CLOSE WINDOW

N3814: rten 'brel snying po'i sngags them zhib mor bkod pa
Wyliee-texts based on the ACIP/ALL Input

ཞལ་སྔ་ནས་བོད་ཀྱི་ལོཙྪ་བ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཞིང?་འུ་གྲུབ་པ་དཔལ་བཟང་པོས་ལེགས་པར་བསྒྱུར་བའོ།། །།*། །རྟེན་འབྲེལ་སྙིང་པོའི་སྔགས་ཐེམ་ཞིང་མོང་བཀོད་པ་བཞུགས་སོ།། །།*། །ོཾ་སྭསྟི། ་ཨེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟཾ་ཥཱཎྟ?་ཐཱ་ག་ཏོ་ཧཡ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎ:། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །?་བརྒྱད་ཤད་གཅིག་ཚེག་དྲག་གཅིག་།ཡ་བཏགས་གཅིག་དང་ཧ་བདུན་? ་རྟེན་འབྲེལ་སྙིང་པོའི་སྔགས་ཐེམ་ཡིན། །ཡིག་འབྲུ་སུམ་ཅུ་སོ་ལྔ་ལ། འཐུག་བོ་གསུམ་དང་ལོག་པ་གསུམ། །འཁྲུལ་མེད་སྒྲ་ཡི་སྲང་??། ན་ས་ག་དོན། །ཏ་ཥཱཉྩ་ཞེས་པ་ཐུང་ལ་སྦྱར། །གདལ་།ནི ་གུ་རུའི་ཞལ་ལས་དྲིས། །དེ་དག་དོན་ནི་ལེགས་བཀྲལ་ན། །གསུམ་པ་བརྒྱད་པ་བཅུ་གཉིས་དང། །བཅུ་བཞི་ཉེར་གཅིག་ཉེར་དགུ་དང། །སུམ་ཅུ་ཐམ་པ་སོ་གཉིས་ཚོ། །རིང་པོ་ཡིན་སྟེ་འ་བརྒྱད་དོ། །ཤིང་ནི་རཏྲ་རྩར་ཆེ་ག་དྲན? ་མཛའ་། །ཡ་བཏགས་བཅུ་བདུན་ཧ་ལ་འདོགས། །འཐུག་གསུམ་གྲལ་བཞིན་ཧ་བདུན་ཡོད། །གཉིས་བདུན་ཉེར་དྲུག་འཐུག་པོ་ཡིན། །ལྷག་མ་རྣམས་ནི་གྲལ་དུ་ཏི། །བཞི་དགུ་བཅུ་བདུན་སོ་གཉིས་སོ། །བཅུ་གཉིས་ཉེར་གཅིག ་སོ་ལྔ་ལོག། རེས་འགའ་སྔགས་ལུགས་ཐོག་མཛའ་སྦྱར། །འདི་ནི་འགྱུར་མེད་རྡོ་རྗེའི་ཚིག།། ཨ་ཏི་ཤ་ལས་ནག་ཆོས་བསྒྱུར། །དེ་ལས་འགལ་ན་བྲི་ཉེས་ཡིན། །མཁས་རྣམས་འོད་ཡི་རྗེས་སུ་ཞུགས། །རྨོངས་རྣམས་མིག་ཀྱང ་བླཧ་མི་འགྱུར། །ནོར་འཁྲུལ་བྱུང་སྲིང་བཟོད་པར་གསོལ། །དགེ་བས་ཀུན་མཁྱེན་མྱུར་ཐོབ་ཤོག། རྟེན་འབྲེལ་སྙིང་པོའི་སྔགས་ཐེམ་བཞི་མོར་བཀོད་པ་ཞེས་བྱ་བ། ལོ་ཙ་བ་ཚུལ་ཁྲིམས་རྒྱལ་བས་བརྒྱུར ་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཤུ་གྷ་མ། རྒྱ་གར་སྐད་དུ། ཨ་སྨ་ར་སི་ཏི་བྲིཏྟི་ནཱ་མ། བོད་སྐད་དུ། གསུང་དྲུང་གྲུབ་བ་ཞེས་བྱ་བའི་འགྲེལ་པ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ལྟེ་བའི་དཀྱིལ་འཁོར ་