| Wylie | e-texts based on the ACIP/ALL Input |
འཆི་མེད་གྲུབ་པའི་དཀྱིལ་འཁོར་ཞེས་བྱ་བ། ཕྱག་འཚལ་རྣལ་འབྱོར་མཚོགས་ལའོ། །གང་ཞིག་སྨིན་བྱེད་དབང་བཞི་ཆུ་བོའི་རྒྱུན། །མགོན་པོ་བིར་ཝས་ཇི་ལྟར་གསུང་བཞིན་དུ། །དབུ་མ་ཟླ་བས་ཡང་དག་འདིར་བརྗོད་བྱ། ། ་དེ་ལ་ཐོག་མར་འཆི་མེད་གྲུབ་པའི་དབང་བསྐུར་བར་འདོད་པས། དབེན་པའི་གནས་སུ་མཎྜལ་ལ་དྲི་བཟང་དང་ཆང་དང། བདུད་རྩི་ལྔས་བྱུགས་ཏེ། དེར་པདྨ་འདབ་བཞི། སྔོ། ལྗང། དམར། སེར་ལ། བསྟན་བཅོས་མཛད་མཁན་གྱི་མཚན་ཡིན་མེ་ཏོག་གི་ཚོམ་བུ ་དགོད་དོ། །དེ་ལ་མཆོད་པ་དང། གཏོར་ཚོགས་ཀྱིས་བསྐོར་བར་བྱའོ། །དེ་ནས་ལྷའི་བསྐྱེད་གཞུག་དང། བཟླས་པ་བདག་འཇུག་སྔོན་དུ་སོང་བས། སློབ་མ་ལ་སྐྱབས་འགྲོ་སེམས་བསྐྱེད། གསོལ་བ་གདབ་པ། གནང་བ་སྦྱིན་པ་ལ་སོགས་པ། ཛ ་ཧི་ཀའི་བསྲུང་འཁོར་གྱིས་སྔོན་འགྲོ་བསྟན་ནོ། །བདག་ཉིད་བཅོམ་ལྡན་འདས་ཧེ་རུ་ཀར་བྱ་སྟེ། མཆོད་བཞི་སྔོན་སོང་དབྱེར་མེད་གཙོ་བོ་ཡི། །བདེ་ཆེན་མཛོད་པུ་མགྲིན་ཐུགས་སྤྲུལ་འཁོར་ནས། །དཀར་དམར་མཐིང་ཁ་སྣ་ཚོགས་རྒྱན་གྱིས་སྤྲས། །གར་བསྒྱུར ་དཔག་མེད་སློབ་མའི་གནས་བཞིར་བསྟིམ། །བུམ་སོགས་དབང་བཞིས་ལུས་སོགས་སྒྲིབ་དག་ནས། །སྐད་ཅིག་བཞི་དང་དགའ་བཞིའི་ཡེ་ཤེས་དང། །བསྐལ་པ་བཞི་ལྡན་སྐུ་བཞི་ཡོངས་རྫོགས་པའོ། །ཡང་ན་མི་འགྱུར་གནས་བཞིར་བསྟིམ་པ་ཡི། ། ་འཁོར་ལོ་བཞི་རྒྱས་དབང་བཞི་ཡོངས་རྫོགས་འགྱུར། །དེ་ནས་གསེར་དངུལ་རྟ་དང་གླང་པོ་དབུལ། །ཚོགས་དང་གཏོར་ཚོགས་བཀྲ་ཤིས་བསྔོ་བ་བྱ། །ཉི་ཤུ་རྩ་བཞི་འཁོར་བཅས་རྗེས་གནང་ཐོབ། །དེ་ཕྱིར་སྤྲོས་པས་བ་ཨཀྵར་ཡི་གེའོ་དབང་མཆོག ་འདི་བཀོད་དོ། །རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཨི་ཏེ་བའི་ཞལ་མངའ་ནས། བོད་ཀྱི་དམར་ལོ་ཙྪ་ཏེ་དྲོར་བསྒྱུར་བའོ། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་།སངས་རྒྱས་རྒྱལ་མཚན་གྱིས་དཔེའོ། ། ་མཎྜལ་དཔེ་ཆུང་ལྟར་བྲིས་ལ། དབུག་བཞུག་མཆོད་བསྟོད། སྐུ་གསུང་ཐུགས་རྒྱས་གདང?་དེ་རྫས?་འཆི་མི་རྟག་པ་ལས་འབྲས། འཁོར་བའི་ཉེས་དམིགས་བཤད། སངས་རྒྱས་ཆོས་དང་འཕགས་པའི་ཚོགས་རྣམས་ལ་ཅེས་པའི་སྐྱབས་འགྲོ་དང། སྨོན་འཇུག་གི་ཆོ་ག་བྱ། ནང་འཇུག། གནང་སྦྱིན་སྡིག་བཤགས། རྗེས་སུ ་ཡི་རང། སྐབས་དང་སྦྱར་བའོ། །དངོས་གཞི་ནི། མཎྜལ་གྱི་ལྟེ་བ་ལ་འཁོར་ལོ་བདེན་མཆོག་སྐུ་མདོག་སྔོན་པོ་མི་མགོ་དང་རུས་པའི་རྒྱན་ཅན། སྤྱན་དམར་བ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་དང་གཉིས་སུ་མེད་པར་བསྒོམས། ཕྱོགས་བཞིར་བདེ་མཆོག་གི་ལྷ་མོ་བཞི་བསམ། དེ་ནས་རང་གི་ལུས་ལོངས་སྤྱོད་ལྟོས་མེད་དུ་ཕུལ་ལ། བླ་མ་རིན་པོ་ཆེ་བདག་ལ་ཐུན་པའི་དབང ་བསྐུར་དུ་གསོལ། སྐུའི་བྱིན་རླབས་མ་ལུས་པ་གཞུག་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་སྤྱི་བོའི་ཨོཾ་དཀར་པོ་ལས། བདེ་མཆོག་དཀར་པོ་སྐུ་ཆུང་ལ་རྣམ་པ་འོང?་བ་དཔག་ཏུ་མེད་པ་འཆད་ཅིང། གར་སྟབས་ཀྱི་ལིང་ལིང་བྱུང་ནས། རང་གི་སྤྱི་བོའི་ཨོཾ་ལ་ཐིམ་པས། མགྲིན་པ་ཡན་ཆད་བདེ་མཆོག་དཀར་པོས་གངས། བུམ་པའི་དབང་ཐོབ། ལུས་ཀྱི ་དྲི་མ་གྲངས་ཅན་དག་པར་བསམ། བླ་མས་ཀྱང་དེ་བཞིན་དུ་བསམ་ཞིང། གུ་གུལ་གྱི་དུང་པ་དང། རོལ་མོའི་སྒྲ་དང་བཅས་པས། རྩ་བ་དང་བརྒྱུད་བར་བཅས་པའི་བླ་མ་རྣམས་ཀྱི་བྱིན་གྱིས་བརློབས་ཤིག་།རྗེ་བཙུན་ཆེན་པོ་བཱིར་ཝ་ངས་བྱིན་གྱིས་བརློབ་ཤིག་།ཅེས་བརྗོད་ལ་སྐུའི་བྱིན་བརླབས་དབབ། ཡང་རང་གི་ལུས་ལོངས་སྤྱོད་ཕུལ་བ་གཉིས་བ་གསུམ ་པ་སྔར་བཞིན་བླངས། བཞི་པ་ནི། མཆོད་པ་ཕུལ་བ་ནས། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་པ་བསྐུར་དུ་གསོལ། སྐུ་གསུང་ཐུགས་ཀྱི་བྱིན་བརླབ་མ་ལུས་པ་གཞུག་ཏུ་གསོལ། ཞེས་པས་སྤྱི་བོའི་བདེ་མཆོག་དཀར་པོ། མགྲིན་པའི་དམར་པོ་ལ་ཐིམ། དམར་པོ་སྙིང་ཁའི་མཐིང་ཀ་ལ་ཐིམ། མཐིང་ཀ་ལྟེ་བར་བྱུང། འོད་དུ་ཡལ་སོང་བ་ལས། སྟོང་པའི་ངང ་ལ་སེམས་བཅོས་པ་བཞག་པ་ནི་བཞི་པའོ། །ཡང་གཉིས་པ་བླ་མའི་གནས་གསུམ་གྱི་ཡིག་འབྲུ་མཐིང་ཀ་ཡོད་པ་ལ། བདེ་མཆོག་མཐིང་ཀ་དཔག་ཏུ་མེད་པ་ཆང་ནས། གནས་གསུམ་དུ་ཐིམ་པ་དང་དབང་གསུམ་པ་དང། ལྟེ་བ་ནས་མཐིང་ཀ་དཔག་ཏུ་མེད་པ་ཆང་ནས། ལྟེ་བར་ཐིམ་པས། མཐར་སྟོང་སངས་ཀྱི་འོད་དུ་ཡལ་སོང་བ་ལ་མཉམ ་པར་བཞག་པ་ནི་བཞི་པའོ། །འདི་ཟབ་ལམ་གྱི་ཡིན་གསུང་ངོ། །གྲོང་པས་མགོས་མི་གོས་གཉིས། །དབང་གི་སྨིན་བྱས་དམ་ཚིག་ལྡན། །དཀའ་ཐུབ་དྲག་པོ་བརྟེན་བྱས་སྟེ། །ཅེས་པ་ལ་སོགས་པའི་བཤད་པ་ཞིབ་རྒྱས་སུ་གསུང་ངོ།། ། !། །གྲུབ་མཛའ་ཨི་མན་ངག་ལམ་བསླང་བཞུགས་སོ། ། ་