| Wylie | e-texts based on the ACIP/ALL Input |
ངས་གསུངས་པ། བོད་བན་བེ་རོ་ཙ་ནས་བསྒྱུར་བའོ།། །།དཔལ་ས་ར་ཧ་དང་མངའ་བདག་མཻ་ཏྲི་བའི་ཞུང་ཞུས་ལན་བཞུགས་སོ།། !། །ན་མོ་གུ་རུ། ཀུན་ཁྱབ་ཀུན་ཡིན་མཚོན་དུ་གང་ཡང་མེད། །བསམ་དུ་མེད་ཅིང་དམིགས་པའི་ཡུལ་ལས་འདས། །མཛའ་དབུས་མེད་ཅིང་ཕྱོགས ་རིས་ཀུན་དང་བྲལ། །ཡེ་ཡིན་ཡང་དག་དོན་ལ་ཕྱག་འཚལ་ལོ། །རྗེ་བྲམ་ཟེ་ཆེན་པོ་ས་ར་ཧའི་དགོངས་པ་མཐར་ཐུག་པ་ཕྱག་རྒྱ་ཆེན་པོའི་ཞུ་ལན། རྣལ་འབྱོར་རང་གི་རྗེས་འཛིན་བྱ་བ་དང། །རྗེས་འཇུག་དང་ལྡན་རྣམས་ལ་ཕན་པའི་ཕྱིར། །བླ་མ་རྣམས་ཀྱི་གསུངས་པ་ཟབ་མོའི་དོན། །ལྷག ་ཆད་མེད་པར་ཡི་གེར་བཀོད་པར་བྱའོ། །དེ་ཡང་བྲམ་ཟེ་ཆེན་པོ་ས་ར་ཧ་བ་ལ། །མངའ་བདག་རྒྱལ་སྲས་མཻ་ཏྲི་པས་ཞུས་པ། །ཕྱག་རྒྱ་ཆེན་པོ་ནི་ཀུན་ཁྱབ་ཡིན་གསུངས་བ་མཆིས་ན། དེ་ལྟར་དུ་ལགས་སམ་ཞེས་ཞུས་པས། །གོ་བཞིན་རྟོགས་ན་ཡིན་གསུང། འོ་ན་ཕྱག་སྣང་བ། རྒྱ་སྟོང་པ་ཆེན ་པོ་ཟུང་དུ་འཇུག་པ་སྟེ། སྣང་སྟོང་ཟུང་དུ་འཇུག་པ་གཅིག་ཕྱག་རྒྱ་ཆེན་པོ་ཟེར་བ་ལ་ལགས་སམ་ཞུས་པས། ས་ར་ཧ་པའི་ཞལ་ནས། དེ་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཡིན། ཕྱག་རྒྱ་ཆེན་པོ་རང་དེ་མིན་གསུང། ཡང་ཞུས་པ་།འོ་ན་ཕྱག་བདེ་བ། རྒྱ་སྟོང་པ་ཆེན་པོ་ཟུང་དུ་འཇུག་པས་སྟེ། བདེ་སྟོང ་ཟུང་དུ་འཇུག་པ་གཅིག་ལ་ཕྱག་རྒྱ་ཆེན་པོ་ཟེར་བ་ལགས་སམ་ཞུས་པས། རྗེའི་ཞལ་ནས། དེ་ལས་ཀྱི་ཕྱག་རྒྱ་བྱ་བ་ཡིན། ཕྱག་རྒྱ་ཆེན་པོ་རང་མིན་གསུངས། ཡང་ཞུས་པ། ཕྱག་གསལ་བ། རྒྱ་སྟོང་པ་ཆེན་པོ་ཟུང་དུ་འཇུག་པ་སྟེ། གསལ་སྟོང་ཟུང་དུ་འཇུག་པ་གཅིག་ལ་ཕྱག་རྒྱ་ཆེན་པོ ་ཟེར་བ་ལགས་སམ་ཞུས་པས། རྗེའི་ཞལ་ནས། དེ་འོད་ཀྱི་ཕྱག་རྒྱ་བྱ་བ་ཡིན། ཕྱག་རྒྱ་ཆེན་པོ་རང་མིན་གསུངས། ཡང་ཞུས་པ། འོ་ན་ཕྱག་རིག་པ། རྒྱ་སྟོང་པ། ཆེན་པོ་ཟུང་དུ་འཇུག་པ་སྟེ། རིག་སྟོང་ཟུང་དུ་འཇུག་པ་གཅིག་ལ་ཕྱག་རྒྱ་ཆེན་པོ་ཟེར་བ་ལགས་སམ་ཞུས་པས། རྗེའི་ཞལ་ནས། ་དེ་ཡིད་ཀྱི་ཕྱག་རྒྱ་བྱ་བ་ཡིན། ཕྱག་རྒྱ་ཆེན་པོ་རང་མིན་གསུངས། དེ་ཀུན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཆ་ཙམ་ཕྱོགས་དེ་ཙམ་ཡིན་གསུངས། ཕྱག་རྒྱ་ཆེན་པོ་དང་མིན་གསུངས། འོ་ན་ཕྱག་རྒྱ་ཆེན་པོ་རང་གང་ལགས་ཞུས་པས། ཞལ་ནས་ཕྱག་རྒྱ་ཆེན་པོ་བྱ ་བ་ནི། གཞི་ལམ་འབྲས་བུ་གསུམ་གྱི་མ་ཕྱེ་བ། ལྟ་སྒོམ་སྤྱོད་འབྲས་བཞིའི་སྲང་སུ་མ་བཅུག་པ། དབང་བཞིའི་དོན་དང་བྲལ་བ། གསལ་བ། སྟོང་པ། མི་རྟོགས་པ་གསུམ་ལ་མི་ལྟོས་པ། ཞི་གནས་དང་ལྷག་མཐོང་གི་ཆ་ལ་མ་བརྟེན་པ། སློབ་དཔོན་གྱིས་བསྟན་དུ་མེད་པ། སློབ ་མས་གོ་རྒྱུ?་མེད་པ། ཆོས་ཐམས་ཅད་ཡེ་ནས་ཡིན་པ་ཇི་བཞིན་དུ་གནས་པ་གཅིག་ལ་ཕྱག་རྒྱ་ཆེན་པོ་ཞེས་མིང་དུ་བཏགས་པ་གཅིག་ལགས་གསུངས་།ཡང་ཞུས་པ། འོ་ན་ཇི་ལྟར་བྱས་ན་གོ་ཞིང་རྟོགས་པ་ལགས་ཞུས་པས། མཻ་ཏྲི་པ་ཞེས་བོས་ནས། ཡང་དག་པའི་ལམ་ལ་ས་དང་ལམ ་མེད་ཀྱི། ལམ་དུ་འཇུག་འཇུག་པོ་དང། ས་བགྲོད་བགྲོད་པོ་མཐེ་བས། སངས་རྒྱས་ལ་ཐོབ་རྒྱུ་མེད་ཀྱི་མ་རེ་།འཁོར་བར་ལྟུངས་མེད་ཀྱི་མདོགས། ཆོས་ཉིད་ཀྱི་ངོ་བོ་ལ་ཐ་དད་མོད་ཀྱི་མ་དབྱེ། ཅམ་གྱི་ཞོག་ལ་ཁ་རོག་པར་ཅོགས་ཀྱི་སྤོང?། ཙེན་གྱིས་ཞོག་།བློས་ཅི་ཡང་མ་བསམ། ཡིད་ཀྱི ་ཅི་ཡང་མ་བསྐམ?། དམིགས་པ་ཅི་ལ་ཡང་མ་གཏོང། སེམས་ཅི་ལ་ཡང་མ་འཁྲི་།ཡེ་ཇི་བཞིན་དུ་ཞོག་།སྤྲོས་མེད། ཤིན་ཏུ་སྤྲོས་མེད། མ་དམིགས། ཤིན་ཏུ་མ་དམིགས་པར་ཞོག་ཅིག་།བཤད་པ་ཚིག་ཡིན། མཚོན་པ་ཡི་གེ་ཡིན། བསྟན་པ་བརྡ་ཡིན། བསྒོམ་ན་དོན་ནང་ནས་འཆར། ་ཡང་དག་པའི་དོན་ལ་ཅི་ཡང་མེད། ཅི་ནས་འདི་ཡིན་ང་བས་སངས་རྒྱས་ཀྱིས་ཀྱང་བསྟན་དུ་མ་བཏུབ་པར་གདའ་གསུངས་སོ། །ཡང་མཻ་ཏྲི་པ་ཞེས་བོས་ནས། དོན་ཀྱང་འདི་བཞིན་དུ་གྱིས་དང། ཡང་དག་པའི་དབྱིངས་དཔེ་ཡིན། སེམས་དོན་ཡིན། རྟགས་ནི་དབང་པོ་སྒོ་ལྔ་ལ་འཆར། མི་གསལ ་ན་དབང་པོ་རྟ་ལ་བསྐྱོན། མ་བདེན་ཉིད་གའི་འགག་ལ་ལྟོས། མ་གོས་གོ་བྱེད་ཀྱི་མཁན་པོ་བསྐྱུར་ལ་ཐོང་གསུངས། དེ་ལ་གཞན་མི་བདོག་གམ་ཞུས་པས། དཔེ་ལ་དོན་གྱི་ལྟ་བའི་དུས་སུ། རྟགས་མིག་གི་དབང་པོ་ལ་འཆར་བ་ཡིན། ལྟ་སྟངས་ཀྱི་དུས་སུ། ཁོང་འཕྲིག་དང་ཐེ་ཚོམ་མ་ཟ་།ཉམས ་མྱོང་གི་དུས་སུ་བསམ་གཏན་ཆ་དང། ཞི་གནས་དང། ཡིན་མིན་མཛའ་བྲལ་དུ་གནས་པ་དེ་ལ་ཕྱག་རྒྱ་ཆེན་པོ་ཕྱག་རྒྱ་ཆེན་པོ། གསུམ་གྱི་དྲོད་ཚང་ངོ་ཤེས་པར་གྱིས། ཐ་མལ་གྱི་ཤེས་པ་ཡིན་པར་སྐྱོལ་གསུང། ཡང་འདི་བཞིན་དུ་ཞོག་།སྒོམ་མེད་དུ་ཁྲེས?་སེ?། རྩོལ་མེད་དུ་ཤིག་གེ་།བསམ་མེད་དུ ་བབས་སོ། རྟོག་མེད་དུ་ལྷན་ནེ། འཛིན་མེད་དུ་ཧད་དེ། རྟེན་མེད་དུ་ཆལ་ལེ། ལྟོས་མེད་དུ་ཆམ་མེར་ཞོག་གསུངས། རྩོལ་མེད་དུ་ཉམས་སུ་ལེན་པ་ལ་གཞན་གྱི་གེགས་མི་ཡོང། སྒོམ་མི་ནུས་པ་རྡོ་རྗེ་ཆང་གི་སེལ་མི་ནུས། མི་བསེལ་བའི་གེགས་དང་གཅིག་།ཉེ་དྭགས་ནས་ངོ་མ་ཤེས་པའི་སྐྱོན་དང ་གཉིས། ཟབ་དྲགས་པས་ངོས་མ་ཟིན་པའི་སྐྱོན་དང་གསུམ། སླ་དྲགས་པས་ཡིད་མ་ཆེས་པའི་སྐྱོན་དང་བཞི། བཟང་དྲགས་པས་བློར་མ་ཤོང་བའི་སྐྱོན་དང་ལྔའོ། །ལར་ཆོས་མ་ཤེས་ནས་སྡུགས་པ་མིན། མི་བྱེད་པར་བསྡུགས་པ་ཡིན། གདམས་ངག་མེད་ནས་བསྡུགས་པ་མིན། བསྒོམ་མ་ནུས་ནས་བསྡུགས་པ་ཡིན། ཚོགས་བསགས་རྒྱུ ་མེད་ནས་བསྡུགས་པ་མིན། མི་བསོག་ནས་བསྡུགས་པ་ཡིན། བྲམ་ཟེ་ཆེན་པོ་ས་ར་ཧ་པ་དང། མངའ་བདག་མཻ་ཏྲི་པའི་ཕྱག་རྒྱ་ཆེན་པོའི་ཞུ་ལེན། ཨིཐི་།།ནག་པ་པའི་དྷོ་ཧ་མཛོད་ཀྱི་རྒྱས་འགྲེལ་པཎྜི་ཏ་དཔག་མེད་རྡོ་རྗེས་མཛད་པ་བཞུགས་སོ།། !། །རྒྱ་གར་སྐད་དུ། ཤྲི་ཀྲིཥྞ་བཛྲ་པཱ་ང་དོ་ཧ་ཀོ་ཥ་ཊི་ཀཱ། བོད ་