| Wylie | e-texts based on the ACIP/ALL Input |
བཛྲ་ཀི་ཏ་མ་ཀོ་ལླ?་ཨ་ཧོ། །འཁོར་བརྩད་ནས་གཅོད་པར་བྱེད་པ། སྙན་རྒྱུད་ཡི་གེ་མེད་པའི་མན་ངག་།སློབ་དཔོན་ཤྲི་ཤིང་ངས་མཛད་པའོ། །རྫོགས་སོ།། །། !། །རྒྱ་གར་སྐད་དུ། ཏི་ཤ་ཨ་ཀར་ཤ་ནི་སན་ཏ་ཏ་ན་ཏྲ་པན་ཙི་ཀ་།བོད་སྐད་དུ། ལྟ་བ ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་དཀའ་འགྲེལ། སྤྲོས་བྲལ་རིག་པའི་ལྷ་ལ་ཕྱག་འཚལ་ལོ། །ེ་མ་རྒྱུད་དོན་གླད་?་གཞུང་དང་འཇུག་དོན་ནོ། །དང་པོ་ལ་གཉིས་ཏེ་མཚན་དང་ཕྱག་།དང་པོ་རྒྱུད་ཀྱི་མཚན་བསྟན་པ། །རྒྱ་སྐད་བོད་སྐད་བཅས་པ་སྟེ། དགོང?་ཆེར་སྦྱར་བ་དོན་བཤད་པ། །གསུམ་གྱི་མཚན་དོན་གཏན་ལ་དབབ། ?་?་? ་བརྩལ་?་?་གསུམ་མིན་ཏེ། གསུམ་དུ་བཤད། །གླེང་གཞི་སྐྱེ་བ་མེད་པ་དང། །དངོས་པོ་ཟབ་མོ་བཅུ་གཉིས་དང། །གཏད་པ་འགྱུར་བ་མེད་པའོ། །སྐྱེ་བ་མེད་པ་དབྱེ་ན་གཉིས། །སྤྲོས་བྲལ་ཕུན་སུམ་ཚོགས་པ་དང། །རོལ་པ་འཕྲིན་དྲིས་ལན་བསྟན་པའོ། ཕུན་སུམ་ཚོགས་པ ་དྲུག་ཡིན་ཏེ། །རྟོགས?་ལྡན་དུས་ཀྱི་མན་ངག་དང། །ཆོས་ཉིད་གནས་ཀྱི་གདམ་ངག་དང། །སྐྱེ་མེད་སྟོན་པའི་གདམ་ངག་དང། །ཡེ་ཤེས་ལེའུ་དང་པོ་སྟེ་ལེའུའི་གཞུང་དང་ལེ་ཚན་ནོ་གཞུང་ལ་གླེང་བཞི་9་ལེའུ་སྟོད་ཀྱིས་སྟོན་ཀྱེན་གླེང་བསླ?་9་ལེའུ་སྨད་ཀྱི་སྟན་འཁོར་གྱི་གདམ་ངག་དང། །དབྱེར ་མེད་སྡུད་པའི་རྡོ་རྗེ་སེམས་འདི་དང་གདམ་ངག་དང། །མཁའ་གློང་རྨད་ཨེ་མའོ་ངོ་མཚར་འབྱུང་ཀུན་བཟང་བསྟན་པའི་གདམ་ངག་ཅེས་སོ?། །ཞུས་ལན་ལ་ནི་རྣམ་པ་གསུམ། །ཚིག་གསུམ་དེ་ནས་སེམས་དཔའ་རྡོ་རྗེ་ཅེས་པ་ལྔ་འཁོར་གྱིས་ཞུས་པ་དང། བཅུ་བཅོམ་ལྡན་འདས་ཅེས་གཅིག་ཉི་མ་ལྔ ་གཉིས་སྟོན་པས་ལན་བཏབ་དང། །རྒོལ་བརྩོད་ཚུལ་ཞུས་ཤེས་པར་ཨེ་མ་ཀུན་བཟང་ཅེས་པ་གཅིག་དྲུག་བྱ། །དེ་ནས་ཡང་དག་བཤད་པར་བྱ། །རྒྱུད་ཀྱི་དངོས་པོ་གསུམ་དུ་བསྟན། །གཞི་དང་ལམ་དང་འབྲས་བུ་གསུམ། །རེ་རེ་ལ་ཡང་བཞི་བཞི་སྟེ། །?་ ་དབྱེ་བ་བཅུ་གཉིས་སོ།། །།ལེའུ་རྒྱུད་ཀྱི་དངོས་པོ་གསུམ་ཡིན་ཏེ། །ཀུན་གཞི་རྩད་ནས་བཅད་པ་དང། །ཤེས་བྱ་གྲས་ཐག་གཅད་པ་དང། །རིག་པ་རང་སར་གྲོལ་བའོ། །རེ་རེ་ལ་ཡང་ན་རྣ་སྟེ། །ལེའུ་བཅུ་གཉིས་དག་གི་སྟོན། །དང་པོ་གཉིས་གསུམ་སྣ་ལྔ་ལས།། གཉིས་ལེའུ་གཉིས་པའི་གཞུང་ལ་གཉིས་ཏེ། དར་ཉིད་སྐྱེ་མེད་རྣམ་པར་དག་པ་དངོས་དང ་དེ་ལས་སྐྱེ་བའི་ཆོ་འཕྲུལ་འོང་བའི་རྒྱུ་མཚན་ནོ། །དང་པོ་ལ་གཉིས་ཏེ། ཀློང་ཆེན་དགུའི་བདག་ཉིད་དང། རྣམ་དག་ཆེན་པོར་བཞུགས་ཚུལ་ལོ། །དཔྱད། ?་གཉིས་སུ་བཤད་གཞུང་དང་མཚན་དུ་ཤེས་པར་བྱ། གཞུང་ལ་རྣམ་པ་གསུམ་དུ་བཤད། །ཀློང་ཆེན་དགུ་ཡི་གདམ་ངག་དང། །དག་པ་ཉེར་གཅིག་གདམ་ངག་དང། །གནས་ས་ལྟོ ་སྦྱོར་མི་སྐྱེ་ཅེས་པ་ལྔ་གདམ་ངག་གོ་།དང་པོའི་སྐྱེ་བ་མེད་དང་པོ་བདུན་དགག་བྱ་ཅེས་བཅུ་རྣ་ཡིན་ཏེ། །ཐོག་9་དེ་ནས་ཅེས་པ་གསུམ་མའི་གཉིས་9་གཅིག་གི་འོག་ལ་དེ་ཉིད་གདགས། །ཐ་དགག་ཅེས་པ་གཅིག་ལ་གོང་དུ་ཀློང་སྦྱར་མའི་གཅིག་ལ་གོང་དུ་ཀློང། །གསུམ་གྱི་དོན་? ་མཛའ་ཨི་དེ་ཉིད་སྐྱེ་མེད་ཡིན་ཅེས་པ་རྣ་ལ་རྒྱས་རྣམ་པར་བརྒྱན། །གཉིས་མ་སྐྱེས་པ་བརྒྱད་པའི་གཉིས་པ་བརྒྱད་ཡིན་ཏེ། །བཞི་བཞིའི་ཐ་མ་དག་ན་ནི། །རང་བཞིན་དང་ནི་དག་པའི་ཆོས། །རེ་རེ་དོན་ལ་ཡང་རྒྱན་པར་བྱ། །ཐ་མ་ཚིག་སྤྲོས་མེད་བྱང་ཆུབ་སྙིང་པོ་ཅེས་པ་བཅུ་ཤད་ཕྱེད་དང་གསུམ། ། ་ལྟ་སྒོམ་སྤྱོད་འབྲས་རྣམ་པ་བཞིར། །རྫོང་གཉིས་ནས་ནི་རིམས་ཀྱིས་སྦྱར། །ཕྱེད་ཀྱིས་བཞི་ལ་རྣམ་པར་བརྒྱན། །དེ་ནས་ཡང་དག་བཤད་པར་བྱ། །གསུམ་པ་ལ་ནི་བཞི་གཉིས་ཏེ་གཞུང་དང་མཚན་གཞུང་ལ་རུ་བཤད། །ལྷུན་གྲུབ་ཀུན་ཁྱབ་རྣམ་པར་དག་།མ་རྟོགས་པ་དང ་རྣམ་པ་བཞི། །ལྷུན་གྲུབ་རྣམ་པ་གསུམ་དུ་བཤད། །སྙིང་པོ་སྤས་པ་མེད་པ་ནི། །དང་པོའི་གཉིས་དེ་ནས་ཅེས་པ་གསུམ་ལ་ཤེས་པར་བྱ། །ལྷུན་གྲུབ་དངོས་དོན་དམ་ཅེས་པ་རྣ་ནི་དེ་འོག་བཞི། །མཁའ་ལྟར་མི་འགྱུར་ཅེས་པ་དྲི་དག་པ་དེ་འོག་གསུམ། །འཁོར་འདས་ཀུན་ལ་ཁྱབ ་པ་ནི། །རྒྱལ་བ་ཅེས་རྣམས་ཀྱིས་པ་རྣམ་པ་བཞི། །རྣམ་པར་དག་པ་གསུམ་དུ་བཤད། །ཡེ་ཤེས་ག་གདོད་མ་རང་ལ་བརྩལ་བ་ནི། །ཡེ་ཤེས་ཆེན་པོ་ཅེས་པ་གཉིས། །སྐྱེ་མེད་ངོ་བོས་སྟོང་པ་ནི། །དེ་ཡི་སེམས་ཀྱི་ཅེས་པ་གཉིས་འོག་ན་དེ་བཞིན་གཉིས། །རྟོགས་ལྡན་མཆོག་གི་མན་ངག་ནི། །གཅིག ་འདས་མདག་བདེན་པའི་ཅེས་པ་གསུམ་པ་ཡི་གསུམ་པོ་ལ། །གཉིས་འདས་རྫོགས་པར་གྱུར་ན་ཅེས་པ་1་པ་ཡི་གཅིག་ཀྱང་གདགས། །མ་རྟོགས་ལམ་ནོར་མུན་པ་ནི། །ེས?་བརྒྱན་ཨེ་མ་རང་ལ་ཅེས་པ་གཉིས་པ་ཡི་གཉིས་པ་ལ། །མ་གཏོགས་བར་དུ་ཅེས་པ་1་གཅིག་བཞག་པ་མ་རྟོགས་མུན་སེལ་ཅེས་པ་1་དང་ཐ་མ་གདགས ་དེ་ནས་ཡང་དག་བཤད་པར་བྱ། །བཞི་པ་ལ་ནི་གཉིས་སུ་བསྟན། །འཁྲུལ་ཚུལ་གནད་ཀྱི་གདམ་ངག་དང། །འཁྲུལ་པ་འཕྲང་གི་ཞུས་ལན་ནོ། །?་ཚུལ་གནང་ཀྱི་གདམ་ངག་ནི། །བཀའ་སྩལ་འཁོར་བ་ཅེས་པ་1་མ་གཏོགས་གཅིག་གིས་དུས། །གཉིས་ལྷན་ཅིག་སྐྱེས་པ་གཉིས་ཀྱིས་རྒྱུ་བསྟན ་གཉིས་ལས་དང་ཅེས་པ་བའི་ཀྱིས་རྐྱེན། །གཅིག་གིས་གྲིབ?་མ་ཅེས་པ་དཔེ་བསྟན་གཅིག་སྐྱེད་བྱེད་ཅེས་1་གིས་ཚུལ། །དྲུག་གིས་དམྱལ་བ་ལ་སོགས་?་། གནས་བསྟན་རྒྱུ་?་?་འབྲས་ཚང། ཚ་གྲང་འགྲེ། གཅིག་འཁོར་བ་ཅེས་པ་གཅིག་གིས་དཔེ་བསྟན་སྐྱོན་ཡོན་གཉིས། །གཉིས་ལྷ་མི་ཅེས་པ་གཉིས་དང ་གཅིག་ཏུ་ཤེས་པར་བྱ། །འཁྲུལ་པ་འཕྲང་གི་ཞུས་ལན་ནི། །སེམས་དཔས་ཨེ་མ་ཅེས་པ་རྣ་ཞུས་དང་ཀུན་?་?་?་ཅེས་པས་ཞེས་བཟང་ལན། །རེ་རེ་ལ་ཡང་བཞི་བཞི་སྟེ། །བླ་མའི་སྙན་རྒྱུད་ཡི་གེ་མེད་པ་ན་གསལ་དག་གིས་བརྒྱན་པར་བྱ། །དེ་ནས་ཡང་དག་བཤད་པར་བྱ། །ལྔ་པ་ལ་ནི་དྲུག་ཏུ ་བཤད། །ཐོག་མཛའ་ཅེས་པ་གཅིག་ཆོས་ཉིད་རྣམ་པར་དག་པ་ནི། །དང་པོའི་གསུམ་དེ་ནས་ཅེས་པ་ནི་དུ་ཤེས་པར་བྱ། །དེ་ཉིད་རྟོགས་པའི་ཐབས་དག་ནི། །ཀུན་གྱི་མཛའ་རྟོགས་པའི་ཐབས་སུ་ཅེས་1་ནས་གཅིག་ཡིན་ནོ། །རྟོགས་པ་དག་གི་ཚད་བསྟན་པ། །དང་པོའི་ཁྱབ་བདལ་ཅེས་པ་3་འོག་ནས་གསུམ ་བླངས་ཏེ། །ལྔ་འདས་པ་ཡིན་པའི་དོན་ལ་ཅེས་གསུམ་ནས་གསུམ་སྟེ་དྲུག་།གཞི་ཡི་སྐུ་བཞི་བསྟན་པ་ནི། །དེ་ནམ་མཁའ་ཆེན་པོ་ཨབརྒྱན་ཅེས་པ་ཡི་འོག་ནས་རྣམ་པ་བརྒྱད། །སྐུ་བཞི་དཔེ་དོན་གཉིས་གཉིས་སྦྱར། །ཐེག་པ་བརྒྱད་ཀྱི་ལ་བཟླ་ནི། །གང་དུ་ལུས་པ་མཚན་མ་མ་སྤངས་ཅེས་ལྔ་ལྔ་ཡིན་ནོ། །རྟོགས ་པའི་ཁྱད་པར་བསྟན་པ་ནི། །ཐ་མའི་གོང་དགྲ་བཅོམ་ཅེས་2་ནས་གཉིས་ལའོ། །དེ་ནས་ཡང་དག་བཤད་པར་བྱ། །དྲུག་པ་ལ་ནི་གསུམ་དུ་བཤད། །ལྟ་བ་བཅུ་ཡི་གོ་བསྒྲིབ་དང། །དངོས་པོ་བཅུ་ཡི་རྫོགས་ལུགས་དང། །རྫོགས་ལུགས་ལྔ ་ལ་ཡང་གིས་བརྒྱན། །དང་པོ་དང་པོའི་དེ་ནས་ཅེས་དགུ་བརྒྱད་ཡིན་ཏེ། །གོལ་གཞི་གོལ་དང་བཅད་པ་གསུམ། །རེ་རེ་ལ་ཡང་སྦྱར་བར་བྱ། །དང་པོའི་ཀློང་ཆེན་ཅེས་1་གཉིས་པ་དེ་འོག་བཅུ་གཅིག་སྟེ། །གདོད་བཅུ་ཀས་གཅིག་ལ་གདགས་ནས་རྫོགས་ཞེས་ཀུན་ལ་གདགས། །ཐ་མ་མཛའ་ ་ཡི་?་མུ་སྟེགས་ཅེས་དྲུག་དྲུག་ཡིན་ཏེ། །དྲུག་པས་རྒྱ་ཆད་ཕྱོགས་ལྷུང་མེད་པ་ལྔ་ཀ་ལ་ལྔ་ལ་བརྒྱན་པར་བྱ།། །།དེ་ནས་ཡང་དག་བཤད་པར་བྱ། །བདུན་པ་རྣམ་པ་བདུན་དུ་བཤད། །དོ་དེ་ནས་ཅེས་པ་རྣ་དང་ངེས་མ་བཅོས་པ་རྣ་ཚིག་ལྡང་ངན་རིག་ཅེས་པ་རྣ་ཚད་དང། ། ་བཞག་མཉམ་ཉིད་ཅེས་པ་དགུ?་ཐབས་དང་ནི་བཅོས་ཡེ་ནས་ཅེས་པ་7་མེད་ཐབས། །བརྟགས་བསྒོམ་པ་ཅེས་པ་9་དང་མ་ནོར་བ་ཉམས་སུ་ལོན?་མཐོ་?་ཅེས་གཉིས་པའི་ཚད། །ཚིག་ཤད་ཕྱེད་དང་བདུན་པོ་ལ། །གོ་རིམས་བཞིན་དུ་སྦྱར་ཏེ་བཤད། །དེ་ནས་ཡང་དག་བཤད་པར་བྱ། །བརྒྱད་པ་དྲུག་ཏུ ་བཤད་པར་བྱ། །བླང་དེ་ནས་ཅེས་པ་བཞི་དོར་མེད་དང་སྤྱད་ཐོབ་ཨེ་མ་ཅེས་8?་འཁྲུལ། །གཉིས་སྤྱད་བྱེད་ཅེས་?་སུ་མེད་དང་ངོ་མཚར་ངོ་མཚར་ཅེས་བདུན་ཆེ། །ཡི་ག་སྐྱེ་མེད་ཅེས་གསུམ་མེད་དང་ངེས་ཚིག་ཨེ་མ་ཅེས་ལྔ་དྲུག་།གསུམ་དང་གཉིས་དང་ལྔ་དང་བདུན། །གསུམ་དང་ལྔ་ལ་རིམས་ཀྱིས ་སྦྱར། །དེ་ནས་ཡང་དག་བཤད་པར་བྱ། །དགུ་པ་བཞི་རུ་བཤད་པར་བྱ། །དོན་དམ་བློ་ལས་འདས་པ་ནི། །དང་དེ་ནས་ཅེས་བ་4་པོའི་གསུམ་དུ་བཤད་པར་བྱ། །གཏན་ཚིགས་དག་ཏུ་གྲོལ་བ་ནི། །དེ་འོག་གོ་པའི་ཅེས་དྲུག་རྣམ་པ་དྲུག་ཡིན་ཏེ། །གསུམ་དང་རང་བདག་དང་བཞི་རུ ་དབྱེ་བར་བྱ། །ལམ་གྱི་སྐུ་བཞི་ཐ་སྙད་ནི། །དེ་འོག་རྣམ་པ་རྟོག་མེད་ཅེས་པ་ལྔ་ལྔ་རུ་བཤད། །རྣམ་གྲོལ་ཚིག་ལས་འདས་པ་ནི། །རྣམ་པ་བཞི་རུ་བཤད་པར་བྱ། རང་རོལ་མཚན་ཉིད་བློ་།སྙིང་གདོད་ནས་ཅེས་པ་གསུམ་པོ་ཚིག་ལས་གྲོལ་བ་དང། ཐུགས་རྗེ་འགག་གྲོལ་ནས་ཅེས་པ་1་པ་མེད ་པ་སྟེ། །རིག་པའི་སྤྱོད་ཡུལ་སྙིང་པོ་ཅེས་པ་བཞི་མིན་པ་ལ། །འབྲས་སྐྱེས་པ་ཅེས་3་བུའི་ཚད་ནི་བསྟན་པའོ། །གསུམ་དང་གཅིག་དང་བཞི་དང་གསུམ། །རིམས་ཀྱིས་སྦྱར་ལ་བཤད་པར་བྱ། །དེ་ནས་ཡང་དག་བཤད་པར་བྱ། །བཅུ་པ་རྣམ་པ་དྲུག་ཏུ་བཤད། །ཐམས་ཅད་སེམས་སུ་བསྟན་པ་ནི། ། ་ཐོག་དེ་འོག་ཅེས་རྣ་མའི་གསུམ་དང་དེ་འོག་ནི། །བཅུ་བཞིའི་འོག་ཇི་ཙམ་ཅེས་2་ནས་གཉིས་ཏེ་ལྔ། །དེ་ཉིད་སྟོང་པར་བསྟན་པ་ནི། །དེ་འོག་རྣམ་པ་པོ་མོ་མ་ནིང་ཅེས་རྣ་བཞི་རུ་གྲགས། །ད་ལྟ་གང་ལ་བརྟེན་པ་ནི། །དེ་འོག་ཀུན་གྱི་དྲན་པ་ཅེས་2་ཐ་མ་གཉིས། །བར་དོ་བཞི་ཡི་རྟོགས་ལུགས་ཅིག། དང་པོའི ་འོག་ན་རྣམ་སྣ་དང་ཅེས་བརྒྱད་པ་བརྒྱད། །སྤྲུལ་སྐུའི་ཆེ་བ་དེ་འོག་ལུས་མེད་ཅེས་2་གཉིས། །ཞིབ་མོའི་ཆོས་དང་བསྟུན་པ་ནི། །མ་རྟོགས་ཅེས་པ་རྣམ་བ་བཞི། །དེ་བཞིན་དེ་ཡི་མ་གཏོགས་ཅེས་ན་འོག་ནས་བཞི། །དེ་ནས་ཡང་དག་བཤད་པར་བྱ། །བཅུ་གཅིག་པ་ནི་གསུམ་དུ་བཤད། །ཐམས་ཅད་སྟོང ་པར་བཤད་པ་དང། །ཆོས་ཀྱི་སྐུ་ཡི་མཚན་ཉིད་དང། །གཉིས་མེད་ནམ་མཁའ་ལྟ་བུའོ། །དེ་ལ་སྟོང་པར་བསྡུ་བ་ནི། །དེ་ནས་གཅེས་པ་བཅུ་གཉིས་ལ། །བཅོ་བརྒྱད་དུ་ནི་དབྱེ་བར་བྱ། །ཐམས་ཅད་དེ་ནས་ཅེས་ན་སྟོང་དང་ཕུང་པོ་ངོ་བོ་ཅེས་2་སྟོང། །དབང་དབང་པོ་ཅེས་ཕྱེད་པོ་ལྔ་དང་ཡུལ་ལྔ་ཅེས་ཕྱེད་སྟོད། །སྐྱེ ་མཆེད་ཅེས་སུམ་ཆ་སྟོང་དང་ཁམས་ཅེས་སུམ་ཆ་ཀྱང་སྟོང། །རྟེན་འབྲེལ་ཅེས་སུམ་ཆ་སྟོང་དང་བདེན་པ་སྟོང། རྣ་ཅེས་སུམ་ཆ་།སེམས་ཙམ་གསལ་ཅེས་སྟོང་དང་དབུ་མ་?་བྲལ་ཅེས་སྟོང། །ལྷ་ཡང་ཅེས་སྟོང་ལ་ཕྱག་རྒྱ་ཅེས་སྟོང། །སྔགས་ཀྱང་ཅེས་སྟོང་སྟེ་ཀྲི་ཡོག་གོ་།མ་ཧའི་ཐབས་ཐབས་དང་ཤེས་རབ་ཅེས་དང ་ཤེས་རབ་སྟོང། །དེ་བཞིན་ཨ་ནུའི་བདེ་བ་ཅེས་བདེ་ཆེན་སྟོང། །དབུས་ཀྱང་ཅེས་སྟོང་ལ་མཛའ་མཛའ་ཅེས་ཡང་སྟོང། །སྟོང་ཞེས་ཚིག་ཚིག་ཅེས་ཀྱང་ཤིན་ཏུ་སྟོང། །གོ་རིམས་བཞིན་དུ་དཀྱུས་དང་སྦྱར། །ཆོས་ཀྱི་སྐུ་ཡི་མཚན་ཉིད་ནི། །རྣམ་པ་གཉིས་སུ་བཤད་པར་བྱ། །རྟག་ཆད ་མཛའ་མེད་དེ་ཅེས་2་དང་བྲལ་བ་དང། །ཆོས་སྐུའི་མཚན་ཉིད་མཛའ་བྲལ་ཅེས་དྲུག་དངོས་ཡིན་ནོ། །གཉིས་དང་དྲུག་ལ་རིམས་ཀྱིས་བསྒྲལ། །གཉིས་མེད་ནམ་མཁའ་ལྟ་བུ་ནི། །དེ་འོག་རྣམ་པ་སྒོམ་མེད་ཅེས་དྲུག་དྲུག་ཡིན་ནོ། །དེ་ནས་ཡང་དག་བཤད་པར་བྱ། །བཅུ་གཉིས་པ་ལ་བཞི་རུ་བཤད། །གཉིས ་མེད་རྟོག་པ་བྲལ་བ་ནི། །དང་པོའི་གསུམ་དེ་ནས་ཅེས་རྣ་ལ་བཤད་པར་བྱ། །བདེ་ཆེན་གཉིས་སུ་མེད་པའི་ཉམས། །དེ་འོག་རྣམ་པ་གཉིས་མེད་ཅེས་ལྔ་ལྔ་ལ་བཤད། །གཉིས་མེད་རྟོགས་པའི་ཚད་ལྡན་པ། །དེ་འོག་དེ་བཞིན་རྣམ་པ་ལྔ། །རྫོགས་ཆེན་ཅེས་པ་ལྔ་། ་གཉིས་མེད་གཏན་ཚིགས་བརྒྱན་པ་ནི། །དེ་འོག་རྣམ་པ་བཅུ་གཉིས་ལ། །དང་པོས་གཉིས་མེད་ཅེས་པ་1་དེ་འོག་བདུན་ལ་སྐུ་གསུམ་ཅེས་པ་སུམ?་ལ་བརྒྱན། །དེ་ཕྱིར་ངོ་མཚར་ཚིག་བདུན་ནོ། །འཁྲུལ་པའི་ཅེས་རྣ་ལྷག་མ་བཞི་པོས་ལོངས་སྐུ་བསྟན། །དེ་ནས་ཡང་དག་བཤད་པར་བྱ། །བཅུ་གསུམ་པ ་ལ་ལྔར་བཤད་དེ། །རྫོགས་པ་ཆེན་པོའི་མཚན་དོན་ནི། །དང་པོའི་དྲུག་ཏུ་བཤད་པར་དེ་ནས་ཅེས་པ་དྲུག་བྱ། །ཟབ་མོ་བཞི་ཡི་གདམ་ངག་ནི། །དེ་འོག་བཞི་རུ་རྫོང?་ཅེས་རྣ་རྣམ་པར་བཤད། །ཁྱབ་བདལ་ཆེན་པོའི་ས་ཆེན་ནི། །དེ་?་རྣ་བཞིན་དེ་ཡི་འོག་ཏུ་བཞི། །འབྲས་བུའི་སྐུ་བཞི ་བསྟན་པ་ནི། །ཡང་ནི་དེ་ཁྲི་སྒྲ་བསམས་ཅེས་བ་འོག་ན་བཞི། །ཐུགས་རྗེ་གདམས་པ་དེ་འོག་བདུན། །བཞི་ཡེ་ཤེས?་གདམས་མ་སྐྱེས་ཅེས་4་པ་བསྟན་པ་ལ། །གསུམ་ནི་ཐུགས་རྗེས་ཡེ་ཤེས་ཅེས་3་ཤེས་པར་བྱ། །དེ་ནས་ཡང་དག་བཤད་པར་བྱ། །གཏད་བ་འགྱུར་པ་མེད་པ་ནི། །རྣམ་པ ་གཉིས་སུ་བཤད་པར་བྱ། །ཟབ་མོ་ཐུགས་རྗེ་གདམས་པ་དང། །རྒྱུད་ཀྱི་གཏད་རྒྱ་དངོས་ཡིན་ནོ། །ཟབ་མོ་ཐུགས་རྗེ་གསུམ་དུ་བཤད། །རྡོ་རྗེ་ཚིག་བཞིའི་གདམ་ངག་དང། །དུས་གསུམ་ཚིག་ཚོད་གདམ་ངག་དང། །ཐུན་མོང་མ་ཡིན་གདམ་ངག་གོ་།དང་པོ་ཐོག་མའི་བཞི ་ཡིན་དེ་ནས་ཅེས་རྣ་ཏེ། །གཉིས་པ་དེ་འོག་སྐྱེ་མེད་ཅེས་དྲུག་རྣམ་པ་དྲུག་།སྐྱེ་མེད་ལྟ་བ་སྟོང་པ་ཆོས་ཅན་ཉིད། །དུས་གསུམ་གཅིག་དམ་བཅའ་སྟེ་ཁྱད་པར་མེད། །རང་བཞིན་རྣམ་པར་དག་གཏན་ཚིགས་པའི་ཕྱིར། །ཀུན་ཁྱབ་འགྲེས་བསྒོམ་པ་གཉིས་སུ་མེད། །དེ་གསུམ་གཅིག་སྟེ ་ཁྱད་པར་མེད། །མཚན་ཉིད་དབྱེར་མེད་ཆེན་པོའི་ཕྱིར། །འཁྲུལ་དང་སྤྱོད་པ་སེམས་འགྲེས་ནི་གསུམ། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །རོལ་པ་འགག་པ་མེད་པའི་ཕྱིར། །རྟོགས་ན་འབྲས་?་བུ་ཐིག་ལེར་རྫོགས། །དེ་གསུམ་གཅིག་སྟེ་ཁྱད་པར་མེད། །བློ་རྟོག་ཆོས་ཉིད་གྲོལ ་པའི་ཕྱིར། །གཏན་ཚིགས་ཚིག་ལ་ཐ་དད་ཀྱང། །དོན་ལ་གཅིག་ལས་མེད་པའི་ཕྱིར། །མ་ལུས་འདི་རུ་ཚིག་ཆོད་དོ། །ཐུན་མོང་མ་ཡིན་གདམ་ངག་ནི། །ང་ཞེས་ང་ལས་ཅེས་3་བརྒྱན་པ་གཉིས་ཡིན་ཏེ། །ཛ?་ཨ་ལས་བཞི་གཏན་ཚིགས་ཤར་བཅུ་ལེའུ་གཉིས་བྱུང། །ལེའུ་བཅུ་གཉིས་གཏན་ཚིགས་བཞིར་ཧེ་དུ ་གཅིག་བཞི་པོ་ང། ཨ་རུ་1་།ཡར་རྟོགས་པའི་འདྲེན་ང་དང་མ་རྟོགས་བའི་མར་འདྲེན་ང། །དེ་ནས་གཏད་རྒྱ་དངོས་བཤད་དེ། །རྣམ་པ་བཞི་རུ་དབྱེ་བར་བྱ། །སྟོན་པས་འཁོར་ལ་གཏད་པ་ནི། །ེ་མ་ཅེས་སེམས་དཔའ་?་རྡོ་རྗེ་པ་བཅུ་ཡིན་ལ། །འཁོར་གྱིས་གཙོ་ལ་ཞུས་པ་ནི། །དེ་འོག་ཀུན་བཟང་རྒྱལ་བའི་ཡབ་ཨེ་མ་ཅེས ་པ་ལྔ། །སྟོན་པས་གནང་བ་བྱིན་པ་ནི། །བཅོམ་ལྡན་ཀུན་བཟང་ཅེས་པ་དགུ་ཡིན་ནོ། །འཁོར་གྱིས་མངོན་བར་བསྡོད་པ་ནི། །ཀུན་བཟང་ཅེས་པ་ལྔ་ཐ་མའི་ལྔ་རུ་ཤེས་པར་བྱ། །དེ་ལས་ལུས་ན་སི་ཏི་སྐན། །ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་དཀའ་འགྲེལ། །རིན་པོ་ཆེ་སྐྱོན?་མ་འབར་བ་ཞེས་བྱ་བ། སློབ་དཔོན ་དགའ་རབ་རྡོ་རྗེས་མཛད་པའོ། །རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲི་སིང་ང་དང། བོད་ཀྱི་ལོཙྪ་བཻ་རོ་ཙ་ནས་བསྒྱུར་བའོ།། །།!། །རྒྱ་གར་སྐད་དུ། བ་བྷི་བས་མུན་ཏྲ་ས་མན་ཏ་ཏནྟྲ་བན་ཙི་ཀ་།བོད་སྐད་དུ། བསྒོམ་པ་རྒྱ་མཚོ་དང ་