| Wylie | e-texts based on the ACIP/ALL Input |
མཐིང། ནང་རྡོ་རྗེ་བཟླས་པའི། སྤྱི་བོ་འགྲིན་པ་སྙིང་ཁར། ཐིག་ལེ་དཀར་པོ་དམར་པོ་མཐིང་ཁའོ། །དངོས་གཞི་དྲུག་ཅུ་རྩ་བརྒྱད་ཀྱི་དམིགས་པ་རྫོགས་སོ།། །། !། །དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །དངོས་གཞི་དང་པོའི་སྔོན ་འགྲོའི་ལན་བདུན་བར་དུ་མནན་བྱ་ཅིང་ཞེས་པ་སའི་འཁྲུལ་འཁོར་གྱིས། ཚིགས་པའི་སྐྱོན་དང་མཁལ་མའི་སྐྱོན་སེལ་ལོ། །ལན་བདུན་བར་དུ་མདུན་དུ་དབུལ། ཞེས་པའི་འཁྲུལ་འཁོར་གྱིས། །སྒལ་ཚིགས་བར་པའི་སྐྱོན་སེལ་ལོ། །ལན་བདུན་བརྒྱད་ལ་སྤྲུག ་པར་བྱ། །ཞེས་པས་ལུས་བྱིད་བའི་སྐྱོན་སེལ་ལོ། །ལུས་པོ་འབྱར་ཞིང་སྡིག་པར་བྱ། །ཞེས་པས་རླུང་གནས་སུ་མི་ཚུད་པའི་སྐྱོན་སེལ་ལོ། །མདུན་དང་གཡས་གཡོན་བསྡིག་པར་བྱ། །ཞེས་པས་རྩིབ་མ་ལ་རླུང་ཞེན་པའི་སྐྱོན་སེལ་ལོ། །སྤྱི་གཙུག་ཕྱར་ཞིང་འཇིག་པར་བྱ། ། ་ཞེས་པས་གཟེར་བྱུང་བའི་སྐྱོན་སེལ་ལོ། །རྐང་གཡས་མདུན་དུ་ལན་བདུན་སྤྲུག་།ཞེས་པས་རྩ་ཆུ་རེངས་པའི་སྐྱོན་སེལ་ལོ། །འཕུལ་བའི་ཚུལ་གྱིས་ལྡང་བར་བྱ། །ཞེས་པས་རྩ་ཆུ་འཁུམས་པའི་སྐྱོན་སེལ་ལོ།། ཨིཏི་།། !། །དངོས་གཞི་གཉིས་སོ། ། ་ལན་བདུན་བར་དུ་དེ་བཞིན་ནོ། །ཞེས་པས་གཟེར་གྱི་སྐྱོན་སེལ་ལོ། །གཡོན་པ་དག་ཀྱང་དེ་བཞིན་ནོ། །ཞེས་པས་ཁོང་བར་རླུང་ཞེན་པའི་སྐྱོན་སེལ་ལོ། །ལན་བདུན་བར་དུ་བསྐོར་བར་བྱ། །ཞེས་པས་སྤྲོས་པའི་སྐྱོན་སེལ་ལོ། །གཡོན་པ་དག་ཀྱང་དེ་བཞིན་ནོ། །ཞེས་པས ་རླུང་རེངས་པའི་སྐྱོན་སེལ་ལོ། །བསྒྲེགས་པ་དག་ཀྱང་རབ་གདོན་ནོ། །ཞེས་པས་ཚིགས་པ་གསུམ་པ་ལ་རླུང་ཞེན་པའི་སྐྱོན་སེལ་ལོ། །ལན་བདུན་བར་དུ་སྤྲུག་པར་བྱ། །ཞེས་པས་རྩ་བྲན་རྣམས་རེངས་པའི་སྐྱོན་སེལ་ལོ།། ཨིཏི་།།གསུམ་པའོ། ། ་སྟོབས་རྣམས་སྐྱེད་ཅིང་སྟོད་དུ་བརྒྱད། །ཞེས་པས་རླུང་རོ་མ་སྙོམས་པའི་སྐྱོན་སེལ་ལོ། །གཡས་པ་ལ་ཡང་དེ་བཞིན་ནོ། །ཞེས་པས་རླུང་འགགས་པའི་སྐྱོན་སེལ་ལོ། །དབུགས་བར་བདུན་དུ་གནས་པར་བྱ། །ཞེས་པས་མགོན་བའི་སྐྱོན་སེལ་ལོ། །ལན་བདུན་བར་དུ་བསྡིག་པར་བྱ། ། ་ཞེས་པས་དོན་སྙིང་ལྔའི་བླངས་པ་དང་རྩིབ་མའི་བར་དུ་རླུང་ཞེན་པའི་སྐྱོན་སེལ་ལོ། །ལན་བདུན་བར་དུ་གསེང་བར་བྱ། །ཞེས་པས་བསྒྲེགས་པ་འདོན་ལུས་སྤྱི་ལ་རླུང་ཞེན་པའི་སྐྱོན་སེལ་ལོ། །ལན་བདུན་བར་དུ་ལྡང་བར་བྱ། །ཞེས་པས་ལུས་འཁུམས་པའི་སྐྱོན་སེལ་ལོ།། ཨིཏི་།། ་བཞི་པའོ། །ལན་བདུན་བར་དུ་མཆོད་བར་བྱ། །ཞེས་པས་རླུང་མི་བརྟན་པའི་སྐྱོན་སེལ་ལོ། །གཞུངས་པ་ལན་བདུན་བསྲང་བར་བྱ། །ཞེས་པས་སོགས་དབྲག་རྒལ་ཚིགས་རྣམས་ལ་རླུང་རེངས་པའི་སྐྱོན་སེལ་ལོ། །གཡས་པ་ལ་ཡང་དེ་བཞིན་ནོ། །ཞེས་པས་མར་འཚམས ་ཀྱི་ཚིགས་པ་ལ་རླུང་ཞེན་པའི་སྐྱོན་སེལ་ལོ། །རྐང་གཡོན་དག་ཀྱང་དེ་བཞིན་ནོ། །ཞེས་པས་ཚིགས་པ་ལ་རླུང་ཞེན་པའི་སྐྱོན་སེལ་ལོ། །ལན་བདུན་བར་དུ་སྤྲུག་པར་བྱ་ཞེས་པས་སྟོད་ཀྱི་ཚིགས་པ་ལ་རླུང་རེངས་པ་དང་རྐང་ལག་ཀུན་གྱི་ཤ་འཆུས་པ་དེ་གཉིས་ཀྱི་སྐྱོན་སེལ་ལོ། ་སྤུད་མགོ་གཉིས་ལ་སྡེག་པར་བྱ། །ཞེས་པ་ནི་རླུང་ལོག་པའི་སྐྱོན་སེལ་ལོ།། ཨིཏི་།།ལྔ་པའོ། །ལན་བདུན་བར་དུ་སྤྲུག་པར་བྱ། །ཞེས་པས་ཤ་ཀྱི་བར་དུ་རླུང་ཤོར་བའི་སྐྱོན་སེལ་ལོ། །གྱེན་ལ་ལན་བདུན་དགུག་པར་བྱ་ཞེས་པས། རླུང་རྒྱལ་བ་དང་འབོག ་པའི་སྐྱོན་སེལ་ལོ། །སྟོབས་རྣམས་རབ་ཏུ་སྐྱེད་པར་བྱ། །ཞེས་པས་ལུས་སྤྱི་ལ་ཁྲག་རྒྱས་པའི་སྐྱོན་སེལ་ལོ། །གཡོན་པ་དག་ཀྱང་དེ་བཞིན་ནོ། །ཞེས་པས་རླུང་ཚིགས་པ་ལ་ཞེན་པའི་སྐྱོན་སེལ་ལོ།། ཨིཏི་།།དྲུག་པའོ། །ལན་བདུན་གྱེན་ལ་བསྒྲེང་བར་བྱ ་ཞེས་པས་མགྲིན་པ་ལོངས་སྤྱོད་ཀྱི་རླུང་འགགས་པ་དང། སྙིད་ཆུངས་པ་ལ་སོགས་པའི་སྐྱོན་སེལ་ལོ། །གཡོན་པ་ལ་ཡང་དེ་བཞིན་ནོ། །ཞེས་པས་རྐང་པ་མན་ཆད་ཀྱི་རྩ་འཁྲིལ་པས་རླུང་རྒྱུ་ས་མེད་པའི་སྐྱོན་སེལ་ལོ། །སྟོབས་བསྐྱེད་མདུན་དུ་སྐྱང་བར་བྱ་ཞེས ་པས། རྩ་ཁུག་པར་སོང་བའི་སྐྱོན་སེལ་ལོ། །ཁོང་པ་རབ་ཏུ་བསྐོར་བར་བྱ་ཞེས་པས། རྒྱུ་ཞབས་འཁྲིལ་བའི་སྐྱོན་སེལ་ལོ།། ཨིཏི་།།བདུན་པའོ། །གཡོན་པ་ལ་ཡང་དེ་བཞིན་ནོ། །ཞེས་པས་སྒལ་ཚིགས་ལ་རླུང་ཞེན་པས་བཞོགས ་གཡས་གཡོན་གཉིས་འཁྲིལ་བའི་སྐྱོན་སེལ་ལོ། །ཡན་ལག་དང་པོ་རྒུག་པར་བྱ། །ཞེས་པས་བྲང་རླུང་ཁོང་དུ་བརྒྱས་པའི་སྐྱོན་སེལ་ལོ། །ནམ་མཁའ་དག་ལ་སྒྲེང་བར་ཞེས་པས། རླུང་ཡས་པའི་སྐྱོན་སེལ་ལོ། །གཡོན་པ་དག་ཀྱང་དེ་བཞིན་ནོ་ཞེས་པས། ཁྲིག་མགུལ ་གྱི་གསེང་ལ་རླུང་ཤོར་བའི་སྐྱོན་སེལ་ལོ། །སྐུ་སྟོད་དག་ནི་སྐོར་བར་བྱ་ཞེས་པས་ཕོ་བ་ཁའི་གྲང་རླུང་གི་སྐྱོན་སེལ་ལོ། །ཞབས་གཉིས་སྟོབས་བསྐྱེད་འཕུལ་བར་བྱ། །ཞེས་པས་སྙིང་ཁར་གཟེར་བའི་རླུང་སྐྱོན་སེལ་ལོ།། ཨིཏི་།།བརྒྱད་པའོ། །གླ་ཤ ་གཉིས་ལ་རྡེག་པར་བྱ་ཞེས་པས་ས་ཆུ་བསྒགས་པའི་སྐྱོན་སེལ་ལོ། །ཕྱིར་བཟློག་སྟོབས་རྣམས་སྐྱེད་པར་བྱ་ཞེས་པས། རྐང་པའི་ཚིགས་རྣམས་ཀྱི་གསེང་ལ་རླུང་ཤོར་བའི་སྐྱོན་སེལ་ལོ། །གཡོན་པ་དག་ཀྱང་དེ་བཞིན་ནོ་ཞེས་པས། སྲོག་ཤིང་གི་ཅེའི་ཕྱེད ་ལ་རླུང་ཤོར་བས་ལྗི་བའི་སྐྱོན་སེལ་ལོ། །ལན་བདུན་བར་དུ་བསྲང་བར་བྱ་ཞེས་པས་ལྟེ་བ་ཡན་ཆད་ཀྱི་རྩ་ཁུག་པའི་སྐྱོན་སེལ་ལོ། །གཡོན་པ་དག་ཀྱང་དེ་བཞིན་ནོ་ཞེས་པས། ལུས་སྤྱི་ལ་རླུང་རེངས་པའི་སྐྱོན་སེལ་ལོ། །གཡས་པ་དག་ཀྱང་དེ་བཞིན་ནོ། །ཞེས་པས་སྙིང་གི་རྩ་ལུས་སྤྱི་ཁྱབ་ཏུ་སྒྱུ་བའི་སྐྱོན་སེལ་ལོ། །ལན་བདུན ་བར་དུ་ལྡང་བར་བྱ། ཞེས་པས་རླུང་སྤྱི་རེངས་པའི་སྐྱོན་སེལ་ལོ།། ཨིཏི་།།དགུ་པའོ། །སྐྱིལ་ཀྲུང་གྱེན་ལ་སྡེགས་པར་བྱ། །ཞེས་པས་གསང་གནས་སུ་རླུང་ཞེན་པའི་སྐྱོན་སེལ་ལོ། །གཡོན་པ་དག་ཀྱང་དེ་བཞིན་ནོ། །ཞེས་པས། སྤུང་འགོ་ངད་སོགས ་སྤྲག་གི་རླུང་སྐྱོན་སེལ་ལོ། །སྟོབས་རྣམས་བསྐྱེད་ཅིང་སྐྱང་བར་བྱ། །ཞེས་པས་མདུན་བརྒྱབ་གཉིས་གཟེར་བའི་རླུང་སྐྱོན་སེལ་ལོ། །གཡོན་པ་ཡང་ནི་དེ་བཞིན་ནོ། །ཞེས་པས་སྙིང་རླུང་གི་རླུང་སྐྱོན་སེལ་ལོ། །སྟོབས་རྣམས་རབ་ཏུ་ལྡང་བར་བྱ། །ཞེས་པས ་གྲང་རླུང་གིས་ལོང་སྦོས་པའི་རླུང་སྐྱོན་སེལ་ལོ། །གྱེན་ལ་རབ་ཏུ་དགྱུག་པར་བྱ། །ཞེས་པས་ཆུ་འགགས་པའི་རླུང་སྐྱོན་སེལ་ལོ།། ཨིཏི་།།བཅུ་པའོ། །བསྟན་པའི་ཚུལ་གྱིས་གནས་པར་བྱ་ཞེས་པས་དོན་སྙིང་གི་བླངས་པ་ནང་དུ་འཁྱིམས་པའི་རླུང་སྐྱོན ་སེལ་ལོ། །སྟོབས་སྐྱེད་རབ་ཏུ་ལྡིང་བར་བྱ། ཞེས་པས་བྱང་སེམས་དཀར་དམར་གཉིས་པོ་འཕར་བའི་རླུང་སྐྱོན་སེལ་ལོ། །གཡོན་པ་དག་ཀྱང་དེ་བཞིན་ནོ། །ཞེས་པས་སྲོག་ཙོལ་གཉིས་ཕྱོགས་གཅིག་ཏུ་ཤོར་བའི་རླུང་སྐྱོན་སེལ་ལོ། །ནམ་མཁའ་རབ་ཏུ་སྒྲེང་པར་བྱ།། ་ཞེས་པས་ཡར་གྱི་ཚིགས་པ་བདུན་པར་ཚད་པའི་རླུང་ཞེན་པའི་སྐྱོན་སེལ་ལོ། །བསིགས་པའི་ཚུལ་གྱིས་བསྒོམ་པར་བྱ། །ཞེས་པས་ཁོང་པ་ཚ་བས་རྒྱས་པའི་རླུང་སྐྱོན་སེལ་ལོ། །སྲོད་བའི་ཚུལ་གྱིས་གནས་པར་བྱ་ཞེས་པས་རྩ་པོ་ཆེ་ནས་ཁྲོས་པའི་རྩ་བྲན་རེངས་པའི ་སྐྱོན་སེལ་ལོ།། ཨིཏི་།།བཅུ་གཅིག་པའོ། །སྲོད་པའི་ཚུལ་གྱིས་བསྒོམ་པར་བྱ། ཞེས་པས་ལོངས་སྤྱོད་ཀྱི་སོར་གཉིས་ཀྱི་འོག་ཏུ་གཟེར་བའི་རླུང་སྐྱོན་སེལ་ལོ། །བྲང་བསྐོག་དག་ཀྱང་བསྲང་བར་བྱ། །ཞེས་པས་གྱེན་རྒྱུའི་རླུང་རྨད་དུ་ཞེན་པའི ་སྐྱོན་སེལ་ལོ། །གཡོན་པ་དག་ཀྱང་དེ་བཞིན་ནོ། །ཞེས་པས་སྲོག་འཛིན་གྱི་རླུང་མཁལ་མ་ལ་ཞེན་པའི་སྐྱོན་སེལ་ལོ། །སྟོབས་བསྐྱེད་རབ་ཏུ་ལྡང་བར་བྱ་ཞེས་པས་སྲོག་འཛིན་གྱི་རླུང་ཡན་ལག་མར་གྱི་ཚིགས་གསུམ་པ་ལ་ཞེན་པའི་རླུང་སྐྱོན་སེལ་ལོ།། ཨིཏི་།། ་བཅུ་གཉིས་པའོ། །སྟོབས་བསྐྱེད་རབ་ཏུ་འགིང་བར་བྱ། །ཞེས་པས། མཉམ་གནས་ཀྱི་ཡན་ལག་རྐང་ལག་གི་གསེང་ལ་རྒྱུ་བའི་རླུང་སྐྱོན་སེལ་ལོ། །གཡོན་པ་དག་ཀྱང་དེ་བཞིན་ནོ། །ཞེས་པས་འཐུར་དུ་སེལ་བའི་རླུང་སྐྱོན་སེལ་ལོ། །ཕོ་ཟ་དག་ནི་?་པར་བྱ། །ཞེས ་པས་མཉམ་གནས་དང་སྲོག་འཛིན་འཐབ་པའི་སྐྱོན་སེལ་ལོ། །འགྱིང་པའི་ཚུལ་གྱིས་བསིག་པར་བྱ། །ཞེས་པས་འཐུར་སེལ་གྱི་ཡན་ལག་རྩ་བྲན་ལ་ཞེན་པའི་སྐྱོན་སེལ་ལོ། །སྲོང་བའི་ཚུལ་གྱིས་ལྡང་བར་བྱ། །ཞེས་པས་རྐང་ན་བའི་སྐྱོན་སེལ་ལོ། །ནམ་མཁར་རབ ་ཏུ་ལྡིང་བར་བྱ། །ཞེས་པས་སྟེང་རླུང་སྨད་དུ་ཞེན་པའི་སྐྱོན་སེལ་ལོ། །སྟོད་རྣམས་གསེར་ཞིང་བསྒོམ་པར་བྱ། །ཞེས་པས་གསང་གནས་ཀྱི་པད་མར་ཐིག་ལེ་ཞེན་པའི་སྐྱོན་སེལ་ལོ། །གཡོན་ངོས་དག་ཀྱང་དེ་བཞིན་ནོ་ཞེས་པས། སྙིང་རྩ་བཞི ་བཅུ་ཞེ་གཉིས་ལོག་མེན་དུ་ཤོར་བའི་སྐྱོན་སེལ་ལོ། །ལན་བདུན་བར་དུ་སྤྲུག་པར་བྱ་ཞེས་པས་དོན་སྙིང་གི་བླངས་པ་བ་སྤུ་ལ་ཞེན་པའི་སྐྱོན་སེལ་ལོ། ཨིཏི་།།བཅུ་གསུམ་པའོ། །སྐྱིལ་ཀྲུང་ནམ་མཁར་ཕྱར་བར་བྱ། །ཞེས་པས་ཐིག་ལེ་འཛག ་པའི་སྐྱོན་སེལ་ལོ། །ལུས་རྣམས་བཀུག་ཅིང་བསྒོམ་པར་བྱ། །ཞེས་པས་སའི་རླུང་རྒྱས་པའི་སྐྱོན་སེལ་ལོ། །བོལ་གོང་མགུལ་པ་སྡམ་པར་བྱ། ཞེས་པས་སྤྱི་དམིགས་གཡས་གཡོན་དང་རྐང་པའི་འགུལ་པ་དང་སྦྲེལ་ནས་ཡོད་པའི་ཙིའི་སྐྱོན་སེལ་ལོ། །ལན་བདུན ་བར་དུ་མཆོད་བར་བྱ། ཞེས་པས་མེ་རླུང་གི་ཡན་ལག་རྐང་གཉིས་ལ་ཞེན་པའི་སྐྱོན་སེལ་ལོ།། ཨིཏི་།།བཅུ་བཞི་པའོ། །མདུན་རྒྱབ་དག་ཏུ་ལྡིང་བར་བྱ། ཞེས་པས་བད་ཀན་གྱི་སྐྱོན་སེལ་ལོ། །ལོངས་སྤྱོད་འཁོར་ལོ་བསྐོར་བར་བྱ། ཞེས་པས ་གྱེན་རྒྱུའི་ཡན་ལག་དྲ་མིག་ལ་ཞེན་པའི་སྐྱོན་སེལ་ལོ། །ལུས་ཀྱི་སྟོབས་རྣམས་སྐྱེད་པར་བྱ་ཞེས་པས། མགོ་ལ་གཟེར་བྱུང་བའི་སྐྱོན་སེལ་ལོ། །སྟོབས་བསྐྱེད་ལན་བདུན་འཕྲ་བར་བྱ་ཞེས་པས་རླུང་ཡས་པའི་སྐྱོན་སེལ་ལོ། །གཡོན་ངོས་དག་ཀྱང་དེ ་བཞིན་ནོ། །ཞེས་པས་རླུང་འཁྱིམས་པའི་སྐྱོན་སེལ་ལོ། །སྟོབས་སྐྱེད་ཁོང་པ་སྐོར་བར་བྱ། །ཞེས་པས་ཚེ་གྲང་མ་སྙོམས་པའི་སྐོམ་པའི་སྐྱོན་སེལ་ལོ།། ཨིཏི་།།བཅོ་ལྔ་པའོ། །གཡོན་པ་དག་ཀྱང་དེ་བཞིན་ནོ་ཞེས་པས། ཚིགས་རྣམས་ལ ་སྙིང་ཚ་ཞེན་པའི་སྐྱོན་སེལ་ལོ། །གཡོན་པ་དག་ཀྱང་དེ་བཞིན་ནོ་ཞེས་པས་ནང་གི་རླུང་སེམས་ལ་རེངས་པའི་སྐྱོན་སེལ་ལོ། །གཡས་པ་དག་ཀྱང་དེ་བཞིན་ནོ་ཞེས་པས། ཙའོ་ཆེའི་སྐྱོན་སེལ་ལོ། །ལུས་ཀྱི་སྟོབས་རྣམས་བསྐྱེད་པར་བྱ་ཞེས་པས། བྱིང་བའི ་སྐྱོན་སེལ་ལོ། །ལག་གཉིས་གྲུ་མོ་བསྙེ་བར་བྱ། །ཞེས་པས། རྒྱ་རྦབ་ཀྱི་སྐྱོན་སེལ་ལོ། །གཡས་པ་དག་ཀྱང་དེ་བཞིན་ནོ། ཞེས་པས། གྲམ་པའི་ཐིག་ལེ་རླུང་ངན་པར་ཞུགས་པའི་སྐྱོན་སེལ་ལོ།། ཨིཏི་།།བཅུ་དྲུག་པའོ། །གཡས་གཡོན་བསྲང་ཞིང་བསྒོམ ་པར་བྱ་ཞེས་པས་རྩ་དགུའི་རླུང་དྲ་མིག་ལ་ཞུགས་པའི་སྐྱོན་སེལ་ལོ། །རིམས་ཀྱིས་གཡས་གཡོན་སྐྱང་བར་བྱ་ཞེས་པས་ཕྱི་རླུང་ལུས་ལ་རེངས་པའི་སྐྱོན་སེལ་ལོ། །རྐེད་པ་དག་ནི་རྟེན་པར་བྱ་ཞེས་པས། ཐིག་ལེ་ཁོང་དུ་འཛག་པའི་སྐྱོན་སེལ་ལོ། །ལན་བདུན ་བར་དུ་མཆོད་བར་བྱ་ཞེས་པས་གསང་གནས་ཀྱི་འཁོར་ལོའི་རྩ་བདུན་ཞར་བའི་སྐྱོན་སེལ་ལོ།། ཨིཏི་།།བཅུ་བདུན་པའོ། །ནམ་མཁར་རབ་ཏུ་ལྡིང་བར་བྱ་ཞེས་པས། སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་ཐིག་ལེ་ཞེན་པའི་སྐྱོན་སེལ་ལོ། །སྟོབས་རྣམས་རབ་ཏུ ་བསྐྱེད་ཅིང་བསྒོམ་པར་བྱ། །ཞེས་པས་ཡན་ལག་གཉིས་ཀྱི་ཚིགས་སྐྱོན་སེལ་ལོ། །སྟོབས་བསྐྱེད་ལན་བདུན་མཆོད་བར་བྱ་ཞེས་པས་བད་ཀན་གྱི་སྐྱོན་སེལ་ལོ། །སྟོབས་རྣམས་སྐྱེད་ཅིང་བསྒོམ་པར་བྱ་ཞེས་པས་ཀྲངས་པའི་སྐྱོན་སེལ་ལོ། །ཡན་ལག་དང་པོ ་གཞུག་པར་བྱ་ཞེས་པས་སྤུང་པ་གཉིས་འགུལ་པའི་སྐྱོན་སེལ་ལོ། །སྟོབས་བསྐྱེད་མདུན་དུ་བརྐྱང་བར་བྱ་ཞེས་པས་ཐིག་ལེ་མ་ཁྲེམས་པའི་སྐྱོན་སེལ་ལོ། །སྟོབས་བསྐྱེད་རབ་ཏུ་བསྡམ་པར་བྱ་ཞེས་པས་མཚན་ཟུར་ན་ཅི་བྲན་ཏ་ལའི་ལོ་མ་ལྟར་གནས་པ་ལ་རླུང ་ཤོར་བའི་སྐྱོན་སེལ་ལོ། །སྟོབས་བསྐྱེད་རབ་ཏུ་བསྒོམ་པར་བྱ་ཞེས་པས་རྐང་པ་གཉིས་ཀྱི་ཙ་རྣམས་འཁུམས་པའི་སྐྱོན་སེལ་བར་འགྱུར་རོ། །སློབ་དཔོན་ཆེན་པོ་འབིར་ཝ་པས་མཛད་པའི་རླུང་སྐྱོན་སེལ་བའི་གོ་རིམས་ཡི་གེར་བཀོད་པའོ། །བོད་ཡུལ་དུ་རྣལ ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཨ་མོ་ཀ་བཛྲས་རང་འགྱུར་དུ་མཛད་ཅིང་གསུངས་སོ།། ཨིཏི་(།།འཆི་མེད་གྲུབ་པའི་དབང་བསྐུར་བཞུགས་སོ། །དཔལ་ལྡན་ཤངས་པ་བཀའ་རྒྱུད་ཀྱི་ཆོས་བསྐོར་ཡིན།།)་!། །རྒྱ་གར་སྐད་དུ། ཨ་རྨརི་ཏ་སིདྡྷི་མནདྷ་ལ་བྷི་ཏི་ན་མ། བོད་སྐད་དུ། ་