CLOSE WINDOW

N3836: 'bras bu ye shes sa gcig chos kyi dbyings
Wyliee-texts based on the ACIP/ALL Input

བྱའོ། །སྔར་གྱི་འགྱུར་རྙིང་ལ། དམ་ཚིག་ལྔ་བཅུ་པ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཞབས་ཀྱིས་མཛད་པ་ཞེས་སྣང།། །།!། །རྒྱ་གར་སྐད་དུ། ཕ་ལ་ཛྙ་ནཱ་དྷརྨ་དྷ་དྷུ། བོད་སྐད་དུ། འབྲས་བུ་ཡེ་ཤེས་ས་གཅིག་ཆོས་ཀྱི་དབྱིངས་འདི་ལ་སྐབས་བརྒྱད་དེ། ་སྐྱེ་མེད་བློ་འདས་ཀྱི་སྐབས། བྱ་མེད་རྩོལ་བྲལ་གྱི་སྐབས། སྐུ་བཞི་ཚིག་ཆོད་སྐབས། བགྲོད་མེད་རྫོགས་པའི་སྐབས། སྟོབས་ལྡན་མཆོག་གི་སྐབས། དེ་ཉིད་དཔེ་དོན་སྐབས། དྲང་བ་དོན་གྱི་སྐབས། ཐུགས་རྗེ་གདམས་པའི་སྐབས་སོ། །སྐབས་དང་པོ ་ལ་གསུམ་སྟེ། སྦྱོར་བ་དགོད་པའི་གདམ་ངག་དང། གདེང་ཆེན་དགུའི་གདམ་ངག་དང། སྐྱེ་མེད་བྱ་བརྩལ་བྲལ་བའོ། །སྦྱོར་བ་དགོད་པ་ལ་གསུམ་སྟེ། ཆོས་ཅན། དམ་བཅའ་བརྟན་ཚིགས་སོ། །གདེང་ཆེན་དགུ་ནི། སྐྱེ་མེད་དོན་གྱི་གདེང། བརྗོད་མེད་ཚིག་གི་གདེང། དེ་ཉིད་སྟོང ་པའི་གདེང། མཛའ་བྲལ་ལྟ་བའི་གདེང། གཉིས་མེད་བསྒོམ་པའི་གདེང། དོན་དམ་སྤྱོད་པའི་མ་སྐྱེ་ཅེས་1་གདེང། དགག་གདོད་ནས་བྱ་ཐོབ་བསྒྲུབ་རེ་དོགས་སེལ་བའི་གདེང། བསྒྲུབ་བྱ་ཅེས?་དག་པའི་གདེང། རྣམ་ཅེས་དག་དྲི་མེད་དེ་ཁོ་ན་ཉིད ་གདེང་ངོ། །སྐབས་གཉིས་ཅེས་པ་ལ་གཉིས་ཏེ། དུས་ཅེས་གསུམ་ཚིག་ཆོད་ཀྱི་ཀློང་གདམ་ངག་བསྟན་པ་དང། ཡེ་ཤེས་རང་སྣང་གི་གདམ་ངག་བསྟན་པའོ། །ཅེས་དུས་གསུམ་ཆིག་ཆོད་ལ་གསུམ་སྟེ། ཚིག་ཅེས་གསུམ་ལྟ་བའི་ཀློད། དོན་ཅེས་གཉིས་བསྒོམ་པའི ་ཉམས། ལྟ་བསྒྲོམ?་ཆིག་ཆོད་འབྲས་བུའོ། །ཡེ་ཤེས་རང་སྣང་ནི་གསུམ་སྟེ། རྫོང་གསུམ་སྐུ་ལྔ་ཡེ་ཤེས་ཀྱི་ངང་དུ་སྣང་བ་དང། འཕྲར་གསུམ་དམིགས་མེད་ཡེ་ཤེས་སུ་རང་སྣང་བ་དང། ཉིད་གསུམ་སྤྲོས་མ་བཅོད་སྤྲོས་མེད་མེད་བྱང་ཆུབ་དང་ཉིད་མི་དམིགས་སྙིང་པོའི་ཀློང་དུ ་རང་བཞིན་སྣང་བའོ། །རྫོང་གསུམ་སྐུ་འདི་ནི་ཁྱབ་2་ལྔ་ཡེ་ཤེས་ཀྱི་ངང་ལ་གསུམ་སྟེ། སྐྱེ་བ་མེད་པ་སྐུ་ལྔ་ཡེ་ཤེས་ཀྱི་ངང་དང། གཉིས་མེད་སྐུ་ལྔ་ཡེ་ཤེས་ཀྱི་ངང་དང། སྤྲོས་བྲལ་སྐུ་ལྔ་ཡེ་ཤེས་ཀྱི་ངང་ངོ། །འཕྲང་གསུམ་དམིགས་མེད་ཡེ་ཤེས་སུ་སྣང་བ་ལ་གསུམ་སྟེ། མཛའ་ ་བྲལ་ཅེས་དམིགས་མེད་ཡེ་ཤེས་ཅེས་སུ་སྣང་བ་དང། མི་འགྱུར་བ་ཅེས་སྐྱེ་མེད་དམིགས་སྐུ་ལྔ་མེད་ཡེ་ཅེས་ཤེས་སུ་ཅེས་སྣང་བ་དང། ཅེས་བདེ་ཆེན་ཅེས་མེད་ཅེས་དམིགས་སྐུ་ལྔ་མེད་ཡེ་ཤེས་ཅེས་སྤྲེལ་སུ་སྣང་བའོ། །ཉིད་གསུམ་སྤྲོས་མེད་བྱང་ཆུབ་སྙིང་པོའི ་ཀློང་དུ་སྣང་བ་ལ་གསུམ་སྟེ། ཁྱབ་བརྡལ་གྱི་སེམས་ཉིད་བྱང་ཆུབ་སྙིང་པོར་སྣང་བ་དང། ཡངས་པའི་ཆོས་ཉིད་ཆོས་ཀྱི་དབྱིངས་སུ་སྣང་བ་དང། ནམ་མཁའ་ཨི་མཚན་ཉིད་སྤྲོས་པ་མེད་པར་སྣང་བའོ། །སྐབས་གསུམ་པ་ལ་ལྔ་སྟེ། ཆོས་སྐུ་རྟོག་མེད་ཀྱི་གདམ་ངག་དང། སྦྲུལ་སྐུ་འགག ་མེད་ཀྱི་གདམ་ངག་དང། ལོངས་སྐུ་གོང་གི་ཁྱབ་བརྡལ་བྱང་ཆུབ་སྙིང་ཅེས་སྤྲེལ་གོང་གིས་ཡངས་བ་དང་གཉིས་མེད་ཆོས་དབྱིངས་སྤྲེལ་ལ། གོང་གི་ནམ་མཁའ་ཨི་ཀློང་དང་ཀྱི་གདམ་ངག་།སྐུ་གསུམ་འོག་གི་འཕྲོས་མེད་སྤྲེལ་ཆིག་ཆོད་ཀྱི་གདམ་ངག་།སྐུ་བཞི་དོན་གྱི་གདམ་རྟོག་མེད་ཅེས་པ་ངག་ཅིར་ཡང་ཅི? ་གོ། དེ་ལ་བཞི་སྟེ། བསམ་གཉིས་མེད་ཅེས་པ་འདས་ཆོས་ཀྱི་སྐུ། བརྗོད་མེད་ལོངས་སྐུ། རང་གྲོལ་སྤྲུལ་པའི་སྐུ། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་སྐྱེ་མེད་རྡོ་རྗེ་ལྟ་བུའི་རྫོགས་ཅེས་སྐུའོ། །སྐབས་བཞི་པ་ལ་གཉིས་ཏེ། རྫོགས་ལུགས་ལྔའི་གདམ་ངག་དང། ཉམས་མྱོང ་གསུམ་པའི་གདམ་ངག་གོ་།རྫོགས་ལུགས་ཅེས་ལ་ལྔ་སྟེ་དཀྱུས་ན་ཅེས་གསལ་ལོ། །ཅེས་ཉམས་མྱོང་གསུམ་པ་ཀུན་བཟང་ཅེས་ལ་གསུམ་སྟེ། དང་པོ་གནས་པའི་གནས་ལུགས། བར་དུ་རྟོགས་པའི་རྟོགས་ལུགས། ཐ་མ་གྲོལ་བའི་གྲོལ་ལུགས་སོ། །དང་པོ་ལ ་གསུམ་སྟེ། ཆོས་ཅན། དམ་ཐོབ་སྒྲུབ་ཅེས་པ་ལྔ་བཅའ་། གཏན་ཚིགས་སོ། །སྐབས་ལྔ་པ་ལ་གསུམ་སྟེ། ཤེས་རབ་རྩལ་གྱི་གདམ་ངག་དང། རིག་པ་ཀློང་གི་གདམ་ངག་དང། ཡེ་ཤེས་རང་ས་དམིགས་མེད་ཅེས་པར་ཟིན་པའི་གདམ་གོ་པའི་ཡུལ་བ་ངག་གོ་།ཤེས་རབ་བརྩལ ་ལ་བཞི་སྟེ། མི་འགྱུར་དཔེ་བྲལ་ལྟ་བརྫོང་གི་གདམ་ངག་།ཅི་ཕྱིར་སྒོམ་པ་ཉམས་ཀྱི་གདམ་ངག་།སྤྱོད་པ་འགག་མེད་གདམ་ངག་།འབྲས་བུ་སྐྱེ་མེད་གདམ་ངག་གོ་།རིག་པ་ཀློང་ལ་གཉིས་ཏེ། རང་བཞིན་རྫོགས་པ་ཆེན་པོ་དང། གྱུར་པ་རྫོགས་པ་ཆེན་པོའོ། །ཡེ་ཤེས ་རངས་ཟིན་པ་ལ་གསུམ་སྟེ། རང་གཉིས་མེད་འབྱུང་དགག་བསྒྲུབ་ཡེ་དམིགས་ཤེས་ཀྱི་གདམ་ངག་འགའ་?་མེད་དང། སྟོང་པ་སྟོང་གསལ་ཡེ་དབྱེར་མེད་ཤེས་ཀྱི་གདམ་ངག་དང། ཟབ་མོ་ཡེ་ཤེས་ཀྱི་སྨྲ་བསམ་ཅེས་རྣ་གདམ་ངག་གོ་།དེ་ལ་དེ་ཉིད་ཤེས་ཤིང་ལྔ་སྟེ། དབྱིངས་གསུམ ་རྫོང་གསུམ། ཀློང་གཉིས། ཆོས་གསུམ་རྩེ་མོ་བྱུང་རྒྱལ་ལོ། །དབྱིངས་གསུམ་ནི། ཀུན་ཁྱབ་བརྡལ་བའི་དབྱིངས། དྲི་མེད་དག་པའི་དབྱིངས། རང་བཞིན་འོད་གསལ་དབྱིངས་སོ། །རྫོང་གསུམ་ནི། དོན་དམ་གཉིས་མེད་རྫོང། གཞི་མི་འགྱུར་བའི་རྫོང། ་ཆོས་སྐུ་སྐྱེ་བ་མེད་པའི་རྫོང་ངོ། །གློང་གཉིས་ནི། ཡེ་བདལ་ཆེན་པོའི་གཉིས་མེད་ཡང་དག་ཀློང། བྱང་ཆུབ་སེམས་ཀྱི་ཁྱབ་བདལ་དང་དབྱིངས་ཅེས་པ་སྤྲེ་ལ་ཅེས་པ་དང་དབྱིངས་སྤྲེལ་ཀློང་ངོ། །ཅེས་པ་དང་དབྱིངས་སྦྲེལ་ཆོས་གསུམ་ནི། གཉིས་མེད་དང་རྫོང་སྤྲེལ་མི་འགྱུར་དང་རྫོང་སྤྲེལ་ཀུན་རྫོགས ་ཅེས་པ་དང་རྫོང་སྦྲེལ་ཆེན་པོའི་ཆོས། མཛའ་བྲལ་མུན་སེལ་ཆོས། ཅེས་པ་དང་གཉིས་མེད་ཡང་ཀློང་སྦྲེལ་ཅེས་པ་དང་དག་ཆོས་སོ། །སྐབས་དྲུག་པ་ལ་གསུམ་སྟེ། མཚམས་ཀློང་སྦྲེལ་སྦྱོར་གྱི་ཚིག་དང། སྐུ་བཞི་དང། ངོ་མཚར་གྱི་ཚིག་གསུམ་མོ། །སྐུ་བཞི་ནི། དབྱེར་མེད་ནམ་མཁའ་ ་ལྟ་བུའི་སྐུ། ཅེས་པ་དང་དར་སྦྲེལ་ཅེས་བ་དང་རྫོགས་སྦྲེལ་སྐུ་རྒྱ་མཚོ་ལྟ་བུ་ཅེས་པ་དང་དང། ཆོས་སྐུ་ཉི་མ་ལྟ་སྦྲེལ་བུ་དང། སྤྲུལ་སྐུ་རིན་ཆེན་ལྟ་བུའོ། ཁྱབ་བདལ་མ་ཅེས་།ངོ་མཚར་གྱི་ཚིག་གསུམ་ནི། ཚིག་རེ་རེ་ལ་ཡང་གསུམ་གསུམ་དུ་ཕྱེ་བས་དགུ་སྟེ་ནམ་མཁའ་ཅེས་2 ་དཀྱུས་སུ་གསལ་ལོ། །སྐབས་བདུན་པ་ལ་གསུམ་སྟེ། མཚམས་མ་ཀི་ཏ་ཅེས་གཉིས་སྦྱོར་གྱི་ཚིག་དང། ཉི་མ་སྤྲིན་མེད་ཅེས་གཉིས་དྲང་དོན་དངོས་རྒྱལ་སྦྱིན་ཅེས་གཉིས་དང། གབ་པའི་ཚིག་བཞིའོ། །དྲང་དོན་ལ་དྲུག་སྐྱེ་མེད་ཅེས་པ་གསུམ་སྟེ། ལྟ་བ་དང། སྒོམ་པ་དང། སྤྱོད་པ་དང། ་ཉམས་དང། རྟགས་དང། འབྲས་བུའོ། །གབ་པའི་ཚིག་གསུམ་གཉིས་ཚིག་བཞི་ནི། རིག་པ་ངོས་གཟུང་བའི་གདམ་ངག་དང། དུ་མ་རོ་གཅིག་པའི་གདམ་ངག་དང། འཁྲུལ་པ་རང་གྲོལ་གྱི་གདམ་ངག་།འཁོར་བ་རྩད་ནས་ཅེས་གཅོད་པའི་ཅེས་རོ་སྙོམས་ཅེས ་རང་སྣང་ཅེས་གདམ་སྨྱུགས་མ་ཅེས་ཁྱབ་བདལ་ཅེས་ངག་གོ་།སྐབས་བརྒྱད་པ་ལ་གསུམ་སྟེ། མ་རངས་རྒྱལ་པོ་ཅེས་པའི་ཡེ་ཤེས་ཚིག་ཆོད་ཚིག་དང། དོན་བདུད་རྩི་ཅེས་དང་འགལ་བ་གངས་རི་ཅེས་མི་ཆོས་གཡེངས་ཤིང་རྟ་ཅེས་དང། དེས་ན་གདམས་ཨེ་མ་ཅེས་པ་1་པའོ།། ་ཡེ་ཤེས་ས་གཅིག་ཆོས་ཀྱི་དབྱིངས། །འབྲས་བུ་ཤེས་པའི་ཤེས་བྱ་ལ། །སྐབས་བརྒྱད་ཚེག་བར་བདུན་པའོ། །ཤད་བར་དགུ་བཅུ་ཐམ་པས་ཚད། །གབ་པ་གནད་ཀྱི་ལྡེ་མིག་ཞེས་བྱ་བ། སློབ་དཔོན་ཤྲི་སིང་ངས་མཛད་པའོ། །རྫོགས་སྟོ།། །།རྒྱ་གར་གྱི་མཁས་པ་ཤྲི་སིང ་ངས་གསུངས་པ། བོད་བན་བེ་རོ་ཙ་ནས་བསྒྱུར་བའོ།། །།དཔལ་ས་ར་ཧ་དང་མངའ་བདག་མཻ་ཏྲི་བའི་ཞུང་ཞུས་ལན་བཞུགས་སོ།། !། །ན་མོ་གུ་རུ། ཀུན་ཁྱབ་ཀུན་ཡིན་མཚོན་དུ་གང་ཡང་མེད། །བསམ་དུ་མེད་ཅིང་དམིགས་པའི་ཡུལ་ལས་འདས། །མཛའ་དབུས་མེད་ཅིང་ཕྱོགས ་