| Wylie | e-texts based on the ACIP/ALL Input |
སྨྲ་བ་གཞོན་ནུ་དཔལ་གྱིས་དིང་རིང་བསྒྱུར་བའོ།། །།ནགས་ཀྱི་རིན་ཆེན་བསྟོད་པ་བདུན་པ་ཉི་མ་པ་མཛད་པ་རྩེ་ཐང་ལོ་ཙའི་འགྱུར།། !། །རྒྱ་གར་སྐད་དུ། ཤྲཱི་གུ་རུ་མྦ་ན་རཏན་སྟོ་ཏྲ(རྒྱུད་འགྲེལ་པ་བདུན་པ། དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་ཞབས་ལ་ཕྱག་འཚལ་ལོ། །བལ་པོའི་ཡུལ་གྱི་རྒྱལ་པོ་བདེ་པར་གཤེགས་པ་ཡི། །ལུགས་ལ་རྟག་ཏུ་རྗེས་སུ་བརྩོན་པ་ལ་བཀོད་ཅིང། །མཁས་པ་རྣམས་ཀྱི་མཛོད་གྱུར་མཐར་ཐུག་ཡོན་ཏན་གྱི། །ཚོགས་ཀྱི་ཟབ་མོ ་སྣང་མཛད་དགེ་སློང་རྒྱལ་པོ་སྟེ། །རྣམ་པར་གྲགས་ཤིང་མཚུངས་པ་མེད་པའི་གྲགས་པ་ཡི། །རྒྱལ་མཚན་བླ་རེ་དར་དཔྱངས་ཟབ་ཅིང་རྒྱ་ཆེའི་བློ། །སྐུ་ཡང་སེམས་ཅན་རྣམས་ཀྱི་སྐྱབས་ནི་གཅིག་པུ་སྟེ། །ཐེག་ཆེན་ཡང་དག་སྡོམ་པས་གྲུབ་པའི་མཛའ་ཡི་མཛོད། ། ་ནགས་ཀྱི་རིན་ཆེན་ཞེས་བྱ་སྡོམ་བརྩོན་མཆོག་གི་བློ། །གནས་བརྟན་འདི་ན་གཉིས་མེད་ཆོས་ཀྱི་དེ་ཉིད་རིག་།འདུལ་བའི་སྡོམ་པས་ཡང་དག་སྡོམ་ལ་མངོན་པར་བརྩོན། །ཕ་རྒོལ་གླང་པོའི་དབང་ལ་རི་དགས་རྒྱལ་པོ་ལགས། །ཕྱག་འཚལ་སྡོམ་བརྩོན་ཆེན་པོའི་རྒྱལ་པོ་རྣམས ་ཀྱི་མཆོག་།མཆོག་གི་ཚུལ་ལ་རབ་ཏུ་རྣམ་པར་ངེས་པ་སྐྱེ། །སྐྱེ་བོ་སྡུག་བསྔལ་དག་ལས་འབྱིན་བྱེད་གཅིག་པུ་མཆོག་།མཆོག་ཏུ་ནགས་ཀྱི་རིན་ཆེན་གནས་བརྟན་ཆེན་པོ་ལགས། །ཆགས་བྲལ་སེམས་ཅན་མ་ལུས་པ་དག་སད་པར་མཛད། །ཕྱག་གི་ཆུ་སྐྱེས་དག་གིས་མཚན ་གྱི་?་ཆང་བ། །འཛིན་མའི་མཐིལ་གྱི་རྒྱན་དུ་གྱུར་པ་མཛེས་བའི་སྐུ། །གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་རབ་ཏུ་མཛེས། །དགའ་བྲལ་དགའ་བའི་གླང་པོ་ལ་སོགས་དྲི་མ་མེད། །དྲི་མ་དྲི་མ་མེད་ཅིང་བྲལ་བ་ཉམས་སུ་མྱོང། །སྲིད་དང་སྲིད་པ་མ་ཡིན་གཉིས་ཀྱི་འབེན་ལ ་མངའ་། །གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་སྐྱབས་སུ་གྱུར། །དགའ་བྲལ་དང་པོའི་བདུད་རྩིའི་བཏུང་བ་དག་ལ་དགྱེས། །དགྱེས་ཤིང་ངེས་ལ་དུལ་བའི་ཡལ་ག་བརྒྱ་ཕྲག་གིས། །སེམས་ཅན་བརྒྱ་ཕྲག་ཚོགས་རྣམས་ཡོངས་སུ་སྨིན་པ་དག་།རྩི་མཛད་གནས་བརྟན་ཆེན་པོ་ནགས ་ཀྱི་རིན་ཆེན་པོ། །བདུད་སྡེ་ལ་སོགས་རྣམས་ཀྱི་ཁ་ལ་རོ་མེད་མཛད། །ཁ་ཡི་ཆུ་སྐྱེས་དག་ནི་སྒྲ་ཡིས་གང་བ་འཇོམས། །སྐྱེ་མཆེད་འདར་བའི་ཕ་རྒོལ་རི་ཡི་དབང་པོ་འཁྲུ། །ཁྲུས་མཛད་ནགས་ཀྱི་རིན་ཆེན་གནས་བརྟན་ཆེན་པོའོ། །དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད ་པ་བདུན་པ་འདི་ནི་རྫོགས་སོ།། །།ཡུལ་མ་ག་དྷ་ནས་བྱུང་བའི་དགེ་བསྙེན་དམ་པ་ཉི་མ་པ་ཞེས་བྱ་བས་མཛད་པའོ། །འདི་ནི་སྤྱན་སྔ་ཆོས་ཀྱི་རྒྱལ་པོས་གསེར་གྱི་མེ་ཏོག་དང་བཅས་པའི་བཀའ་ལུང་གིས། རྩེ་ཐང་ལོ་ཙ་བ་གཞོན་ནུ ་དཔལ་གྱིས་བསྒྱུར་བའོ།། །།དེ་ཁོ་ན་ཉིད་གྲུབ་པ་སློབ་དཔོན་ཀེ་ར་ལི་མ་མཛད་པ་བཞུགས་སོ།། !། །རྒྱ་གར་སྐད་དུ། ཤྲཱི་ཏ་ཏཥ?་སིདྡྷི། བོད་སྐད་དུ། དཔལ་དེ་ཁོ་ན་ཉིད་གྲུབ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་ཆུབ་རྡོ་རྗེ་ནི། །ཚེ་འདིས་འགྲུབ་ཀྱི་གཞན་དུ ་