁང་དུ་སྒོམ། །ནད་བཅུད་ཀྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོར་སྒོམ་ཏེ། སྣོད་ཀ་པ་ལ་ཟས་དམ་རྫས་བདུད་རྩི་ལྔ་ལ། ལོངས་སྤྱོད་ཀིན་རོལ་ཏེ། །བཏང་སྙོམས་ཆེན་པོ་གཉིས་སུ ་མེད་པའི་ངང་དུ་སྒོམ་པ་ནི། །ཡོངས་སུ་རྫོགས་པའི་རིམ་པ་སྒོམ་པའོ།། འོ་ལ་ངོ་བོ་ཉིད་ཀྱི་རྫོགས་པའི་རིམ་པ་བསྒོམ་པ་བསྟན་པ་ནི། རྣམ་པར་རིག་པ་ཉམས་སུ་མྱོང་པའི་ཆོས་ཐམས་ཅད། །རང་གིས་དྲན་པ་མེད་པར་གསུངས། །སེ་ངོས ་གཟུང་མེད་པར་བསྡུས་ཏེ། སྟོང་པ་ཉིད་ནམ་མཁའ་ལྟ་བུར་སྒོམ་པ་ནི། ངོ་བོ་ཉིད་ཀྱི་རྫོགས་རིམས་སྒོམ་པར་བསྟན་པའོ། །གྲུབ་མཛའ་ཨི་མན་ངག་ལམ་བསླང་འདིས། །ཐེག་གསུམ་གནས་བཞི་སྦྱོར་དགུའི། །འབྲས ་བུ་གསང་སྔགས་གྲུབ་མཛའ་འདི། །དཔལ་ལྡན་རི་ཁྲོད་ཞབས་དང་གཉིས་མེད་རྡོ་རྗེ་ཐུགས་བརྒྱུད་ནས། །རྗེ་བཙུན་ཕྱག་ནས་སྐྱེ་མེད་བདེ་ཆེན་ལ་གནང་བའོ། །ཕྱག་རྒྱ་ཆེན་པོའི་གྲུབ་མཛའ་ཨི་མན་ངག་འདི། །ལམ་དུ་བསླང་བའི་རིམ་པའོ། །རྗེ་བཙུན་མཻ་ཏྲི་པས ་མཛད་པ་རྫོགས་སོ།། །།རྡོ་རྗེ་སེམས་དཔའ་ཨི་ཞུས་ལན་སློབ་དཔོན་དཔལ་དབྱངས་ཀྱིས་མཛད་བ་བཞུགས་སོ། ། !། །རྣལ་འབྱོར་ཆེན་པོ་ནང་པ་སྟེ་མཆོག་གི་བྱི་བ་ལས་ལུགས། །རིག་པས་དོན་ཤེས་པར་འདོད་པའི་ཕྱིར། །བློ་ལ་གནས་སུ་སྣང་པའི་ཐེ ་