CLOSE WINDOW

N3835: dam tshigs lnga bcu pa
Wyliee-texts based on the ACIP/ALL Input

རོལ་དེ་བཞིན་ནང། །ཇི་ལྟར་ནང་བཞིན་ཕྱི་རོལ་ཏེ། །གཉིས་སུ་མེད་པའི་རྣལ་འབྱོར་འདིས། །སྒྲུབ་པ་རུ་ནི་རིགས་པ་ཡིན། །སློབ་དཔོན་ཆེན་པོ་ཀེ་ར་ལི་བས་མཛད་པ་དེ་ཁོ་ན་ཉིད་གྲུབ་པ་རྫོགས་སོ།། (།།དམ་ཚིག་ལྔ་བཅུ་པ་བཞུགས་སོ། །) ་!། །རྒྱ་གར་སྐད་དུ། ས་མ་ཡ་པཉྩ?་ཤི་ཀཱ། བོད་སྐད་དུ། དམ་ཚིག་ལྔ་བཅུ་པ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཐུགས་བརྩེར་བཅས་ལ་ཕྱག་འཚལ་ཏེ། །ཡང་དག་བདེ་བས་མཛའ་དག་དངོས་གྲུབ་གཏེར་ནི་སྒྲུབ་བྱེད་བ། ། ་དཔལ་ལྡན་གསང་བའི་རྒྱུད་མང་ལས་གསུངས་ཤིན་ཏུ་གསང་བ་ཡི། །ཚོགས་ཀྱི་འཁོར་ལོའི་ཆོ་ག་བཟང་པོ་མདོར་བསྡུས་གསལ་བར་བྱ། །ཉིན་དང་མཚན་མོའམ་ཉིན་རེ་བཞིན་ནམ་ཡང་ན་ནི། ཇི་ལྟར་ཐོབ་པའམ་དེ་བཞིན་ཡང་ན་ཚིགས་ཀྱི་ཉིན། །ཡང་ན་ཟླ་བ་སོ་སོར་འཁོར་ལོ་བྱ་བ་སྟེ། ། ་ལོ་ལས་འདས་པར་གྱུར་ན་བགེགས་ནི་བྱེད་པ་ཉིད། གཉེར་ཚེ་མེད་པའི་དུར་ཁྲོད་དང་ནི་དགོན་པ་འམ། །ཡང་ན་རྫིང་བུའི་འགྲམ་དང་སྐྱེས་མོས་ཚལ་དག་དང། །ཆུ་གཏེར་འགྲམ་དང་རི་བོ་ཡི་ནི་སུལ་དག་དང། །ཕུག་བཟང་སོགས་སུ་འཁོར་ལོ་འབྲས་བུ་རབ་ཏུ་སྟེ? ་3། དཔལ་ལྡན་ཡང་དག་རབ་སྦྱིན་ཐོབ། །ཆོ་ག་ཤེས་ཤིང་སྙིང་རྩེར་ལྡན། །འཇིག་རྟེན་ཆོས་ལམ་ཆགས་ཤིང། །ཆགས་དང་རྒྱུ་ལ་སོགས་པ་སྤངས། །སྙན་བར་སྨྲ་ཞིང་བཞིན་འཛུམ་ལྡན། །བཟོད་བཅས་དྲན་དང་བརྩོན་འགྲུས་ལྡན། །ཚོགས་ཀྱི་དཀྱིལ་འཁོར་འདྲན་པ་རུང། །དཔལ ་ལྡན་རྡོ་རྗེ་སེམས་དཔས་གསུངས། །དེ་ཡི་དཀྱིལ་འཁོར་པ་རྣམས་ཀྱང། །སྐལ་བར་ལྡན་ཞིང་ཆགས་སོགས་སྤངས། །དབང་བསྐུར་ཐོབ་ཅིང་བློ་གྲོས་དང། །བཟོད་བརྩོན་དྲན་དང་སྙིང་བརྩེར་ལྡན། །རྒན་རིགས་བཞིན་དུ་འདུག་པར་འདོད། །དམ་ཚིག་སྤྱོད་པའི་སྤྱོད་པ་ལྡན། །དབང་མ་ཐོབ་པས ་མི་རིགས་པར། །དེར་ནི་སྒྲུབ་པོས་འཁོར་ལོ་བྱ། །མེ་ཏོག་བཟང་དང་བདུག་སྤོས་སྒྲོན་མེ་དང། །བྱུག་པ་རྣམ་མང་བཟའ་བཏུང་སྣ་ཚོགས་དང། །མལ་སྟན་དང་ནི་རྨ་མེད་ཡིད་འོང་ཡོན་རྣམས་ཏེ། །འདི་དག་ཆེས་མང་བའམ་ཇི་ལྟར་རྙེད་པ་བསྒྲུབ། དེ་ནས་རོ་འོམ་སྟག་གི་ནི། །པགས་པར ་འཁོར་ལོའི་དབང་འདུག་སྟེ། །མི་རུས་ཀྱི་ནི་རྒྱན་ཆ་འམ། །ཡང་ན་ས་ལས་བྱས་པས་བརྒྱན། །ཕྱི་ཡི་རིག་མ་མཆོག་དང་བཅས། །སློབ་མ་བཟང་པོས་ཡོངས་སུ་བསྐོར། །དེ་ཡང་རང་རིག་རིག་མང་བཅས། །མི་ནུས་ན་ནི་བསམས་ཀྱང་རུང། །སློབ་མ་མཁས་ཤིང་ཆོ་ག་ཤེས། །དྲན་དང་བརྩོན ་འགྲུས་བཟོད་པར་ལྡན། །བླ་མ་ལ་ནི་ཡང་དག་གུས། །ལས་ཀྱི་རྡོ་རྗེར་བཞག་པར་བྱ། །གང་ཡང་དབང་བསྐུར་མ་ཐོབ་དང། །ཐོབ་ཀྱང་གཡོན་ཅན་གདུག་པ་ཅན། །དེ་དག་གིས་ནི་འཁོར་ལོ་དག་།ཐག་རིང་ནས་ཀྱང་མི་མཐོང་བྱ། །བླ་མས་བདེ་བ་ཆེ་བསམས་ནས། །ཤ་སོགས་སྦྱངས་པའི ་གཏོར་མ་ནི། །འབྱུང་པོ་ཐམས་ཅད་པ་ལ་སྦྱིན། །མེ་རྟོག་རྣམས་ཀྱིས་རང་ལུས་མཆོད། །སོ་སོར་སྣོད་ནི་རེ་རེ་སྟེ། །བླ་མ་ལ་ནི་སླར་ཡང་དབུལ། །དེ་བཞིན་བཟའ་བའི་སྣོད་གཉིས་དང། །བཏུང་སོགས་ཉིས་འགྱུར་ཚོགས་སུའོ། །དེ་ནས་རྣལ་འབྱོར་རིག་པ་ཡིས། །རང་ཞལ་ཐབ་ཁུང་ཡིད་ཀྱི་མེར།། ་འབྲས་ཆན?་ཤ་སོགས་མཆོད་པ་ཡི། །བསྲེག་བླུགས་ལག་པའི་དགང་བླུགས་ཀྱིས། །ནང་གི་སྦྱིན་སྲེག་ཚུལ་གྱིས་ནི། །འདོད་པའི་ལྷ་ནི་ཚིམ་པར་བྱ། །ཀོལླ་ཨི་རི་སོགས་དང་གཞན། །ཀླུ་རྣམས་ཀྱིས་ཀྱང་ཚིམ་པར་བྱ། །དགོངས་པའི་སྐད་ཀྱང་སྨྲ་བར་བྱ། །བདུད་རྩི་ལྔ་དང་སྒྲོན་མ་དང། །སྤྱན ་བཟང་རིག་མ་བརྒྱད་པོ་རྣམས། ཆོ་ག་ཤེས་པས་བསྟེན་པར་བྱ། །དྲན་པ་མངོན་གྱུར་རྣལ་འབྱོར་གྱིས། །ཁྲག་འཐུང་གཟུགས་ཀྱིས་གར་བྱ་སྟེ། །སྒོམ་ལ་དགའ་ཞིང་གོམས་པ་དང། །དགའ་བ་གོམས་པའི་ཡིད་ཀྱིས་ནི། །རྡོ་རྗེ་ཆོས་དང་སངས་རྒྱས་དང། །དེ་བཞིན་རྣལ་འབྱོར་མ་དང་ཡུམ། །འདི་དག་ལྷན ་ཅིག་གླུ་དང་གར། །ཡང་ཡང་གླུ་བླང་གར་བྱའོ། །འདི་ཉིད་ཚོགས་བསྲུང་བ་ཡིན་ཏེ། །བདག་བསྲུང་བ་དང་འདི་ཉིད་ཡིན། །འཇིག་རྟེན་བསྲུང་བའང་འདི་ཉིད་དེ། །སྔགས་བཟླས་པ་ཡང་འདི་ཉིད་དོ། །གང་དུ་གུས་བཅས་གླུ་བླང་དང། །གང་དུ་གུས་བཅས་གར་བྱེད་པ། །ཚོགས་ཀྱི་གཙོ་བོའི་མདུན་དུ་སྟེ།། ་དེར་ནི་དྲི་ཡང་མཚོན་བར་བྱ། །སྒོག་པའི་དྲི་ནི་དང་པོ་སྟེ། །དེ་ནས་ཡང་ནི་བྱ་རྒོད་དྲི། །ག་བུར་མ་ལ་ཡ་སྐྱེས་དྲི། །གླུ་ཡི་བྱིན་རླབས་མཚན་ཉིད་དོ། །སྒྲ་ནི་ངང་པ་བུང་བ་དང། །ངེས་པར་ཕན་པའི་སྐད་དང་ནི། །ཁྱད་པར་དུ་ནི་གླུ་སྨྲའོ། །བ་ལང་འཚེ་ཡི་སྒྲ་ཡང་ནི། །ཕྱི་རོལ་ཚིལ་དུ་མཚོན་པར་བྱ། །གང་ཡང་ཐོབ་བྱ ་མིན་པ་དང། །གང་ཡང་སྐལ་མེད་དེ་དག་སྤང། །བདུད་རྩི་ལྔ་དང་སྒྲོན་མ་སོགས། །དེ་བསམས་ནས་ནི་ཡོངས་སུ་བརྟག་།འཁོར་ལོའི་དབང་པོས་བྱིན་བརླབས་པའི། །སྣོད་དུ་དམའ་བར་གཟུང་ནས་སྦྱིན། །གང་ལ་སྣོད་དེ་བྱིན་པ་ན། །བོ་བ་མ་ཡིན་འཕྱང་བ་མིན། །སྒེག་དང་བརྙས་སོགས་དང་བྲལ་བས།། ་པདྨའི་ཕྱག་རྒྱས་གཟུང་བར་བྱ། །རང་གི་ལག་གིས་མ་ཡེངས་པར། །ཅུང་ཟད་བཏུང་ཞིང་ལེགས་པར་བཀང། །དེ་ཡི་ཕྱག་རྒྱས་གཏད་ནས་ནི། །ལེགས་པར་བཏུད་དེ་ཡང་དག་འདུག་།དེར་ནི་སྒྲུབ་པོས་ཡང་དང་ཡང། །དམ་པའི་ཕྱག་ནི་བཙལ་བར་བྱ། །སྣོད་གང་ས་ལ་བཞག་པའམ། །ཡང་ན་གང་ཞིག ་གཞན་ལ་སྦྱིན། །ཡང་ན་གང་གི་ལག་ནས་ལྷུང། །དེ་ལ་བླ་མས་ཆད་པ་སྦྱིན། །རང་ཉིད་ཟ་བར་འདོད་པ་ཡིས། །བཟའ་དང་བཏུང་བ་འཛིན་བྱེད་དང། །གང་ཡང་རྩོད་པ་སྨྲ་བྱེད་པ། །དེ་དག་མྱུར་དུ་གནས་ནས་དབྱུང། །བླ་མས་བསྒོ་བ་མི་ནུས་ནས། །དེ་ཚེ་དེ་དག་སྡིག་པ་ཅན། །རང་ཉིད་གཞན་དུ་འགྲོ་བའི། ་ཡང་ན་མི་སྨྲ་གནས་པར་བྱ། །ལས་ཀྱི་རྡོ་རྗེ་བཏུང་བ་སོགས། །རང་གིས་བླངས་པ་སུན་མི་དབྱུང། །བཤང་གཅིས་གཟིར་ན་ཕྱི་རོལ་འགྲོ། ཤུགས་དགག་པར་ནི་མི་བྱའོ། །ང་རྒྱལ་ཞེ་སྡང་གཞན་ལ་སྨོད། །དེ་བཞིན་དམ་པ་མིན་པའི་གཏམ། །རྩོད་དང་ཅ་ཅོ་སེམས ་བ་དང། །སུན་འབྱིན་རྣམ་པར་སྤང་བར་བྱས་བཀག་པ་སྤྱད་ན་རྩ་བ་དང། །སྤོམ་པོའི་ལྟུང་བ་འབྱུང་བར་འདོད། །ལྟུང་བ་ཆོ་ག་བཞིན་བྱས་ན། །ལྟུང་ལས་ལྡང་བར་ཡོངས་སུ་བསྒྲགས། །སློབ་དཔོན་གྱིས་ནི་བར་དུ་ཡང། །འབྱུང་པོ་ཚིམ་ཕྱིར་གཏོར་མ་སྦྱིན། །དེ་ཚེ་བཀའ་བཞིན་གུས་བཅས་པས། །གར ་དང་གླུ་ལ་སོགས་པ་བྱ། །ཚོགས་ཀྱི་ལས་དང་གཞན་གྱི་ཚེ་དང། །རྐང་པ་ལག་པ་ལ་སོགས་བསྐུམ། །ཤིན་ཏུ་བག་མེད་རྒྱུར་གྱུར་པ། །ཤིན་ཏུ་དགའ་བ་བཟློག་པར་བྱ། །ཤིན་ཏུ་དགའ་ལས་རྣམ་གཡེང་འགྱུར། །རྣམ་གཡེང་ལས་ནི་རྣལ་འབྱོར་ཉམས། །རྣལ་འབྱོར་དམན་ལས་དངོས་གྲུབ ་མེད། །བཟློག་དཀའ་བདུད་ཀྱི་ལས་ཀྱང་འབྱུང། །གང་ཞིག་ཡིད་ཀྱི་ཚུལ་ཁྲིམས་སྲུངས། །རང་གཞན་ཡང་དག་མཆོད་པར་བྱ། །གཟུགས་སོགས་རྣམ་མན་ངག་གྱུར་པ། །དེ་ཡིས་འདི་ལ་གྲུབ་པར་འགྱུར། དངོས་གྲུབ་འདོད་པས་དངོས་གྲུབ་ཕྱིར། །རྣམ་པར་སྤང་པའི་སེམས་དང་ནི། །གཞན་པའི ་གཟུགས་ཀྱིས་སྐད་ཅིག་ཀྱང། །མཁས་པས་གནས་པར་མི་བྱའོ། ཇི་སྙེད་མཚན་མའི་རྣམ་གཡེང་དང། བརྗོད་པ་རབ་འབྱམས་ཐམས་ཅད་ཀྱང། དཔལ་ལྡན་ཁྲག་འཐུང་གནས་འདུག་ན། དེ་སྙེད་སྔགས་དང་ཕྱག་རྒྱར་འགྱུར། །དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་འགྱུར ་བ། །དུག་གི་དེ་ཉིད་ཤེས་པ་ཡིས། །དུག་གིས་དུག་ནི་འབིགས་པར་བྱེད། །བྱ་བ་འགའ་ཡིས་བྲེལ་པའམ། །རིང་དུ་འདུག་པར་མི་བཟོད་པ། །དེ་ཡིས་ཞུས་ནས་འགྲོ་བར་བྱ། །བཟོད་པ་གསོལ་ནས་ཕྱག་ཀྱང་བཙལ། །མྱུར་བའི་བྱ་བ་ཐམས་ཅད་དང། །གཞན་ཡང་རྒྱུད་ལས་གསུངས་པ ་རྣམས། །དགའ་བའི་བསམ་པས་རྣལ་འབྱོར་པས། །འདི་དག་དལ་བུ་དལ་བུ་བྱ། །དེ་ལྟར་བསྒྲུབས་པའི་འཁོར་ལོ་ཆེ། །སློབ་མ་བཟང་པོ་དང་བཅས་པ། །སྒོམ་ལ་སོགས་པའི་སྟོབས་ཀྱིས་ནི། །སྲིད་པ་འདི་ལ་གྲུབ་པར་འགྱུར། །དེ་བཞིན་འདིར་ནི་སྒོམ་པ་སོགས། །ཡིད་ནི་གཞན་དུ་མ་ཡེ་? ་བྱ། །གལ་ཏེ་ལྟུང་བ་མེད་གྱུར་ན། །བཅུ་དྲུག་པ་ལ་གྲུབ་པར་འགྱུར། །བླ་མས་ཐ་མའི་གཏོར་མ་སྦྱིན། །དེ་བཞིན་ལྷག་གཏོར་ཕྱི་རོལ་དུའོ། །སྒྲུབ་པོ་རྣམས་ཀྱིས་ཅི་འདོད་པའི། །སྨོན་ལམ་ཡང་ནི་གདབ་པར་བྱ། །རྣམ་རྟོག་མཛའ་དག་ནུབ་ཅིང་སྲིད་ཞི་དག་།མཉམ་པར་གཟིགས་ཤིང་རྟག་ཏུ་རྣམ ་འགྱུར་མེད། །དཔེ་མེད་བདེ་བའི་རོལ་དགྱེས་གྱུར་པ། དཔའ་བོ་རྣལ་འབྱོར་འཁོར་ལོ་མཆོག་ལ་འདུད། །རྡོ་རྗེའི་ལྷ་མོ་ལུས་དང་ཡན་ལག་བཅས། །རྟོག་པའི་རྩ་བ་ཏིང་ངེ་འཛིན་གྱིས་སྦྱངས། །དགེ་བ་འདི་ཡིས་བདག་གིས་མི་རིང་བར། །ཐབས་ཀྱིས་དེ་ནི་ཡང་དག་མཐོང་གྱུར་ཅིག་།དེ་ནས ་དངོས་ཀྱིས་ཕྱག་འཚལ་ཏེ། །དཔལ་ལྡན་འཁོར་ལོ་གཤེགས་གསོལ་བྱ། །ཚོགས་ཀུན་གཤེགས་གསོལ་བྱས་ནས་ནི། །ཅི་བདེ་བར་ནི་གནས་པར་བྱ། །དེ་ལྟར་བླ་མ་བརྒྱུད་པ་ལས་ཐོབ་པའི། །ཆོ་ག་ཤིན་ཏུ་ཉུང་ངུར་བརྗོད་པ་འདི། །བདག་ཉིད་དྲན་པའི་ཆེད་དུ་བྱས་གྱུར་པ། །དེ་ལ་མཁས ་བ་རྣམས་ཀྱིས་བཟོད་པར་མཛོད། །དངོས་གྲུབ་རྣམས་ཀྱི་གཏེར་གྱུར་རྒྱུན་ཆགས་ཚོགས་འཁོར་ཆོ་ག་ནི། །རྣམ་གསལ་བྱས་ལས་བདག་གིས་བསོད་ནམས་གང་ཐོབ་དེས་འགྲོ་རྣམས། །འབྲས་བུ་དཔལ་ལྡན་རྡོ་རྗེ་རབ་དགྱེས་ཆགས་མེད་སྐལ་བཟང་ཉིད། །སྲིད་ལས་རྣམ་གྲོལ་རབ་ཞི ་ཕྱག་རྒྱ་ཆེན་པོ་གྲུབ་གྱུར་ཅིག་།ཞེས་པ་དམ་ཚིག་ལྔ་བཅུ་པ་རྫོགས་སོ།། །།འདི་ནི་གྲོང་ཁྱེར་ཆེན་པོ་དགྲ་འཇོམས་ཞེས་བྱ་བ་བུ་ཀཾ་ཡུལ་གྱི་དགེ་སློང་ཨཱ་ནནད་པྲཛྙཱ་ཞེས་བྱ་བ་དང། ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲས། དཔལ་དགེ་བ་འབྱུང་བའི་ཡུལ་གྲུ ་གྲཝའི་གཞིས་ཁ་ལྷུན་གྲུབ་གླིང་དུ། ས་སྐྱོང་ཆོས་ཀྱི་སྤྱན་ལྡན་དཔོན་ཆེན་ཀུན་དགའ་རིན་ཆེན་རྒྱལ་པོ་བའི་བཀའ་བཞིན་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།སླར་ཡང་བྱམས་པ་གླིང་དུ་ལོ་ཙཱ་བ་བ་རི་དྷརྨ་ཀཱིརྟིས་བསྒྱུར་བའི་འགྱུར་རྙིང་ཞིག་ལ་གཏུགས་ཏེ་དག་པར ་བྱའོ། །སྔར་གྱི་འགྱུར་རྙིང་ལ། དམ་ཚིག་ལྔ་བཅུ་པ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཞབས་ཀྱིས་མཛད་པ་ཞེས་སྣང།། །།!། །རྒྱ་གར་སྐད་དུ། ཕ་ལ་ཛྙ་ནཱ་དྷརྨ་དྷ་དྷུ། བོད་སྐད་དུ། འབྲས་བུ་ཡེ་ཤེས་ས་གཅིག་ཆོས་ཀྱི་དབྱིངས་འདི་ལ་སྐབས་བརྒྱད་དེ། ་