CLOSE WINDOW

N3839: rdo rje'i glu
Wyliee-texts based on the ACIP/ALL Input

བྱས་པའོ།། །།!། །རྒྱ་གར་སྐད་དུ། བཛྲ་གཱི་ཏཱི། བོད་སྐད་དུ། རྡོ་རྗེའི་གླུ། ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཀྱེ་ཤེས་རབ་ཀྱི་ནི་ཀཀྐོ་ལར། །ཐབས་ཀྱི་བྲོ་ལ་རབ་བཞག་ནས། །ཡང་ཡང་བསྲུབས་གྱུར་སྒྲ་སྒྲོགས་པ། །དེར་ནི་སྙིང་རྗེ་ཅིས་མི་སྐྱེ ་སྐབས་དེར་ཤ་ནི་བཟའ་བྱ་ཞིང། །རྒྱུན་ཏུ་ཆང་ཡང་བཏུང་བར་བྱ། །ཀྱེ་སྐལ་ལྡན་ཕྱི་རོལ་མི་བཏང་བར། །དེ་རུ་སྐལ་མེད་སྤང་བར་བྱ། །བཞི་མཉམ་གླ་རྩི་སིཧལ། །ེ་མའོ་ག་བུར་དང་ལི་ཤི། མ་ལ་ཡ་སྐྱེས་བུད་ཤིང་གིས། །པཱ་ལི་ཇི་ཙམ་འདོད་དེར་བཟའ་། །ཡོངས་བརྟགས་དུམ་བུ ་གཅིག་ཉིད་བྱ། །དག་དང་མ་དག་ཡིད་མི་བྱ། །མི་རུས་ཕྱག་རྒྱ་ལུས་ལ་གདགས། །དེར་སྐྱེས་མདའ་ནི་ཕྱི་རོལ་བཏང། །མ་ལ་ཡ་སྐྱེས་འཁྲིག་སྦྱོར་བས། །འཇུག་བྱ་རིགས་ངན་དེར་མི་སྤང། ། ཨི།། །།འཆི་མེད་གྲུབ་པ་བྱ་བ་ཡོད། !། །རྒྱ་གར་སྐད་དུ། ཨ་མྲི་ཏི ་མིང་ཏི་ནས། བོད་སྐད་དུ། འཆི་མེད་བསྒྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ལྟེ་བ་མཛེས་པའི་ཐིག་ལེ་གནས། །དེ་ཉིད་དྲི་མ་མེད་པ་ལས། །ཀུན་ལ་ཁྱབ་པ་ཉི་མའི་འོད། །འཁོར་བ་རྣམས་ལ་དེ་ཉིད་ཅེས། །ཁམས་གསུམ་གནས་པའི་སེམས་ཅན་ལ ་ཆོས་དང་ཆོས་འོད་ཁྱད་འཕགས་ཤིང། །དེའི་ནང་ནས་ལམ་གསུམ་བསྟན། །ལམ་གསུམ་གཅིག་ཏུ་འཛིན་མཛད་པ། །དབུ་མེད་ཞབས་དང་བྲལ་བའོ། །ཁྱད་འཕགས་གནས་དང་བསྟོད་པའི་ཡུལ། །ཡེ་ཤེས་གཟུགས་ལ་ཕྱག་འཚལ་ལོ། །འཆི་བའི་འཇིགས་པ་མཇོམས ་མཛད་པ། །རྣལ་འབྱོར་རྣལ་འབྱོར་མའི་ཕྱག་རྒྱ་ཡིན། །ཕྱག་འཚལ་དཔལ་ལྡན་བྷི་ར་བ་ལ། །ཕྱག་འཚལ་བླ་མའི་རྒྱུད་འཛིན་པས། །འགལ་རྐྱེན་ཐམས་ཅད་ཞི་གྱུར་ཅིག་།ངེས་པར་ཆོས་འདིས་དངོས་གྲུབ་ཐོབ། །རྨོངས་པས་དུག་ཟོས་གཉིད་ལོག་ལ། །ཡེ་ཤེས་ཆུ་རྒྱུན་བཞིན ་དུ་བླུད། །འཚོ་བྱེད་སྨན་པའི་མཆོག་གྱུར་པ། །དཔལ་ལྡན་ཞབས་ལ་ཕྱག་འཚལ་ལོ། །གོ་རྟོགས་ཅན་གྱི་མན་ངག་འདི། །སྐྱེས་བུ་ལ་ནི་བསྟན་བྱས་ན། །འཆི་མེད་བསྒྲུབ་པའི་དེ་ཉིད་ལས། །རིན་ཆེན་མཚན་ཉིད་རྟོགས་གྱུར་ནས། །ཞི་བ་ལས་ནི་སྤྲོས་མེད་ཞིང། །མྱང་འདས་མེད ་ཅིང་ཡང་དག་གནས། །ཞི་བ་ལས་ནི་ཡང་དག་ལྡན། །ཡེ་ཤེས་སྣ་ཚོགས་རབ་གསལ་བ། །ཡོན་ཏན་དུ་མ་རབ་ལྡན་ཞིང། །གཞན་དོན་སྣ་ཚོགས་འབྱུང་འགྱུར་རོ། །ཡེ་ཤེས་ལས་ནི་སྡིག་པ་ཆེ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །རྨོངས་པ་ལས་ནི་སྡུག་བསྔལ་ཆེ། །སྐྱོན་ཡོན་གྲོལ་ཞིང ་བདག་གིས་བཤད། །ཡེ་ཤེས་ཡིད་ཀྱི་ཁྱད་པར་ལས། །བདེན་པའི་དོན་ནི་རབ་བསྟན་ཞིང། །ངེས་པ་ལས་ནི་དོན་རྣམས་འབྱུང། །གོང་མ་རྣམས་ཀྱིས་ངེས་པར་བཤད། །རོ་རྣམས་དག་པ་ཉེར་ལེན་དང། །རིན་ཆེན་དག་པ་རིན་ཆེན་དང། །དོན་རྣམས་དག་པ་དོན་དང་ལྡན། །དོན་རྟགས་རྟོག་པ་ཁྱད་འཕགས ་སོ། །བླ་མའི་བཀའ་དྲིན་ཁྱད་པར་གྱིས། །རྒྱུད་སྡེ་རྣམས་ནི་རབ་བསྟན་པ། །སྒྱུ་མ་ལྟ་བུའི་ཡེ་ཤེས་ལས། །འགྲོ་བ་ལ་སོགས་དེ་ལས་འབྱུང། །བསྒྲུབ་པ་ལས་ནི་རབ་བརྩོན་པ། །བརྩོན་པ་ལས་ནི་ཡང་དག་ལྡན། །རིགས་ངན་རྣམས་དང་འདྲིས་པར་བྱ། །རྩ་བའི་སྤྲོས་པ་མཛའ་དག་ཆོད། །གང ་ཞིག་ཐབས་ལ་འཇུག་པ་ནི། །ཟབ་མོའི་ལམ་ནི་ཐབས་ཀྱི་མཆོག་།རྡོ་རྗེའི་དོན་ལ་འཇུག་པའི་ཕྱིར། །ལམ་གྱི་དེ་ཉིད་འབྲས་བུའོ། །ལས་དང་སྨོན་ལམ་ཁྱད་པར་གྱིས། །འཇུག་པ་ལ་ནི་ཡང་དག་ལྡན། །ཕུན་སུམ་ཚོགས་པ་འདི་ཉིད་ལས། །ངེས་པར་དོན་རྣམས་དེ་ལས་འབྱུང། །རྣལ་འབྱོར་ཚོགས ་གཉིས་སོགས་པ་ནི། །བླ་མ་ཡི་དམ་མཁའ་འགྲོ་ལ། །ཚོགས་ཀྱི་འཁོར་ལོ་བྱས་པ་ཡིས། །ཚོགས་ཀྱི་མཆོག་དང་ལྡན་པར་འགྱུར། །སྐྱེས་བུའི་སྡིག་སྒྲིབ་སྦྱོང་བ་ཡིས། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ཁམས་གསུམ་གནས་པའི་སེམས་ཅན་གྱི། །སྡིག་སྒྲིབ་ཐམས་ཅད་དག ་འགྱུར་རོ། །སྐྱེ་བ་བྱེ་བ་སྟོང་དག་ཏུ། །ཚོགས་བཟང་དུ་མ་བསགས་གྱུར་པས། །ལས་བཟང་ཁྱད་པར་རབ་ལྡན་ཞིང། །རྣལ་འབྱོར་པ་ནི་ཕ་རོལ་འགྲོ་།ཡང་དག་ཕྱག་རྒྱ་ཆེན་པོ་ནི། །ཐམས་ཅད་དོན་གྱི་ཁྱད་འཕགས་སོ། །དེ་དང་ལྡན་པའི་སེམས་ཅན་གྱིས། །བསྐོར་བའི་ཚུལ་གྱིས་དེ་ཉིད་ཆོད། ། ་ཐབས་ཀྱི་དོན་དང་ལྡན་པ་ཡིས། །གང་ཟག་དབང་པོ་རྣམ་གསུམ་ལ། །ཚད་ལྡན་མཆོག་གི་ཞལ་དག་ལས། །ངེས་པར་འབྲས་བུ་འབྱུང་འགྱུར་རོ། །སྐུ་གཉིས་རབ་ཏུ་བསྟན་པ་ནི། །ངེས་པར་ལས་གྱི་རྗེས་འཇུག་པས། །གཟུགས་སྐུ་རྡོ་རྗེའི་མཚན་ཉིད་དེ། །དེ་ཉིད་རང་བཞིན་མེད་པ ་