| Wylie | e-texts based on the ACIP/ALL Input |
སིན་གཡོ་འགུལ་མེད་པ་བྷུའི་མཚོ། ལྟ་བུ་གཉིས། ཁྱོད་ཀྱིས་དབྱེར་མེད་དུ་སྲེས་ལ་དུས་རྟག་ཏུ་འཐུང། །ཡུམ་ཤེས་རབ་ཕ་རོལ་ཕྱིན་མའི་རང་ཉིད་མུ་མཛའ་མེད་པའི་དབྱིངས་གྱི་བྷ་ག་རྒྱུན་ཏུ་ལྟོས། །བཙུན་མོ་ལས་དང་ལས་ཀྱི་རྣམ་པར་སྨིན་སུང་སྟེ་དེས་ཀྱང་མེ་ལོང་སྟོན། །ལྡེམ་དགོངས ་གསེར་གྱི་ཐིགས་པའོ། །མ་ཧ་ཐུགས་རྗེའི་གདམས་པ་བསྟན་ཀ་རུ་ན་མུ་ནེ། གོང་གི་ལྡེམ་པོ་དགོངས་པ་དེ་དག་མགོ་བར། །དེ་དག་སྒྲ་ཇི་བཞིན་པར་སྤྱད་ན་ལོག་པའི་ལམ། །གོ་རྟོགས་རིག་པའི་ཁོང་ནས་མ་ཤར་བར། །ཁ་འབྱམ?་སམ་བསྒྱུགས་སུ་སོང་ན་བདུད་ཀྱིས་ཁྱེར། ་བློ་ཆུང་ཐོས་པ་ཆུང་བ་?་ཤེས་སྐོངས་པ་ནི། །དཔེ་འཁྲོན་པ་ནང་གི་རུས་ཁྲོན་པ་དང་རྒྱ་མཚོ་གང་?་?་སྦལ་འདྲ། །ཧ་ཅང་བསྟན་བཅོས་མདོ་པའི་ཚིག་གདན་ལ་མང་པོ་ལ་བློ་མ་?་?་ཞེན་པ་ནི། །དོན་སེམས་ལ་མེད་མྱ་ངན་དུ?་སོགས་པའི་རྒྱུ། །རིགས་པ་ཅུང་ཟད་གཟེགས་གྲགས་ན་ནི།། ་ལྟ་བ་དབྱིངས་ལས་ཐལ་གྲགས་པས་ལོག་ལྟའི་ཤེས་པ་སྐྱེ་ཉེན་ཡོད། །ཆོས་ཉིད་ཡང་དག་པའི་དོན་གྱི་རྟོགས་པའི་རྡེང་མེད་པར། རྒྱུ་ལས་དགེ་སྡིག་འབྲས་བཀག་ན་ཐར་ལམ་མེད། །དྷོ་ཧ་བཛྲ་གི་ཏ་མ་ཀོ་ལ་ཨ་ཧོ(རྒྱུད་འགྲེལ་པའི། །ཐིག་པ་བཞི་ཐུགས་རྗེ་གདམ་པ་དེའི་ཞང་ལ་བཏང་བའོ་བཀའ་ཚོམས་བཞི་སྐོར་བཅའ་གཞི་འདི། །བློ་རབ་འགའ་ཡི་སྤྱོད་ཡུལ་ལས། །བློ་དམན་རྣམས་ཀྱི་དུག་ཏུ་འགྱུར། །འཁོར་བ་རྩད་ནས་གཅོད་པ་གསེར་གྱི་ཐིགས་པའི་མན་ངག་ཅེས་བྱ་བ། སློབ་དཔོན་ཤྲི་སིང་ངས་མཛར? ་པའོ། །རྫོགས་སོ།། །།རྒྱ་གར་མཁས་པ་ཤྲི་སིང་ངས་གསུངས་པ། བོད་བན་བཻ་རོ་ཙ་ནས་བསྒྱུར་བའོ། ། ཧང། རྒྱ་རྒྱ་རྒྱ།། །། !། །རྒྱ་གར་སྐད་དུ། སཾ་ས་ར་མུ་ལ་ཚེ་དྷ་ཀརྣ་ཏནྟྲེ་ཎ་ཀཤ་ར་དེ་ཥ། བོད་སྐད་དུ། ་འཁོར་པ་རྩད་ནས་གཅོད་པ་སྙན་རྒྱུད་ཡི་གེ་མེད་པའི་གདམ་ངག་།སྐུ་གསུམ་ཐིག་ལེར་འདུས་པ་ལ་ཕྱག་འཚལ་ལོ། །ཧེ་དུ་ཙ་ཀ་ཀྲ(རྒྱུད་འགྲེལ་རང་སར་གྲོལ་པའོ། །རྡོ་རྗེ་སེམས་དཔའ་ཨི་གདམ་ངག་བཛྲ་སཏྭ་དྷེ་ཥ:། དྲན་པ་དངོས་མེད་རིག་པའི་རྒྱུན། །ཐོག་མ་ཉིད་ནས་ཁམས་གསུམ་འཁོར། །ངོ་གཅིག་རྒྱུན་རྒྱུད་དུ་ཐ་དད་གསུང་ནི་ཐ་དད་པ། །རང་བཞིན་མི་གཉིས་ལྷུན་གྱིས་གྲུབ། ། མྲི་བྷི་མ(རྒྱུད་འགྲེལ་རྒྱུན། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གྲོལ། །སྐུ་བཞི་ཡེ་ཤེས་རྣམ་པར་དག་།ཐུགས་རྗེ་རོལ་པ་འགག་པ་མེད། །གསེར་གྱི་ཐིག་པ་ཀན་ཙ་བྷི་དུ:། སྐུ་གསུམ་སྟོན་པ་ནས་བརྒྱུད་པའི། །སྙན་རྒྱུད་རྡོ་རྗེ་ཟམ?་པ་འདི། །ཐོད་རྒལ་བློ་ཡི་སྤྱོད་ཡུལ་ལས། །སྐལ་མེད་རྨོངས་པ་སྙིང་རེ་རྗེ། །དྷོ?་སཱ ་བཛྲ་ཀི་ཏ་མ་ཀོ་ལླ?་ཨ་ཧོ། །འཁོར་བརྩད་ནས་གཅོད་པར་བྱེད་པ། སྙན་རྒྱུད་ཡི་གེ་མེད་པའི་མན་ངག་།སློབ་དཔོན་ཤྲི་ཤིང་ངས་མཛད་པའོ། །རྫོགས་སོ།། །། !། །རྒྱ་གར་སྐད་དུ། ཏི་ཤ་ཨ་ཀར་ཤ་ནི་སན་ཏ་ཏ་ན་ཏྲ་པན་ཙི་ཀ་།བོད་སྐད་དུ། ལྟ་བ ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་དཀའ་འགྲེལ། སྤྲོས་བྲལ་རིག་པའི་ལྷ་ལ་ཕྱག་འཚལ་ལོ། །ེ་མ་རྒྱུད་དོན་གླད་?་གཞུང་དང་འཇུག་དོན་ནོ། །དང་པོ་ལ་གཉིས་ཏེ་མཚན་དང་ཕྱག་།དང་པོ་རྒྱུད་ཀྱི་མཚན་བསྟན་པ། །རྒྱ་སྐད་བོད་སྐད་བཅས་པ་སྟེ། དགོང?་ཆེར་སྦྱར་བ་དོན་བཤད་པ། །གསུམ་གྱི་མཚན་དོན་གཏན་ལ་དབབ། ?་?་? ་བརྩལ་?་?་གསུམ་མིན་ཏེ། གསུམ་དུ་བཤད། །གླེང་གཞི་སྐྱེ་བ་མེད་པ་དང། །དངོས་པོ་ཟབ་མོ་བཅུ་གཉིས་དང། །གཏད་པ་འགྱུར་བ་མེད་པའོ། །སྐྱེ་བ་མེད་པ་དབྱེ་ན་གཉིས། །སྤྲོས་བྲལ་ཕུན་སུམ་ཚོགས་པ་དང། །རོལ་པ་འཕྲིན་དྲིས་ལན་བསྟན་པའོ། ཕུན་སུམ་ཚོགས་པ ་དྲུག་ཡིན་ཏེ། །རྟོགས?་ལྡན་དུས་ཀྱི་མན་ངག་དང། །ཆོས་ཉིད་གནས་ཀྱི་གདམ་ངག་དང། །སྐྱེ་མེད་སྟོན་པའི་གདམ་ངག་དང། །ཡེ་ཤེས་ལེའུ་དང་པོ་སྟེ་ལེའུའི་གཞུང་དང་ལེ་ཚན་ནོ་གཞུང་ལ་གླེང་བཞི་9་ལེའུ་སྟོད་ཀྱིས་སྟོན་ཀྱེན་གླེང་བསླ?་9་ལེའུ་སྨད་ཀྱི་སྟན་འཁོར་གྱི་གདམ་ངག་དང། །དབྱེར ་མེད་སྡུད་པའི་རྡོ་རྗེ་སེམས་འདི་དང་གདམ་ངག་དང། །མཁའ་གློང་རྨད་ཨེ་མའོ་ངོ་མཚར་འབྱུང་ཀུན་བཟང་བསྟན་པའི་གདམ་ངག་ཅེས་སོ?། །ཞུས་ལན་ལ་ནི་རྣམ་པ་གསུམ། །ཚིག་གསུམ་དེ་ནས་སེམས་དཔའ་རྡོ་རྗེ་ཅེས་པ་ལྔ་འཁོར་གྱིས་ཞུས་པ་དང། བཅུ་བཅོམ་ལྡན་འདས་ཅེས་གཅིག་ཉི་མ་ལྔ ་