CLOSE WINDOW

N3812: dpal 'jam pa'i rdo rje la sogs pa'i mngon pa rtogs pa kun las btus pa rdzogs pa'i rnal 'byor gyi phreng ba zhes bya ba
Wyliee-texts based on the ACIP/ALL Input

བོ་དོན་ཡོད་རྡོ་རྗེས་རང་འགྱུར་དུ་མཛད་པའོ།། །།རྫོགས་པ་རྣལ་འབྱོར་གྱི་ཕྲེང་བ་བཞུགས་ཤོ།། །།རྒྱ་གར་སྐད་དུ། ཤྲི་མཉ་ཛུ་བཛྲ་མ་ཏི་ཀྲ་མ་ཨ་བྷི་ས་མ་ཡ་ས་མུན་ཙ་ནི་ས་པན་ན་ཡོ་ག་ཨ་བ་ལི་ན་མ། བོད་སྐད་དུ། འཇམ་དཔལ་འཇམ་པའི? ་རྡོ་རྗེ་ལ་སོགས་པའི་མངོན་པར་རྟོགས་པ་ཀུན་ལས་བཏུས་པ་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་འདིའི་འོད་ཀྱིས་འགྲོ་བ་ཕ་མོ་བྱེད་ནིང་གི་མུན་པ་རྣམ་པར་བཅོམ་པས ་རྒྱལ་བྱེད་པས། །གང་ཞིག་གཉིས་མེད་རང་བཞིན་ཤིན་ཏུ་སྒེག། གཞན་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་ཚོགས་ཀྱི་དཔལ་དུ་ཡོངས་གྱུར་པའི། །གང་གིས་རྡོ་རྗེ་འཛིན་པའི་ཐུགས་རྡོ་རྗེ་འཆང། རྗེའི་བརྩེ་བའི་བདུད་རྩིའི་བརླན་བྱས་སྙིང་པོ་རབ། སྤངས་པ་ཕུན་སུམ་ཚོགས་? ་བསྐྱེད་པ། །དེ་དག་སྤྱོད་པ་རྨད་དུ་བྱུང། ཡེ་ཤེས་པའི་རང་བཞིན་?་འདུ་བྱིན་པ་བློའི་གཟི་བརྗིད་ཁྱེད་ལ་འབྱོངས་གྱུར་ཅིག། །།རང་དོན་ཕུན་སུམ་ཚོགས་པ། དཀྱིལ་འཁོར་རྡོ་རྗེ་ཕྲེང་བས་རབ། ཆོ་བའི་ཡོན་སྟན་བརྒྱན་པ། །སེམས་ཉིད་རྡོ་རྗེ་འཆང་གི་མཛད་སྤྱོད ་སྤངས་པ་དང་དོན་གཞན་དོན། མཚར་ཆེ་བ། །སྒེག་པའི་སྤྲུལ་པ་རབ་འབྲིང་ཚོགས་གདུལ་བྱ་བཅས་ཀྱིས། །དོན་ཡོད་མཆོག་དཔལ་མྱུར་དུ་འཛིན་པར་འགྱུར།། །།འདིར་རིམ་པ་ཆུང་དུ་དང་འབྲིང་པོ་དག་གི་ཏིང་ངེ་འཛིན་ལེགས་པར་བྱེད་པ་པོ་བསྒོམས་པ་ལས ་ཤེས་རབ་མཆོག་དང་ལྡན་པ་ལ་རྫོགས་པའི་རྣལ་འབྱོར་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་བྱེད་པའི་སྒྲུབ་ཐབས། ཀྱང། སྤྲོ་དད་བསྡུ་བ་བྱས་པ་ལ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཡེ་ཤེས་སྐད་ཅིག་གིས་རྫོགས་པའི། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ་ཞེས། ་གསུངས་སོ། །དེའི་རིམ་པ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཐོབ་པར་འདོད་པའི་སྤྲོ་བ་དང་ལྡན་པས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་སུ?་གཞུགས་བརྙན་ལྟ་བུར་སྟོང་པ་ཉིད་དུ་རོ་གཅིག་པར་ངེས་པར་བྱས་པའི་སྒོ་ནས་འོད་གསལ་བ ་བ་ལ་རབ་ཏུ་ཞུགས་སྟེ། སྐད་ཅིག་མས་ཡན་ལག་དང་བཅས་པ་རྫོགས་པར་བསྐྱེད་པའི་གཞལ་ཡས་ཁང་གི་དབུས་སུ། དལ་གྱི་འཁོར་ལོ་དང་བཅས་པའི་རྡོ་རྗེ་སེམས་དཔའ་ནི་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པ་བདེ་བ་ཆེན་པོའི ་རང་བཞིན། རིགས་ཀྱི་བདག་པོས་དབུ་བརྒྱན་ཅིང་ཐུགས་ཁའི་ས་བོན་དང་ལྡན་པ། འཇམ་པའི་རྡོ་རྗེ་ལ་སོགས་པའི་གཟུགས་ལས་དཔག་ཏུ་མེད་པའི་དེ་བ་དང། ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་ལ་སོགས་པ་སྤྲོས་ཏེ། དེ་དག་གིས ་གདུལ་བྱ་རྣམས་ཇི་ལྟར་སྨིན་དུ་རུང་བ་བཞིན་ཏུ་ཆོས་བསྟན་པ་ལ་སོགས་པའི་སྒོ་ནས་གཞན་གྱིས་དོན་མཛད་པས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་གཞག་ཅིང། སླར་ཡང་བསྡུ་བ་བྱས་པའི་ཚུལ་གྱིས་བསཾ་གྱིས་མ་ཁྱབ་པའི་སྐུར་འཆང་བར་བྱའོ། །དེ ་ལ་འདིའི་ཡན་ལག་ལ་སོགས་པས་ནི་སའི་འོག་གི་བར་དུ་ཇི་ལྟར་བློས་ཕྱོགས་པའི་རྒྱ་ཆེན་པོ་བར་མཚམས་མེད་པའི་སྙིང་པོ་གཅིག་ཏུ་གྱུར་པའི་རྡོ་རྗེའི་ས་གཞི་འབར་བ་དང། འོད་ཟེར་གྱི་དྲ་བ་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟར་རབ་? ་འབར་བའི་ཕྲེང་བ་དང་ལྡན་པའི་མཚམས་བཅིང་བ་དང། སྟེང་དུ་རབ་དུ་འཁྲིག་པས་གཅིག་པར་གྱུར་པའི་སྲ་ཞིང་འབར་བའི་རྡོ་རྗེའི་རྭ་བ་དང། རྡོ་རྗེའི་དྲ་བའི་སྟེང་དུ་བར་མཚམས་མེད་པར་གཅིག་དུ་གྱུར་པའི་སྟེང་དུ་རྡོ་རྗེའི་མངའ་ཨི་དྲ་བ་དང། ? ་འོག་ཏུ་རྡོ་རྗེའི་བླ་རེ་དང། དེའི་འོག་དུ་རྡོ་རྗེའི་གུང་འབར་བ་དང། དེའི་ནང་དུ་གནས་པའི་སྣ་ཚོགས་པདྨ་དང་ཉི་མའི་དལ་གྱི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་པ་སེར་པོ་གཡས་སུ་འཁོར་པའོ། །དེའི་རྩིབས་ལ་ཁྲོ་བོ་དགོད་པ་ནི། དེ་ལ་ཤར་གྱི་རྩིབས ་ལ་གཤིན་རྗེ་གཤེད་ནག་པོ། དཀར་པོ་དང་དམར་པོའི་ཞལ་དང་ལྡན་པ། རྡོ་རྗེ་ཐེ་བ་ནག་པོ་དང། རལ་གྲི་དང། ནོར་བུ་དང་པདྨ་འཛིན་པའོ། །ལྷོའི་རྩིབས་ལ་ཤེས་རབ་མཐར་བྱེད་དཀར་པོ། ནག་པོ་དང་དམར་པོའི་ཞལ། རྡོ་རྗེས་མཚན་པའི་དབྱུག ་ཐོ་དཀར་པོ་དང། རལ་གྲི་དང། ནོར་བུ་དང་པདྨ་འཛིན་པའོ། །ནུབ་ཀྱི་རྩིབས་ལ་པདྨ་མཐར་བྱེད་དམར་པོ། སྔོན་པོ་དང་དཀར་པོའི་ཞལ། པདྨ་དམར་པོ་དང། རལ་གྲི་དང། ནོར་བུ་དང་འཁོར་ལོ་འཛིན་པའོ། །བྱང་གི་རྩིབས་ལ་བགེགས་མཐར་བྱེད་ནག་པོ། ་དཀར་པོ་དང་དམར་པོའི་ཞལ། འཇིགས་སུ་རུང་བའི་རྡོ་རྗེ་དང། རལ་གྲི་དང། ནོར་བུ་དང། པདྨ་འཛིན་པའོ། །མེའི་མཚམས་སུ་འདོད་པའི་རྒྱལ་པོ་སྔོན་པོ། དཀར་པོ་དང་དམར་པོའི་ཞལ། ལྕགས་ཀྱུ་དང། རལ་གྲི་དང། ནོར་བུ་དང། པདྨ་འཛིན་? ་སྲིན་པོའི་མཚམས་སུ་དབྱུག་པ་སྔོན་པོ་ནག་པོ། དཀར་པོ་དང་དམར་པོའི་ཞལ། དབྱུག་པ་སྔོན་པོ་དང། རལ་གྲི་དང། ནོར་བུ་དང། པདྨ་འཛིན་པའོ། །རླུང་གི་མཚམས་སུ་སྟོབས་པོ་ཆེ་ནག་པོ། དཀར་པོ་དང་དམར་པོའི་ཞལ། རྩེ་གསུམ་དང། རལ་གྲི་? ་ནོར་བུ་དང། པདྨ་འཛིན་པའོ། །དབང་ལྡན་གྱི་མཚམས་སུ་མི་གཡོ་བ་ཅན་སྔོན་པོ། དཀར་པོ་དང་ནག་པོའི་ཞལ། རལ་གྲི་དང། རྡོ་རྗེ་དང། ནོར་བུ་དང། པདྨ་འཛིན་པའོ། །སྟེང་དུ་གཙུག་ཏོར་འཁོར་ལོ་བསྒྱུར་བ་སེར་པོ། སྔོན་པོ་དང་དམར་པོའི་ཞལ། འཁོར་ལོ ་སེར་པོ་དང། རལ་གྲི་དང། ནོར་བུ་དང། པདྨ་འཛིན་པའོ། །འོག་དུ་གནོད་མཛེས་རྒྱལ་པོ་སྔོན་པོ། དཀར་པོ་དམར་བའི་ཞལ། རྡོ་རྗེ་དང། རལ་གྲི་དང། ནོར་བུ་དང། པདྨ་འཛིན་པའོ། །དེ་ལ་གཙུག་ཏོར་དང། འདོད་པའི་རྒྱལ་པོ་དང། མི་གཡོ་བ་དང་? ་གནོད་མཛེས་རྣམས་ནི་རིན་པོ་ཆེའི་ཅོད་པན་ཅན། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། སྒེག་པར་གྱུར་པ། མཆེ་བ་ཅུང་ཟད་བརྩིགས་པ་དང་ལྡན་པ། དེ་ལས་གཞན་རྣམས་ནི་མི་སྡུག་པའི་གཟུགས་ཅན། སྨིན་མཚམས་ཁྲོ་གཉེར་དང་བཅས་པ། དབུ་སྐྲ ་དམར་པོ་གྱེན་དུ་བརྫེས་པ། སྨིན་མ་དང་སྨ་ར་དམར་བ། ཞལ་གདངས་པ། མཆེ་བ་བརྩིགས་པ། ལྗགས་འགྱུར་བ། གད་མོའི་སྒྲ་སྒྲོགས་པ། ཀླུ་བརྒྱད་ཀྱིས་འཇིགས་པར་བརྒྱན་པ། གཟུགས་ཐུང་བ། གསུས་པ་ཆེ་བ། ལྟོ་བ་འཕྱང་བ། དེ་ལྟར་བཅུ་པོ་འདི ་དག་ཀྱང་གདན་དང་བཅས་པ་བརྟན་པ། གཡས་བསྐུམ་པ། གཡོན་བསྐྱང་བ། རྩིབས་ཀྱི་རྩེ་མོ་ལ་ཉེ་བ། ཅུང་ཟད་མ་འབྱར་བའི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པ། ཉི་མའི་ཅོད་པན་ཅན། ཤིན་ཏུ་ཁྲོ་བ་དང་འབར་བས་འཇིགS ་སུ་རུང་བར་བྱེད་པ། བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུའི་འོད་དང་ལྡན་པ། རང་དང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པའི་སྤྲུལ་པའི་ཚོགས་ཀྱིས་ཁམས་གསུམ་མཛའ་ཡས་པ་ན་གནས་པའི་བགེགས་ཀྱི་ཚོགས་མ་ལུས་པ་རྣམས་ཡང་དང་ཡང ་བུ་བརླག་པར་བྱེད་པ། ཕྱག་དྲུག་པའི་དང་པོ་གཉིས་ཀྱིས་རང་དང་འདྲ་བའི་རིག་མ་ལ་འཁྱུད་པ། ཞལ་གསུམ་པ། རྩ་བའི་ཞལ་སྐུ་མདོག་ལྟ་བུ། གཡས་དང་གཡོན་པ་གོང་དུ་ཇི་ལྟར་བརྗོད་པའི་ཁ་དོག་དང་ལྡན་པ། ཞལ་རེ་རེ་ཡང་སྤྱན་གསུམ ་པ་དམར་ཞིང་ཟླུམ་པའོ། །འཁོར་ལོ་ཤིན་ཏུ་དྲག་ཏུ་འཁོར་བས་བརྟན་པར་གནས་པ་ལྟ་བུ་རྒྱུན་མ་ཆད་པའི་འབར་བའི་ཚོགས་དཔག་ཏུ་མེད་པ་སྤྲོ་བར་བྱའོ། །འཁོར་ལོ་དེའི་ནང་ལྟེ་བའི་འོག་གི་རྩིབས་སུ་ཆོས་འབྱུང་གྲུ་གསུམ་དཀར་པོ་རབ་ཏུ་རྒྱས ་པ། དེའི་འོག་ཟུར་ལ་གནས་པའི་སྣ་ཚོགས་པདྨའི་སྟེང་དུ་སྣ་ཚོགས་རྡོ་རྗེ་དང་བཅས་པ་རྣམས་སོ། །རྡོ་རྗེ་དེའི་ཕྱོགས་ཀྱི་རྩིབས་རྣམས་སྦྱོར་བ་ཇི་ལྟ་བར་རྣམ་པར་སྣང་མཛད་ལ་སོགས་པ་ལྟ་བུའི་མདོག་ཅན་སྟེ། དབུས་ཀྱི་ལྟེ་བ་ཡང་དེ་བཞིན་ནོ། །དེར་རིན་པོ ་ཆེ་ཁ་དོག་ལྔ་ལས་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་ཐུབ་པའི་དཀྱིལ་འཁོར་འོད་ཟེར་སྣ་ཚོགས་ཀྱིས་ཕྱོགས་ཀུན་གྱི་འཁོར་ལོ་ཁྱབ་པར་བྱས་པའོ། །དེའི་དབུས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་འཇམ་པའི་རྡོ་རྗེའི་གཟུགས་ཅན། ་གུར་གུམ་ལྟ་བུར་དམར་སེར། གཡས་དང་གཡོན་གྱི་ཞལ་ནག་པོ་དང་དཀར་པོ། རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། རལ་གྲི་དང། མངའ་དང། ཨུད་པ་ལ་དང། གཞུ་འཛིན་པ། རིན་པོ་ཆེའི་ཅོད་པན་ཅན། རིན་པོ ་ཆེ་སྣ་ཚོགས་པ་ལ་སོགས་པས་བརྒྱན་པ། འོད་ཟེར་མཛའ་ཡས་པའོ། །དེའི་ཤར་ཕྱོགས་སུ་རྣམ་པར་སྣང་མཛད་དཀར་པོ། གཡས་དང་གཡོན་གྱི་ཞལ་ནག་པོ་དང་དམར་པོའོ། །ཕྱག་རྣམས་ན་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་དང། རལ་གྲི་དང། ནོར་བུ ་དང། པདྨ་འཛིན་པའོ། །ལྷོའི་ཕྱོགས་སུ་རིན་ཆེན་འབྱུང་ལྡན་སེར་པོ། ཕྱག་རྣམས་ནི་ནོར་བུ་ར་ག་ཏ་ཟུར་དགུ་པ་དང་།རལ་གྲི་དང། འཁོར་ལོ་དང། པདྨ་འཛིན་པའོ། ནུབ་དུ་སྣང་བ་མཛའ་ཡས་དམར་ཨོ། པདྨ་དམར་པོ་དང། རལ་གྲི་དང། ནད་བུ་དང། ་འཁོར་ལོ་འཛིན་པའོ། །བྱང་དུ་དོན་ཡོད་གྲུབ་པ་ལྗང་ཁུ་རལ་གྲི་དང་འཁོར་ལོ་དང་ནོར་བུ་དང་པདྨ་འཛིན་པའོ། །རྣམ་པ་གསུམ་པོ་འདི་དག་ནི་གཡས་གཡོན་གྱི་ཞལ་ནག་པོ་དང་དཀར་པོའོ། །དེ་བ་འདི་དག་རིན་པོ་ཆེའི་ཅོད་པན་དང་ལྡན་པ། རིན་པོ་ཆེ་སྣ ་ཚོགས་ཀྱིས་བརྒྱན་པའོ། །མོའི་མཚམས་སུ་སྤྱན་མ་རྣམ་སྣང་དང་མཚུངས་པའོ། །སྲིན་པོར་མ་མ་ཀི་མི་བསྐྱོད་པ་དང་མཚུངས་པ་ནི་ཨུད་པ་ལ་དམར་པོ་དང། རལ་གྲི་དང། ནོར་བུ་དང་པདྨ་འཛིན་པ་སྟེ། སྒྲུབ་པའི་ཐབས་ཐམས་ཅད་ལས་བཤད་པའི་ཕྱིར་རོ། ་རླུང་གི་མཚམས་སུ་གོས་དཀར་མོ་སྣང་བ་མཛའ་ཡས་དང་མཚུངས་སོ། །དབང་ལྡན་དུ་སྒྲོལ་མ་རིན་ཆེན་འབྱུང་ལྡན་དང་མཚུངས་པ་ཨུད་པ་ལ་སེར་པོ་དང་རལ་གྲི་དང། ནོར་བུ་དང་པདྨ་འཛིན་པའོ། །ནང་གི་རིམ་པ་ལས་ཕྱི་རོལ་མེའི་མཚམས་སུ་གཟུགས་རྡོ་རྗེ་མ་རྣམ ་པར་སྣང་མཛད་དང་མཚུངས་པ། རིན་པོ་ཆེའི་མེ་ལོང་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །སྲིན་པོར་སྒྲ་རྡོ་རྗེ་མི་བསྐྱོད་པ་དང་མཚུངས་པའོ། །ཏམ་བུ་ར་སྔོན་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །རླུང་དུ་དྲི་རྡོ་རྗེ་མ་རིན་ཆེན་འབྱུང་ལྡན་དང་མཚུངས ་པ། དྲི་ཆབ་ཀྱི་དུང་ཆོས་སེར་པོ་དང་རལ་གྲི་དང་འཁོར་ལོ་དང་པདྨ་འཛིན་པའོ། །དབང་ལྡན་དུ་རོ་རྡོ་རྗེ་མ་སྣང་བ་མཛའ་ཡས་དང་མཚུངས་པ། རོའི་སྣོད་དམར་པོ་དང་རལ་གྲི་དང་ནོར་བུ་དང་འཁོར་ལོ་འཛིན་པའོ། །ཤར་སྒོའི་གཡོན་ཕྱོགས་སུ་རེག་རྡོ་རྗེ་མ་དོན་ཡོད་གྲུབ་པ ་དང་མཚུངས་པ། གོས་སྣ་ཚོགས་དང་རལ་གྲི་དང་ནོར་བུ་དང། པདྨ་འཛིན་པའོ། །ཤར་སྒོའི་གཡས་ཕྱོགས་སུ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་རྡོ་རྗེ་སེམས་དཔའ་དང་མཚུངས་པ། ཆོས་འབྱུང་དཀར་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན ་པའོ། །འཇམ་པའི་རྡོ་རྗེ་ལ་སོགས་པའི་ལྷ་འདི་དག་ནི་ཞལ་གསུམ་པ། ཕྱག་དྲུག་པ། དད་པོའི་ཕྱག་མཚན་གཉིས་གཡས་པ་གཉིས་ཀྱིས་འཛིན་པ། གཞན་གཉིས་པ་གཉིས་ནི་གཡོན་པ་གཉིས་ཀྱིས་འཛིན་པའོ། །ཐམས་ཅད་རྩ་བའི་ཞལ་སྐུ་དང ་མཚུངས་པའོ། །ཤར་ལ་སོགས་པའི་སྒོ་རུ་གཤིན་རྗེ་མཐར་བྱེད་དང། ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང། བགེགས་མཐར་བྱེད་རྣམས་སོ། །འདིར་འཇམ་པའི་རྡོ་རྗེ་དང་རྣམ་པར་སྣང་མཛད་དང་ལྷ་མོ་བཅུ་པོ་འདི་རྣམས་ནི་ཟླ་བའི་དལ་ལ་རྡོ་རྗེའི ་དཀྱིལ་དཀྲུང་གིས་བཞུགས་པ་སྟེ། གཞན་རྣམས་ནི་ཉི་མའི་གདན་ལ་བཞུགས་པའོ། །ཟླ་བ་དང་ཉི་མའི་འོག་ཏུ་སྣ་ཚོགས་པདྨའོ། །དེ་བ་རྣམས་ནི་རྩ་བའི་ཕྱག་གཉིས་ཀྱིས་རང་དང་མཚུངས་པའི་ཤེས་རབ་མ་ལ་མཁྱུད་པ་སྟེ། ལྷ་མོ་རྣམས་ཀྱང་རང་དང ་མཚུངས་པའི་ཐབས་ལ་མཁྱུད་པའོ། །རིགས་ཀྱི་བདག་པོ་ནི་དབུ་ལ་དགོད་དོ། །དེའང་འཇམ་པའི་རྡོ་རྗེ་ལ་སོགས་པའི་དེ་བ་རྣམས་ལ། མ་མ་ཀི་དང་།སྒྲ་རྡོ་རྗེ་མ་དང་བསྲུང་བའི་འཁོར་ལོའི་ཁྲོ་བོ་བརྒྱད་རྣམས་ལ་ནི་མི་བསྐྱོད་པའོ། །སྤྱན་མ་དང་གཟུགས ་རྡོ་རྗེ་མ་དང་གཤིན་རྗེ་གཤེད་བྱེད་རྣམས་ལ་ནི་རྣམ་པར་སྣང་མཛད་དོ། །དྲི་རྡོ་རྗེ་མ་ལ་རིན་ཆེན་འབྱུང་ལྡན་ནོ། །གོས་དཀར་མོ་དང་རོ་རྡོ་རྗེ་མ་དང་པདྨ་མཐར་བྱེད་རྣམས་ལ་འོད་དཔག་མེད་དོ། །ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ལའང་རྡོ་རྗེ་འཛིན་པའོ། །གཞན་གྱི ་ལུགས་ལ་ནི་མི་བསྐྱོད་པའི་ཞེས་འདོད་དོ། །རྡོ་རྗེ་སེམས་དཔའ་ནི་སྐུ་མདོག་དཀར་པོ་ལ་ཡིད་ཙམ་དམར་བའི་མདངས་དང་ལྡན་པ། གཡས་དང་གཡོན་གྱི་ཞལ་ནི་སྔོན་པོ་དང་དམར་པོའོ། །ཕྱག་དང་པོ་གཉིས་རང་དང་འདྲ་བའི་ཤེས་རབ་མ་ལ་མཁྱུད་པ། ་ཕྱག་ལྷག་མ་རྣམས་ཀྱིས་རྡོ་རྗེ་སྔོན་པོ་དང། རལ་གྲི་དང་ནོར་བུ་དང་པདྨ་འཛིན་པ། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། ཟླ་བ་ལྟ་བུའི་མདོག་ཅན། སྐྱིལ་ཀྲུང་དད་རིན་པོ་ཆེའི་ཅོད་པན་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དབུ་ལ་མི ་བསྐྱོད་རྡོ་རྗེས་རྒྱས་བཏབ་པའོ། །འདིར་འཇམ་པའི་རྡོ་རྗེའི་ཐུགས་ཁ་སྟེ། ནུ་མ་གཉིས་ཀྱི་བར་དུ་དམ་ཚིག་སེམས་དཔའ་ལྟ་བུའི་ཡེ་ཤེས་སེམས་དཔའ་ཨོ། །དེའི་སྙིང་ཁར་ཟླ་བ་ལ་རལ་གྲིའི་ཡུ་བ་ལ་ཟླ་བས་མཚན་པ་ལ་ས་བོན་མཾ་མོ། །རྣམ་པར་སྣང་མཛད ་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་རྣམས་ཀྱི་ཐུགས་ཁར་རང་གི་ཕྱག་མཚན་ཟླ་བ་དང་ཉི་མས་མཚན་པ་ལ་བྲུཾ་ཨོཾ་ཛྲིཾ་ཁ་ཧཱུཾ་དོ། །སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ལ་མོཾ་ལོཾ་ཏོཾ། ཛ་ཧཱུཾ་བཾ་ཧོ་ཁཾ་རཾ་མོ། །ཁྲོ་བོ ་རྣམས་ནི་ཧཱུཾ་ངོ། །ལྷ་ཐམས་ཅད་ཀྱི་སྙིང་པོའི་སྔགས་ནི་རྡོ་རྗེ་ཕྲེང་བ་ལས་བསྟན་ཏོ། །འདིར་རྫོགས་པའི་རྣལ་འབྱོར་ལ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང། ཡེ་ཤེས་སེམས་དཔའ་དགུག་གཞུག་ལ་སོགས་པ་ནི་མ་གསུངས་སོ། །དེ་དག་མེད་ཀྱང་སྤྱན་ལྔ་དང ་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པས་མཛེས་པར་བྱས་པའི་སྐུ་ཡི་དམ་གྱི་ལྷ་གཅིག་ཆར་དུ་ལེགས་པར་ཡོངས་སུ་དག་པའི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། ཡང་དང ་ཡང་དུ་ལྷག་པར་མོས་པ་བརྟན་པའི་ཕྱིར་རོ། །སྙིང་པོའི་སྔགས་ལ་སོགས་པ་ནི་བུམ་པ་ལྷག་པར་གནས་པ་ལ་སོགས་པ་ཉེ་བར་སྦྱོར་བའི་ཆེད་དུའོ། །གང་གི་ཚེ་?་དབུས་དེ་བ་གཞན་བདག་པོར་གྱུར་པ་དེའི་ཚེ་དབུས་ཀྱི་གཙོ་བོ་གང་གིས་བྱེད་པ་དེ ་གནས་པར་འགྱུར་རོ། །འོད་དཔག་མེད་ཀྱང་དཀར་པོར་འགྱུར་ཏེ། ཆོས་རྣམས་དཀར་པོའི་རང་བཞིན་གྱིས། །འདི་ནི་དག་གི་དབང་ཕྱུག་དཀར། ཅེས་གསུངས་པས་སོ། །འདིར་བརྗོད་པ། འཆད་པར་འགྱུར་པའི་ངལ་རྣམས་ལ། གང་དལ?་འཁོར་ལོའི་ལྷ་རྣམས ་ཀྱི་གནས་གསུངས་པ་རྣམས་བརྗོད་པར་བྱ་སྟེ། དེ་ལ་དེ་ཉིད་རྩོ་བོ་ཡིན་པས་ངལ་གྱི་བདག་པོ་ལ་ཞལ་མངོན་པར་ཕྱོགས་པའོ། །དེས་མཁྱུད་པའི་ལྷ་མོ་ནི་དེ་ཉིད་ལ་ཞལ་མངོན་པར་ཕྱོགས་པ་སྟེ། ཕ་རོལ་གྱི་གནས་སུ་མངོན ་དུ་ཕྱིན་པའི་ཕྱིར་རོ། །འདིར་ནི་གཞལ་ཡས་ཁང་གི་རྡོ་རྗེའི་ས་གཞི་ལ་སོགས་པའི་ཡན་ལག་ཅན་རྡོ་རྗེའི་གུར་དང། བསྲུང་བའི་འཁོར་ལོ་དང། ཆོས་འབྱུང་ཞེས་བྱ་བ་ཡན་ལག་རྣམ་པ་གསུམ་མོ། །དེ་ལ་རྡོ་རྗེའི་གུར་ནི་འདིར་འཆད་པར་འགྱུར ་བའི་གཞལ་ཡས་ཁང་ཐམས་ཅད་ལ་ཡིན་ནོ། །བསྲུང་བའི་འཁོར་ལོ་དང་ཆོས་འབྱུང་ནི་གཞུང་ཁ་གཅིག་ལ་བརྗོད་པར་བྱ་སྟེ། བྲི་བར་བྱ་བའི་གཞལ་ཡས་ཁང་རྣམས་ལ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཆོས་འབྱུང་མ། ཆོས་ཀྱི་དབྱིངས་ཀྱི ་ཁོངས་སུ་ཆུད་པ་མངོན་པར་བྱ་བའི་ཆེད་དུ་ཁོ་བོས་རྡོ་རྗེ་ཕྲེང་བ་ལས་བྲི་བར་བརྗོད་དོ། །ཇི་ལྟར་ཕྱི་རོལ་དེ་བཞིན་བདག་།ཞེས་ལྷག་པར་རྫོགས་རིམས་ཀྱི་ངལ་བསྟན་པའི་ཕྱིར་དང། འཇིག་རྟེན་གྱི་ཁམས་ཀྱི་ལྕགས་རིས་མཚོན་པར་བྱ་བའི་ཕྱིར་རྡོ་རྗེའི ་ཕྲེང་བ་བྲི་བ་ནི་ངེས་པའོ། །བསྲུང་བའི་འཁོར་ལོ་ནི་དེ་ལྟར་མ་ཡིན་པས་བྲི་མི་དགོས་ཏེ། བགེགས་དགག་པ་གཞན་གྱིས་ཀྱང་བྱེད་པས་སོ། །དེའང་ཁྱད་པར་དུ་སྟོང་པ་ཉིད་ཁོ་ན་བཅོམ་ལྡན་འདས་ཡིན་པས། བགེགས་ཀྱི་ཚོགས་མ་ལུས་པ་རྩ་བ་དང ་?་ནི་བསྒོམ་པའི་སྐབས་ལ་བྲི་བ་ལ་མེའོ། །བཅས་པ་རབ་ཏུ་བརླག་པར་བྱེད་ནུས་པར་འགྱུར་ལ། དེ་ལ་ལྷག་པར་མོས་པ་བརྟན་བསྟད་བསྟབས་ལོགས་པ། པ་ཉིད་དང་པ་བསྐྱེད་པའི་ཆེད་དུ་བསྲུང་བའི་འཁོར་ལོ་དལ་ལ་བྲི་བ་མ་བསྟན་ཏོ། །བསྒོམ་པའི་འཁོར་ལོ་ལའང་ཁ་གཅིག ་དུ་དེ་བསྒོམ་པར་གསུངས་པ་ལས་གཞུང་ཐམས་ཅད་དུ་མ་བསྟན་ཏོ། །གལ་ཏེ་བཞིན་དག་ན་རེ། བགེགས་བསལ་བའི་རྗེས་སུ་སྟོང་པ་ཉིད་ལ་རབ་ཏུ་ཞུགས་པས་བསྒོམ་པར་བྱ་བའི་ངལ་ལ་བསྲུང་བའི་འཁོར་ལོ་མེད་པའི་ཕྱིར་མི་བྲི་ན། དེ་ལྟར་ན་དེའི་ཚེ་ལྕགས་རིས་མཚོན ་པར་བསྟན་པའི་རྡོ་རྗེའི་ར་བ་ཡང་བྲི་མི་དགོས་པར་འགྱུར་རོ། །ཡང་ན་གཞལ་ཡས་ཁང་བསྐྱེད་པའི་ཚེ་དེའང་བསྐྱེད་དོ་ཞེ་ན་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ར་བ་ལན་གཉིས་བསྐྱེད་པ་ནི་གང་ལ་ཡང་མ་གསུངས་པ་དང། ལན་གཉིས་བསྐྱེད་པ་ལ་དགོས་པ ་མེད་པའི་གཅིག་ཆར་བསྐྱེད་པ་ཉིད་ཀྱིས་རྡོ་རྗེའི་ས་གཞི་བཅིངས་པ་དང། རྡོ་རྗེའི་ར་བ་ལ་སོགས་པ་མ་ལུས་པ་གཞག་པའི་སྟོང་པ་ཉིད་ཀྱི་རང་བཞིན་སྒྱུ་མ་ལྟ་བུར་གནས་པ་ཉིད་དོ། །བསྲུང་བའི་འཁོར་ལོ་ཡོད་ཀྱང་དལ་གཅིག་ལས་མི་འབྲི་བའི་རྒྱུ་མཚན་ན ་གསུངས་པ་ཉིད་ཡིན་ལ། གང་ཆོས་ཁ་གཅིག་ལས་བསྲུང་བའི་འཁོར་ལོ་ཡང་བྲི་བར་བྱའོ་ཞེས་འདོད་དོ་ཞེས་སོ། །འཇམ་པའི་རྡོ་རྗེའི་དལ་རྫོགས་སོ།། །*། །མདོར་བྱས་ལས་བསྟན་པའི་རལ་འཁོར་ལོ་བསྟན་པ་ནི་གཞལ་ཡས་ཁང་གི ་བར་ནི་སྔར་དང་མཚུངས་སོ། །ལྷ་ཁྲོ་བོ་ལ་སོགས་པ་རྣམས་ཀྱི་ཁྱད་པར་བརྗོད་པར་བྱ་བ་ནི། གཞལ་ཡས་ཁང་གི་དབུས་སུ་མི་བསྐྱོད་པ་ནག་པོ་དྲག་པོ་གཡས་དཀར་པོ་དང་གཡོན་དམར་པོ་དང། ཕྱག་གཡས་རྣམས་ཀྱི་འཇིགས་ཤིང་སྡིགས་པའི་རྡོ ་རྗེ་དང་འཁོར་ལོ་དང་པདྨ་བསྣམས་པ། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཡིད་བཞིན་གྱི་ནོར་བུ་དང་རལ་གྲི་འཛིན་པ། རང་དང་འདྲ་བའི་རེག་རྡོ་རྗེ་མ་ལ་མཁྱུད་པའོ། །དེའི་ཤར་ལ་སོགས་པའི་ཕྱོགས་སུ་རྣམ་པར་སྣང་མཛད་ལ་སོགས་པའོ། །མེའི་མཚན་? ་ལ་སོགས་པ་རྣམས་སུ་སྤྱན་མ་ལ་སོགས་པ་བསྐྱེད་དོ། །དེའང་རྣཾ་པར་སྣང་མཛད་ནི་དཀར་པོ་དང་ནག་པོ་དང་དམར་བའི་ཞལ་འཁོར་ལོ་དང་རྡོ་དང་པདྨ་དཀར་པོ་དང་དྲིལ་བུ་དང་ནོར་བུ་དང་རལ་གྲི་འཛིན་པའོ། གོང་དུ་བསྟན་པ་དང་ཕྱིས་འཆད་པའི་ཕྱག་རྣམས་ལ་དད་པོ་གཡས་རྣམས་ཀྱི་སྟེང་ནས་འོག་གི་བར་དང། ་གཡོན་རྣམས་ནི་འོག་ནས་སྟེང་གི་བར་དུ་ཕྱག་མཚན་གྱི་རིམ་པ་ཁོང་དུ་ཆུད་པར་བྱའོ། །རྩ་བ་དང་གཡས་དང་གཡོན་གྱི་རིམ་པས་ཞལ་གྱི་ཁ་དོག་གོ་བར་བྱའོ། །རིན་ཆེན་འབྱུང་ལྡན་སེར་པོ་དང་ནག་པོ་དང་དཀར་པོའི་ཞལ། ནོར་བུ་དང་རྡོ་རྗེ་དང ་འཁོར་ལོ་དང་དྲིལ་བུ་དང་པདྨ་སེར་པོ་དང་རལ་གྲི་འཛིན་པའོ། །སྣང་བ་མཛའ་ཡས་ནི་དམར་པོ་དང་ནག་པོ་དང་དཀར་པོའི་ཞལ། ཕྱག་གཡོན་པ་དྲིལ་བུ་དང་བཅས་པས་པདྨ་དམར་པོའི་ཡུ་བ་བཟུང་ནས་གཡས་པའི་ཕྱག་གིས ་ཐུགས་ཁར་ཁ་འབྱེད་པ། གཞན་རྣམས་ཀྱིས་རྡོ་རྗེ་དར་འཁོར་ལོ་དང་རིན་པོ་ཆེ་དང་རལ་གྲི་འཛིན་པའོ། །དོན་ཡོད་གྲུབ་པ་ནི་ལྗང་ཁུ་དང་ནག་པོ་དང་དཀར་པོའི་ཞ། རལ་གྲི་དང་རྡོ་རྗེ་རྒྱ་གྲམ་དང་འཁོར་ལོ་དང་དྲིལ་བུ་དང་པདྨ་ལྗང་ཁུ་དང་ནོར་བུ་འཛིན ་པའོ། །འདི་ལྟར་དེ་བ་ལྔ་ནས་བརྗོད་པར་བྱ་བའི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ་བར་དུ་རལ་བའི་ཐོར་ཅོག་དང་རིན་པོ་ཆེའི་ཅོད་པན་དང། རིན་པོ་ཆེ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སྤྱན་མ་ནི་རྣམ་པར་སྣང་མཛད་དཔང?་ཆུངས ་པ་ལ། ཁྱད་པར་དུ་པདྨ་དཀར་པོའི་གནས་སུ་ཨུད་པ་ལ་དཀར་པོའོ། །མ་མ་ཀི་ནི་མི་བསྐྱོད་པ་དང་མཚུངས་པ་ལ་ཁྱད་པར་དུ་པདྨའི་གནས་སུ་ཨུད་པ་ལ་སྔོ་དམར་རོ། །གོས་དཀར་མོ་ནི་སྣང་བ་མཛའ་ཡས་དང་མཚུངས་སོ། །སྒྲོལ་མ་ནི་དོན་ཡོད་གྲུབ་པ ་དང་མཚུངས་པ་ལས་སྣ་ཚོགས་རྡོ་རྗེ་དད་འཁོར་ལོ་དང་ཨུད་པ་ལ་སྔོན་པོ་དང་དྲིལ་བུ་དང་རལ་གྲི་འཛིན་པའོ། །རིམ་པ་གཉིས་པ་ལ་མེའི་མཚམས་སུ་གཟུགས་རྡོ་རྗེ་མ་སྤྱན་མ་ལྟ་བུ་ལ་ཁྱད་པར་དུ་དད་པོའི་ཕྱག་གཉིས་ཀྱིས་མེ་ལོང་དམར་པོ་འཛིན ་པའོ། །སྲིན་པོའི་མཚམས་སུ་སྒྲ་རྡོ་རྗེ་མ་སེར་མོ། སེར་པོ་དང་ནག་པོ་དང་དཀར་པོའི་ཞལ་དང་ལྡན་པའོ། །དང་པོའི་ཕྱག་གཉིས་ནི་པི་ཝང་བསྒྲེང་བས་འཛིན་པའོ། །འོག་མའི་ཕྱག་རྣམས་ཀྱིས་རྡོ་རྗེ་དང། ཨུད་པ་ལ་སྔོན་པོ་དང། རིན་པོ་ཆེ ་འཛིན་པའོ། །རླུང་གི་མཚམས་སུ་དྲི་རྡོ་རྗེ་མགོས་དཀར་མོ་ལྟ་བུ་དད་པོའི་ཕྱག་གཉིས་ཀྱི་དུད་ཕོར་འཛིན་པའོ། །དབང་ལྡན་གྱི་མཚམས་སུ་རོ་རྡོ་རྗེ་མ་ལྗང་ཁུ་ལྗང་ཁུ་དད་དཀར་བའི་ཞལ། ཕྱག་དང་པོ་གཉིས་ཀྱིས་རོའི་སྣོད་དམར་པོ་འཛིན་པ། འོག ་མ་རྣམས་ཀྱིས་རྡོ་རྗེ་དང་འཁོར་ལོ་དང་རལ་གྲི་འཛིན་པའོ། །རིམ་པ་གསུམ་པའི་ཤར་གྱི་སྣམ་བུ་ལ་བྱམས་པ་དང་སའི་སྙིང་པོ་གཉིས་སོ། །ལྷོའི་སྣམ་བུ་ལ་ཕྱག་ན་རྡོ་རྗེ་དང་ནམ་མཁའ་ཨི་སྙིང་པོ་གཉིས་སོ། །ནུབ་ཀྱི་སྣམ་བུ་ལ་སྤྱན་རས་གཟིགས་དང ་འཇམ་དཔལ་གཉིས་སོ། །བྱང་དུ་སྒྲིབ་པ་རྣམ་པར་སེལ་བ་དང་ཀུན་ཏུ་བཟང་པོ་གཉིས་སོ། །བརྒྱད་པོ་འདི་དག་ནི་རིགས་ཀྱི་བདག་པོ་དད་མཚུངས་པ་ལས། ཁྱད་པར་དུ་བྱམས་པའི་ཕྱག་གཡས་ན་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པ ་ཤར་ལ་སོགས་པའི་སྒོ་དང་མེ་ལ་སོགས་པའི་མཚམས་བཞི་དང། སྟེང་དང་འོག་ཏུ་གོ་རིམས་བཞིན་དུ་ཁྲོ་བོ་བཅུའོ། །གཤིན་རྗེ་གཤེད་ནི་ནག་པོ། །ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་དང་ལྡན་པ། ཕྱག་ན་རྡོ་རྗེ་ཐོ་བ་དད་འཁོར་ལོ་དང་རྡོ་རྗེ ་བསྣམས་པའོ། །དགྲ་སྟ་དང་དྲིལ་བུ་དང་སྙིང་ཁར་ཞགས་པ་དང་བཅས་པའི་སྡིགས་འཛུབ་བསྣམས་པ། ཤེས་རབ་མཐར་བྱེད་དཀར་པོ། དཀར་པོ་དད་དམར་པོ་དང་ནག་པོའི་ཞལ་དང་ལྡན་པ། རྡོ་རྗེ་དང་རྡོ་རྗེས་མཚན་པའི་དབྱུག་ཐོ་དཀར་པོ་དང ་རལ་གྲི་དང་སྙིང་ཁར་ཞགས་པ་དད་བཅས་པའི་སྡིག་མཛུབ་དང་དྲིལ་བུ་དང་དགྲ་སྟ་འཛིན་པའོ། །པདྨ་མཐར་བྱེད་དམར་པོ་དམར་པོ་དང་ནག་པོ་དང་དཀར་པོའི་ཞལ་དང་ལྡན་པ། པདྨ་དམར་པོ་དང་རལ་གྲི་དང་གཏུན་ཤིང་དང། དྲིལ་བུ་དང་དགྲ་སྟ་དང ་ཞགས་པ་འཛིན་པའོ། །བགེགས་མཐར་བྱེད་སྔོན་པོ། སྔོན་པོ་དང་དཀར་པོ་དང་དམར་བའི་ཞལ་དང་ལྡན་པ། སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་དང་གཏུན་ཤིང་དང་ཞགས་པ་དད་བཅས་པའི་སྡིགས་འཛུབ་དང་དྲིལ་བུ་དང་དགྲ་སྟ་འཛིན་པའོ། །མི་གཡོ་པ ་སྔོན་པོ་སྔོན་པོ་དང་དཀར་པོ་དང་དམར་པོའི་ཞལ། རལ་གྲི་དང་རྡོ་རྗེ་དང་འཁོར་ལོ་དང་སྡིགས་འཛུབ་དང་དགྲ་སྟ་དང་ཞགས་པ་འཛིན་པའོ། །འདོད་པའི་རྒྱལ་པོ་སྔོན་པོ། སྔོན་པོ་དང་དཀར་པོ་དང་དམར་པོའི་ཞལ། ཕྱག་གོད་མ་གཉིས་ཀྱིས་རྡོ་རྗེ་ཧཱུཾ ་མཛད་ཀྱི་ཕྱག་རྒྱ་འཛིན་པ། ཕྱག་འོག་མ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་ཞགས་པ་དང་ལྕགས་ཀྱུ་འཛིན་པའོ།།དབྱུག་པ་སྔོན་པོ་ནག་པོ། ནག་པོ་དང་དཀར་པོ་དང་དམར་པའི་ཞལ། རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་རལ་གྲི ་དང་འཁོར་ལོ་དྲང་སྙིང་ཁར་ཞགས་པ་དང་བཅས་པའི་སྡིགས་འཛུབ་དང་པདྨ་དང་དགྲ་སྟ་འཛིན་པའོ། །སྟོབས་པོ་ཆེ་ནག་པོ། ནག་པོ་དང་དཀར་པོ་དང་དམར་པོའི་ཞལ། །རྡོ་རྗེས་མཚན་པའི་དབྱུག་པ་དང་རལ་གྲི་དང་འཁོར་ལོ་དང། སྙིང་ཁར་ཞགས་པ་དང་བཅས ་པའི་སྡིགས་འཛུབ་དང་པདྨ་དང་དགྲ་སྟ་འཛིན་པའོ། །གཙུག་ཏོར་འཁོར་ལོ་བསྒྱུར་བ་ནག་པོ། ནག་པོ་དང་དཀར་པོ་དང་དམར་བའི་ཞལ། ཕྱག་དང་པོ་གཉིས་ཀྱིས་གཙུག་ཏོར་གྱི་ཕྱག་རྒྱ་ལག་པ་གཉིས་ཐལ་མོ་བསྐྱད་པའི་སྲིན་ལག་གི་སེན་མོས་མནན་ཏེ། མཐེའུ ་ཆུང་དང་གུང་མོ་དང་འཛུབ་མོ་རྣམས་རྩེ་སྤྲད་དེ་སེན་མོའི་རྩེ་མོ་མཉམ་པར་བྱས་པ་ནི་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཕྱག་རྒྱ་སྤྱི་བོར་འཛིན་པ་སྟེ། སྐབས་གཞན་ཏུ་རྣམ་པ་གཞན་ཡང་ཡིན་ནོ། །ཕྱག་འོག་མ་རྣམས་ཀྱིས་རྡོ་རྗེ་དང་པདྨ་དང་སྡིགས་འཛུབ་དང་རལ ་གྲི་འཛིན་པའོ། །གནོད་མཛེས་རྒྱལ་པོ་ནག་པོ་དག་པོ་དང་དཀར་པོ་དང་དམར་པོའི་ཞལ། རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང། སྙིང་ཁར་ཞགས་པ་དང་བཅས་པའི་སྡིགས་འཛུབ་དད་པདྨ་དང་རལ་གྲི་འཛིན་པའོ། །མི་བསྐྱོད་པ་ལ་སོགས་པ་འདི་དག ་གི་སྟེང་དུ་ནི་སྣ་ཚོགས་པདྨའི་སྟེང་དུ་རིམ་པ་བཞིན་དུ་རྡོ་རྗེ་རྩེ་ལྔ་པ་དད། འཁོར་ལོ་དང་རིན་པོ་ཆེ་མ་རཏ?་གསུལ་དགུ་བ་དང། པདྨ་དམར་པོ་དང། སྣ་ཚོགས་རྡོ་རྗེ་དང། འཁོར་ལོ་དང། རྡོ་རྗེ་དང། པདྨ་དང། སྣ་ཚོགས་རྡོ་རྗེ་དང། འཁོར་ལོ་དང། རྡོ ་རྗེ་དང། པདྨ་དང། སྣ་ཚོགས་རྡོ་རྗེ་དང། གླུ་ཤིང་གི་མེ་ཏོག་དང་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང། པདྨ་དང། རྡོ་རྗེ་དང། སྣ་ཚོགས་རྡོ་རྗེ་དང། རྡོ་རྗེ་ཐོབ་དང། རྡོ་རྗེ་དང། པདྨ་དམར་པོ་དང། སྣ་ཚོགས་རྡོ་རྗེ་དང། རལ་གྲི་ཡུ་བ་དང། དབྱུག་ཏོ་ནག་པོ ་དང། རྡོ་རྗེ་དང། དེ་དག་གི་སྟེང་ན་ཉི་མ་དང་ཟླ་བ་ལ་བཞུགས་པའི་ཞལ་གསུམ་ཕྱག་དྲུག་པ་སྟེ། དེ་དག་གི་རལ་གྲིའི་ཡུ་བ་ནི་རང་གི་ལྷའི་ཁ་དོག་གི་རིན་པོ་ཆེ་ལ་བྱས་པའོ། །དེ་ལ་ཁྱད་པར?་རྣི་རྣམ་པར་སྣང་མཛད་དང་ལྷ་མོ་རྣམས་དང་བྱང་ཆུ་ག?་སེམས ་དཔའ་རྣམས་ཟླ་བ་ལ་གནས་པའོ། །གཞན་རྣམས་ནི་ཉི་མ་ལ་གནས་པའོ། །མི་བསྐྱོད་པ་ལ་སོགས་པ་ནི་རྡོ་རྗེ་སྐྱིལ་དཀྲུང་ཅན་ནོ། །ཁྲོ་བོ་རྣམས་ནི་གཡས་བསྐྱང་ལ་གཡོན་བསྐུམ་པ། ཞལ་རེ་རེ་ལ་སྤྱན་ཟླུམ་ལ་དམར་བ་གསུམ་གསུམ་དང་ལྡན ་པའོ། །སྒྲ་སྒྲོགས་ཤིང་འབར་བ་སྟེ་ཤིན་ཏུ་འཇིགས་པ་བསྲུང་བའི་འཁོར་ལོ་ལས་བསྟན་པའི་འཇིགས་པའི་གཟུགས་ཅན་ལ་སོགས་པའི་བྱེ་བྲག་དང་ལྡན་པའོ། །འདི་ལ་དལ་གྱི་བདག་པོ་ནི་ཡུམ་དང་བཅས་པ་ཡིན་ལ། ལྷ་གཞན་རྣམས་ནི་གནོད ་མཛེས་ཀྱི་བར་དུ་ཡུམ་མེད་པའོ། །བསྲུང་པའི་འཁོར་ལོ་ལ་གནས་པའི་གཤིན་རྗེ་གཤེད་ལ་སོགས་པ་ནི་དལ་གྱི་རྩོ་བོ་ལྟ་བུ་ཤེས་རབ་མ་དང་བཅས་པའོ། །དེ་དག་ནི་གོ་རིམས་བཞིན་དུ་རྡོ་རྗེ་རོ་ལངས་མ་དང། གཞན་གྱིས་མི་ཐུབ་མ་དང། ཁྲོ་གཉེར ་ཅན་མ་དང། རལ་གཅིག་མ་དང། སྣ་ཚོགས་རྡོ་རྗེ་མ་དང། སྣ་ཚོགས་རིན་ཆེན་མ་དང། སྣ་ཚོགས་པདྨ་མ་དང། །སྣ་ཚོགས་ལས་མ་དང། །ནམ་མཁའ་ཨི་རྡོ་རྗེ་མ་དང། ས་འཛིན་མ་རྣམས་སོ། །དེ་ནས་མི་བསྐྱོད་པའི་ཐུགས་ཁར་ཡེ་ཤེས་སེམས ་དཔའ་ཕྱག་གཉིས་པ་དམར་པོ་ཡུམ་དང་བཅས་པའོ། །དེའི་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ནག་པོ། རྣམ་པར་སྣང་མཛད་ཀྱི་ཨའོཾ། རིན་ཆེན་འབྱུང་ལྡན་གྱི་སྭ། །སྣང་བ་མཛའ་ཡས་ཀྱི་ཨ། དོན་ཡོད་གྲུབ་པའི་ཧ། སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱི ་ལཾ་མཾ་གི?་ཏཾ་ཇ་ཧཱུཾ་བ་ཧོ། རེག་རྡོ་རྗེ་མའི་ཁཾ་རྣམས་བསམ་མོ། །བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་པོ་རྣམས་ཀྱི་མའི?། །ཐལཾ?་ཨའོཾ་ཨའོཾ་ཨའོཾ་ཧཱུཾ་ཨའོཾ་སཾ་རྣམས་བསམ་མོ། །ཁྲོ་པོ་རྣམས་ནི་ཧཱུཾ་ངོ། །ལྷ་མོ་རྣམས་ཀྱི་སྙིང་པོའི་སྔགས་རྣམས་ནི། རྡོ་རྗེ ་ཕྲེང་བར་ལྷ་རྣམས་ཀྱི་སྔགས་ལས་ཤེས་པར་བྱའོ། །རིགས་ཀྱི་བདག་པོ་ནི་མི་བསྐྱོད་པ་དང་ཀུན་ཏུ་བཟང་པོ་གཉིས་རྡོ་རྗེ་སེམས་དཔའ་ཡིན་པར་གོང་དུ་བསྟན་པའོ། །ཁྱད་པར་དུ་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་དྲིལ་བུ་དང་ནོར་བུ་དང ་རལ་གྲི་འཛིན་པའོ། །བདག་ཉིད་ལྟ་བུའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་ཀུན་ཏུ་མཁྱུད་པའོ། །དེ་བ་རྣམས་དང་མ་མ་ཀི་དང། ཕྱག་ན་རྡོ་རྗེ་དང་འཇམ་དཔལ་དང་གཙུག་ཏོར་འཁོར་ལོ་བསྒྱུར་བ་དང། །གནོད་མཛེས་རྒྱལ་པོ་རྣམས་ཀྱི་མ་བསྐྱོད་པའོ། །སྤྱན་མ ་དང་གཟུགས་རྡོ་རྗེ་མ་དང། བྱམས་པ་དང། སའི་སྙིང་པོ་དང། གཤིན་རྗེ་གཤེད་དང། མི་གཡོ་བ་རྣམས་ཀྱི་རྣམ་པར་སྣང་མཛད་དོ། །སྒྲ་རྡོ་རྗེ་མ་དང། ནམ་མཁའ་ཨི་སྙིང་པོ་དང། ཤེས་རབ་མཐར་བྱེད་དང། འདོད་པའི་རྒྱལ་པ་རྣམས་ཀྱི་རིན་ཆེན ་འབྱུང་ལྡན་ནོ། །གོས་དཀར་མོ་དང། དྲི་རྡོ་རྗེ་མ་དང། སྤྱན་རས་གཟིགས་དང། རྟ་མགྲིན་དང། ?་ཧཡུག་པ་སྔོན་པོ་ཅན་རྣམས་ཀྱི་སྣང་བ་མཛའ་ཡས་སོ། །སྒྲོལ་མ་དང། རོ་རྡོ་རྗེ་མ་དང། རེག་རྡོ་རྗེ་མ་དང། སྒྲིབ་པ་རྣམ་པར་སེལ་བ་དང། བགེགས ་མཐར་བྱེད་དང། སྟོབས་པོ་ཆེ་རྣམས་ཀྱི་དོན་ཡོད་གྲུབ་པའོ་ཞེས་ཤེས་པར་བྱའོ།། །།དཔལ་ཀུན་ཏུ་ཁ་སྦྱོར་དུ་གསུངས་པའི་རྡོ་རྗེ་སེམས་དཔའ་པའི་དལ་དུ། རྡོ་རྗེ་གུར་གྱི་ནང་དུ་བསྲུང་པའི་འཁོར་ལོའི་ལྟེ་བའི་ནང་ན། མེ་དང། རླུང་དང ་ཆུ་དང། སའི་དལ་དང། རི་རབ་ཀྱི་སྟེང་ཆོས་འབྱུང་གི་དཀྱིལ་འདུ་གཞལ་ཡས་ཁང་ངོ། །བསྲུང་བའི་འཁོར་ལོ་གཤིན་རྗེ་གཤེར་ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ་ལྕགས་ཀྱུ་དང་འཁོར་ལོ་དང་རྡོ་རྗེ་རྣམས་འཛིན་པ། གཡོན་པ་གསུམ་གྱིས་སྡིགས ་འཛུབ་དང་བཅས་པའི་ཞགས་པ་དང། དྲིལ་བུ་དང། དགྲ་སྟ་འཛིན་པའོ། །ཤེས་རབ་མཐར་བྱེད་ནི་ཞགས་པ་དང། རྡོ་རྗེ་དང། རལ་གྲི་དང། སྙིང་ཁར་སྡིག་རིང་པོ་མཛུབ་དང། གཉིས་པ་?་པ་དྲིལ་བུ་དང། དགྲ་སྟ་དག། ཞབས་པའོ། །པདྨ ་མཐར་བྱེད་ལྕགས་སྒྲོག་དང། པདྨ་དང། རལ་གྲི་དང། དྲིལ་བུ་དང། དགྲ་སྟ་དང་ཞགས་པའོ། །བགེགས་མཐར་བྱེད་ནི་རྡོ་རྗེ་དྲིལ་བུ་དང། །སྣ་ཚོགས་རྡོ་རྗེ་དང། འཁོར་ལོ་དང། སྡིག་འཛུབ་དད་བཅས་པའི་ཞགས་པ་དང་བཏུན་ཤི་དང?་དགྲ་སྟ་འཛིན་པའོ། །མི ་གཡོ་བ་ནི་རལ་གྲི་དང་འཁོར་ལོ་དང། རྡོ་རྗེ་རྣམས་དང་། སྡིགས་འཛུབ་དང། དགྲ་སྟ་དང། ཞགས་པའོ། །འདོད་པའི་རྒྱལ་པོ་ནི་གཡས་པ་དང། གཡོན་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང། ལྕགས་ཀྱུ་དང། རལ་གྲི་དང། རྡོ་རྗེ་དང། ་ཞགས་པའོ། །དབྱུག་པ་སྔོན་པོ་ནི་རྡོ་རྗེས་མཚན་པའི་དབྱུག་པ་དང་རལ་གྲི་དང་འཁོར་ལོ་རྣམས་དང། སྙིང་ཁར་སྡིག་འཛུབ་དང་བཅས་པའི་ཞགས་པ་དང། །པདྨ་དང། དགྲ་བལྟའོ། །སྟོབས་པོ་ཆེ་ནི་རྩེ་གསུམ་དང། རལ་གྲི་དང། འཁོར་ལོ་དང ་སྙིང་ཁར་སྡིགས་འཛུབ་དང་བཅས་པའི་ཞགས་པ་དང། པདྨ་དང། དགྲ་སྟ་རྣམས་སོ། །གཙུག་ཏོར་འཁོར་ལོ་བསྒྱུར་བའི་ནི་གཡས་པ་དང་གཡོན་པའི་ཕྱག་དང་པོ་གཉིས་ཀྱིས་སྤྱི་པོར་གཙུག་ཏོར་འཁོར་ལོ་བསྒྱུར་བའི་ཕྱག་རྒྱ་དང། འཁོར་ལོ་དང། ་པདྨ་དང། སྡིགས་འཛུབ་དང། རལ་གྲིའོ། །གནོད་མཛེས་ནི་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང། སྙིང་ཁར་སྡིགས་འཛུབ་དང་བཅས་པའི་ཞགས་པ་དང། པདྨ་དང། རལ་གྲིའོ། །བཅུ་པོ་འདི་དག་ནི་དབུལ་ཐོད་པ་ལྔས་བརྒྱན་པ། འཁོར་ལོ་ལ་སོགས་པའི།། ་ཕྱག་རྒྱ་ལྔས་བརྒྱན་པ?་།མི་མགོའི་ཕྲེང་བ་སྐེ་ལ་འཆང་བ་རྣམས་གོ་རིམས་བཞིན་དུ་སྟེང་དང་ཕྱོགས་སུ་གནས་པ་རྣམས་ལ་མི་བསྐྱོད་པ་དང། །རྣམ་སྣང་དང། །རིན་ཆེན་འབྱུང་ལྡན་དང། འོད་དཔག་མེད་དང། དོན་ཡོད་གྲུབ་པ་དང། ཡང་འོག་དང་མཚམས ་ནི་གནས་པ་རྣམས་ལ་ནི་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང། འོད་དཔག་མེད་དང། དོན་ཡོད་གྲུབ་པ་དང། མི་བསྐྱོད་པའི་ཕྱག་རྒྱས་བརྟག་པའོ། །གཞལ་ཡས་ཁང་གི་ལྟོ་བའི་དབུས་སུ་རྡོ་རྗེ་སེམས་དཔའ་ནི་འཛུམ་པ་དང་བཅས་པའི། ་ཞལ་གསུམ་པ་སྟེ། སྔོན་པོ་དང་དམར་པོ་ནི་གཡས་དང་གཡོན་གྱི་ཞལ་ལོ། །ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། སྐུ་མདོག་དཀར་པོ་ལ་ཅུང་ཟད་དམར་བའི་མདངས་དང་ལྡན་པ། རལ་པའི་ཐོར་ཅོག་ནག་པོ་ལ ་གནས་པའི་ནོར་བུ་དང་སྣ་ཚོགས་རྡོ་རྗེ། ངའི་འོག་དུ་གཡོན་ངོས་སུ་གནས་པའི་ཟླ་བའི་འོད་དང། སངས་རྒྱས་ལྔའི་ཅོད་པན་དང། དབྲལ་པའི་སྟེང་དུ་ཐོད་པ་ལྔའོ། །གཞན་ཡང་འཁོར་ལོ་དང། རྣ་ཆ་དང། མགུལ་བརྒྱན་དང་ལག་གདུབ ་དང་སྐེ་རེགས་དང་ཐལ་བ་རྣམས་ཀྱིས་བརྒྱན་པའོ། །ཕྱག་དྲུག་པ། རྡོ་རྗེ་དྲིལ་བུས་རྣམ་པར་བརྒྱན་པའི་ཕྱག་གཉིས་ཀྱིས་རང་དང་འདྲ་བའི་ཤེས་རབ་མ་ལ་མཁྱུད་བ། ཤེས་རབ་མའི་ཆུ་སྐྱེས་ལ་མཉམ་བར་སྦྱོར་བའི་དགའ་བ་དང་ལྡན་པ། ་ཕྱག་གཡས་པ་གཉིས་ཀྱིས་རལ་གྲི་དང་ལྕགས་ཀྱུ་འཛིན་པ། གཡོན་པ་གཉིས་ཀྱིས་ཐོད་པ་དང་ཞགས་པ་འཛིན་པ། ཉི་མའི་འོད་ཀྱི་རྒྱབ་ཡོལ་ཅན། སྣ་ཚོགས་པདྨ་དང་ཐོད་པ་དང་ཟླ་བ་ལ་སྐྱིལ་ཀྲུང་ཕྱེད་པས་གར་གྱི་ཉམས་དགུ ་དང་ལྡན་པས་བཞུགས་པའོ། །དེའི་ཐུགས་ཁར་སྣ་ཚོགས་པདྨ་དང་ཟླ་བ་ལ་ཡེ་ཤེས་སེམས་དཔའ་དཀར་དམར་གྱིས་མདོག་སེམས་དཔའ་ཨི་སྐྱིལ་ཀྲུང་ཅན། །སངས་རྒྱས་ལྔའི་ཅོད་བན་གྱིས་སྤྲས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རྡོ་རྗེ་དང ་དྲིལ་བུ་དང་བཅས་པའི་ཕྱག་གཉིས་ཀྱིས་རང་དང་འདྲ་བའི་ཤེས་རབ་མ་ལ་མཁྱུད་པ། དེའི་ཐུགས་ཁར་ཟླ་བ་ལ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ནག་པོའི་གཟུགས་སོ། །འདིར་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གཙོ་བོ་དེའི་ཤར་ཕྱོགས་སུ ་རྣམ་བར་སྣང་མཛད་དཀར་པོ་ཞི་བ། ཕྱག་བཞི་པ་གཡས་གཉིས་ཀྱིས་འཁོར་ལོ་དང་དྲིལ་བུ། གཡོན་བ་གཉིས་ཐོད་བ་དང་ཞགས་པ་འཛིན་པ། ལྷོར་རིན་ཆེན་འབྱུང་ལྡན་དབང་ཕྱུག་ཆེན་པོ་ཕྱག་བཞི་པ། གཡས་པ་གཉིས་ཀྱིས ་རིན་པོ་ཆེ་དང་ལྕགས་ཀྱུ། གཡོན་པ་གཉིས་ཀྱིས་ཐོད་པ་དང་ཞགས་པ་འཛིན་པ། ནུབ་ཏུ་འོད་དཔག་མེད་དམར་པོ་ཕྱག་བཞི་པ། གཡས་པ་གཉིས་ཀྱིས་མདའ་དང་པདྨའོ། །གཡོན་པ་གཉིས་ཀྱིས་གཞུ་དང་ཞགས་པ་འཛིན་པ། བྱང་དུ་དོན་ཡོད་གྲུབ་པ་ལྗང་ཁུ ་ཕྱག་བཞི་པ། གཡས་པ་གཉིས་ཀྱིས་རྡོ་རྗེ་དང་ལྕགས་ཀྱུ། གཡོན་པ་གཉིས་ཀྱིས་དྲིལ་བུ་དང། ཐོད་པ་འཛིན་པ། དབང་ལྡན་དུ་སྤྱན་མ་དཀར་མོ་ཕྱག་བརྒྱད་མ། གཡས་རྣམས་ཀྱིས་འཁོར་ལོ་དང་རྡོ་རྗེ་དང་རལ་གྲི་དང་མངའ་བསྣམས་པའོ། །གཡོན་པ ་རྣམས་ཀྱིས་ཐོད་པ་དང་དྲིལ་བུ་དང་ཞགས་བ་དང་གཞུ་བསྣམས་པའོ། །མེའི་མཚམས་སུ་མ་མ་ཀི་སྔོན་མོ་ཕྱག་བཅུ་གཉིས་མ། གཡས་རྣམས་ཀྱིས་མདའ་དང་རལ་གྲི་དང་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་བསྣམས་པ། གཡོན་པ་རྣམས ་ཀྱིས་གཞུ་དང་ལྕགས་ཀྱུ་དང་དྲིལ་བུ་དང་ཞགས་པ་དང་ཐོད་པ་དང་ཁ་ཊཾ་ཁ་བསྣམས་པའོ། །སྲིན་པོའི་མཚམས་སུ་གོས་དཀར་མོ་དམར་མོ་ཕྱག་བརྒྱད་མ། གཡས་པ་རྣམས་ཀྱིས་མངའ་དང་པདྨ་དང་རལ་གྲི་དང་རྡོ་རྗེའོ། །གཡོན་བ་རྣམས་ཀྱིས་གཞུ་དང ་ཐོད་པ་དང། ཞགས་པ་དང་དྲིལ་བུ་བསྣམས་པའོ། །རླུང་གི་མཚམས་སུ་སྒྲོལ་མ་ལྗང་ཁུ་ཕྱག་བརྒྱད་མ། གཡས་པ་རྣམས་ཀྱིས་ཡུད་པལ་དམར་པོ་དང་རལ་གྲི་དང་ལྕགས་ཀྱུ་དང་མངའ་ཨོ། །གཡོན་བ་རྣམས་ཀྱིས་འཁོར་ལོ་དང་ཞགས་བ་དང་ཐོད་པ་དང་གཞུ ་བསྣམས་བའོ། །དེའི་ཕྱི་རོལ་རིམ་པ་གཉིས་པ་ལ་ཤར་གྱི་ཕྱོགས་སུ་རྡོ་རྗེ་དྲག་མོ་དཀར་མོ། ཕྱག་ན་མདའ་དང་ལྕགས་ཀྱུ་དང། གཞུ་དང་བྱང་ཆུབ་ཀྱི་སེམས་ཀྱིས་བཀང་བའི་ཐོད་པའོ། །ལྷོ་རུ་རྡོ་རྗེ་སྐུ་མ་སེར་མོ། ཕྱག་ན་རྡོ་རྗེ་དང་མདུང་དང། ཞགས་པ་དང ་ཐོད་པ་ཁྲག་གིས་བསྐང་བའོ། །ནུབ་ཏུ་འདོད་ཆགས་རྡོ་རྗེ་མ་དམར་མོ། ཕྱག་ན་རལ་གྲི་དང་རྡོ་རྗེ་དང་ཆུས་བསྐང་བའི་ཐོར་པ་དང་དྲིལ་བུའོ། །བྱང་དུ་ཞི་བ་མ་ལྗང་ཁུ། ཕྱག་ན་ལྡེམ་གི་དང་བ་དན་རྩེ་གསུམ་དང་རྡོ་རྗེས་མཚན་པའི་ཁ་ཏྲུཾ?་ཀ་དང ་ཐོད་པ་བསྣམས་པའོ། །དབང་ལྡན་དུ་རྡོ་རྗེ་གནོད་སྦྱིན་ནི་དཀར་དམར་གྱི་མདོག་ལ་ཕྱག་ན་དབྱུག་བ་དང་ཨུད་པ་ལ་དང་ཐོད་བ་དང་ཌ་མ་རུའོ། །མེའི་མཚམས་སུ་རྡོ་རྗེ་མཁའ་འགྲོ་མ་དམར་སེར་ཕྱག་ན་པདྨ་དང་མེ་ལོང་དང་སྐང ་མར་གྱིས་བཀང་བའི་ཐོད་པ་དང་དགྲ་སྟའོ། །སྲིན་པོའི་མཚམས་སུ་སྒྲ་རྡོ་རྗེ་མ་སྔོན་དམར་ཕྱག་ན་ཤག་ཏི་དང་མདུང་དང་འཁོར་ལོ་དང་ཁྲག་གིས་བསྐང་བའི་ཐོད་པའོ། །རླུང་གི་མཚམས་སུ་སའི་རྡོ་རྗེ་མ་ལྗང་དཀར། པདྨ་དང་རྡོ་རྗེ་དང་བདུང་རྩི་དང་ཤ་ལྔས་གང ་བའི་ཐོད་པ་མི་ལྤགས་ཀྱིས་དཀྲིས་པ་དང་དྲིལ་བུའོ། །བརྒྱད་པོ་འདི་དག་ནི་ཕྱག་བཞི་མ། དང་པོའི་ཕྱག་མཚན་གཉིས་ནི་གཡས་པ་གཉིས་ཀྱིས་འཛིན་པ། གཞན་གཉིས་ནི་གཡོན་པ་གཉིས་ཀྱིས་འཛིན་པའོ། །དེའི་ཕྱི་རིམ་གསུམ་པ་ལ། ཤར་དུ ་གད་མོ་མ་དམར་མོ་ཕྱག་གཉིས་རྡོ་རྗེ་དང་རྡོ་རྗེར་བཅས་པའི་དྲིལ་བུ་འཛིན་པ་གད་མོ་མངོན་པར་དགོང་པའི་ཚུལ་ཅན་མའོ། །ལྷོ་རུ་སྒེག་མོ་སྔོན་མོ་ང་རྒྱལ་དང་བཅས་པས་རྡོ་རྗེ་དང་དྲིལ་བུ་འཛིན་པ། སྒེག་པའི་ཚུལ་གྱིས་གར་བྱེད་པའོ། །ནུབ་དུ ་གླུ?་མ་སེར་མོ་ཕྱག་གཉིས་ཆ་ལང་བརྡེབས་པ། སྒེག་པའི་སྐུ་གཡོ་བར་བྱེད་པའི་ཉམས་དང་ལྡན་པའོ། །བྱང་དུ་གར་མ་ལྗང་ཁུ་ཕྱག་རྒྱའི་ཚུལ་ལ་སོགས་པའི་གར་གྱིས་གཡོ་བའི་ཏྲི་ཤུ་ལ་འཛིན་པ་དང། རྡོ་རྗེ་དང་དྲིལ་བུ་བསྐོར་བའོ། །དབང་ལྡན་དུ ་གླིང་བུ་མ་དམར་མོ་གླིང་བུ་འབུད་པའི་ཚུལ་དང། མེའི་མཚམས་སུ་པི་ཝང་མ་སེར་མོ་ཕྱག་གཉིས་མ། སྒེག་པའི་རོས་ལུས་བག་ཙམ་གཡོ་ཞིང་འགྱིང་བའོ། །སྲིན་པོའི་མཚམས་སུ་རྫ་རྔ་མ་དཀར་མོ་དང། རླུང་ག་མཚམས་སུ་རྔ་ཟླུམ་མ་དུ་བའི་མདོག ་ཅན་ནོ། །རྣམ་པ་འདི་དག་བཞི་ནི་ཕྱག་གཉིས་རང་རང་གི་སྒྲའི་སྣོད་ལ་ཆགས་པའི་ཚུལ་གྱིས་འཛིན་པའོ། །དེ་ནས་ཕྱིའི་སྣམ་བུའི་མེའི་མཚམས་སུ་མེ་ཏོག་མ་དཀར་མོ་གཡོན་མེ་ཏོག་ཕྲེང་བ་དང་གཡས་འཁོར་ལོ་འཛིན་པའོ། །སྲིན་པོའི་མཚམས་སུ ་བདུག་སྤོས་མོ་དུ་བའི་མདོག་ཅན། །གཡོན་བདུག་པའི་ཕོར་པ་དང་གཡས་རིན་པོ་ཆེ་འཛིན་བའོ། །རླུང་གི་མཚམས་སུ་མར་མེ་མ་གསེར་གྱི་མདོག་ཅན་།གཡོན་དུ་མར་མེའི་ཡུ་བ་གཡས་པ་པདྨ་འཛིན་པའོ། །དབང་ལྡན་གྱི་མཚམས་སུ་དྲི་ཆབ་མ་དམར ་མོ། གཡོན་དྲིའི་དུང་ཆོས་དང་གཡས་རལ་གྲི་འཛིན་བའོ། །ཤར་གྱི་ཕྱོགས་སུ་མེ་ལོང་མ་དཀར་མོ་ཕྱག་གཉིས་ཀྱིས་མེ་ལོང་འཛིན་པའོ། །ལྷོར་རོ་མ་དམར་མོ་ཕྱག་གཉིས་ཀྱིས་རོའི་སྣོད་འཛིན་པའོ། །ནུབ་དུ་རེག་བྱ་མ་ལྗང་ཁུ་ཕྱག་གཉིས་ཀྱིས་གོས་སྣ་ཚོཌ ་འཛིན་པའོ། །བྱང་དུ་ཆོས་མ་དཀར་མོ་ཕྱག་གཉིས་ཀྱིས་ཆོས་འབྱུང་དཀར་མོ་འཛིན་པའོ། །འདི་རྣམས་དང་རྣམ་པར་སྣང་མཛད་ལ་སོགས་བའི་ལྟ་རྣམས་ནི་ཞལ་གཅིག་པ་སྤྱན་གསུམ་པ། རལ་པའི་ཐོར་ཅོག་ནག་པོ་ལ་ཅོད་བན་ནག་པོ་བཏགས་པ། ་ཐོད་བ་ལྔ་དང་འཁོར་ལོ་ལ་སོགས་པས་བརྒྱན་པ། ལྷའི་ན་བཟའ་གོན་པ། དཀྱིལ་དཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་ནམ་མཁའ་ལྟ་བུར་སྔོན་མོ། །ཞལ་གསུམ་པ་གཡས་ནག་པོ་གཡོན་དཀར་པོ། ཕྱག་དྲུག་པའི་གཡས ་པ་རྣམས་ཀྱིས་ལྕགས་ཀྱུ་དང་རལ་གྲི་དང་འཁོར་ལོ། གཡོན་པ་རྣམས་ཀྱིས་ཞགས་པ་དང་སྡིགས་འཛུབ་དང་དྲིལ་བུ་འཛིན་པའོ། །ལྟོ་སྒོར་རྡོ་རྗེ་ཞགས་པ་མ་དཀར་སེར་ཞལ་གསུམ་པ། ལྷའི་ན་བཟའ་གོན་བ། གཡས་ནག་པོ་གཡོན་དམར་པོ། ཕྱག་དྲུག ་པའི་གཡས་རྣམས་ཀྱིས་ཞགས་པ་དང། རྡོ་རྗེ་དང་རལ་གྲིལ་།གཡོན་པ་རྣམས་ཀྱིས་འཁོར་ལོ་དང་དྲིལ་བུ་དང་སྡིགས་འཛུབ་དང་བཅས་པའི་ཞགས་པའོ། །ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ཞལ་གསུམ་པ། གཡས་ནག་པོ་དང་གཡོན?་དཀར་བ ་ཕྱག་དྲུག་བའི་གཡས་པ་རྣཾས?་ཀྱིས་ལྕགས་ཀྱུ་དང་རྡོ་རྗེ་དང་རལ་གྲིའོ། །གཡོན་པ་རྣམས་ཀྱིས་འཁོར་ལོ་དང་དྲིལ་བུ་དང་ལྕགས་ཀྱུའོ། །བྱང་དུ་རྡོ་རྗེ་དྲིལ་བུ་ལྗང་ཁུ་ཞལ་གསུམ་པ། གཡས་ནག་པོ་དང་གཡོན་དཀར་པོ། ཕྱག་དྲུག་བའི་གཡས་རྣམས་ཀྱིས ་རྡོ་རྗེ་དང་དྲིལ་བུ་དང་རལ་གྲིའོ། །གཡོན་རྣམས་ཀྱིས་འཁོར་ལོ་དང་ལྕགས་ཀྱུ་དང་ཞགས་པའོ། །བཞི་པོ་འདི་རྣམས་ནི་ཞལ་རེ་རེ་ལའང་སྤྱན་གསུམ་གསུམ་པ། དབུ་སྐྲ་སེར་པོ་གྱེན་ལ་བརྫེས་པ། འབར་ཞིང་ཐོད་པ་ལྔ། ་དང་འཁོར་ལོ་ལ་སོགས་པས་བརྒྱན་པ། སྟག་གི་ལྤགས་བའི་གོས་ཅན། ཞབས་གཡས་བསྐྱད་ནས་གཡོན་པས་གར་བྱེད་པ། སྣ་ཚོགས་པདྨ་དང་ཐོད་པ་དང་ཉི་མ་ལ་བཞུགས་པའོ། །རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན ་ཡོད་གྲུབ་པ་རྣམས་ཀྱང་སྣ་ཚོགས་པདྨ་དང་ཐོད་པ་དང་ཉི་མའི་གདན་ལ་བཞུགས་པའོ། །གཞན་ལྷ་མོ་ཐམས་ཅད་ནི་སྣ་ཚོགས་པདྨ་དང་ཐོད་པ་དང་ཟླ་བའི་གདན་ལ་གནས་པའོ། །འདི་དག་ཐམས་ཅད་ཉི་མའི་རྒྱབ་ཡོལ་ཅན་ནོ། །འདིར་རྡོ་རྗེ ་སེམས་དཔའ་ཁོ་ན་ཤེས་རབ་མ་དང་བཅས་པ་ལས་ལྷ་གཞན་རྣམས་ནི་ཤེས་རབ་མ་དང་བྲལ་བའོ་ཞེས་ཕྱོགས་གཅིག་པའོ། །དེ་རྣམས་བདག་ཉིད་ལྟ་བུའི་ཤེས་རབ་མ་དང་བཅས་པའོ་ཞེས་ལུགས་གཉིས་པའོ། །རིགས་ཀྱི་བདག་པོ་རྡོ ་རྗེ་སེམས་དཔའ་ལ་སོགས་པའི་དེ་བ་ཐམས་ཅད་དང། མ་མ་ཀི་དང་སྒྲ་རྡོ་རྗེ་མ་དང། བླུ་མ་དང་རེག་རྡོ་རྗེ་མ་དང་ཆོས་ཀྱི་དབྱིངས་ཀྱི་རྣམས་མི་བསྐྱོད་པའོ། །སྤྱན་མ་དང་རྡོ་རྗེ་དྲག་མོ་དང་སའི་རྡོ་རྗེ་མ་དང་མེ་ཏོག་མ་དང་གར་མོ་མ་དང་གླིང ་བུ་མ་དང་རྡོ་རྗེ་ལྕགས་ཀྱུ་མ་རྣམས་ཀྱི་ནི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་མཁའ་འགྲོ་མ་དང་རྡོ་རྗེ་སྐུ་མ་དང་བདུག་སྤོས་མ་དང་སྒེག་མོ་མ་དང་པི་ཝང་མ་དང་རྡོ་རྗེ་ཞགས་པ་མ་རྣམས་ཀྱི་རིན་ཆེན་འབྱུང་ལྡན་ནོ། །གོས་དཀར་མོ་དང་རྡོ་རྗེ་ཆགས་པ་མ ་དང། མར་མེ་མ་དང་དྲི་མ་དང་རྔ་ཆེན་མ་དང་རྡོ་རྗེ་ལྕགས་སྒྲོགས་མ་རྣམས་ཀྱི་སྣང་བ་མཛའ་ཡས་སོ། །སྒྲོལ་མ་དང་རྡོ་རྗེ་ཞི་བ?་མ་དང་རྡོ་རྗེ་གནོད་སྦྱིན་མ་དང། གར་མ་དང་རོ་མ་དང་རྫ་རྔ་མ་དང་རྡོ་རྗེ་དྲིལ་བུ་མ་རྣམས་ཀྱིས་དོན་ཡོད་གྲུབ་པའོ། །ཐུཌ ་ཁའི་ས་བོན་ལ་སོགས་པ་རྣམས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངལ་བསྐྱེད་པའི་རིམ་པས་།ཧཱུཾ་བྲུཾ་ཨཾ་ཧྲི། ཁཾ་བྷྲུཾ་ཧཱུཾ་ཧྲི་ཏཾ། ཨཾ་ཨཾ། ཨིཾ་ཨིཾ། ཨུཾ་ཨུཾ། ཨཾ་ཨཾ:རིཾ་ཧཾ་ཨཾ་རཱིཾ་ལིཾ་རཱིཾ་གྷཾ། གྷཾ་ལཱིཾ་ནཾ་རཾ་ཨའོཾ་ཨའུཾ་ཨའོཾ་ཨའེཾ་ཨའེཾ་ཛ་ཧཱུཾ་བཾ་ཧོ། ཞེས་པས་སོ། །རྡོ་རྗེ་སེམས ་དཔའ་ཨི་སྙིང་པོའི་སྔགས་ནི། ཨོཾ་བཛྲ་ཨ་མྲིཏ་མ་ཧཱ་སུ་ཁ་ཧཱུཾ་སྭཱཧཱ། ཞེས་བྱའོ། །རྡོ་རྗེ་དྲིལ་བུ་མའི་སྙིང་པོའི་སྔགས་ནི། ཨོཾ་ཨཱ:བཛྲ་གྷན་དྷེ་ཧོ:ཧཾ་སྭཱཧཱ། ཞེས་བྱ་བ་སྟེ་ལས་ཐམས་ཅད་པའི་སྔགས་སོ། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ་ནི་ལྷ ་གཞན་རྣམས་ཀྱི་སྙིང་པོའི་སྔགས་རྣམས་ཀྱི་བསྒྲུབ་བྱ་རྣམས་ཀྱང་གཙོ་བོའི་སྙིང་པོའི་སྔགས་ཀྱིས་འགྲུབ་པར་འགྱུར་རོ། །དེ་རྣམས་ནི་གཞུང་མངས་པས་འཇིགས་པས་མ་བྲིས་སོ། །དེ་བཞིན་དུ་ཐོག་མ་དང་ཐ་མར་རིག་པར་བྱའོ།། །།རྡོ་རྗེ ་གདན་བཞིའི་བསྒྲུབ་ཐབས་ནི། ཡེ་ཤེས་མཁའ་འགྲོའི་དལ་གྱི་འཁོར་ལོ་ལ་ནི། རྡོ་རྗེའི་གུར་གྱི་ནང་དུ་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་གཞལ་ཡས་ཁང་གི་དབུས་སུ་གདུགས་དཀར་པོའི་འོག་ན་གནས་པའི་སེང་གེའི་སྟེང་དུ ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་རྡོ་རྗེ་གདན་བཞིའི་ཧེ་རུ་ཀ་ཧཱུཾ་ལས་སྐུ་མདོག་འཐིང་ཁ་ཞལ་གསུམ་ཕྱག་དྲུག་ལ་གཡས་དཀར་གཡོན་དམར་དབུས་འཐིང། དར་གྱི་གཅོད་པན་ཅན། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། སངས་རྒྱས་ལྔའི་ཅོད ་པན་ཅན། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་འདི་མན་ཅད། དྲིལ་བུ་བསྣམས་ནས་ཡུམ་ལ་མཁྱུད་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། གཡས་གཡོན་བར་པ་གཉིས་ཀྱིས་ནུ་མ་དང་བཞོ་དོང་འཛིན་པ། ཐ་མ་གཉིས་ཀྱིས་ཤེས་རབ་མངའ་གཞུ་འཛིན་པ་ཅན་དུ ་འདི་ཡན་ཆད་བསྒོམ། ཡབ་ཀྱི་འདི་རྣམས་ཆན་ཡིན་ཀྱུས་སུ་ཤོར་བ་ཡིན་མོ། ཡེ་ཤེས་མཁའ་འགྲོ་མ་སྔོན་མོ། འདིའི་ཅོད་པན་དར་གྱིས་བཅིངས་པ། སྟེང་དུ་རྡོ་རྗེས་མཚན་པ། སངས་རྒྱས་ལྔའི་འོད་འཕྲོ་བས་བརྒྱན་པ། རྩ་བའི་ཞལ་ཁྲོ་བ། གང་རྒྱངས་དང་བཅས་པ། གཡས ་པ་དཀར་པའི་བཞད་པ་དང་བཅས་པ། གཡོན་དམར་པོ་སྒེག་པའི་ཉམས་དང་ལྡན་པའོ། །ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། གཡས་པའི་ཕྱག་གསུམ་ན་སྟེང་དུ་བསྟན་པའི་ཁ་ཊཝཾ་ག་དང་དགྲ་སྟ་དང་རྡོ་རྗེའོ། གཡོན་གྱི ་གསུམ་ན་དྲིལ་བུ་དང་ཁྲག་གིས་བཀང་བའི་ཐོད་པ་དང་རལ་གྲི་བསྣམས་པའོ། །འདིའི་ཤར་ཕྱོགས་སུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ་སྒེག་པའི་ཉམས་དང་ལྡན་པའོ། །འདིའི་གཡོན་བྱང་ཕྱོགས་སུ་འཇིགས་བྱེད་མཁའ་འགྲོ་མ་གསེར་གྱི་མདོག་ཅན་ནོ།། ་ནུབ་དུ་རོ་ལངས་མ་དམར་མོའོ། །ལྷོ་ཕྱོགས་སུ་ཙན་ཌ་ལི་སྔོན་མོའོ། །བཞི་པོ་འདི་དག་ཀྱང་སེང་གེའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའོ། །གཡས་དང་གཡོན་པའི་ཕྱག་གཉིས་ཀྱི་སྟེང་དུ་བསྒྲེང་བའི་ཁ་ཊཝཾ་ག་དང་ཁྲག་གིས་བསྐང་པའི་ཐོད ་པས་མཆོད་པ་བྱེད་བའོ། །དབང་ལྡན་དུ་སེང་གེ་མ་ནི་སེང་གེའི་གདོང་ཅན་ཞལ་དང་སྐུའི་གཡོན་དང་གཡས་ཀྱི་ཕྱེད་དཀར་བ་དང་སེར་བ། སེང་གེའི་གདན་ལ་བཞུགས་པའོ། །མེའི་མཚམས་སུ་སྟག་མོ་སྟག་གདོང་མ་ཞལ་དང་སྐུ་གཡོན་པ་དང་གཡས་ཀྱི ་ཕྱེད་སྔོན་བོ་དང་དཀར་མོ། རིན་ཆེན་བདུན་གྱི་ཕུང་པོ་ལ་གནས་པའོ། །སྲིན་པོའི་མཚམས་སུ་སྤྱང་ཁུ་མ་སྤྱང་ཁུའི་གདོང་ཅན། ཞལ་དང་སྐུ་གཡོན་དང་གཡས་ཀྱི་ཕྱེད་ནག་པ་དང་དམར་པོ་མ་ཧེ་ལ་གནས་པའོ། །རླུང་ག་མཚམས་སུ་འུག་གདོང་མ ་འུག་པའི་གདོང་ཅན་ཞལ་དང་སྐུའི་གཡོན་དང་གཡས་ཀྱི་ཕྱེད་ཕྱེད་སེར་པོ་དང་དམར་པོ། ཀླུ་བརྒྱད་ཀྱི་མཇུག་མ་ལ་གནས་པའོ། བཞི་པོ་འདི་དག་ནི་གཡས་དང་གཡོན་བའི་ཕྱག་ན་རྡོ་རྗེ་ལྕགས་ཀྱུ་དང་བཅས་པའི་རྡོ་རྗེའི་ཞགས་པའོ། །སྣ་ཚོགས་ ་པདྨ་དང་ཉི་མ་ལ་གནས་པའོ། །དེ་ནས་ཤར་སྒོར་རྒྱལ་པོའི་དབང་མོ་དཀར་མོ་ཕྱག་གཉིས་ཀྱི་ཐལ་མོ་ཁར་བཅུག་པའོ། །བྱང་དུ་མར་མེ་ཅན་མ་སེར་མོ་མར་མེ་འཛིན་པ་ལྟ་བུའི་ཐལ་མོ་སྤྱི་བོར་འཛིན་པའོ། །ནུབ་ཏུ་འཇིགས་བྱེད་མ་དམར་མོ་ཁྲག ་གིས་བསྐང་བའི་སྙིམ?་པ་སྟེང་དུ་བཀབ་ནས་ཁའི་ཐད་ཀར་བཟུང་ནས་ཁྲག་གི་རྒྱུན་འཐུང་བར་བྱེད་པའོ། །ལྷོ་རུ་ཀམ་བ་འཛིན་ནག་མོ་རྡོ་རྗེའི་སྙིམ་པ་ལ་མཐེ་བོང་གཉིས་ཕན་ཚུན་སྦྱར་སྟེ་སྡིགས་འཛུབ་གཉིས་ཀྱི་རྩེ་མོ་སྤྲད་ནས་རང་གི་གསང་བའི་གནས ་ལ་བཞུག་ནས་གསང་བའི་གནས་སྟོན་བར་བྱེད་པའོ། །བཞི་པོ་འདི་དག་ནི་སྣ་ཚོགས་པདྨ་དང་རོའི་སྙིང་ཁར་ཉི་མའི་གདན་ལ་གནས་བའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་བཅུ་གཉིས་ནི་ཞལ་གཅིག་བ་སྤྱན་གསུམ་པའོ། །ལྷ་མོ་བཅུ་གསུམ་མོ་ཐཾས་ཅད ་ཀྱང་ལྷའི་གོས་དམར་པོ་བསྣམས་པ། དབུ་ལ་ཐོད་པ་ལྔའི་ཕྲེང་བ་དང་ལྡན་པ། ཕྱག་རྒྱ་ལྔ་དང་ལྡན་པ། རྡོ་རྗེ་སེམས་དཔའ་ཨི་སྐྱིལ་བཀྲུངས་ཅན། ཀླུའི་རྒྱལ་པོ་བརྒྱད་ཀྱིས་རྣམ་པར་བརྒྱན་པ། འཇིག་པའི་དུས་ཀྱི་མེའི་འོད་ལྟ་བུའི་འོད་ཟེར་གྱི་ཚིགས? ་ཀྱི་དྲ་བས་འཇིགས་པར་བྱེད་བ། གོ་རིམས་ཇི་ལྟ་བས་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཛའ་ཡས་དང་དོན་ཡོད་གྲུབ་པ་དང། རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཛའ་ཡས ་དང་པོན?་ཡོང་གྲུབ་པ་རྣམས་ཀྱིས་རྒྱས་བཏབ་པའོ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨ་ཨའི?། ཨའུཾ་རཱིཾ་ལཱིཾ:ེཾ་ཨའོཾ?་ཨ:འདི་དག་རྣམས་ནི་ཐུགས་ཁའི་ས་བོན་རྣམས་སོ། །འོཾ་ཧྲི:སྭཱཧཱ་ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མའི་སྙིང་པོའི་སྔགས་སོ། །འོཾ་བེ་ཏ་ལི་ཧཱུཾ ་སྭཱཧཱ་ཞེས་བྱ་བ་ནི་ལས་ཐམས་ཅད་པའི་སྟེ་རོ་ལངས་མའི་སྔགས་སོ།། །།དགྱེས་?་པ་རྡོ་རྗེ་ལྟ?་བཅུ་བདུན་པའི་ངལ་ལ། །རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་གི་དཀྱིལ་ན་གནས་པའི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨའི་ཟེའུ་འབྲུ་ལ ་གནས་བའི་རོའི་སྙིང་ཁར་ཁྲག་གིས་བཀང་པའི་ཐོད་པའི་སྟེང་དུ་ཉི་མ་ལ་དགྱེས་པ་རྡོ་སཾ་བུ་ཏའི་རྒྱུད་ཀྱི་རྗེ་རྣམ་པ་གསུམ་མོ། །ཀྱི་བདག་ཉིད་ཅན། བཞི་པ་ནི་རོའི་གདན་མེད་པར་རོ། །ལོ་ཀ་གསུམ་འགུགས་པར་བྱེད་པ་ནི་ནག་པོ་རྡོ་རྗེ་རྒྱ་ཁྲམ་གྱིས་མཚན་མ ་དང། དབུ་སྐྲ་དམར་པོ་གྱེན་དུ་བརྫེས་ལ། ཐོད་པ་ལྔ་དང་ཕྱག་རྒྱ་དྲུག་དང་མི་མགོའི་ཕྲེང་བ་རློན་པས་བརྒྱན་པའོ། །སྟག་གི་ལྤགས་པའི་སྨད་དཀྲིས་ཅན། གཡོན་པའི་བརླ་ལ་གཡས་པའི་ཞབས་ཀྱི་རྩེ་མོ་བཞག་པའི་དཀྱིལ ་ཀྲུངས་ཕྱེད་ཀྱིས་གནས་པ། སྤྱན་གསུམ་པ་ཟླུམ་པ་རབ་ཏུ་དམར་བ། ཞལ་གཅིག་པ། ཕྱག་གཉིས་ཀྱི་གཡོན་པའི་ཕྱག་གིས་རྡོ་རྗེས་མཚན་པའི་ཐོད་པ་ཁྲག་གིས་བསྐང་ནས་ཕྱིས་འཆད་པའི་བདག་མེད་མ་ལ་འཁྱུད་པ། ཕྱག་གཡས་པ ་རྡོ་རྗེ་རྩེ་ལྔ་པ་འཛིན་པའི་ཚུལ་གྱིས་བསྣུན་པའོ། །ཡང་ན་ཕྱག་བཞི་པ་ལའང་ཕྱག་གཉིས་ལ་ལྟ་བུ་གཞན་མཱི་ཕྱག་གཉིས་ཀྱིས་བདག་ཉིད་དང་མཚུངས་པའི་རྡོ་རྗེ་ཕག་མོ་ལ་མཁྱུད་པའོ། །ཞེས་བྱ་བ་ནི་ཁྱད་པར་རོ། །ཡང་ན་ཕྱག་དྲུག་པ་ནག་པོ་ཞལ ་གསུམ་པ་ནག་པོ་དང་དམར་པོ་དང་དཀར་པོ་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། རལ་པའི་ཐོར་ཅོག་གིས་བརྒྱན་པ། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་མདའ་དང་རྩེ་གསུམ་པ་འཛིན་པ། གཡོན་པ་རྣམས་ཀྱིས་རྡོ་རྗེ་དྲིལ་བུ་དང་གཞུ་དང ་ཐོད་པའོ། །དེ་དག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་ལྡན་པའི་བདག་ཉིད་ཅན་དང་མཚུངས་པའི་ཡུམ་ལུ་གུ་རྒྱུད་མ་ལ་མཁྱུད་པ་སྟེ། གཞན་ཡང་སྦྱོར་བ་ཇི་ལྟ་བས་འདི་ཉིད་ཀྱང་སྔ་མ་བཞིན་ནོ། །སྔར་བསྟན་པའི་ཧེ་རུ་ཀ་གསུམ ་གྱི་ཤར་ལ་སོགས་པའི་འདབ་མ་བརྒྱད་ལ་གྷོ་རི་ལ་སོགས་པའི་ལྷ་མོ་བརྒྱད་དོ། །དེའི་ཕྱི་རོལ་དབང་ལྡན་ལ་སོགས་པའི་མཚམས་སུ་གླིང་བུ་མ་དང་པི་ཝང་མ་དང་རྫ་རྔ་མ་དང་རྔ་རྡུང་མ་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་ལ་རྡོ་རྗེ་ལྕགས ་ཀྱུ་མ་དང་རྡོ་རྗེ་ཞགས་པ་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་རྡོ་རྗེ་དྲིལ་བུ་མ་རྣམས་སོ། །ལྷ་མོ་བཅུ་དྲུག་པོ་འདི་དག་ནི་གོང་བཞིན་དུ་ཐབས་དང་བྲལ་བའོ། །དགྱེས་པའི་རྡོ་རྗེ་གསུམ་གྱི་རིགས་ཀྱི་བདག་པོ་མི་བསྐྱོང་པའོ། །སྙིང་ཁའི་ས་བོན་ནི ་ཧཱུཾ་ངོ། །སྙིང་པོའི་སྔགས་ནི། ཨའོཾ་ཨ་ཧཱུཾ་ཧྲི་སྭཱཧཱ། གཙོ་བོ་རེ་རེའི་སྔཌ་ནི་རིམ་པ་ཇི་ལྟ་བར་ཨའོཾ་ཏྲཻ་ལོཀྱཱ་ཀཤེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨའོཾ་ཛཝ་ལ་ཛཝ་ལ་བྷཡོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨའོཾ་ཀི་ཌི་ཀི་ཌི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དགྱེས་པ་རྡོ་རྗེ་བཞི་པ་ནི་ཕྱག་བཅུ་དྲུག་པ་མི་བསྐྱོད ་པས་རྒྱས་བཏབ་པ། བདག་མེད་མ་ལ་མཁྱུད་པ། འདིར་ཁྱད་པར་དུ་བདུད་བཞི་ནི་གོང་དུ་བཤད་པའི་རོའི་གནས་སུ་ཕུང་པོའི་བདུད་ནི་ཚངས་པའི་གཟུགས་སེར་པོ། དི་མ་དང་པ་ར་ཏ་དང་ཉོན་མོངས་པའི་བདུད་ཁྱབ་འཇུག་ནག་པོ། འཆི་བདག་གི་བདུད་དབང ་ཕྱུག་ཆེན་པོ་དཀར་པོ། ལྷའི་བུའི་བདུད་ལྷའི་དབང་པོ་སེར་པོ། དེ་དག་གི་སྟེང་དུ་བཅོམ་ལྡན་འདས་ཞབས་གཉིས་ཀྱིས་རྡོ་རྗེའི་སྐྱིལ་ཀྲུང་ཕྱེད་པས་གནས་པ་དང། གཞན་གཉིས་ནི་གཡོན་བསྐུམ་པ་དང་གཡས་བསྐྱང་བས་བཞུགས་པའི ་ཞབས་བཞི་པ། སྐུ་མདོག་ནག་པོ་དང་སྣ་ཚོགས་རྡོ་རྗེ་ལ་སོགས་པ་ནས་སྟག་གི་ལྤགས་པའི་བར་དུ་སྔར་བཤད་པའི་ཁྱད་པར་ཅན། ཞལ་བརྒྱད་པ་སྤྱན་ཉི་ཤུ་རྩ་བཞི་པའོ། །རྩ་བའི་ཞལ་ནག་པོ་གད་མོ་རྒོད་པ། གཡས་པ་དཀར་པོ་འཛུམ་པ ་གཡོན་པ་དམར་པོ། སྟེང་གི་མཆེ་བ་རྩིགས་པ། གཞན་རྣམས་ནི་ནག་པོའོ། །གཡས་པའི་ཕྱག་རྣམས་ན་རྡོ་རྗེ་དང་རལ་གྲི་དང་མདའ་དང་འཁོར་ལོ་དང་ཆང་གི་སྣོད་དང་དབྱུག་པ་དང་རྩེ་གསུམ་དང་ལྕགས་ཀྱུ་རྣམས་སོ། །གཡོན་པ་རྣམས་སུ་དྲིལ་བུ་དང ་པདྨ་དང་གཞུ་དང་ཁ་ཊཝཾ་ཀ་བསྒྲེང་པ་དང་ཐོད་པ་དང་རིན་པོ་ཆེ་དང་སྡིགས་འཛུབ་དང་བཅས་པའི་ཞགས་པའོ། །ཤར་གྱི་འདབ་མ་ལ་གྷོ་རི་དཀར་མོ་ཕྱག་གཡས་པ་གཉིས་ན་མདའ་བཀང་བ་དང་རྡོ་རྗེ་དྲིལ་བུ། གཡོན་པ་གཉིས་ན་ཁྲག་གིས་བཀང ་བའི་ཐོད་པ་དང་གཞུ་དང་ཉ་རོ་ཧི་ཏ?་དང་བཅས་པའོ། །ལྷོ་ཕྱོགས་སུ་ཙོའུ་རིམ་དམར་མོ་རྡོ་རྗེ་དང་ཌ་མ་རུ་དང་ཐོད་པ་ཁྲག་གིས་བཀང་བའི་ཕག་པ་དང་བཅས་པའོ། །ནུབ་དུ་རོ་ལངས་མ་དཀར་སེར་རལ་གྲི་དང་རུས་སྦལ་དང་བཅས་པའི་ཁྲག་གིས་བཀང ་པའི་ཐོད་པ་དང། ཆང་གིས་བཀང་བའི་ཐོད་པ་དང་དྲི་ཆུས་བཀང་བའི་ཐོད་པའོ། ཁྱད་དུ་གྷསྨ་རི་ལྗང་ཁུ་ཅུང་ཟད་སེར་བ་རྐང་མར་གྱིས་གང་བའི་ཐོད་པ་ལ་གནས་པའི་སྒྲུལ་དང་མི་འཇིགས་པའི་ཕྱག་རྒྱ་དང། རྡོ་རྗེས་མཚན ་པའི་མེ་ཐབ་དང་དགྲ་སྟའོ། །དབང་ལྡན་དུ་པུ་ཀ་སི་སེར་མོ་ཤས་གང་བའི་ཐོད་པ་ལ་གནས་བའི་སེང་གེ་དང་མཆོད་སྦྱིན་གྱི་ཕྱག་རྒྱ་དང། དཔག་བསམ་གྱི་ཤིང་གི་ཡལ་ག་དང་རིན་པོ་ཆེའོ། །མེའི་མཚམས་སུ་ཤ་བ་རི་དཀར་མོ་བྱང་ཆུབ་སེམས ་ཀྱིས་གང་བའི་ཐོད་པར་དགེ་སློང་དང་རྡོ་རྗེ་དང། ཁ་ཊཝཾ་ཀ་དང་ཞགས་པའོ། །སྲིན་པོའི་མཚམས་སུ་ཙན་དྷ་ལི་སྔོན་མོ་གཡས་སུ་ཁྲག་གིས་གང་བའི་ཐོད་པ་ལ་སྟག་དང་གཡོན་དུ་པུ་ཀ་རི་ཀ་དང། ཕྱག་གཞན་གཉིས་ན་རླུང་བསྐྱོད་ཀྱ?་གོས་སོ། །རླུང? ་མཚམས་སུ་ཌོཾ་བི་ནི་ནག་མོ་ཆང་གི་སྣོད་ཐོང་པ་དང་རྩེ་གསུམ་པ་གྱེན་དུ་བསྟན་པ་དང། བདུད་རྩི་ལྔས་གང་བའི་ཐོད་པ་ལ་གནས་པའི་སྦྱང་གི་དང་ཐོད་བཤོལ་ལོ། །དེ་དག་རྣམས་ཀྱི་ཕྱིའི་ཟུར་དུ་གླིང་བུ་མ་ལ་སོགས་པ་བཞི་གོང་བཞིན་དུའོ།། ་ཤར་གྱི་སྒོ་རུ་སྟག་གདོང་མ་ནག་མོ་ཞལ་རྣམས་ནག་པ་དང་དཀར་བ་དང་དམར་པོ་དང་སེར་པོ་དང་སྟེང་དུ་སྟག་གདོང་ལྗང་ཁུའོ། །ལྷོར་ཕག་གདོང་མ་སེར་མོ་དང་ནག་མོ་དང། དཀར་མོ་རྣམས་ཀྱི་ཞལ་དང། སྟེང་དུ་ཕག་པའི་ཞལ ་དམར་པོའོ། །ནུབ་དུ་ཁྱི་གདོང་མ་དམར་མོ། དམར་མོ་དང་ནག་པོ་དང་དཀར་པོའི་ཞལ་རྣམས་དང་སྟེང་དུ་ཁྱི་གདོང་སེར་པོའོ། །བྱད་དུ་སེང་གདོང་མ་ལྗང་ཁུ་རྣམས་ནི་ལྗང་ཁུ་དན་ནག་པོ་དང་དཀར་མོ་རྣམ་དང་སྟེང་དུ་སེང་གེའི་གདོང་པ་ཅན་དམར ་པོའོ། །དེ་ལྟ་བས་ན་རྩ་བ་དང་གཡས་དང་གཡོན་དང་སྟེང་གི་རིམ་པས་ཞལ་བཞི་པའོ། །སྒོ་སྐྱོང་མ་རྣམས་ཕྱག་བཞི་པ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞིན་དུ་ཕྱག་མཚན་འཛིན་པ། སྣ་ཚོགས་པདྨ་དང་ཁྲག་གིས་བསྐང་བའི་ཐོད་པ ་ལ་གནས་པའི་རོའི་སྟེང་དུ་གཡས་བསྐུམ་པ་དང་གཡོན་བསྐྱང་བས་གནས་པ། དབུ་སྐྲ་དམར་པོ་གྱེན་དུ་བརྫེས་པའོ། །ལྷ་གཞན་རྣམས་ནི་རྡོ་རྗེའི་དཀྱིལ་དཀྲུང་ཕྱེད་པ། ཐམས་ཅད་ཀྱང་ཞལ་རེ་རེ་ཞིང་སྤྱན་གསུམ་པ། ཕྱག་རྒྱ་ལྔ་ལ་སོགས་པས ་བརྒྱན་པ་ཡབ་མེད་པའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་ས་བོན་ཧཱུཾ་དོ། །སྙིང་པོའི་སྔགས་ནི། ཨའོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ་ཞེས་སོ། །འོཾ་ཨའོ་སྭཱཧཱ་ཞེས་པ་ནི་གྷསྨ་རིའི་ལས་ཐམས་ཅད་པའི་སྔགས་སོ། །དགྱེས་པ་རྡོ་རྗེ་རྣམ་པ ་བཞིའོ།། །།བདག་མེད་མའི་དལ་ལ་རྡོ་རྗེ་གུར་གྱི་ནད་དུ་ཆོས་འབྱུང་ལ་གནས་པའི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་བདག་མེད་མའོ། །ཤར་ལ་སོགས་པའི་འདབ་མར་རྡོ་རྗེ་མ་དང་གྷོའུ་རི་མ་དང་ཙོའུ་རིམ་དང ་གྷསྨ་རི་དང་རྡོ་རྗེ་མཁའ་འགྲོ་མ་ལྟ་དབུའི་རྣམས་སོ། རིམ་པ་གཉིས་པར་སྣ་ཚོགས་པདྨ་ལ། ཤར་ལ་སོགས་པར་གྷོ་རི་དང་ཙོའུ་རི་དང་བྷེ་ཏ་ལི་དང་གྷསྨ་རི་རྣམས་སོ། །དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་པུ་ཀ་སི་དང་ས་བ་རི་དང་ཙན་ཌ་ལི་དང་ཌོཾ་བི་མ ་རྣམས་སོ། །བདག་མེད་མའི་སྟེང་གི་ཤར་ཕྱོགས་སུ་པདྨ་ལ་གནས་པའི་མཁའ་སྤྱོད་མ་ཞལ་གྱེན་དུ་གཟིགས་པའོ། །འོག་གི་ནུབ་ཕྱོགས་སུ་པདྨ་ལ་གནས་པའི་ས་སྤྱོད་མ་ཞལ་ཐུར་དུ་གཟིགས་པའོ། །ཕྱིའི་རིམ་པ་ལ་གནས་པའི་གྷོ་རི་ལ་སོགས་པ ་བརྒྱད་ནི་ཕྱག་བཅུ་དྲུག་པའི་དལ་ལྟ་བུ་སེར་པོ་ལ་སོགས་པའི་མདོག་ཅན་ནོ། །གཞན་བདུན་ནི་སྔོན་མོའོ། །འདི་དག་བཅོ་ལྔ་པོ་ཐམས་ཅད་དཀྱིལ་དཀྲུང་ཕྱེད་ཀྱིས་རོའི་སྙིང་ཁར་གནས་པའི་ཉི་མའི་དལ་ལ་བཞུགས་པ། ཞལ་གཅིག་བ་སྤྱན་གསུམ ་པ། དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ། སྟག་གི་ལྤགས་པ་བསྣམས་པ། ཕྱག་བཞི་པ། གཡས་གཉིས་ཀྱིས་རྡོ་རྗེ་དང་གྲི་གུག་།གཡོན་གཉིས་ཀྱིས་ཐོད་པ་དང་གྱེན་དུ་བསྒྲེང་བའི་ཁ་ཊཝཾ་ག་འཛིན་བའོ། །མགོ་ལ་མི་མགོ་ལྔའི་ཕྲེང་བ་ཅན། ཕྱག ་རྒྱ་ལྔ་དང་ལྡན་པའོ། །ཟུར་རྣམས་ལ་གླིང་བུ་མ་ལ་སོགས་པ་བཞི་ནི་སྔར་བཞིན་ནོ། །ཤར་གྱི་སྒོར་སྟག་གདོང་མ་དཀར་སྔོ། ལྷོ་རུ་ཕག་གདོང་སེར་སྔོན། ནུབ་དུ་ཁྱི་གདོང་མ་དམར་ལྗང། བྱང་དུ་སེང་གེའི་གདོང་ཅན་མ་མ་རག ་ལྟ་བུ་སྔོ་ལྗང་མའོ། །བཞི་པོ་འདི་དག་ཀྱང་གཡས་བསྐྱང་བ། གཡོན་བསྐུམ་པ་ཉིད་ཀྱིས་གཡས་གཡོན་གྱི་ཕྱག་གཉིས་ཀྱིས་གྲི་གུག་དན་ཐོད་པ་འཛིན་པ། ཉི་མ་ལ་གནས་པ། མིང་གི་རྗེས་སུ་འབྲང་བའི་ཞལ་གཅིག་མ། མདོག་གཉིས་གཉིས་དང ་ལྡན་པ། ཁྱད་པར་གཞན་ནི་རྣམ་པ་ཐམས་ཅད་ཀྱིས་བདག་མེད་མ་བཞིན་དུའོ། །བདག་མེད་མ་ལ་རིམ་པ་ཇི་ལྟ་བས་མི་བསྐྱོད་པ་དང། རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་དང། མི ་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཛའ་ཡས་དང་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པའོ། །གླིང་བུ་མ་ལ་སོགས་པ་དང་སྟག་གདོང་མ་ལ་སོགས་པ་ལ་རྣམ་པར་སྣང་མཛད་དང་རིན་ཆེན ་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་ཀྱིས་རྒྱས་བཏབ་པའོ། །བདག་མེད་མའི་ཐུགས་ཁའི་ས་བོན་ནི་ཨཾ་དོ། །འོཾ་ཨཾ་སྭཱཧཱ་ཞེས་བྱ་བ་ནི་སྙིང་པོའི་སྔགས་སོ། །འོཾ་ཨཱཾ་སྭཱཧཱ། ཞེས་བྱ་བ་ནི་གྷསྨ་རིའི་ལས་ཐམས་ཅད་པའི་སྔཌ ་སོ། །ཡང་ན་བདག་མེད་མ་ལ་སོགས་པ་ལྷ་མོ་བཅོ་ལྔའི་བདག་ཉིད་ཅན་གྱི་དལ་ལ། དལ་ལྷ་མོ་རྣམས་སྐུ་མདོག་ནག་མོ་གཡས་གཡོན་གྱི་ཕྱག་གིས་གྲི་གུག་དང་ཐོད་པ་འཛིན་པ། མཆོད་ཕྱིར་ཐོགས་དང་བཅས་པའི་རྣལ་འབྱོར་གྱི་ཁ་ཊཝཾ་ག་དང ་བཅས་པའོ། །གཞན་ནི་གོང་བཞིན་ནོ། །འོཾ་ཨཱ:བཛྲ་གྷསྨ་རི་ཨཱ་ཧཱུཾ་སྭཱཧཱ་ཞེས་བྱ་བ་ནི་གྷསྨ་རིའི་སྔགས་སོ།། །།གང་གི་ཚེ་ཀུ་རུ་ཀུལླེ་དལ་བདག་མོར་གྱུར་ན་སྐུ་མདོག་དམར་མོ་ཕྱག་བཞི་པ། གཡས་གཉིས་ཀྱིས་མདའ་དང་ལྕགས་ཀྱུ ་འཛིན་པ། གཡོན་གཉིས་ཀྱིས་ཨུད་པ་ལ་དམར་པོ་དང་གཞུ་འཛིན་པ། ཞལ་གཅིག་མ། སྤྱན་གསུམ་པ། རིགས་ཀྱི་བདག་པོ་སྣང་བ་མཛའ་ཡས་ཀྱིས་བྱས་པ། རྡོ་རྗེ་མ་ལ་སོགས་པ་བཅུ་བཞི་སྐུ་མདོག་དམར་མོ་མདའ་གཞུ་འཛིན་པའི་ཕྱག་གཉིས ་མའོ། །བཅོ་ལྔ་པོ་ཐམས་ཅད་པདྨ་དམར་པོ་དང་རོའི་སྙིང་ཁར་ཟླ་བ་ལ་བསྐྱིལ་ཀྲུང་ཕྱེད་པས་གནས་པའོ། །ཀུ་རུ་ཀུལླེའི་སྙིང་པོའི་ས་བོན་ནི་ཧྲི། ཨོཾ་ཀུ་རུ་ཀུལླེ་ཧྲི་སྭཱཧཱ། ཞེས་བྱ་བ་ནི་སྙིང་པོའི་སྔགས་སོ། །གཞན་ནི་སྔར་བཞིན་དུ་སྟེ་དེའི་ཚེ་ཀུ་རུ ་ཀུལླེའི་དལ་དུ་འགྱུར་རོ།། །།རྡོ་རྗེ་བདུད་རྩིའི་དལ་དུ་རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་གི་དབུས་སུ་གནས་པའི་བཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨའི་ཟེའུ་འབྲུ་དང་ཟླ་བ་ལ་དཔལ་རྡོ་རྗེ་བདུད་རྩི་ས་བོན་དང་སྔགས་སེམས་དཔའ་ཨི ་སྐྱིལ?་ཀྲུང་གིས་གནས་པ། སྐུ་མདོག་མེ་རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་དལ་བྲམ་ཟེ?་ཆེན་པོ་ས་ར་ཧའི་ལུགས་དང། ཏོག་པྲི་ཡང་ཀུ་ལྟ་བུའི་ལྗང་སྔོན་དང་དཀར་བ་དང་དམར་བ་ནི་རྩ་བ་དང་གཡས་དང་གཡོན་གྱི་ཞལ་ལོ། །རི་མོ་སྣ་ཚོགས་པའི་ལག་རྡུབ་དང་དཔུང་རྒྱན ་ལ་སོགས་པ་དང་གོས་རྣམས་ཀྱིས་བརྒྱན་པ། ཕྱག་དྲུག་པའི་རྡོ་རྗེ་དྲིལ་བུར་བཅས་པའི་ཕྱག་གཉིས་ཀྱིས་རང་ཉིད་ལྟ་བུའི་ཤེས་རབ་མ་ལ་མཁྱུད་པ། གཡས་པ་གཉིས་ཀྱིས་འཁོར་ལོ་དང་རལ་གྲི། གཡོན་པ་གཉིས་ཀྱིས་ཞགས་པ་དང་ལྕགས་ཀྱུ་འཛིན ་པ། འོད་དམར་པོའི་རྒྱབ་ཡོལ་ཅན། ཞི་བ་དང་སྒེག་བའི་ཉམས་ཀྱི་ཚོགས་དང་ལྡན་པའོ། །ཤར་གྱི་འདབ་མར་ཞི་བ་མ་དཀར་མོ་ཞལ་གསུམ་པ། དཀར་བ་དང་ནག་པ་དང་དམར་བ། ལྷོར་ཞི་བའི་ཞལ་སེར་མོ་ནི་ཞལ་གསུམ་པ། སེར་པ་དང་དཀར ་བ་དང། དམར་བ། ནུབ་དུ་ཟླ་བ་ལ་སྐྱེས་མ་དམར་མོ་ཞལ་གསུམ་པ། དམར་བ་དང་ནག་པ་དང་དཀར་བ། བྱད་དུ་ཟླ་བ་མོ་ལྗང་ཁུ་ཞལ་གསུམ་པ། ལྗང་ཁུ་དང་དམར་པོ་དང་དཀར་པོ། མེའི་མཚམས་སུ་ཟླ་བའི་སྙིང་པོ་སྔོན་མོ་ཞལ་གསུམ་པ། ་སྔོན་པོ་དང་དཀར་པོ་དང་དམར་པོ། སྲིན་པོའི་མཚམས་སུ་ཟླ་བའི་རི་མོ་མ་མེ་ཏོག་པྲི་ཝང་ཀུ་?་ལྟ་བུ་ལྗང་སྔོན་མ་ཞལ་གསུམ་པ། ལྗང་སྔོན་དང་དཀར་པོ་དམར་པོ། རླུང་གི་མཚམས་སུ་ཡིད་འོང་མ་ཨུད་པ་ལ་སྔོན་པོ་ལྟ་བུའི ་མདོག་ཅན་ཞལ་གསུམ་མ། སྔོན་པོ་དང་དཀར་པོ་དང་དམར་པོ། དཔང་ལྡན་གྱི་མཚམས་སུ་ཡིད་སྤྲོ་མ་གསེར་ལྟ་བུའི་མདོག་ཅན། ཞལ་གསུམ་པ། སེར་མོ་དང་དཀར་པོ་དམར་པོ། ལྷ་མོ་འདི་རྣམས་ནི་དལ་གྱི་གཙོ་བོ་ལྟ་བུའི་ཕྱག་གི ་མཚན་མ་འཛིན་པའོ། །ཁྱད་པར་དུ་ནི་འཁོར་ལོའི་དབུས་སུ་ཟླ་བའི་དལ་འཛིན་པ་རྣམས་སོ། །ཟླ་བའི་རི་མོ་ནི་ཆོས་གཉིས་ཀྱི་ཟླ་བ་འཛིན་པའོ། །རིམ་པ་གཉིས་པ་དབང་ལྡན་གྱི་མཚམས་སུ་མེ་ཏོག་མ་དཀར་མོ་ཞལ་གསུམ་པ། དཀར་པོ ་དང་ནག་པོ་དང་དམར་པོ། མེའི་མཚམས་སུ་བདུག་པ་མ་དུ་པའི་མདོག་ཅན་ཞལ་གསུམ་པ། དུ་བའི་མདོག་དང་དཀར་པོ་དང་དམར་པོ། སྲིན་པོའི་མཚམས་སུ་མར་མེ་མ་གསེར་གྱི་མདོག་ཅན་ཞལ་གསུམ་པ། སེར་པོ་དང་དཀར་པོ་དང ་ནག་པོ། རླུང་གི་མཚམས་སུ་དྲི་ཆབ་མ་དམར་མོ་ཞལ་གསུམ་པ་དམར་པོ་དང་ནག་མོ་དང་དཀར་པོ། འདི་རྣམས་ནི་གོ་རིམས་བཞིན་དུ་གཡས་ཀྱིས་ཕྱག་དང་པོས་མེ་ཏོག་གི་ཟ་མ་ཏོག་དང། སྤོས་ཕོར་དང་མར་མེའི་ཀོང་བུ་དང་དྲིའི་དུང་འཛིན་པའོ།། ་ཕྱག་ལྷག་མ་རྣམས་ཀྱིས་གཙོ་བོའི་ཕྱག་མཚན་འཛིན་པའོ། །ཤར་ལ་སོགས་པའི་སྣམ་དུ་ལ་གླིང་བུ་མ་དང་པི་ཝང་མ་དང། མུ་ཀུན་ད་དང། རང་རིངས་མ་རྣམས་ནི་ཞལ་གཅིག་ཕྱག་གཉིས་མ། དམར་མོ་དང་སེར་མོ་དང་དཀར་མོ་དང་དུ་བའི་མདོག ་ཅན་རྣམས་སྟེ། གླིང་བུ་ལ་སོགས་པའི་སྒྲ་འབྱིན་པ་ལ་བརྩོན་པའོ། །ཤར་གྱི་སྒོ་ལ་ཁྲོ་གཉེར་སྔོན་པོ་ནམ་མཁའ་ཨི་མདོག་ཅན་ཞལ་གསུམ། ནམ་མཁའ་ཨི་མདོག་ལྟ་བུ་དང་དཀར་པོ་དང་དམར་པོ། ལྷོའི་སྒོར་འཇིགས་པས་བསྡིགས་བྱེད་དཀར་པོ་ཞལ་གསུམ ་པ། དཀར་པ?་དང་ནག་པོ་དང་དམར་པོ། ནུབ་སྒོར་རྟའི་གཟུགས་ཅན་ཞལ་གསུམ་པ། དམར་པོ་དང། དཀར་པོ་དང་ནག་པོ། བྱང་སྒོར་ཚོགས་ཀྱིས་འདྲེན་པ་ཞལ་གསུམ་པ། ལྗང་ཁུ་དང་དཀར་པོ་དང་དམར་པོ། འདི་རྣམས་ནི་ཞི་བ་དང་ཁྲོ་བོའི ་འགྱིད་པའི་ཞབས་ཀྱིས་བརྟེན་པས་བཞུགས་པ། དལ་གྱི་རྩོ་པོའི་ཕྱག་མཚན་ལྕགས་ཀྱུ་འཛིན་པའོ། །ཁྱད་པར་དུ་ནི་གཡས་དང་པོས་རིམ་པ་ཇི་ལྟ་བར་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་འཛིན་པ། མཆེ་པ་ཅུང་ཟད་བརྩིགས་པའོ། ། ་འདིར་དལ་གྱི་རྩོ་བོ་ནི་དེ་བ་ལྔའི་གཟུགས་བརྙན་དང་ལྡན་པའི་སྣ་ཚོགས་རྡོ་རྗེས་མཚན་པའི་རིན་པོ་ཆེ་སྣ་ཚོགས་པའི་ཅོད་པན་ཅན་ནོ། །དེ་ལས་གཞན་ཉི་ཤུ་པོ་རྣམས་ནི་རྡོ་རྗེ་བདུད་རྩིའི་གླེགས་བམ་གྱིས་མཚན་པའི་རིན་པོ་ཆེའི་ཅོད་པན་གྱིས་བརྒྱན་པའོ? ་ཐམས་ཅད་ཟླ་བའི་དལ་ལ་གནས་པ་སྟེ། དལ་གྱི་རྩོ་བོ་ལྟ་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པའོ། །མེ་ཏོག་མ་ལ་སོགས་པ་བཅུ་གཉིས་བེ?་ནི་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའོ། །རྡོ་རྗེ་བདུད་རྩིའི་ཐུགས་ཀྱི་ས་བོན་ཧའོ། །འོཾ་ཧ:བཛྲ་ཨ ་རྨརི་ཏ་སྭཱཧཱ་ཞེས་བྱ་བ་ནི་སྙིང་པོའི་སྔགས་སོ། །ལས་ཐམས་ཅད་པའི་སྔགས་ཀྱང་དེ་ཉིད་ཡིན་ནོ།། །གཞན་རྡོ་རྗེ་བདུད་རྩི་རྣམ་པ་གསུམ་གྱི་བསྒོམ་པའི་ཁྱད་པར་མངས་པས་འཇིགས་པས་འདིར་མ་བཤད་དེ། རྡོ་རྗེ་བདུད་རྩིའི་རྒྱུད་ཉིད་ལས་ཤེས་པར ་བྱའོ།། །།དགྱེས་པའི་རྡོ་རྗེ་རྣམ་བ་བཞིའི་ལྷ་དགུའི་བདག་ཉིད་ཅན་གྱི་དལ་དུ་ནི། རྡོ་རྗེ་གུར་གྱི་ནང་དུ་གནས་པའི་ཆོས་འབྱུང་ལ་གནས་པའི་གཞལ་ཡས་ཁང་ངོ། །ཕྱག་བཅུ་དྲུག་པའི་དལ་འཇམ་པའི་རྡོ་རྗེ་ལྟ་བུའོ། །ཕྱོགས་གཉིས ་པ་ལ་བསྲུང་བའི་འཁོར་ལོ་རྩིབས་བཅུ་པ་ཡང་ཡོད་དོ། །གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་གནས་པའི་ཆངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་དང་ལྷའི་དབང་པོ་སྟེ་བདུད་རྣམ་པ་བཞིའི་རང་བཞིན་གན་རྐྱལ་དུ་བསྒྱེལ་བའི་སྙིང་ཁ ་གནས་པའི་ཉི་མ་ལ་ཞབས་བཞི་པ་།གཅེར་བུ་གར་གྱི་ཉམས་དགུ་དང་ལྡན་པ། ཞབས་གཉིས་ཀྱིས་རྡོ་རྗེའི་སྐྱིལ་ཀྲུང་དང། གཞན་ཞབས་གཉིས་ཀྱིས་གཡོན་བསྐུམ་པ་དང་གཡས་བསྐྱང་བའི་གང་གྱི ་ཚུལ་གྱིས་གནས་པ་དང། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ་དང། དབུ་སྐྲ་དམར་པོ་གྱེན་དུ་བརྗེས་པ་དང། དཔྲལ་བའི་སྟེང་དུ་ལྤགས་པ་བྲལ་བའི་མི་མགོ་ལྔས་བརྒྱན་པ། སངས་རྒྱས་ལྔའི་ཅོད་པན་ཅན་།སྐུ་མདོག་ནག་པོ ་ཕྱག་བཅུ་དྲུག་པ། ཞལ་བརྒྱད་པ་ཞལ་རེ་རེ་ཞིང་སྤྱན་གསུམ་དམར་ཞིང་ཟླུམ་པ། རྩ་བའི་ཞལ་ནག་པོ་།གཡས་པ་རྣམས་ནི་དཀར་པོ་དང་དམར་པོ་དང་ནག་པོ་རྣམས་སོ། །གཡོན་པ་རྣམས་ནི་དམར་པོ་དང་སྔོན་པོ་ནག་པོ་རྣམས་སོ། །སྟེང ་གི་ཞལ་ནི་དུ་བའི་མདོག་ཅན་མི་སྡུག་པ། ཞལ་ཐམས་ཅད་སྨིན་མ་ཞིགས་པ་ཁྲོ་གཉེར་ཅན། མཆེ་བ་བརྩིགས་པའི་མྱུ་གུས་འཇིགས་པར་བྱེད་པ། གཡས་པའི་ཕྱག་བརྒྱད་ཀྱིས་བསྣམས་པའི་ཐོད་པར་གླང་པོ་དང་རྟ་དང་བོད་བུ་དང ་གླང་དང་རྔ་མ་དང་མི་དང་ཤར་བ་དང་བྱི་ལ་རྣམས་སོ། །གཡོན་པའི་ཕྱག་གི་ཐོད་པ་རྣམས་སུ་ས་དང་ཆུ་དང། རླུང་དང་མེ་དང་ཟླ་བ་དང་ཉི་མ་དང་གཤིན་རྗེ་དང་ནོར་སྦྱིན་རྣམས་སོ། །འཁོར་ལོ་དང་རྣ་ཚ་དང་འགུལ་བརྒྱན་དང་ལག་?་དང་? ་རགས་དང་ཐལ་བ་རྣམས་དང། མི་མགོ་ལྔ་བཅུའི་ཕྲེང་བ་དང། དཔུང་བརྒྱན་དང་རྐང་རྡུབ་རྣམས་ཀྱིས་བརྒྱན་པའོ། །འདིའི་ཡུམ་བདག་མེད་མ་ནག་མོ་གཅེར་བུ་ཕྱག་གཉིས་ཀྱིས་དྲིལ་བུ་དང་ཐོད་པས་མཆོད་པར་བྱེད་པ་བཅོམ་ལྡན ་འདས་ལ་མཁྱུད་པ། ཞབས་གཡས་བསྐུམ་པ། གཡོན་བསྐྱེད་པའི་གང་གྱི་ཚུལ་གྱིས་གནས་པ། ཕྱག་རྒྱ་ལྔ་དང་ལྡན་པ། ཞལ་གཅིག་པ། སྤྱན་གསུམ་པ་དམར་ལ་ཟླུམ་པ་།མཆེ་བ་བརྩིགས་པ། དབུ་སྐྲ་འབར་བ་གྱེན་དུ་བརྫེས ་པའོ། །དཔྲལ་བ་ལ་གནས་པའི་ཐོད་པ་དང་མགྲིན་པར་མི་མགོ་སྐམ་པོའི་ཕྲེང་བ་འཆང་བ་དང། རྐང་རྡུབ་ལ་སོགས་པས་རྒྱན་པའོ། །ཤར་ལ་སོགས་པའི་འདབ་མར་གནས་པའི་ཚངས་པ་དང་དབང་པོ་དང་ཉེ་བའི་དབང་པོ་དང་དྲག་པོའི་སྙིང་ཁའི ་སྟེང་དུ་ཟླ་བ་ལ་གྷོའུ་རི་ལ་སོགས་པའོ། །དབང་ལྡན་ལ་སོགས་པའི་འདབ་མར་གཤིན་རྗེ་དང་ལུས་ངན་དང་སྲེན་པོ་དང་ཐགས་བཟངས་རིས་ཀྱི་སྙིང་ཁར་ཟླ་བའི་དལ་ལ་གནས་པའི་པུ་ཀ་སི་ལ་སོགས་པའོ། །དེ་ལ་གྷོ་རིམ་ནག་མོ་གཡས་གྲི ་གུག་གཡོན་རོ་ཧི་ཏའི་ཉའོ། །ཙོའུ་རི་མ་དམར་མོ་གཡས་ཕག་པ་གཡོན་ཐོད་པ་འཛིན་པའོ། །རོ་ལངས་མ་གསེར་གྱི་མདོག་ཅན་ཕྱག་གཉིས་ཀྱི་གཡས་པ་ན་རུས་སྦལ་དང་གཡོན་པ་ན་པདྨ་འཛིན་པའོ། །གྷསྨ་རི་ལྗང་ཁུ་ཕྱག་གཉིས་ཀྱི་གཡས་པ་ན་སྤྲུལ ་དང་གཡོན་པ་ན་རྣལ་འབྱོར་གྱི་སྣོད་ཐོད་པ་འཛིན་པའོ། །པུ་ཀ་སི་སྔོན་མོ་ཕྱག་གཉིས་ཀྱི་གཡས་པ་ན་སེང་གེ་གཡོན་པ་ན་དགྲ་སྟ་འཛིན་པའི་ཕྱག་གོ་།ཤ་བ་རི་དཀར་མོ་ཕྱག་གཉིས་ཀྱི་གཡས་པ་ན་དགེ་སློང་གཡོན་པ་བསིལ་བྱེད་འཛིན་པའོ། །ཙན? ་དྷ་ལི་ནམ་མཁའ་ཨི་མདོག་ལྟ་བུ་ཕྱག་གཉིས་ཀྱི་གཡས་འཁོར་ལོ་གཡོན་ཐོང་བཤོལ་འཛིན་པའོ། །ཌོཾ་བི་མོ་ཁྲ་མོ་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་གཡོན་སྡིགས་འཛུབ་འཛིན་པའོ། །བརྒྱད་པོ་འདི་དག་ནི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། ་གཞན་ཡང་ཁྱད་པར་གྱི་?་བདག་མེད་མ་ལྟ་བུའོ། །དཔལ་ཧེ་རུ་ཀ་དང་བདག་མེད་མ་གཉིས་ཀྱི་རིགས་ཀྱི་བདག་པོ་ནི་མི་བསྐྱོད་རྡོ་རྗེའོ། །གྷོ་རི་མ་ལ་སོགས་པ་བཞིའི་རིགས་ཀྱི་བདག་པོ་ནི་མི་བསྐྱོད་པ་དང་།རྣམ་པར་སྣང་མཛད་དང་།རིན་ཆེན ་འབྱུང་ལྡན་དང། སྣང་བ་མཛའ་ཡས་སོ། །དེ་རྣམས་ཀྱིས་རྒྱས་བཏབ་པའོ། །དེ་བཞིན་དུ་པུ་ཀ་སི་ལ་སོགས་པ་རྣམས་ཀྱང་ཤེས་པར་བྱའོ།། །།ཡང་ན་ཁྱད་པར་དུ་དལ་གྱི་གཙོ་བོ་ཕྱག་གཉིས་པ་ནི་ཕྱག་གཡས་པས་རྡོ་རྗེ་ཕྱར་བ་།གཡོན ་པས་རྡོ་རྗེས་མཚན་པའི་ཐོད་པ་འཛིན་པ་བདག་མེད་མས་མཁྱུད་པ། ཁ་ཊཝཾ་ག་ཡང་གཡོན་པའི་མཚན་ཁུང་ལ་འཛིན་པའོ།། །།ཡང་ན་དལ་གྱི་རྩོ་བོ་སྔོན་པོ་ཕྱག་བཞི་པ། ཕྱག་གཡས་པས་རྡོ་རྗེ་འཛིན་པ། ་གཡོན་པས་ཁྲག་གིས་བཀང་བའི་ཐོད་པ་འཛིན་པ། ཕྱག་གཞན་གཉིས་ཀྱིས་བདག་ཉིད་ལྟ་བུའི་རྡོ་རྗེ་ཕག་མོ་ལ་མཁྱུད་པའོ།། །།ཡང་ན་དལ་གྱི་གཙོ་བོ་ཞལ་གསུམ་པ་ཕྱག་དྲུག་པ་རྩ་བའི་ཞལ་དང་གཡས་དང་གཡོན་གཉིས ་ནི་སྔོན་པོ་དང་དཀར་པོ་དང་དམར་པོ་བསམ་མོ། །ཕྱག་གཡས་པ་གཉིས་ཀྱིས་རྡོ་རྗེ་དང་གྲི་གུག། འོག་མ་གཉིས་ཀྱིས་རྩེ་གསུམ་དང་དྲིལ་བུ། གཞན་གཉིས་ཀྱིས་ལུ་གུ་རྒྱུད་མ་ལ་མཁྱུད་པའོ། །རྡོ་རྗེ་ལུ་གུ་རྒྱུད་མ་ནི་སྐུ་མདོག་དང་ཞལ་དང་ཕྱག ་མཚན་ལ་སོགས་པ་བདག་མེད་མ་དང་མཚུངས་པར་ལུས་མེད་རྡོ་རྗེའི་ཞབས་ཀྱིས་གསུངས་སོ། །འདིར་ཕྱག་གཉིས་པ་ལ་སོགས་པ་ནི་སྣ་ཚོགས་པདྨའི་ཟེའུ་འབྲུ་ལ་རོའི་སྟེང་དུ་ཉི་མ་ལ་སྐྱིལ་ཀྲུང་ཕྱེད་པས་གར་བྱེད་པ་།སྨིན་མ་གཡོལ? ་དང་བཅས་པའི་ཁྲོ་གཉེར་ཅན། མཆེ་བ་བརྩིགས་པ་རྣམས་སོ། །གསང་བ་འདུས་པ་ལྷ་བཅུ་དགུ་པའི་སྒོ་ནས་གྲུབ་པ་ཐོབ་པ། མི་བསྐྱོད་པས་རྒྱས་བཏབ་པ་དང་སྣ་ཚོགས་རྡོ་རྗེས་མཚན་པ་དང། དབུ་སྐྲ་དམར་པོ་གྱེན་དུ་བརྫེས་པ་དང། མི་མགོ་ལྔས་དབུ་བརྒྱན ་པའོ། །ཕྱག་བཅུ་དྲུག་པ་ལྟར་འཁོར་ལོ་ལ་སོགས་པས་བརྒྱན་པའོ། །དེ་དག་ཀྱང་གྷོ་རི་ལ་སོགས་པ་ལྷ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་སྟེ། ལྷ་མོ་འདི་རྣམས་ནི་ཐབས་དང་བྲལ་བའི་རྡོ་རྗེ་ཕག་མོ་དང་རྡོ་རྗེ་ལུ་གུ་རྒྱུད་མ་ལ་ནི་མི་བསྐྱོད་པས ་རྒྱས་བཏབ་པའོ། །དགྱེས་པའི་རྡོ་རྗེ་རྣམ་པ་བཞིའི་ཐུགས་ཀྱི་ས་བོན་ཧཱུཾ་ངོ། །འོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཕྱག་བཅུ་དྲུག་པའི་སྙིང་པོའོ། །འོཾ་ཏྭEེ་ལོཀྱཱ་ཀྵེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ནི་ཕྱག་གཉིས་པའི་འོ། །འོཾ་ཛཝ་ལ་ཛཝ་ལ་བྷཡོ ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཕྱག་བཞི་པའི་འོ། །འོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་།ཕྱག་དྲུག་པའི་འོ། །འོཾ་ཨ་བཛྲ་གྷསྨ་རི་ཨའོཾ་ཧཱུཾ་སྭཱཧཱ་ཞེས་བྱ་བ་ནི་ལས་ཐམས་ཅད་པའི་སྔགས་སོ།། །།དཔལ་སྒྱུ་འཕྲུལ་ཆེན་མོའི་དལ་དུ་རྡོ་རྗེ་གུར་གྱི་ནང་དུ ་གནས་པའི་ཆོས་འབྱུང་གི་ནང་དུ་གཞལ་ཡས་ཁང་ངོ། །ཁ་ཅིག་གི་ལུགས་ཀྱིས་རྡོ་རྗེ་གུར་གྱི་ནད་དུ་ཆོས་འབྱུང་མེད་པར་གཞལ་ཡས་ཁང་ངོ། །གཞལ་ཡས་དེ་ལས་ཐམས་ཅད་པ་ཡིན་པའི་རྒྱུ་མཚན་ནི་བྱང་ཕྱོགས་ཀྱི་ལྷ་མོ་དོན་གྲུབ་ཡིན་པས་གསུང། ཁང་གི་དབུས་སུ ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་ཉི་མའི་གདན་ལ་སྒྱུ་འཕྲུལ་ཆེན་མོའི་མིང་ཅན་ཧེ་རུ་ཀ་ནག་པོ་།ཉི་མ་ལྟ་བུའི་འབར་བའི་ཕྲེང་བ་དུ་མ་འཁྲིགས་པ། སྒེག་པའི་ཁྲོ་བོ་དབུ་སྐྲ་འབར་ཞིང་གྱེན་དུ་བརྫེས་པ། ཐོད་པས་བརྒྱན་པའི་ཅོད་པན ་ཅན་།སྔོན་པོ་དང་སེར་པོ་དང་དཀར་པོ་དང་ལྗང་ཁུའི་རྩ་བའི་ཞལ་དང་གཡས་དང་ནུབ་དང་གཡོན་གྱི་ཞལ་དང་བཞིའོ། །ཞལ་རེ་རེ་ལའང་སྤྱན་གསུམ་དམར་ལ་ཟླུམ་པ། ཕྱག་བཞིའི་གཡས་གཉིས་ན་ཐོད་པ་དང་མདའ། གཡོན་གཉིས་ན་ཁ་ཊཝཾ་ཁ་དང? ་གཞུ་འཛིན་པ། ཕྱག་རྒྱ་དྲུག་དང་ལྡན་པ། མིའི་ལྤགས་པའི་ན་བཟའ་ཅན། དཀྱིལ་དཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། དཔལ་སངས་རྒྱས་མཁའ་འགྲོ་མ་དམར་མོ་དང། སེར་པོ་དང་དཀར་པོ་དང་ལྗང་ཁུའི་ཞལ། གཙོ་བོ་ལྟ་བུའི་ཕྱག་མཚན་དང ་སྐུ་མདོག་དམར་པོ་ཕྱག་གཉིས་པོས་མགུལ་ནས་མཁྱུད་པའོ། །ཤར་གྱི་འདབ་མར་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་།སྔོན་པོ་དང་སེར་པོ་དང་དཀར་པོ་དང་ལྗང་ཁུའི་ཞལ་།རྡོ་རྗེ་དང་ཐོད་པ་དང་དྲིལ་བུ་དང་ཁ་ཊཝཾ་ག་འཛིན་པའོ། །ལྷོར་རིན་ཆེན་ནམ་མཁའ་འགྲོ ་མ་སེར་མོ་།སེར་པོ་དང་སྔོན་པོ་དང་དཀར་པོ་དང་ལྗང་ཁུའི་ཞལ་།རིན་པོ་ཆེ་འབར་བ་དང་ཏྲི་ཤུ་ལ་དང་འགྲིན་པ་བརྩིར་བའི་སྤྱང་ཁུ་དང་བ་དན་འཛིན་པའོ། །ནུབ་དུ་པདྨའི་མཁའ་འགྲོ་མ་དཀར་མོ། དཀར་པོ་དང་སེར་པོ་དང་སྔོན་པོ་དང་ལྗང་ཁུའི་ཞལ་།? ་ཚོགས་པདྨ་དང་མདའ་དང་ཐོད་པ་དང་གཞུ་འཛིན་པའོ། །བྱང་དུ་སྣ་ཚོགས་མཁའ་འགྲོ་མ་ལྗང་ཁུ་།ལྗང་ཁུ་དང་དམར་པོ་དང་སེར་པོ་དང་སྔོན་པོའི་ཞལ་།རལ་གྲི་དང་ཌ་མ་རུ་དང་ཞགས་པ་དང་ཐོད་པ་འཛིན་པའོ། །ཐམས ་ཅད་ཀྱང་སྣ་ཚོགས་པའི་རྒྱན་དང་ཕྱག་རྒྱ་ལྔ་དང་ལྡན་པ། ཟླ་བའི་གདན་དང་རྒྱབ་ཡོལ་ཅན་ཏེ། འདི་རྣམས་ཀྱི་ཁྱད་པར་གཞན་རྣམས་ནི་གཙོ་བོ་ལྟ་བུའོ། །བཅོམ་ལྡན་འདས་ཀྱི་རིགས་ཀྱི་བདག་པོ་མི་བསྐྱོད་པའོ། །སངས་རྒྱས་མཁའ་འགྲོ་མ ་ལ་སོགས་པ་རྣམས་ཀྱང་གོ་རིམས་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་སོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་ས་བོན་ཧཱུཾ་ངོ། །འོཾ་ཧཱུཾ་ཧཱུཾ་སྙིང་པོའི་སྔགས ་སོ། །སངས་རྒྱས་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་ཡང། ཨའོཾ་ཨའོཾ་ཧཱུཾ་།འོཾ་ཧཱུཾ་ཧཱུཾ་།འོཾ་སྭཱ་ཧཱུཾ། ཨའོཾ་ཨ:ཧཱུཾ་།འོཾ་ཧ་ཧཱུཾ། ཞེས་བྱ་སྟེ་སྣ་ཚོགས་མཁའ་འགྲོ་མའི་སྔགས་ནི་ལས་ཐམས་ཅད་པའི་སྔགས་སོ།། །བཅོམ་ལྡན ་འདས་སངས་རྒྱས་ཐོད་པ་ལྷ་དགུའི་དལ་ལ་ནི། རྡོ་རྗེ་གུར་གྱི་ནད་གི་ཆོས་འབྱུང་ལ་གནས་པའི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨའོ། །དེའི་ཟེའུ་འབྲུ་ལ་རོ་དང་ཉི་མའི་གདན་ལ་ཤེས་རབ་མ་དང་བྲལ་བའོ། །བཅོམ་ལྡན་འདས་སྐུ ་མདོག་ལ་སོགས་པ་ཕྱིས་འཆད་པའི་འཁོར་ལོ་གསུམ་ལ་གནས་པའི་བཅོམ་ལྡན་འདས་སངས་རྒྱས་ཐོད་པ་བཞིན་ནོ། །ཤར་དང་བྱང་དང་ནུབ་དང་ལྷོའི་འདབ་མ་ལ་ཡང་རིམ་པ་ཇི་ལྟ་བས་།སྣ་ཚོགས་བདེ་མ་དང། འདོད་མ་དང། ས་འོག ་གནས་མ་དང། ལེགས་བཟང་པོ་རྣམས་ནི་སྐུ་མདོག་སྔོན་མོ། གཡོན་བསྐུམ་པ་གཡས་བསྐྱང་བ། སྟག་གི་ལྤགས་པ་བསྣམས་པ་།ཕྱག་གཡས་གཉིས་ཀྱིས་དྲིལ་བུ་དང་ཐོད་པའོ། །གཡོན་གཉིས་ཀྱིས་ཁ་ཊཝཾ་ག་དང་ཌ་མ་རུ་འཛིན་པའོ། ། ་དབང་ལྡན་དང་མེ་དང་བདེན་བྲལ་དང་རླུང་གི་མཚམས་ཀྱི་འདབ་མ་ལ། ཆང་འཚོད་མ་དང། འབྱུང་མོ་དང། ཕྱག་བཞི་མ་དང། ནམ་མཁའ་མ་རྣམས་ནི་སེར་མོ་ན་བཟའ་?་སེར་མོ་བསྣམས་པ། འོད་ཟེར་སེར་པོའི་འཕྲོ་བ། ཞབས་གཉིས་གཡས ་བསྐྱང་གཡོན་བསྐུམས་པ་ཀླུ་བརྒྱད་ཀྱིས་བརྒྱན་པ། ཕྱག་གཡས་པ་གཉིས་ཀྱིས་རྡོ་རྗེ་དང་ཌ་མ་རུ་།གཡོན་པ་གཉིས་ན་ཁ་ཊཝཾ་ག་དང་པདྨའི་སྣོད་འཛིན་པའོ། །བརྒྱད་པོ་འདི་དག་ཐམས་ཅད་ཉི་མའི་དལ་ལ་གར་གྱི་ཚུལ་གྱིས་གནས་པ། དབུ་སྐྲ་དམར ་པོ་གྱེན་དུ་བརྫེས་པ། ཐོད་པ་ལྔའི་ཕྲེང་བ་ཅན། ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ། མི་མགོ་རློན་པ་ལྔ་བཅུས་མགུལ་དུ་འཕྱང་བ། མཆེ་བ་ཅུང་ཟད་བརྩིགས་པ། ཞལ་གཅིག་པ་ཕྱག་བཞི་པ། སྤྱན་གསུམ་པའོ། །བཅོམ་ལྡན་འདས་ལ་མི་བསྐྱོད ་པ་ལ་སོགས་པ་རིགས་ལྔས་རྒྱས་བཏབ་པའོ། །རི་མོ་བདེ་བ་ལ་སོགས་པ་རྣམས་ཀྱི་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཛའ་ཡས་སོ། །ཆང་འཚོང་མ་ལ་སོགས་པ་རྣམས་ཀྱི་ཡང་དེ་དག་རྣམས་སོ། །ཡང་ན་བཅོམ ་ལྡན་འདས་འདི་དང་ཕྱོགས་ཀྱི་ལྷ་མོ་རྣམས་ཀྱང་སྐུ་མདོག་དཀར་མོ། །མཚམས་ཀྱི་ལྷ་མོ་རྣམས་དམར་མོ། འདི་ནི་ཡུམ་དང་བྲལ་བའམ་ཡུམ་དང་བཅས་པའོ།། །།རྡོ་རྗེ་ཧཱུཾ་མཛད་ཀྱི་དལ་དུ། རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་གི་དབུས་སུ་གཞལ ་ཡས་ཁང་དོ། །དེའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་འཇིགས་བྱེད་དང་དུས་མཚན་མ་ལ་གཡོན་བསྐུམ་པ་དང་གཡས་བསྐྱང་བས་མནན་པའི་བཅོམ་ལྡན་འདས་ལོ་ཀ་གསུམ་ཨ་བི་ད་ནའི?་རྒྱུད་ཀྱི་ལས་རྣམ་པར་རྒྱལ་པའི་ཁྲོ་བོ་ནི། འཇིག་པའི ་དུས་ཀྱི་མེ་ལྟ་བུ་འོད་ཟེར་འབར་ཞིང་འགྲོ་བ་མ་ལུས་པའི་བགེགས་ཀྱི་ཚོགས་ཐམས་ཅད་རབ་ཏུ་གསོལ་བར་མཛད་པའི་སྐུ་མདོག་སྔོན་པོ། སྔོན་པོ་དང་སེར་པོ་དང་ལྗང་ཁུའི་མདོག་ཅན་གྱི་རྩ་བའི་ཞལ་དང་གཡས་དང་གཡོན་གྱི་ཞལ་ཁ་ཕྱེ་བ་།མཆེ་པ ་བརྩིགས་པས་རབ་ཏུ་གཏུམ་པ། ལྗགས་འདྲིལ་བས་འཇིགས་སུ་རུང་བ། ཞལ་རེ་རེའང་སྤྱན་གསུམ་པ། སྨིན་མ་གཡོ་བའི་ཁྲོ་གཉེར་དང་བཅས་པ། སྤྱན་གསུམ་པ་དམར་ཞིང་ཟླུམ་པའི་དཔྲལ་བའི་ཐོག་དུ་ཟླ་བའི་སྟེང་ན་ཐོད ་པ་ལྔའི་ཕྲེང་བ་དང། མགུལ་བར་རབ་ཏུ་འཕྱེང་པའི་མི་མགོ་ལྔ་བཅུའི་ཕྲེང་བ་དང་ལྡན་པ་ཡུམ་དང་བཅས་པ། ཀླུ་མཛའ་ཡས་སྔོན་པོས་དབུ་སྐྲ་དམར་ཞིང་འབར་བ་གྱེན་དུ་བཅིངས་པ། ཀླུ་འཇོག་པོ་དམར་པོས་རྣ་རྒྱན་བྱས་པ། ཀླུ་པདྨ ་ཆེན་པོ་པདྨ་དཀར་པོ་ལྟ་བུས་མགུལ་རྒྱན་བྱས་པ། ཀླུ་དཀར་པོ་ལྷ་དུར་པ་ལྟ་བུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་དཀར་པོས་སྐེ་རགས་བྱས་པ། པདྨ་པདྨ་དཀར་པོ་ལྟ་བུ་མཛེས་པས་རྐང་རྡུབ་བྱས་པ། དུང་སྐྱོང་སེར་པོས་ལག་རྡུབ?་བྱས ་པ། རིགས་ལྡན་དུར་པ་ལྟ་བུ་ཁྲོ་བོས་དཔུང་རྒྱན་བྱས་པ། རྡོ་རྗེ་སེམས་དཔས་དབུ་ལ་རྒྱས་བཏབ་པ། རྡོ་རྗེ་དྲིལ་བུ་འཛིན་པའི་ཕྱག་གཉིས་ཀྱིས་ལོ་ཀ་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་དང་མཚུངས་པའི་ཡུམ་ལ་མཁྱུད་པ། གཡས་པ་གཉིས ་ཀྱིས་ལྕགས་ཀྱུ་དང་ཞགས་པ་འཛིན་པ། གཡོན་པ་གཉིས་ཀྱིས་ཐོད་པ་དང་ཁ་ཊཝཾ་ག་འཛིན་པའོ། །འདིའི་ཤར་ཕྱོགས་སུ་རྡོ་རྗེ་དབྱུག་པ་སྔོན་པོ་རྩ་བ་དང་གཡས་དང་གཡོན་གྱི་ཞལ་སྔོན་པོ་དང་སེར་པོ་དང་ལྗང་ཁུའོ། །ཕྱག་གཡས་པ་གཉིས་ཀྱིས ་རྡོ་རྗེ་ཐེ?་བ་དང་སྡིགས་འཛུབ་དང་བཅས་པའི་རྡོ་རྗེ་གྱེན་དུ་འཕྱར་བ། གཡོན་པ་གཉིས་ཀྱིས་ཐོད་པ་དང་ཁ་ཊཝཾ་ག་འཛིན་པའོ། །བྱང་དུ་མེའི་ཉི་མ་སེར་པོ་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་སེར་པོ་དང་སྔོན་པོ་དང་ལྗང་ཁུའོ། །ཕྱག་དང་པོས་རྡོ་རྗེ་དང ་དབྱིག་པ་འཛིན་པ། རྡོ་རྗེ་ལ་སོགས་པའི་ཕྱག་མཚན་རྣམས་རྡོ་རྗེ་དབྱུག་པ་ལྟ་བུའོ། །འདིའི་འོག་ནས་འཆད་པ་རྣམས་ཀྱང་དེ་ལྟར་ཤེས་པར་བྱའོ། །ནུབ་དུ་རྡོ་རྗེ་ཙུག་ཏོར་དམར་པོ་ཞལ་གསུམ་པ་དམར་པོ་དང་དཀར་པོ་དང་ལྗང་ཁུའོ། །ཕྱག་ན ་པདྨ་དམར་པོའོ། །ལྷོར་རྡོ་རྗེ་བདུད་རྩི་འཁྱིལ་པ་ལྗང་ཁུ། ལྗང་ཁུ་དང་སེར་པོ་དང་དཀར་པོའི་ཞལ་ལོ། །སྣ་ཚོགས་རྡོ་རྗེས་མཚོན་པར་བྱས་པའི་ཕྱག་གོ་།མེའི་མཚམས་སུ་རྡོ་རྗེ་གནོད་སྦྱིན་དུ་བའི་མདོག་།དུ་བའི་མདོག་དང་སེར་པོ་དང་ལྗང ་ཁུའི་ཞལ་ལྕགས་ཀྱུ་འཛིན་པའོ། །སྲིན་པོའི་མཚམས་སུ་རྡོ་རྗེ་ནག་པོ་དམར་པོ་དམར་པོ་དང་སེར་པོ་དང་ལྗང་ཁུའི་ཞལ་ཅན་དགྲ་སྟ་འཛིན་པའོ། །རླུང་གི་མཚམས་སུ་སྟོབས་པོ་ཆེ་སྔོན་པོ། སྔོན་པོ་དང་སེར་པོ་དང་ལྗང་ཁུའི་ཞལ་ཅན་ཏྲེ་ཤུ?་ལ ་འཛིན་པའོ། །དབང་ལྡན་གྱི་མཚམས་སུ་རྡོ་རྗེ་འཇིགས་སུ་རུང་བ་ནག་པོ། །ནག་པོ་དང་སེར་པོ་དང་ལྗང་ཁུའི་ཞལ་ཅན་རལ་གྲི་འཛིན་པའོ། །རྡོ་རྗེ་དབྱུག་པ་ལ་སོགས་པ་འདི་བརྒྱད་ནི་རིམ་པ་ཇི་ལྟ་བས། གཤིན་རྗེ་མཐར་བྱེད་དང། ཤེས ་རབ་མཐར་བྱེད་དང། པདྨ་མཐར་བྱེད་དང། བགེགས་མཐར་བྱེད་དང། འདོད་པའི་རྒྱལ་པོ་དང། དབྱུག་བ་སྔོན་པོ་དང། སྟོབས་པོ་ཆེ་དང། མི་གཡོ་བ་རྣམས་ནི་མིང་གི་རྣམ་གྲངས་ཅན་ནོ། །སྟེང་དུ་ཙུག་ཏོར་འཁོར་ལོ་བསྒྱུར་པ ་དཀར་པོ། དཀར་པོ་དང་སྔོན་པོ་དང་ལྗང་ཁུའི་ཞལ་འཁོར་ལོ་འཛིན་པའོ། །འོག་ཏུ་རྡོ་རྗེ་ས་འོག་གནོད་མཛེས་ཀྱི་མིང་གི་རྣམ་གྲངས་སྔོན་པོ། སྔོན་པོ་དང་སེར་པོ་དང་ལྗང་ཁུའི་ཞལ། གཏུན་ཤིང་འཛིན་པའོ། །འདིའི་ཕྱག་གཡོན་དུ་ཀླུའི ་ཞགས་པ་སྡིགས་འཛུབ་དང་བཅས་པའི་ཁ་ཊཝཾ་ཁའོ། །རྡོ་རྗེ་དབྱུག་པ་ལ་སོགས་པ་ཁྲོ་བོ་འདི་དག་རྣམས་ནི་དང་པོའི་ཕྱག་མཚན་དང་ཐོད་པས་མཚན་པའི་ཕྱག་གཉིས་ཀྱིས་རང་དང་མཚུངས་པའི་ཡུམ་ལ་རྣམ་པར་སྦྱོར་བ་།དབུ་སྐྲ ་འབར་ཞིང་གྱེན་དུ་བརྫེས་པ། རང་རང་གི་རིགས་ཀྱི་བདག་པོས་མཛེས་པར་བརྒྱན་པ། སྨིན་མ་གཡོ་བ་དང་ཁྲོ་གཉེར་དང་བཅས་པའི་བརྩིགས་པའི་ཞལ་རེ་རེ་ལ་སྤྱན་དམར་ལ་ཟླུམ་པ་གསུམ་གསུམ་མོ། །མི་མགོའི་ཕྲེང་བ་དང། ཕྱག་རྒྱ་ལྔ་ལ ་སོགས་པ་དང། ཀླུའི་རྒྱལ་པོ་རྣམ་པ་བརྒྱད་ཀྱིས་བརྒྱན་པ། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གནས་པའི་ཕྱོགས་སྐྱོང་བརྒྱད་དང། སྟེང་དུ་ཚངས་པ་དང་འོག་དུ་ཐག་ཟངས་རིས་རྣམས་གཡས་བསྐྱང་ཞིང་གཡོན་བསྐུ ་པས་མནན་ནས་བཞུགས་པ། རང་གི་རིགས་བདག་གིས་དབུ་བརྒྱན་པ། འཇམ་པའི་རྡོ་རྗེ་ཇི་ལྟ་བ་བཞིན་དུ་འཁོར་ལོའི་རྩིབས་བཅུ་ལ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཐུགས་ཀྱི་ས་བོན་ནི་ཧཱུཾ་ངོ། །འོཾ་བཛྲ་དཏྲག?་བཛྲ་ཧཱུཾ་ཕཊ་ཅེས ་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྙིང་པོའི་སྔགས་སོ། །ལས་ཐམས་ཅད་པའི་སྔགས་ནི་ཨའོཾ་བཛྲ་ཀུན་ཌ་ལི་བཛྲ་ཧཱུཾ་ཕཊ་ཅེས་བྱའོ། །ཡང་ན་ཤར་ལ་སོགས་པའི་ཕྱོགས་དང་མཚམས་དང་སྟེང་དང་འོག་དུ་སྣ་ཚོགས་རྡོ་རྗེ་དང་ཉི་མའི་གདན་རྣམས་ལ ་གཤིན་རྗེ་གཤེད་ལ་སོགས་པ་གཡས་སྐོར་གྱི་ཁྲོ་བོ་བཅུའོ། །འདི་དག་ཐམས་ཅད་ཀྱི་གནས་དང་སྐུ་མདོག་ལ་སོགས་པ་མདོར་བྱས་ཀྱི་གཞུད་དུ་གསུངས་པའི་རིམ་པ་ལྟར་རམ། །ཡང་ན་འཇམ་པའི་རྡོ་རྗེའི་བསྲུང་བའི་འཁོར་ལོ་རྩིབས་བཅུ ་པ་བཞིན་ནོ། །ཡང་ན་ཀུན་ཏུ་ཁ་སྦྱོར་གྱི་རྡོ་རྗེ་སེམས་དཔའ་ཨི་དལ་དུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །འདིར་བཤད་པའི་ཕྱོགས་གསུམ་ལ་བགེགས་མཐར་བྱེད་ཀྱི་སྔགས། ཨའོཾ་ཨ:བིགྷྣཱན་ཏ་ཀྲིད་ཧཱུཾ་ཞེས་བྱ་སྟེ་ལས་ཐམས་ཅད་པའི་སྔགས ་སོ།། །།དཔལ་འཁོར་ལོ་བདེ་མཆོག་གི་དལ་ལ། རྡོ་རྗེ་གུར་གྱི་ནང་དུ་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་གི་དབུས་སུ། བཅོམ་ལྡན་འདས་སྣ་ཚོགས་པདྨའི་ལྟེ་བར ་གནས་པའི་ཉི་མའི་སྟེང་དུ་འཇིགས་བྱེད་དང་དུས་མཚན་མོ་གཡོན་བསྐུམ་པ་དད་གཡས་བསྐྱང་བའི་ཞབས་གཉིས་ཀྱིས་གནན་པ། སྐུ་མདོག་ནག་པོ། ནག་པོ་དང་ལྗང་ཁུ་དང་དམར་པོ་དང་སེར་པོ་ལ་སོགས་པ་ཤར་དང་བྱང་ལ་སོགས་པའི ་ཞལ་བཞིའོ། །ཞལ་རེ་རེའང་སྤྱན་གསུམ་པ། སྟག་གི་ལྤགས་པ་གྱོན་པ། ཕྱག་བཅུ་གཉིས་པ། རྡོ་རྗེ་དང་དྲིལ་བུ་དང་བཅས་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་ཕག་མོ་ལ་མཁྱུད་པ། ཕྱག་གཉིས་གྱིས་རྒྱབ་དུ་ཁྲག་དང་བཅས་པའི་གླང་པོ་ཆེ་དཀར་པོའི ་ལྤགས་པ་བརྒྱངས་ནས་འཛིན་པའོ། དེ་མ་ཡིན་པའི་གཡས་པའི་ཕྱག་རྣམས་ཀྱིས་ཌ་མ་རུ་དང་དགྲ་སྟ་དང་གྲི་གུག་དང་རྩེ་གསུམ་འཛིན་པ། གཡོན་པ་རྣམས་ཀྱིས་རྡོ་རྗེས་མཚན་པའི་ཁ་ཊཝཾ་ག་དང་ཁྲག་གིས་བསྐང་བའི་ཐོད་པ་དང་རྡོ་རྗེ་ཞགས ་པ་དང་ཚངས་པའི་མགོ་བོ་རྣམས་སོ། །འགུལ་ལ་འཕྱད་པའི་མི་མགོ་རློན་པ་ལྔ་བཅུའི་ཕྲེང་བ་དང་ལྡན་པ། ཕྱག་རྒྱ་དྲུག་དང་ལྡན་པ། མིའི་རྒྱུས་པས་མཆོད་ཕྱིར་ཐགས་པ། དཔྲལ་བའི་སྟེང་དུ་ཐད་པ་ལྔ་དང་ནོར་བུ་དང་གཡོན་ངོས་སུ་གནས་པའི ་ཟླ་བ་ཕྱེད་པ་དང། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་ཐོར་ཚུགས་ནག་པོ་དང་ལྡན་པ། མི་སྡུག་པའི་ཞལ་གདངས་པ་དང་མཆེ་བ་བརྩིཌ་པ་དྲག་པོའོ། །བླ་མ?་ཨ་བྱའི་གདམས་པའོ?། །གར་གྱི་ཉམS་དགུའི་ཚོགས་དང་ལྡན་པའོ། །རྡོ་རྗེ་ཕག་མོ་ནི་ཞལ་གཅིག ་ཕྱག་གཉིས་པ་སྤྱན་གསུམ་པ། སྐུ་མདོག་དམར་བ། སྐྲའི་ཚོགས་གྲོལ་བའི་གཙེར་པུ་ཐོད་པ་དུམ་བུའི་སྐེ་རགས་བཅིངས་པས་ཚང་ར་བརྒྱན་པ། མཁྱུད་པར་བྱེད་པའི་ཕྱག་གིས་འཇག་པར་བྱེད་པའི་ཁྲག་གི་རྒྱུན་གཙོ་བོ་ལ་སྟོབ་པ། ་སྡིགས་འཛུབ་དང་བཅས་པའི་རྡོ་རྗེ་སྟེང་དུ་ཕྱར་བས་གདུག་པ་ཅན་རྣམས་སྡིགས་པར་བྱེད་པ། ཆགས་པ་དང་བྲལ་བའི་བརྡར་མི་མགོ་སྐམ་པོའི་ཕྲེང་བས་བརྒྱན་པ། ཉི་མའི་འོད་ཀྱི་རྒྱབ་ཡོལ་ཅན། ཅུང་ཟད་བཞད་པ། ཕྱག་རྒྱ་ལྔ་དང་ལྡན་པ ་ཟླ་མཚན་འབབ་པ་དང། བ་སྤུ་གྱེན་དུ་ལངས་པའོ། །དེ་ནས་ཤར་ལ་སོགས་པའི་ཕྱོགས་རྣམས་ལ་གཡོན་སྐོར་གྱིས་དང། མེ་ལ་སོགས་པའི་མཚམས་རྣམས་ལ་གཡས་སྐོར་གྱིས་འཁོར་ལོ་ལ་སོགས་པ་བསྐྱེད་པ་ནི། དེ་ལ་ཕྱོགས་ཀྱི ་འདབ་མ་ལ་མཁའ་འགྲོ་མ་དང། ལ་མ་དང་།ཁཎ་ཌ་རོ་ཧ་དང། རུ་པི་ནི་རྣམས་ནི་ནག་མོ་དང། ལྗང་ཁུ་དང། དམར་པོ་དང། སེར་མོ་རྣམས་སོ། །ཞལ་གཅིག་པ་སྤྱན་གསུམ་པ་དབུ་སྐྲ་གྲོལ་བ། ཕྱག་བཞི་པའི་གཡོན ་པ་གཉིས་ཀྱིས་ཁ་ཊཝཾ་ག་དང་ཐོད་པ་བསྣམས་པ། གཡས་པ་རྣམས་ཀྱིས་ཌ་མ་རུ་དང་གྲི་གུག་འཛིན་པ། ཞབས་གཡོན་བསྐུམ་པ། གཡས་བསྐྱང་བ། མཚམས་ཀྱི་འདབ་མར་བྱང་ཆུབ་སེམས་དང་ཁྲག་དང་བདུད་རྩི་ལྔ་དང། མར་མེ ་ལྔས་དངུལ་ཆུ་གྲུབ་པ་ལྟར་བདུད་རྩིར་གྱུར་པས་གང་པའི་པདྨའི་སྣོད་རྣམས་སོ། །ཡང་ན་བཞི་པོ་ཡང་བདུད་རྩི་ལྔས་གང་བའོ། །དེ་ནས་ཐུགས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་སུ་ཐོད་པའི་དུམ་བུ་དང་རབ་གཏུམ་མའོ། །བྱང་དུ་ཀེང་རུས ་ཆེན་པོ་དང། གཏུམ་པའི་མིག་ཅན་མའོ། །ནུབ་དུ་ཀེང་རུས་དང་འོད་ལྡན་མའོ། །ལྷོ་རུ་མཆེ་བ་རྣམ་པར་བརྩིགས་པ་དང་སྣ་ཆེན་མའོ། །མེའི་མཚམས་སུ་ཆང་སྒྲ་དང། དཔའ་བའ་ཨི་བློ་གྲོས་མའོ། །སྲིན་པོའི་མཚམས་སུ་འོད་དཔག་མེད་དང། ་མིའུ་ཐུང་མའོ། །རླུང་གི་མཚམས་སུ་རྡོ་རྗེའི་འོད་དང། ལང་ཀའི་དབང་ཕྱུག་མའོ། །དབང་ལྡན་དུ་རྡོ་རྗེའི་ལུས་དང། ཤིང་གྲིབ་མའོ། །རིམ་པ་དེ་བཞིན་དུ་གསུང་གི་འཁོར་ལོ་ལ། མྱུ་གུ་ཅན་དང། ས་སྲུངས་མའོ། །རྡོ་རྗེ་རལ་པ་ཅན་དང ་འཇིགས་བྱེད་ཆེན་མོའོ། །དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ། །རྡོ་རྗེ་ཧཱུཾ་མཛད་དང། ཆད་འཐུང་མའོ། །རྡོ་རྗེ་བཟང་པོ་དང་ལྗང་ལྷ་མོའོ། །རྡོ་རྗེ་འོད་དང་ཤིན་དུ་བཟང་མོའོ། །འཇིགས་བྱེད་ཆེན་པོ་དང། རྟ་རྣ་མའོ། །མིག་མི ་བཟང་དང། མཁའ་འགྲོའི་གདོང་མའོ། །དེ་བཞིན་དུ་སྐུའི་འཁོར་ལོ་ལ། སྟོབས་པ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། རྡོ་རྗེ་རིན་ཆེན་དང་།དུམ་སྐྱེས་མ། རྟ་མགྲིན་དང་།ཆང་འཚོད་མ། ནམ་མཁའ་ཨི་སྙིང་པོ་དང་འཁོར་ལོའི་གོ་ཆམ། ་དཔལ་ཧེ་རུ་ཀ་དང། ཤིན་ཏུ་བཟང་མོ། །པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མོ། རྣམ་པར་སྣང་མཛད་དང། འཁོར་ལོ་བསྒྱུར་མ། རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོའོ། །ཀེང་རུས་ཐོད་པ་ལ་སོགས་པའི་དཔའ་བོ ་རྣམས་ནི་ཞལ་གཅིག་པ་སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཅན་དཔྲལ་བར་གནས་པའི་རྡོ་རྗེ་ཕྲེང་བས་མཚན་པའོ། །དང་པོ་ནི་ཐོད་པ་ཅན་ཕྱག་བཞི་པ། མཁྱུད་པར་བྱེད་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ། གཡོན་ངོས་སུ ་ཁ་ཊཝཾ་ག་དང་ཆངས་པའི་སྐུད་པ་དང་དཔུང་རྒྱན་དང་ལྡན་པ། མཆེ་བ་བརྩིགས་པའི་ཞལ་།ཕྱག་རྒྱ་ལྔ་དང་ལྡན་པ། གཡོན་བསྐུམ་ཞིང་གཡས་བསྐྱད་བས་གནས་པའོ། །རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་རྣམས་ནི་ཞལ་གཅིག་པ་སྤྱན་གསུམ ་པ། འཇིགས་སུ་རུང་བའི་གཟུགས་ཅན་མ། དབུ་སྐྲ་གྲོལ་པ། གཅེར་བུ། ཕྱག་གཉིས་པ། མཁྱུད་པར་བྱེད་པའི་ཕྱག་གིས་ཐོད་པ་འཛིན་པ། གཡས་གདུག་པ་ཅན་སྡིགས་པར་བྱེད་པའི་གྲི་གུག་འཛིན་པ། གཡོན་བསྐུམ་ཞིང་གཡས་བརྐྱང ་བས་གནས་པའོ། །སྒོ་རྣམས་ལ་བྱ་རོག་གདོང་མ་དང་།འོག་གདོང་མ་དང། ཁྱི་གདོང་མ་དང། ཕག་གདོང་མ་རྣམས་ནི་མཁའ་འགྲོ་མ་ལ་སོགས་པ་བཞིའོ། །ཁྱད་པར་དུ་འདི་རྣམས་ཀྱི་ཞལ་ནི་མིང་གི་རྗེས་སུ་འབྲང་བའོ། །ཟུར་རྣམས་སུ་གཤིན ་རྗེ་སྲེག་མ་དང། གཤིན་རྗེ་ཕོ་ཉ་མོ་དང་།གཤིན་རྗེ་མཆེ་བ་མ་དང། གཤིན་རྗེ་འཇོམས་མ་རྣམས་ནི་མིའི་ཞལ་ལོ། །གཡས་དང་གཡོན་གྱི་ཕྱོགས་ནི་ལྷ་མོ་གཉིས་ནི་གཡས་དང་གཡོན་གྱི་སྐུ་ཕྱེད་ཕྱེད་དང་ལྡན་པ་འདི་བརྒྱད་ཀྱང་གོས་དང ་ལྡན་པའོ། །མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་མི་མགོའི་ཕྲེང་བས་བརྒྱན་པ། རྡོ་རྗེའི་ཕྲེང་བས་དཔྲལ་བར་བརྒྱན་པ། ཕྱག་རྒྱ་ལྔ་དང་ལྡན་པ་ཅན། སྒྲ་སྒྲོགས་པའི་གཡེར་ཁ་ལ་སོགས་པས་མཚན་པའི་སྐེ་རགས་ཀྱིས་བརྒྱན་པའོ། ་བཅོམ་ལྡན་འདས་ཀྱི་རིགས་ཀྱི་བདག་པོ་མི་བསྐྱོད་པ་དང། རྡོ་རྗེ་ཕག་མོའི་རྣམ་པར་སྣང་མཛད་དང་།མཁའ་འགྲོ་མ་ལ་སོགས་པའི་རིན་ཆེན་འབྱུང་ལྡན། ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་ལ་མི་བསྐྱོད་པ ་དང་།སྣང་བ་མཛའ་ཡས་དང། རྣམ་པར་སྣང་མཛད་དོ། །དམ་ཚིག་གི་འཁོར་ལོ་ལ་གནས་པ་རྣམས་ཀྱི་དོན་ཡོད་གྲུབ་པའོ། །བཅོམ་ལྡན་འདས?་ཀྱིས་ཐུགས་ཀྱི་ས་བོན་ཧཱུཾ། ཨའོཾ་ཤྲཱི་བཛྲ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌ་ཀི་ནི་ཛཝ?་ལ་སཾ་བྷ་ར་སྭཱཧཱ། །སྙིང་པོའི་སྔགས ་སོ། །འོཾ་ཁདྡར?་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཞེས་བྱ་བ་ནི་ཁཾ་ཌ་རོ་ཧེ་ལས་ཐམས་ཅད་པའི་སྔགས་སོ། །ལྷ་གཞན་རྣམས་ཀྱི་སྔགས་ནི་བདག་གིས་དཔལ་བདེ་མཆོག་གི་མངོན་པར་རྟོགས་པའོ་བསྒྲུབ་ཐབས་ལས་བཤད་དོ།། །།ཡང་ན་ངལ་གྱི? ་དབང་ཕྱུག་ལ་སོགས་པ་ནས་གཤིན་རྗེ་འཛོམས་མའི་བར་དུ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པའོ། །དེ་ལ་དཔའ་བོ་ཉི་ཤུ་རྩ་ལྔ་ནི་གཡས་གཡོན་གྱི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་མཁྱུང་པའོ། །མཁའ་འགྲོ ་མ་ལ་སོགས་པ་རྣམ་པ་བཞི་དང་ཁྭ་གདོང་མ་ལ་སོགས་པ་རྣམས་ནི་གཡོན་པས་ཐོད་པ་དང་མཚན་ཁུང་ན་ཆགས་པའི་ཁ་ཊཝཾ་ག་འཛིན་པ་གཡས་པས་ཌ་མ་རུ་འཛིན་པ། གཞན་ཐམས་ཅད་ནི་གོང་བཞིན་ནོ།། །།ཡང་ན ་འདིར་འཁོར་ལོའི་དབང་ཕྱུག་ལ་སོགས་པ་ཕྱག་གཉིས་པའི་ཕྱོགས་ལ། དཔལ་བདེ་མཆོག་དང་རྡོ་རྗེ་ཕག་མོ་གཉིས་ནི་གསེར་གྱི་མདོག་ལྟ་བཱུམ། ཡང་ན་སྔོན་པོ་སྟེ། བཅོམ་ལྡན་འདས་ནི་ཕྱག་གཡས་པ་རྡོ་རྗེ་གྱེན་དུ་འཕྱར་ཁྱད་པར ་བ། གཡོན་པས་ཐོད་པ་དང་ཁ་ཊཝཾ་ག་འཛིན་པའམ། །ཡང་ན་རྡོ་རྗེ་དང་དྲིལ་བུའི་ཕྱག་གཉིས་ཀྱིས་མཁྱུད་པར་བྱེད་པའི་ཚུལ་གྱིས་ངལ?་ཐམས་ཅད་སེར་པོ་གནས་པའི་?་གྱི་ལྷ་ཐམས་ཅད། མཁའ་འགྲོ་མ་ལ་སོགས་པ་བཞི་ནི་གསེར?་?་གསེར་པོ ་གཡས་པས་ཌ་མ་རུ་འཛིན་པ། ཐུགས་ཀྱི་འཁོར་ལོའི་དཔའ་བོ་རྣམས་ནི་ནག་པོ། རྡོ་རྗེ་དང་དྲིལ་བུ་འཛིན་པ། དཔའ་མོ་རྣམས་ནི་དཀར་མོ། ཕྱག་གཡས་ན་རྡོ་རྗེ་དང་བཅས་པའི་སྡིགས་འཛུབ་འཛིན་པའོ། །གསུང་གི་འཁོར་ལོའི་དཔའ་བོ ་རྣམས་ནི་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། མཁའ་འགྲོ་མ་རྣམS་ནི་ནག་མོ?་ཕྱག་གཡས་པདྨ་དང་བཅས་པའི་སྡིགས་མཛུབ་མཛད་པའོ། །སྐུའི་འཁོར་ལོའི་དཔའ་བོ་རྣམས་ནི་དཀར་པོ། འཁོར་ལོ་དང། རྡོ་རྗེ་དྲིལ་བུ་འཛིན་པའོ། །ལྷ་མོ་རྣམས་ནི་དམར ་མོ་གཡས་པས་སྡིགས་འཛུབ་དང་བཅས་པས་འཁོར་ལོ་འཛིན་པའོ། །དཔའ་བོ་ཐམས་ཅད་ནི་ཆགས་པའི་ཚུལ་གྱིས་ཡུམ་ལ་མཁྱུད་པས་གཡོན་བསྐུམ་གཡས་བསྐྱང་བས་གནས་པ། དཔའ་མོ་རྣམས་ནི་དེའི་པདྨ་གཉིས་ལ་དཀྲིས་པའི་ཚུལ ་ཁྭ་གདོང་མ་ལ་སོགས་པ་རྣམས་ནི་གཡས་པས་སྡིགས་འཛུབ་དང་བཅས་པའི་གྲི་གུག་འཛིན་པའོ། །ལྷ་མོ་ཐམས་ཅད་གཡོན་པས་ཐོད་པ་འཛིན་པ། གཤིན་རྗེ་སྲེག་མ་ལ་སོགས་པ་ནི་གཡས་པ་ཌ་མ་རུ། གཡོན་པ་སྡིགས་མཛུབ་དང་བཅས་པའི་མི ་མགོ་བརློན་བ་འཛིན་པའོ། །མཁའ་འགྲོ་མ་ལ་སོཌ་པ་རྣམS་དང་ཁྭ་གདོང་མ་ལ་སོཌ་པ་རྣམS་ཀྱིས་གཡོན་པའི་མཆན་ཁུང་ན་ཁ་ཊཝཾ་ག་འཛིན་པའོ། །བཅུ་གཉིས་པོ་འདི་རྣམས་ནི་སྐྱིལ་ཀྲུང་ཕྱེད་པའི་གར་གྱི་ཚུལ་གྱིས་གནས་པ། གཞན་གྱི་ཁྱད་པར་ནི་གོང་བཞིན་ནོ ་བདེ་མཆོག་གི་དལ་རྣམ་པ་གསུམ་མོ།། །།གང་གི་ཚེ་དཔའ་བོ་ཉི་ཉི་ཤུ་རྩ་ལྔ་མི་བསྒོམ་ན་དེའི་ཚེ་རྡོ་རྗེ་ཕག་མོའི་དལ་དུ་འགྱུར་རོ། །དེའི་ཚེ་རྡོ་རྗེ་ཕག་མོའི་དལ་གསུམ་ནི། རྡོ་རྗེ་ཕག་མོའི་ས་བོན་བཾ་ངོ?། །ོཾ་བཛྲ་པE?་རོ་ཙ་ན་ཡེ་ཧཱུཾ་ཧཱུཾ་ཕཊ ་ཞེས་བྱ་བ་ནི་སྙིང་པོའོ། །དེ་རྣམས་ནི་ཕྱག་གཉིས་པའི་བདེ་མཆོག་གི་ལྷའོ། །ཕྱག་གཡས་ན་གནས་པ་རྣམས་ཀྱི་མཚན་མ་ནི་བྲི་བའི་དལ་ལས་ཤེས་པར་བྱའོ། །མངོན་པར་རྟོགས་པའི་སྙེམ་པས་ཤེས་པར་བྱའ?། །བཅོམ་ལྡན་འདས་སངས་རྒྱས་ཐོད་པའི་དལ་ལྷ ་ཉི་ཤུ་རྩ་ལྔ་པའི་བདག་ཉིད་ཅན་ལ་རྡོ་རྗེ་གུར་དང་ཆོས་འབྱུང་གི་ནང་དུ་གནས་པའི་ཕོ་བྲང་གི་དབུས་སུ་འཁོར་ལོ་ནག་པོ་རྩིབས་བརྒྱད་པ་དང་སྣ་ཚོགས་པདྨ་འདབ་མ་བརྒྱད་ཀྱི་ཟེའུ་འབྲུ་ལ་སྟེང་དུ་རོ་གན་རྐྱལ་གྱི་སྙིང་ཁར་ཉི ་མའི་དལ་ལ་བཅོམ་ལྡན་འདས་ཧེ་རུ་ཀ་སྐུ་མདོག་ནག་པོ་སྐྱིལ་ཀྲུང་ཕྱེད་པའི་གར་གྱི་ཉམས་དགུ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་དམར་བ། གཡས་ཀྱི་ཕྱག་གཉིས་ན་གྲི་གུག་དང་ཌ་མ་རུ་།གཡོན་གྱི་ཕྱག་གཉིས ་ན་ཐོད་པ་དང་ཁ་ཊཝཾ་ག་འཛིན་པའོ། །ཕྱག་རྒྱ་དྲུག་དང་ལྡན་པ། མི་མགོ་ལྔ་བཅུའི་ཕྲེང་བའི་ཚོགས་འཀུལ་ལ་འཕྱང་བ། སྟག་གི་ལྤགས་པ་གྲོལ་བས་སྐུ་སྨད་ལ་བརྒྱན་པའོ། །སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་བས་མཚན་པའི་རལ་པའི་ཐོར་ཚུགས ་ནག་པོ་དང། དཔྲལ་བའི་སྟེང་དུ་ཐོད་པ་ལྔས་བརྒྱན་པ། སངས་རྒྱས་ལྔའི་དབུ་རྒྱན་ཅན་།གཙོ་བོ་འདིའི་ཡུམ་ཡིད་འོང་མ་རི་མོ་བདེ་མ་མི་མགོའི་ཕྲེང་བ་ཅན། དབུ་སྐྲ་གྲོལ་ཞིང་གྱེན་དུ་འབར་བ། ཐོད་པ་ལྔས་དབུ་ལ་བརྒྱན་པ། ་མཆེ་བ་ཅུང་ཟད་བརྩིགས་པ། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་པ། ཕྱག་གཡས་པ་ཡབ་ཀྱི་མགྲིན་པ་ལ་གྲི་གུག་དང་བཅས་པའི་ཆགས་པའི་ཕྱག་གིས་འཁྱུད་པ་།གཡོན་གྱིས་ཐོད་པ་ཁྲག་གི་རྒྱུན ་འཛག་པ་ཡབ་ལ་སྟོབ་པ། ཤར་གྱི་རྩིབས་ལ་སྟེང་གི་འདབ་མ་ལ་ལེགས་བའི་ཕྲེང་བ་ཅན་མའོ། །བྱང་དུ་ཐོད་པ་ཅན་མའོ། །ནུབ་དུ་སྡིགས་མའོ། །ལྷོ་རུ་གཞན་གྱིས་མི་ཐུབ་མའོ། །དེ་ནས་དབང་ལྡན་ལ་སོགས་པའི་འདབ་མ་རྣམས་ལ་གཡས ་སྐོར་གྱིས་བྱང་སེམས་དཀར་པོ་དང་དམར་པོ་དང་བདུད་རྩི་ལྔ་དང་མར་མེ་ལྔས་གང་བའི་ཐོད་པ་རྣམས་སོ། །རིམ་པ་དང་པོ་ནི་རྡོ་རྗེ་སྔོན་པོའི་ཕྲེང་བས་བསྐོར་བའོ། །དེ་ནས་རིམ་པ་གཉིས་པ་ལ་འཁོར་ལོ་རྩིབས་བརྒྱད་དམར་པོ་ལ་གནས་པའི ་པདྨ་དམར་པོ་བརྒྱད་ཀྱིས་ཕྱི་རོལ་རྡོ་རྗེ་དམར་པོའི་ཕྲེང་བས་བསྐོར་བའོ། །དེའི་ཤར་གྱི་རྩིབས་ལ་དགེ་བའི་སྐེ་རགས་མའོ། །བྱང་དུ་ནི་གཟུགས་ཅན་མའོ། །ནུབ་དུ་ནི་རྣམ་པར་རྒྱལ་མའོ། །ལྷོ་རུ་ནི་འོད་བྱེད་མའོ། །དབང་ལྡན་དུ་ནི་ནག་མོའོ།། ་མེའི་མཚམས་སུ་རྒྱ་མཚོ་ཆེན་མོའོ། །སྲིན་པོའི་མཚམས་སུ་འཕྲོག་བྱེད་མའོ། །རླུང་གི་མཚམས་སུ་གསོད་མའོ། །དེ་ནས་རིམ་པ་གསུམ་པ་ལ་ནི་འཁོར་ལོ་དཀར་པོ་རྩིབས་བརྒྱད་ལ་གནས་པའི་པདྨ་དཀར་པོའི་ཕྲེང་བས་བསྐོར་བའོ། །དེའི་ཤར ་དུ་ནི་སྒྲོལ་མའོ། །བྱང་དུ་ནི་འཇིགས་སྟོན་མའོ། །ནུབ་དུ་ནི་ལེགས་མཐོང་མའོ། །ལྷོ་རུ་ནི་མི་འཕམ་མའོ། །དབང་ལྡན་དུ་ནི་དགེ་མའོ། །མེའི་མཚམས་སུ་ཨེ་ཏར་ཀའོ། །སྲིན་པོའི་མཚམས་སུ་དུས་མཚན་མའོ། །རླུང་གི་མཚམས་སུ་གཤིན་རྗེ་ཆེན ་མོའོ། །ཤར་སྒོའི་པདྨ་ལ་ནི་མཛེས་མའོ། །བྱང་སྒོའི་པདྨ་ལ་ནི་པའི་ལྷ་མོའོ། །ནུབ་སྒོའི་པདྨ་ལ་ནི་སྐལ་བཟངས་མའོ། །ལྷོའི་སྒོའི་པདྨ་ལ་ནི་ཡིད་འོང་མའོ། །འདི་དག་ཐམས་ཅད་གཡས་དང་གཡོན་གྱི་ཕྱག་གིས་གྲི་གུག་དང་ཐོད་པ་འཛིན་པ། ་སོ་ཅུང་ཟད་ཕྱར་བ། ཞལ་གཅིག་པ། སྤྱན་གསུམ་པ་།རུས་པའི་རྒྱན་གྱིས་བརྒྱན་པའོ། །མི་མགོའི་ཕྲེང་བ་ལྗང་ཁུ་དབུ་སྐྲ་དམར་པོ་གྱེན་དུ་བྱམས་མཐོང?་མཐེད?་རྡོ་རྗེ་ཕྲེང་བ་དང་མཚན་བསྟུན་པ་གལ་ཆེ། བརྫེས་པ། བྱང་སེམས་འཛག་པ་ཉི་མའི་གདན་ལ་སྐྱིལ་ ་ཀྲུང་ཕྱེད་པའི་གར་གྱི་ཚུལ་གྱིས་གནས་པའོ། །སྒོ་སྒྱོང་མ་རྣམས་ནི་ཞབས་གཡས་བསྐུམ་གཡོན་བསྐྱང་པ་སྟེ། འདི་རྣམས་ཐམས་ཅད་ནི་སྟག་གི་ལྤགས་པ་བསྣམས་པ། སྐུ་མདོག་སྔོན་པོ། ཡང་ན་འདི་རྣམས་ལ་ཕྲེང་མ་ཅན་མ་ལ་སོགས་པ ་བཞི་ནག་མོའོ། །རིམ་པ་གཉིས་པ་ལ་གནས་པ་རྣམས་སེར་མོའོ། །རིམ་པ་གསུམ་པ་ལ་གནས་པ་རྣམས་ལྗང་ཁུའོ། །སྒོའི་ལྷ་མོ་རྣམས་ནི་ནག་མོའོ། །བཅོམ་ལྡན་འདས་ལ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བ་ལྔས་རྒྱས་བཏབ་པའོ། །རིམ་བདེ་མ ་ནི་རྣམ་པར་སྣང་མཛད་ཀྱིས་སོ། །ཕྲེང་བ་ཅན་མ་ལ་སོགས་པ་བཞི་ནི་རིན་འབྱུང་གིས་སོ། །རིམ་པ་གཉིས་པ་ལ་གནས་པ་རྣམས་ནི་སྣང་བ་མཛའ་ཡས་ཀྱིས་སོ། །རིམ་པ་གསུམ་པ་ལ་གནས་པ་རྣམས་ནི་རྣམ་པར་སྣང ་མཛད་ཀྱིས་སོ། །སྒོའི་ལྷ་མོ་རྣམས་ནི་དོན་ཡོད་གྲུབ་པའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་ས་བོན་ནི་ཧཱུཾ་ངོ། །འོཾ་བྷུད་དྷཱ་ཀ་པཱ་ལི་ནཱི་ཨ:ཧྲི:ཧེ་ཧཱུཾ་ཕཊ། སྙིང་པོའོ་།འདི་ཉིད་ཁོ་ན་དལ་འདིའི་ལས་ཐམས་ཅད་པའི་སྔགས་སོ།། །། ་དཔལ་རྣལ་འབྱོར་ནམ་མཁའ་ཨི་དལ་ལ་རྡོ་རྗེ་གུར་གྱི་ནང་དུ་མེ་དང་ཆུ་དང་སའི་དལ་གྱི་སྟེང་དུ་རྒྱ་མཚོ་ཆེན་པོ་ལ་སོགས་པས་ཡོངས་སུ་བསྐོར་བའི་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་དང་རྡོ་རྗེ་རྒྱ་ཁྲཾ་གྱི་ལྟེ་བ་ལ་གནས་པའི་གཞལ་དང་སྙིང་པོའི་སྔགས་གཅིག་པས། ་ཡས་ཁང་གི་ནང་གི་རིམ་པའི་ལྟེ་བར་།སེངྒེའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་སེམས་དཔའ་ཨི་དཀྱིལ་དཀྲུང་གིས་བཞུགས་པ། བཅོམ་ལྡན་འདས་དཔལ་རྣལ་འབྱོར་ནམ་མཁའ་ནག་པོ་རྩ་བ་དང་གཡས་གཡོན་གྱི་ཞལ་ནག་པོ་དང་དཀར་པོ་དང ་ནག་པོའོ། །ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། ཕྱག་རྒྱ་དྲུག་དང་ལྡན་པ། དཔྲལ་བར་གནས་པའི་ཐོད་པའི་ཕྲེང་བ་ལྔ་དང། ནོར་བུ་དང་ཟླ་བ་ཕྱེད་པ་དང། སྣ་ཚོགས་རྡོ་རྗེ་དང་ལྡན་པའི་རལ་པ་ནག་པོའི་ཐོར་ཅོག་ཅན། དེ་བ་ལྔ་སྤྲོ་བ ་དང་བསྡུ་བའི་ཅོད་པན་ཅན། སྐུ་སྨད་ལ་སྟག་གི་ལྤགས་པའི་གོས་གྲོལ་ཞིང་འཕྱང་བ། ཕྱག་དྲུག་པ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་ཤེས་རབ་ཀྱི་མཁའ་འགྲོ་མ་དཀར་མོའམ་ནག་མོ་ལ་མཁྱུད་པ། གཡས་པ་གཉིས་ཀྱིས ་ནུ་མ་དང་མདའ། གཡོན་པ་གཉིས་ཀྱིས་པདྨའི་སྣོད་དང་གཞུ་འཛིན་པའོ། །དེ་ནས་ཤར་གྱི་གནས་ལ་གླང་པོ་ཆེའི་རྒྱལ་པོ་ལ་རོལ་པའི་ཚུལ་གྱིས་གནས་པའི་རྡོ་མཁའ་འགྲོ་མ་དཀར་མོ། བྱང་དུ་རྨ་བྱའི་གདན་ལ་དཀྱིལ་དཀྲུང་ཕྱེད་བའི་གནས་པའི་འཇིགས ་བྱེད་མཁའ་འགྲོ་མ་སེར་མོ་སྤྲུལ་གྱིས་བརྒྱན་པ་དང། ནུབ་དུ་སྤྲུལ་གྱི་གདན་ལ་ཚོག་པུར་གནས་པའི་རོ་ལངས་མ་དམར་མོ། །ལྷོ་རུ་ལས་བྱེད་མ་ཀིང་ཀ་རའི་གདན་ལ་ད་སྐྱིལ་དཀྲུང་ཕྱེད་པས་གནས་པའི་གཏུམ་མོ་སྔོན་མོ། །དབུ་སྐྲ་དམར་པོ་བཀྲི་ཞིང ་སྤྱི་བོར་ཐལ་མོ་སྦྱར་པའོ། །འདིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སོགས་པ་ལྔ་ནི་གཡས་དང་གཡོན་གྱི་ཕྱག་གིས་ཐོད་པ་དང་ཁ་ཊཝཾ་ག་འཛིན་པའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ནི་གླང་པོ་ཆེ་ལ་སོགས་པའི་སྟེང་ན་པདྨ་དང་ཉི་མ་ལ་གནས་པའི ་གླང་པོ་ཆེའི་ལྤགས་པའི་སྨད་གཡོགས་དང་མིའི་ལྤགས་པ་སྟོད་དུ་གྱོན་པའོ། །དབང་ལྡན་དུ་སེང་གེ་ལ་རོལ་པའི་ཚུལ་དུ་གནས་པའི་སེང་གེ་མ་དཀར་སེར། ཕྱག་གཉིས་པའི་གཡས་སྟེང་དུ་ཕྱར་བས་ཁ་ཊཝཱཾ་ག་འཛིན་པ། གཡོན་པས་སྡིགས ་འཛུབ་དང་བཅས་པའི་ཐོད་པ་འཛིན་པས་བཞུགས་པའོ། །མེའི་མཚམས་སུ་གནོད་སྦྱིན་རྡོ་རྗེ་གདོང་གི་གདན་ལ་ཟླུམ་པའི་ཚུལ་གྱིས་གནས་པའི་སྟག་མོ་དཀར་མོ། །ཕྱག་གཉིས་མ། གཡས་དང་གཡོན་པ་ལྕགས་ཀྱུ་དང་ཞགས་པ་འཛིན་པའོ། །སྲིན ་པོའི་མཚམས་སུ་མ་ཧེ་ལ་དཀྱིལ་དཀྲུང་ཕྱེད་ཀྱིས་བཞུགས་པའི་སྤྱད་མོ་སྤྱད་ཁུའི་ཞལ་མ་དམར་ནག་ཕྱག་གཉིས་པ་དགྲ་སྟ་དང་ཞགས་པ་འཛིན་པའོ། །རླུང་གི་མཚམས་སུ་འུག་པའི་གདོང་ཅན་མ་དམར་སེར་ཕྱག་གཉིས་པ་དབྱུག་པ་དང་ཞགས་པ་འཛིན་པའོ ་འདི་རྣམས་ནི་རང་རང་གི་ཆིབས་ལ་པདྨ་དང་ཉི་མའི་སྟེང་ན་གནས་པའོ། །ཤར་དུ་རྡོ་རྗེ་མཁའ་འགྲོ་མའི་རྒྱབ་དུ་མཁའ་འགྲོ་མ་དཀར་མོ་ཕྱག་གཉིས་ཀྱི་རྩེ་མོ་ཁར་བཅུག་?་མ་ཙོག་པུར་གནས། པའོ། །བྱང་དུ་སྡིགས་བྱེད་མཁའ་འགྲོ་མའི་རྒྱབ་དུ ་མར་མེ་མ་སེར་མོ་སྦྱི་བོར་ཐལ་མོ་སྦྱར་བ་དང་བཅས་པའི་མར་མེ་འཛིན་པའོ། །ནུབ་དུ་རོ་ལངས་མའི་རྒྱབ་དུ་འཛིན་མ་དམར་མོ་སྙིམ་པ་ཁྲག་གིས་བསྐང་པ་ཁར་ཅུག་པའོ། །ལྷོར་གཏུམ་མོའི་རྒྱབ་དུ་ཀཾ་པོ་ཛི་ནག་མོ་ཕྱག་གཉིས་ཀྱིས་ཐུགས་ཁར ་གཏུན་ཤིང་འཕྱར་བའོ། །བཞི་པོ་འདི་དག་པདྨ་དང་ཉི་མ་དང་རོའི་གདན་ལ་གནས་པའོ། །དེ་ནས་རྡོ་རྗེ་ཕྲེང་བ་འོད་ཟེར་གྱི་ཕྲེང་བའི་ཕྱི་རོལ་གྱི་རིམ་པ་ལ་བསྐོར་བ་ལ་པདྨ་དང་ཟླ་བ་རྣམས་ལ། ཤར་ཕྱོགས་སུ་པུ་ཀ་སི་དང། ་དྲ་བི་ལི་དང། གཏུམ་མོ་རྣམས་ཕྱག་གཉིས་མ་བདུད་རྩིའི་སྣོད་འཛིན་པའོ། །བྱང་དུ་འཇིགས་བྱེད་མ་དང། ཁྲག་མདོག་མོ་དང། ས་ག་མ་རྣམས་མེ་ལྔས་གང་བའི་པདྨའི་སྣོད་འཛིན་པའོ། །ནུབ་དུ་དྲག་ཤུལ་མ་དང། འབར་བ་མ ་དང། མི་སྡུག་པའི་གཟུགས་ཅན་མ་རྣམས་གཏོར་མའི་སྣོད་འཛིན་པའོ། །ལྷོར་ཐོད་པ་མ་དང། རྡོ་རྗེ་མ་དང། བུམ་པ་མ་རྣམས་བཏུང་བའི་སྣོད་འཛིན་པའོ། །དབང་ལྡན་དུ་སྒེག་མོ་།སྒེག་པའི་ཚུལ་གྱིས་གར་བྱེད་པ་དང། དྲི་མ ་དྲིའི་སྣོད་འཛིན་པའོ། །མེའི་མཚམས་སུ་པི་ཐང་མ་པི་ཝང་བསྒྲེང?་བ་དང། མེ་ཏོག་མ་མེ་ཏོག་གི་ཕྲེང་བ་སྟེང་དུ་འཐོར་བའོ། །སྲིན་པོའི་མཚམས་སུ་གླུ་མཁའ་ཨི་ཐད་ཁར་སྡིགས་འཛུབ་གཡོ་བ་དང། བདུག་སྤོས་མ་བདུག་སྤོས་དང་བཅས་པའི་སྣོད་འཛིན ་པའོ། །རླུང་གི་མཚམས་སུ་གར་མ་དཀར་མོ་གར་གྱི་ཚུལ་གྱིས་སྟེང་དུ་ཐལ་མོ་སྦྱར་བ་དང། མར་མེ་མ་མར་མེའི་སྣོད་འཛིན་པའོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སོགས་པ་སུམ་ཅུ་རྩ་གསུམ་པོ་འདི་དག་ཐམས་ཅད་ཀྱང་ཞལ་གཅིག་པ། ་ཕྱག་གཉིས་པ། སྤྱན་གསུམ་པ། དབུ་སྐྲ་གྲོལ་བ། དབུ་ལ་མི་མགོ་ལྔའི་ཕྲེང་བ་ཅན་ནོ། །ཁྱད་པར་དུ་འཇིགས་བྱེད་ཀྱི་མཁའ་འགྲོ་མ་ནི་དབུ་སྐྲ་གྱེན་དུ་བརྫེས་པ། སེང་གེ་མོ་ལ་སོགས་པ་གོས་དམར་པོ་གྱོན་པ་།པུ་ཀ་སི་ལ་སོགས ་པ་རྣམས་ནི་དཀར་མོ་སྟེ། མེའི་མཚམས་ཀྱི་ལྷ་མོ་རྣམས་ཀྱང་དེ་བཞིན་ནོ། །འཇིགས་བྱེད་ཀྱི་མཁའ་འགྲོ་མ་ལ་སོགས་པ་ནི་སེར་མོ་སྟེ། དབང་ལྡན་གྱི་ལྷ་མོ་གཉིས་ཀྱང་དེ་བཞིན་ནོ། །དྲག་ཤུལ་མ་ལ་སོགས་པ་རྣམས་ནི་དམར་མོ་སྟེ་།རླུང་གི ་མཚམས་ཀྱི་ལྷ་མོ་རྣམས་ཀྱང་དེ་བཞིན་ནོ། །ཐོད་པ་མ་ལ་སོགས་པ་རྣམས་ནི་ནག་མོ་སྟེ། སྲིན་པོའི་མཚམས་ཀྱི་ལྷ་མོ་རྣམས་ཀྱང་དེ་བཞིན་ནོ། །དེ་ནས་རྡོ་རྗེ་ཕྲེང་བའི་ཕྱིའི་རིམ་པའི་སྒོ་རྣམས་དང་སྣམ་བུའི་མཚམས་ལ་མཚོ་སྐྱེས་དང་ཟླ་བའི ་གདན་རྣམས་ལ་ནི། ཤར་སྒོར་ཁྱབ་འཇུག་ནག་པོ་དང། བྱང་དུ་ཚངས་པ་སེར་པོ་དང་།ནུབ་དུ་དབང་ཕྱུག་ཆེན་པོ་དཀར་པོ་དང། ལྷོ་རུ་གདོང་དྲུག་དམར་པོ་དང། དབང་ལྡན་གྱི་མཚམས་སུ་དབང་པོ་སེར་པོ་དང། མེའི་མཚམས་སུ་ལུས་དན ་པོ་སེར་པོ་དང། སྲིན་པོའི་མཚམས་སུ་གཤིན་རྗེ་ནག་པོ་དང། རླུང་གི་མཚམས་སུ་ཆུ་ལྷ་དཀར་པོའོ། །ཤར་གྱི་སྣམ་བུ་ལ་ཤར་དུ་ཀ་ཀ་རའི་འཇིགས་བྱེད་དང། ཁ་ཊཝཾ་གའི་སྲིན་པོ་དང། ཚོགས་ཀྱི་དབང་ཕྱུག་དང། དྲིལ་བུའི་རྣམ་པ་ཅན་རྣམས ་དཀར་པོའོ། །བྱང་དུ་གཏུམ་མོའི་དབང་ཕྱུག་དང་མདུན་པའི་ལྷ་དང། རིགས་ཀྱི་དབང་ཕྱུག་དང་སྨྲ་བའི་འཇིགས་བྱེད་རྣམས་སེར་པོའོ། །ནུབ་དུ་འདོད་པ་དྲག་པོ་དང། གཏུམ་མོའི་དབང་ཕྱུག་དང། ཌ་མ་རུའི་འདུལ་བྱེད་དང། རྔ་སྒྲས ་འཇིགས་བྱེད་རྣམས་དམར་པོའོ། །ལྷོར་གཏུམ་བུ་རིའི་དབང་ཕྱུག་དང། ཐོ་ར་ན་ཐ་དང། མཆེ་བ་བརྩིགས་པ་དང། གཞུ་འཛིན་མ་རྣམས་ནག་པོ་དང། ཉི་ཤུ་རྩ་བཞི་པོ་འདི་རྣམས་ནི། ཁྱབ་འཇུག་ལ་སོགས་པ་ཞལ་གཅིག་པ་ཕྱག་བཞི ་པ་སྤྱན་གསུམ་པ། གཡས་པའི་ཕྱག་གཉིས་ཀྱིས་ཁ་ཊཝཱཾ་ཁ་དང་ཏྲི་ཤུལ་འཛིན་པ། གཡོན་པ་གཉིས་ཐོད་པ་དང་བཅས་པ་སྟེ་ལྷ་མོ་ལ་མཁྱུད་པ། རལ་པ་ནག་པོའི་ཐོར་ཚུགས་ཅན། ཐོད་པ་ལྔའི་ཕྲེང་བས་དབུ་ལ་བརྒྱན་པ། ཕྱག་རྒྱ ་ལྔ་དང་ལྡན་པ། སྟག་གི་ལྤགས་པའི་ན་བཟའ་དང་ལྡན་པའོ། །འདི་དག་གི་ལྷ་མོ་རྣམས་ཀྱང་གཡས་པ་ན་ཁ་ཊཝོ་ག་དང། གཡོན་པ་ན་ཐོད་པ་འཛིན་པའོ། །འདིར་དཔལ་རྣལ་འབྱོར་ནམ་མཁའ་ལ་ནི་མི་བསྐྱོད་པ་ལ་སོགས་པ་དེ་པ? ་ལྔས་རྒྱས་བཏབ་པ། ཡེ་ཤེས་ཀྱི་མཁའ་འགྲོ་བ་ལ་ནི་མི་བསྐྱོད་པའམ་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་བཞི་ནི་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཛའ་ ་ཡས་དང་དོན་ཡོད་གྲུབ་པ་རྣམས་ཀྱིས་སོ། །སེང་གེ་མ་ལ་སོགས་པ་བཞི་ནི་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་?་ནེ་དབང་ཕྱུག་དང་སྣང་བ་མཛའ་ཡས་རྣམས་ཀྱིས་སོ། །ཚངས་པ་ལ་རྣམ་པར་སྣང་མཛད་ཀྱིས་སོ། །དབང་ཕྱུག་ཆེན་པོ་ལ་སྣང ་བ་མཛའ་ཡས་ཀྱིས་སོ། །གཞན་ལྷ་དཀར་པོ་རྣམས་ཀྱི་ནི་རྣམ་པར་སྣང་མཛད་ཀྱིས་སོ། །སེར་པོ་རྣམས་ནི་རིན་ཆེན་འབྱུང་ལྡན་གྱིས་སོ། །དམར་པོ་རྣམས་ནི་སྣང་བ་མཛའ་ཡས་ཀྱིས་སོ། །ནག་པོ་རྣམས་ནི་མི་བསྐྱོད་པའོ། །ངལ་དབང་ཕྱུག་གི་ཐུགས་ཁའི་ས་བོན་ནི་ཧཱུཾ་ངོ། །ོཾ ་ཧཱུཾ་ཧཱ:སྭཱཧཱ། ཞེས་བྱ་བ་ནི་སྙིང་པོའི་སྔགས་སོ། །འོཾ་གྷུ་གྷ་སྭཱཧཱ་།རོ་ལངས་མའི་ལས་ཐམས་ཅད་བྱེད་པའི་སྔགས་སོ། །ཞེས་རིམ་པ་གསུམ་ལྡན་གྱི་དཀྱིལ་འཁོར་རོ།། །།བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་ངལ་དུ། རྡོ་རྗེ ་གུར་གྱི་དབུས་སུ་ཆོས་འབྱུང་གི་ལྟེ་བར་གནས་པའི། ཡང་ཁ་གཅིག་ལ་དབུས་ཀྱི་ངལ་གཞལ་ཡས་ཁང་གི་རིམ་པ་ལ། མཁའ་འགྲོ་མ་ལ་སོགས་པ་བཞི་པོ་རྣམས་སྒོ་རྣམས་ལ་བསྐྱེད་པའི་ཚུལ་ཀྱང་བཤད་དོ། །ཁ་ཅིག་ནི་རིམ་པ ་གཉིས་པ་ཡང་གཞལ་ཡས་ཁང་གི་དབྱིབས་ལྟ་བུ་ཟེར་རོ། །དེ་ཉིད་ཀྱང་ཟླུམ་པོར་བྱེད་པའི་ལུགས་ཀྱང་ཤེས་པར་བྱའོ། །གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་མཚོ་སྐྱེས་དང་ཉི་མའི་སྟེང་དུ་གནས་པའི་མ་ཧེ་ནག་པོ་ཁྲོས་བ་རུས་བརྒྱན? ་གྱིས་བརྒྱན་པའི་རྒྱབ་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་གཤིན་རྗེའི་སྟེང་དུ་གཤིན་རྗེ་གཤེད་ནག་པོ་གཡོན་བསྐྱང་གཡས་བསྐུམ་པ། རྨད་དམར་སྐྱ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རྡོ་རྗེའི་རྒྱན་གྱིས་བརྒྱན་པ། ཐུབ་ཞིང་སྦོམ་པ ་གསུས་བ་འཕྱང་བ། མི་མགོའི་ཕྲེང་བ་འགུལ་དུ་འཆང་བ། ལྗགས་འདྲིལ་བ། འབར་བའི་མཆེ་བ་བརྩིགས་པ། རྩ་བ་དང་གཡས་གཡོན་གྱི་ཞལ་ནག་པོ་དང་དཀར་པོ་དང་དམར་པའོ། །ཕྱག་དྲུག་པའི་གྲི་གུག་དང་ཐོད་པས་མཆོད་པར་བྱས་པའི ་གཡས་དང་གཅིག་ཤོས་ཀྱི་ཕྱག་གཉིས་ཀྱིས་བདག་དང་མཚུངས་པའི་ཤེས་རབ་མ་ལ་མཁྱུད་པ། གཞན་གཡས་པ་གཉིས་ན་རྡོ་རྗེ་དང་རལ་གྲི་འཛིན་པའོ། །གཡོན་པ་གཉིས་ན་འཁོར་ལོ་དང་པདྨ་འཛིན་པ། མཛའ་ཡས་ལ་སོགས་པའི ་ཀླུས་བརྒྱན་པ་ནི་ལོ་ག་གསུམ་ལས་རྣམ་པར་རྒྱལ་བ་བཞིན་དུའོ། །འདིའི་ཤར་དུ་གཏི་མུག་གཤིན་རྗེ་གཤེད་དཀར་པོ་སྟེ། རྩ་བའི་ཞལ་དང་གཡས་དང་གཅིག་ཤོས་ཀྱི་ཞལ་དཀར་པོ་དང་ནག་པོ་དང་དམར་པོའོ། །ཕྱག་གཡས་པ་གཉིས་ན ་འཁོར་ལོ་དང་རལ་གྲི་།གཡོན་གྱི་ཕྱག་གཉིས་མ?་རིན་པོ་ཆེ་དང་པདྨ་འཛིན་པའོ། །ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་གསེར་གྱི་མདོག་ལྟ་བུ་ཞལ་གསུམ་པ། སེར་པོ་དང་སྔོན་པོ་དང་དཀར་པོའོ། །གཡས་ཀྱི་ཕྱག་གཉིས་ན་རིན་པོ་ཆེ་བར ་རལ་གྲི་།གཡོན་པ་གཉིས་ན་འཁོར་ལོ་དང་པདྨ་འཛིན་པའོ། །ནུབ་དུ་སྣང་བ་མཛའ་ཡས་དམར་པོ་སྟེ། ཕྲ?་མ་གཤིན་རྗེ་ཞལ་གསུམ་བ། དམར་པོ་དང་ནག་པོ་དང་དཀར་པོའོ། །གཡས་ཀྱི་ཕྱག་གཉིས་ན་པདྨ་དང་རལ་གྲི། གཡོན་གྱི་ཕྱག ་གཉིས་ན་ནོར་བུ་དང་འཁོར་ལོ་འཛིན་པའོ། །བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་པའོ?་ཆགས་གཤིན་རྗེ་གཤེད། ལྗང་ཁུ་སྟེ། ཞལ་གསུམ་པ་ལྗང་ཁུ་དང་ནག་པོ་དང་དཀར་པོའོ། །གཡས་ཀྱི་ཕྱག་གཉིས་ན་རལ་གྲི་དང་འཁོར་ལོ་།གཡོན་གཉིས་ན ་ནོར་བུ་དང་པདྨ་འཛིན་པའོ། །འཁྲོ་བོ་བཞི་པོ་འདི་དག་ནི་དལ་གྱི་བདག་པོའི་མཚན་ཉིད་ཅན། ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་བ་འཛིན་པས་བདག་ཉིད་ལྟ་བུའི་ཡིད་དུ་འོད་པ་ལ་མཁྱུད་པའོ། །མེའི་མཚམས་སུ ་རྡོ་རྗེ་ཙར་ཙི་ཀ་སྐེམ་མོ་གཟུགས་དང་ཕྱག་མཚན་རྣམས་ནི་གཏི་མུག་གཤིན་རྗེ་གཤེད་ལྟ་བུའོ། །བདེན་བྲལ་གྱི་མཚམས་སུ་རྡོ་རྗེ་ཕག་མོ། ཕག་མོའི་ཞལ། ཞེ་ལྡང་གཤིན་རྗེ་གཤེད་ལྟ་བུའོ། །རླུང་གི་མཚམས་སུ་རྡོ་རྗེ ་དབྱངས་ཅན་མ་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུའོ། །དབང་ལྡན་གྱི་མཚམས་སུ་གྷོ་རིམ་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུའོ། །འདིར་རྣམ་པར་སྣང་མཛད་ལ་སོགས་པ་ནི་རྡོ་རྗེ་རྒྱ་གྲམ་གྱི་རྩིབས་ཀྱི་རྩ་རྣམས་ལའོ། །རྡོ་རྗེ་རའི་མཚམས ་བཞི་རྡོ་རྗེ་ཙར་ཙི་ཀ་ལ་སོགས་པ་བཞི་ནི་བདག་ཉིད་ལྟ་བུའི་ཐབས་ལ་མཁྱུད་པའོ། །ཤར་སྒོར་ཐོ་བ་གཤིན་རྗེ་གཤེད་ནག་པོ་ཞལ་གསུམ་པ་སྟེ། ནག་པོ་དང་དཀར་པོ་དང་དམར་པོའོ། །གཡས་ཀྱི་ཕྱག་གཉིས་ཀྱིས་རྡོ་རྗེ་ཐོ་བ་དང་རལ ་གྲི་འཛིན་པ། གཡོན་པ་གཉིས་ཀྱིས་ནོར་བུ་དང་པདྨ་འཛིན་པའོ། །ལྷོའི་སྒོར་དབྱུག་ཐོ་གཤིན་རྗེ་གཤེད་དཀར་པོ་དཀར་པོ་དང་སྔོན་པོ་དང་དམར་པོའོ། །ཞལ་གསུམ་པ། གཡས་པ་གཉིས་དབྱུག་པ་དང་རལ་གྲི། གཡོན་པ་གཉིས ་པདྨ་དང་འཁོར་ལོ་འཛིན་པའོ། །ནུབ་སྒོར་པདྨ་གཤིན་རྗེ་གཤེད་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུའོ། །བྱང་སྒོར་རལ་གྲི་གཤིན་རྗེ་གཤེད་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུའོ། །ཁྱད་པར་ཅུང་ཟད་སྔོ་བ་ཤས་ཆེ་པའོ། །ཐཾ་ཅད་ནི་ཀླུ ་མ་རུངས་པས་བརྒྱན་པས་འཇིགས་པར་བྱེད་པ། དགྱེས་པའི་གད་མོ་ཅན། དབུ་སྐྲ་དམར་པོ་གྱེན་ལ་བརྫེས་ཤིང། མཆེ་བ་བརྩིགས་པའི་ཞལ་ཅན། ཕྱག་གི་གཙོ་བོ་གཉིས་གྲི་གུག་དང་ཐོད་པ་འཛིན་པས་བདག་དང་མཚུངས་པའི་ཤེས ་རབ་?་ཁྱུད་པའོ། །འདིར་ནི་རྣམ་པར་སྣང་མཛད་དང་ལྷ་མོ་རྣམས་ནི་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའོ། །ལྷ་གཞན་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའོ། །དལ་གྱི་མེ་ལ་སོགས་པའི་མཚམས་བཞི་ལ་སྣ་ཚོགས ་པདྨ་ལ་གནས་པའི་ཐོད་པ་བཞི་ནི་བྱང་ཆུབ་ཀྱི་སེམས་དཀར་པོ་དང་ཁྲག་དང་བདུད་རྩི་ལྔ་དང་མར་མེས་བཀང་པའོ། །བཅོམ་ལྡན་འདས་རིགས་ཀྱི་བདག་པོ་ནི་གཤིན་རྗེ་གཤེད་ཉིད་དོ། །རྣམ་པར་སྣང་མཛད་ལ་སོགས་པ་བཞི་ཡང་དེ་བཞིན་ནོ།། ་དེ་རྣམས་ནི་གོ་རིམས་ཇི་ལྟ་བར་ཙར་ཙ་ཀི་ལ་སོགས་པ་བཞི་དང། ཐོ་བ་གཤིན་རྗེ་གཤེད་ལ་སོགས་པ་འདི་རྣམས་ལའང་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་ས་བོན་ནི་ཡཾ་ངོ། །འོཾ་ཧྲི:ཥྚཱི(རྒྱུད་འགྲེལ་བ་ནི་སྙིང་པོའི་སྔགས་དང་ལས་ཐམས་ཅད་པའི་སྔགས་སོ། །དལ་འདི་ལ་ཐིག་བཞི་བཏབ་པས་ལེ་ཚེ་དབུར་འདོད་པ་ཡང་ཡོད། རྡོ་རྗེའི་རའི་རྩ་བར་འདོད་པ་གང?་ཡོད། གྲུ་བཞི་ཕྱོགས་མཚམས་སུ་འདོད་པ་ཡང་ལོང། ལྷ་སྣམ་རྐྱང་པར་འདད་པ་ཡང་ཡོད། ཐམས་ཅད་ཡབ་ཡུམ་དུ་འདོད་པ་ཡང་ཡོད། དེ་ཡང་ཡབ་གཏི ་མུག་རྡོ་རྗེའི་ས་དང?་ཡུམ་ཙར་ཙི?་ཀ་བུ་ངན་ཡབ་ཀྱིས་ཡུམ་ལ་འཁྱུད། ཡུམ་གྱི་སར་ཡབ་བྱུང་ནས་ཡུམ་གྱི་ཡབ་ལ་འཁྱུད་པའོ། །རྡོ་རྗེ་སྒྲོལ་མའི་ངལ་ལ། རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་གི་དབུས་སུ་གཞལ་ཡས་ཁང་གི་ལྟེ་བ་ལ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ ་བཅོམ་ལྡན་འདས་མ་རྡོ་རྗེ་སྒྲོལ་མ་གསེར་བཙོམ་ལྟ་བུ། སངས་རྒྱས་ལྔའི་ཅོད་པན་ཅན། ཞལ་བཞི་པ། བླ་མ་ཨ་བྱ་ཀ་རའི?་བཞེད་པ་ཡིན། རྩ་བའི་ཞལ་དང། གཡས་དང། ནུབ་དང། བྱང་རྣམས་གསེར་གྱི་མདོག་དང་དཀར་པོ་དང་སྔོན་པོ་དང་དམར ་པོའོ། །ཕྱག་བརྒྱད་ཀྱི་གཡས་རྣམས་ཀྱིས་རྡོ་རྗེ་དང་ཞགས་པ་དང་མངའ་དང་དུང་འཛིན་པའོ། །གཡོན་པ་རྣམས་ཀྱིས་ཨུཏཔལ་ལ་སེར་པོ་དང་གཞུ་དང་ལྕགས་ཀྱུ་དང་སྡིགས་འཛུབ་མཛད་པའོ། །ཤར་གྱི་འདབ་མར་མེ་ཏོག་མ་དཀར་མོ་ཕྱག་གཉིས་ཀྱིས ་མེ་ཏོག་གི་ཕྲེང་བ་འཛིན་པའོ། །ལྷོར་སྤོས་ཀྱི་སྒྲོལ་མ་ནག་མོ་ཕྱག་གཉིས་གྱིས་བདུག་སྤོས་འཛིན་པ། ནུབ་དུ་མར་མེའི་སྒྲོལ་མ་སེར་མོ་མར་མེ་ཡུ་བ་དང་བཅས་པ་ཕྱག་གཉིས་ཀྱིས་འཛིན་པ། བྱང་དུ་དྲིའི་སྒྲོལ་མ་ལྗང་སེར་ཕྱག་གཉིས་ཀྱི་ ་དྲི་ཆབ་ཀྱི་དུང་འདེགས་པའོ། །ལྷ་མོ་བཞི་པོ་འདི་དག་ནི་ཟླ་བ་ལ་གནས་པའོ། །མེ་ལ་སོགས་པའི་འདབ་མ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་མདོག་ལྟ་བུའི་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་རལ་གྲིའོ། །རིམ ་པ་གཉིས་པའི་ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་དཀར་མོ་གཡས་པ་ན་ལྕགས་ཀྱུ་འཛིན་པ། ལྷེར་རྡོ་རྗེ་ཞགས་པ་མ་སེར་མོ་ཕྱག་གཡས་ཀྱིས་ཞགས་པ་འཛིན་པའོ། །ནུབ་དུ་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ཕྱག་གཡས་ན་ལྕགས་སྒྲོག་གིས ་མཚན་པའོ། །བྱང་དུ་རྡོ་རྗེ་དྲིལ་བུ་མ་ལྗང་ཁུ་ཕྱག་གཡས་པ་རྡོ་རྗེ་དྲིལ་བུས་མཚན་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་ནི་སྣ་ཚོགས་པདྨ་རྣམས་ལ་སྤྱན་མ་ལ་སོགས་པའི་རྣམ་པར་དག་པས་བྱང་ཆུབ་སེམས་ཀྱི་བུམ་པ་དང། ་རི་རབ་དང་?་མེ་ཐབ་དང། རྒྱལ་མཚན་ཆེན་པོའོ། །སྟེང་དུ་གཙུག་ཏོར་རྣམ་པར་རྒྱལ་མ་དཀར་མོ་ནི་ཕྱག་གཡས་འཁོར་ལོ་འཛིན་པའོ། །འོག་ཏུ་གནོད་མཛེས་མ་སྔོན་མོ་ནི་ཕྱག་གཡས་པས་ཀླུའི་ཞགས་པ་འཛིན་པའོ། །ལྷ་མོ་དྲུག ་པོ་འདི་རྣམས་ཀྱི་ཕྱག་གཡོན་པ་ནི་སྡིགས་འཛུབ་དང་བཅས་པའི་ཁུ་ཚུར་སྙིང་ཁར་བཟུང་བ། སྣ་ཚོགས་པདྨ་དང་ཉི་མར་གནས་པའོ། །བཙུ་པོ་འདི་དག་ཀྱང་ཞལ་གཅིག་མ་ཕྱག་གཉིས་མ་རྡོ་རྗེའི་དཀྱིལ་ཀྲུངས་ཀྱིས་བཞུགས་པ། ་གསེར་གྱི་རྣ་ཆ་ལ་སོགས་པས་བརྒྱན་པ། གོས་སྣ་ཚོགས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། པདྨར་གའི་འོད་དང་ལྡན་པའོ། །རྡོ་རྗེ་སྒྲོལ་མའི་རིགས་ཀྱི་བདག་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །མེ་ཏོག་སྒྲོལ་མ་ལ་སོགས ་པ་རྣམས་ཀྱི་རྣམ་པར་སྣང་མཛད་དང། མི་བསྐྱོད་པ་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་རྣམས་སོ། །རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །གཙུག་ཏོར་རྒྱལ་མའི་རིན་ཆེན་འབྱུང་ལྡན་ནོ ་གནོད་མཛེས་མའི་ནི་མི་བསྐྱོད་པའོ། །བཅོམ་ལྡན་འདས་མའི་ཐུགས་ཁའི་ས་བོན་ནི་ཏཾ་ངོ། །འོཾ་ཏཱ་རེ་ཏུ་ད་ཏཱ་རེ་ཏུ་རེ་སྭཱཧཱ། ཞེས་བྱ་བ་ནི་སྙིང་པོའི་སྔགས་དང་ལས་ཐམས་ཅད་པའི་ཡང་སྔགས་སོ།། །།འཕགས་མ་འོད་ཟེར་ཅན ་གྱི་དལ?་ལ་རྡོ་རྗེ་གུར་གྱི་ནང་ཆོས་འབྱུང་གི་དཀྱིལ་དུ་གཞལ་ཡས་ཁང་ངོ། །འདི་ལ་ཆོས་འབྱུང་སྒྲོལ་མ་སྡུག་བསྔལ་ལས་སྒྲོལ་མ་བཀྲ་ཤིས་མ་སྭཱཧཱ། མེད་པར་རི་རབ་ཀྱི་སྟེང་དུ་བསྒོམ་པའི་ཚུལ་ཡང་ཡོད་དོ། །གཞལ་ཡས་ཁང་གི་ལྟེ་བར་མཆོད་རྟེན་གྱི ་ནང་དུ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་འམ་ཉི་མ་ལ་གཡས་བསྐུམ་གཡོན་བསྐྱང་བས་གནས་པའི་བཅོམ་ལྡན་འདས་མ་འོད་ཟེར་ཅན་མ་སེར་མོ་རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་དང། མཆོད་རྟེན་གྱིས་བརྒྱན་པ་དང། སྐྲ་རྣམས་ལ་རིན ་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། ཞལ་གསུམ་པ། རྩ་བའི་ཞལ་སེར་པོ། གཡས་པའི་ཞལ་དཀར་པོ། གཡོན་པ་ཕག་པའི་ཞལ་ནག་པོ། ཁྲོས་པ། ཁྲོ་གཉེར་གྱི་མིག་ཟུར་གྱིས་མཚན་པ། ལྗགས་འགུལ་བ། འཇིགས་པར་བྱེད་པ ་ཕྱག་དྲུག་མ། གཡས་པ་རྣམས་ཀྱིས་མདའ་དང་རྡོ་རྗེ་དང་ཁབ་འཛིན་པའོ། །གཡོན་པ་རྣམས་ཀྱིས་གཞུ་དང་སྐུད་པ་དང་མྱ་ངན་མེད་པའི་ཤིང་མེ་ཏོག་དང་བཅས་པ་འཛིན་པའོ། །གོས་སྔོན་པོ་གྱོན་པ། སྟོད་གཡོགས་སྔོན་པོ་ཅན། གསེར ་གྱི་མདོག་ལྟ་བུ་ཕག་པའི་གདན་ལ་བཞུགས་པའོ། །གསེར་ལྟ་བུའི་ཕག་པས་བསྐོར་བ། མྱ་ངན་མེད་པའི་མེ་ཏོག་གི་ཕྲེང་བས་དབུ་ལ་བརྒྱན་པའོ། །ཤར་ཕྱོགས་སུ་ཉི་མ་ནག་མོ་ཞེས་བྱ་བ་མེ་ཏོག་བན་དུ་ཀའི་མདོག་ལྟ་བུ། གཡས ་གཡོན་གྱི་ཕྱག་གིས་ཁབ་དང་སྐུད་པ་འཛིན་པའོ། །ལྷོར་ཨར་ཀ་མ་ལྗང་ནག་མ། ནག་རྡུབ་ནག་པོ། སི་ཞེས་བྱ་བའི་ལྷ་མོ་གསེར་གྱི་མདོག་ཅན། གཡས་པས་སྐུད་པ་དང་བཅས་ཨ་ཀ་མ་སི་པའི་ཁབ་དང། གཡོན་པས་མྱ་ངན་མེད་པའི་ཤིང་གི ་ཡལ་ག་འཛིན་པའོ། །ཞུབ་དུ་ཨན་དྷ་ར་ཏ་ན་མ་སི་སེར་མོ་ནི་གཡས་པ་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པ། གཡོན་པ་སྡིགས་འཛུབ་དང་བཅས་པའི་ཞགས་པ་འཛིན་པའོ། །བྱང་དུ་ཏེ་ཙོམ་སི་ཞེས་བྱ་བ་སྐུ་མདོག ་དམར་མོ་ཕྱག་གཉིས་ཀྱིས་མདའ་གཞུ་འཛིན་པའོ། །མེའི་ནག་?་ནག་མོ་མཚམས་ལ་སོགས་པར་ཤར་པའི་ནག་མོ་དང་གུལ་མ་མ་སི་དང། བྷ་ན་མ་སི་དང། ཙི་བ་ར་མ་སི་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་གཟི་བརྗིད་ནག་མོ་ལ་སོགས་པའི་མདོག ་དང་ཕྱག་མཚན་བཞིན་ནོ། །རིམ་པ་གཉིས་པའི་སྣམ་བུ་ལ་ཤར་དུ་གོས་ཆེན་ནག་མོ་དང། ཕག་མོའི་ཞལ་མ་ནག་མོ་ནི་མཆེ་བ་ནག་ཚལ་ནག་མོ་ཚལ་བརྩིགས་པ་གོབ་མི་སྡུག་པ་འཇིགས་པ། གཡས་པ་རྡོ་རྗེ་ལྕགས་ཀྱུ་དང། གཡོན་པ ་རྡོ་རྗེ་ཞགས་པ་འཛིན་པའོ། །ལྷོ་རུ་རྐང་པས་གནོན་པ་ནག་མོ་དང་མཆོག་འཕྲེང་མ་ལ་སོགས་པ་མྱ་ངན་མེད་པའི་ཡལ་ག་དང། གཡོན་པས་རྡོ་རྗེ་འཛིན་པའོ། །ནུབ་དུ་ཕ་རོལ་གནོན་མ་ནག་མོ་དང་ཚིག་གི་ཕྲེང་བ་དམར་མོ་ནི་གཡས་དང ་གཅིག་ཤོས་ཀྱིས་མངའ་དང་གཞུ་འཛིན་པའོ། །བྱང་དུ་ཉི་མ་ནག་མོ་དང། པདྨ་ཀ་མོ་ཀྲ་མ་སི་བར་ལི། མཆོག་ཕྲེང་མ་ལྗང་ཁུ་ནི་གཡས་དང་གཡོན་གྱིས་ཁབ་དང་སྐུད་པ་འཛིན་མར?་ཀྲ་མ་སེ་པའོ། །མེའི་བྷ་ད་ཡི་མཚམས་སུ་བྷ་ཏ་ལི་ཞེས་བྱ ་བ་གཡས་གཡོན་གྱི་ཕྱག་གཉིས་ཀྱིས་བག་དང་སྐུད་པ་འཛིན་སུ་?་མ་སི་པའོ། །བདེན་བྲལ་གྱི་མཚམས་པཱ་རྭ་ལི་སུ་ཚིག་ཕྲེང་མ་སེར་མོ་ནི་གཡས་པ་ན་སྐུད་པ་དང་བཅས་པའི་ཁབ་དང། གཡོན་པས་མྱ་ངན་མེད་པའི་ཡལ་ཀ་མེ་ཏོག་དང ་བཅས་པ་འཛིན་པའོ། །རླུང་གི་མཚམས་སུ་མཆོག་འཕྲེང་མ་བྷ་ར་ལི་སྐུ་མདོག་དཀར་མོ་གཡས་དང་གཡོན་པ་བྷ་ད་ལི་གཉིས་ཀྱིས་མྱ་ངན་མེད་པའི་ཡལ་ཀ་དང་ཞགས་པ་འཛིན་པའོ། །དབང་ལྡན་དུ་ཕག་ཞལ་མ་དམར་མོ་ཕྱག་གཉིས་ཀྱིས ་མདའ་དང་གཞུ་འཛིན་པའོ། །ཤར་ལ་སོགས་པའི་སྒོར་ཨ་ལོ་ཏ་ལོ་དང། ཀཱ་ལོ་དང། པ་ཏ་ཚ་ལོ་དང། སཾ་བྷ་མུར་དྷ་ཌོ་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་དཀར་པོ་དང། སེར་པོ་དང། དམར་པོ་དང། ལྗང་ཁུའི་མདོག་རྣམས་ཀྱིས་ཕྱག ་གཉིས་ཀྱིས་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་འཛིན་པའོ། །རྒ་མ་སི་ལ་སོགས་པའི་ལྷ་མོ་ཉི་ཤུ་རྩ་བཞི་པོ་འདི་དག་ནི་སྔོན་དུ་ཤར་པའི་ཚོར་ལ་བབ་པ། མཆོད་རྟེན་གྱིས་དབུ་རྒྱན་བྱས་པ། རིན་པོ་ཆེ་སྣ་ཚོགས ་ཀྱིས་བརྒྱན་པ། ཁྱད་པར་དུ་གྱུར་པའི་གོས་སྔོན་པོ་དང། ཁྱད་པར་གྱུར་པའི་སྟོད་གཡོགས་སྔོན་པོ་དང། ཞལ་གཅིག་པ་དང། སྤྱན་གསུམ་པ་དང། ཕྱག་གཉིས་པ་དང་།གསེར་གྱི་མདོག་ལྟ་བུའི་ཕག་ལ་ཆིངས་ནས་གསེར ་མདོག་ལྟ་བུའི་ཕག་གི་འཁོར་གྱིས་བསྐོར་བའོ། །སྒོ་སྐྱོང་མ་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གཡོན་བསྐུམ་གཡས་བསྐྱད་པས་གནས་སོ། །གཞན་ཉི་ཤུ་ནི་སྣ་ཚོགས་པདྨ་དང་ཟླ་བ་ལ་གཡས་བསྐུམ་གཡོན་བསྐྱང་པས་གནས་སོ།། ་འཕགས་མ་འོད་ཟེར་ཅན་མའི་རིགས་ཀྱི་བདག་པོ་ནི་བརྟག་པའོ། །ཤར་ཕྱོགས་ལས་ལ་སོགས་པ་ན་གནས་པ་རྣམས་ནི་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཛའ་ཡས་དང་དོན་ཡོད་གྲུབ་པ་རྣམས་སོ། །མེ་ལ་སོགས་པའི ་ཕྱོགས་བྲལ་མ་རྣམས་ལ་ཡང་དེ་བཞིན་དུའོ་ཞེས་པ་ཡང་གསུངས་སོ། །ཡང་དཀར་མོ་རྣམས་ལ་རྣམ་པར་སྣང་མཛད། ནག་མོ་རྣམས་ལ་མི་བསྐྱོད་པ། སེར་མོ་རྣམས་ལ་རིན་འབྱུང། །དམར་པོ་རྣམས་ལ་སྣང་བ་མཛའ་ཡས། ལྗང་ཁུ ་རྣམས་དོན་ཡོད་གྲུབ་པའོ་ཞེས་གསུངས་པ་ཡང་ཡོད་དོ། །འོད་ཟེར་ཅན་མའི་ཐུགས་ཁའི་སྙིང་པོའི་ས་བོན་ནི་མཾ་མོ། །འོཾ་མཱ་རཱི་ཙཱ་སྭཱཧཱ་ཞེས་བྱ་བ་ནི་སྙིང་པོའི་སྔགས་སོ། །འོཾ་མཱ་རཱི་ཙཱི་ཧཱུཾ་སརྦ་བིགྷྣན་ཨུ་པ?་ཡ་ཧཱུཾ་ཕཊ་སྭཱཧཱ་ཞེས་པ་འདི་ནི་ལས ་ཐམས་ཅད་པའི་སྔགས་སོ།། །།གཟུངས་གྲལ་ལྔའི་དལ་དུ་རྡོ་རྗེ་གུར་གྱི་ནང་དུ་རི་རབ་ཀྱི་སྟེང་དུ་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་གནས་པའི་སྣ་ཚོགས་པདྨ་དང་ཟླ་བ་ལ་བཅོམ་ལྡན་འདས་སོ ་སོར་འབྲང་མ་ཆེན་མོ་སེར་མོ་འོད་ཟེར་དམར་པོའི་རྒྱབ་ཡོལ་ཅན། ཞལ་བཞི་པ། དང་པོའི་ཞལ་སེར་པོ། གཡས་དཀར་པོ། ནུབ་དུ་སེར་པོ། གཡོན་པ་དམར་པོ། ཕྱག་བཅུ་གཉིས་པའི་གཡས་པ་རྣམས་ཀྱིས་རིན་པོ་ཆེ་འབར་བ་དང ་འཁོར་ལོ་དང་རྡོ་རྗེ་དང་མངའ་དང་རལ་གྲི་དང་མཆོད་སྦྱིན་གྱི་ཕྱག་རྒྱའོ། །གཡོན་པ་རྣམས་ཀྱིས་རྡོ་རྗེ་དང་ཞགས་པ་དང་རྩེ་གསུམ་དང་གཞུ་དང་དགྲ་སྟ་དང་དུང་རྣམས་འཛིན་པ། དབུ་ལ་མཆོད་རྟེན་གྱིས་བརྒྱན་པ། རྡོ་རྗེ་སྐྱིལ?་དཀྲུངས ་ཅན་མའོ། །དེའི་ཤར་ཕྱོགས་སུ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་སྣ་ཚོགས་པདྨ་དང་ཟླ་བ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། སྐུ་མདོག་དཀར་མོ་ཟླ་བའི་རྒྱབ་ཡོལ་ཅན། ཞལ་བཞི་པ། རྩ་བའི་ཞལ་དཀར་པོ། དེའི་གཡས་ཀྱང ་དཀར་།རྒྱབ་སེར་པོ། གཡོན་ལྗང་ཁུ། ཕྱག་བཅུའི་གཡས་པ་རྣམས་ཀྱིས་པདྨར་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་དང། མཆོད་སྦྱིན་དང་ལྕགས་ཀྱུ་དང་མངའ་དང་རལ་གྲི་རྣམས་སོ། །གཡོན་པ་རྣམས་ཀྱིས་རྡོ་རྗེ་དང་སྡིགས་མཛུབ་དང ་ཞགས་པ་དང་གཞུ་དང་དགྲ་སྟ་རྣམས་སོ། །ལྷོའི་ཕྱོགས་སུ་སྣ་ཚོགས་པདྨ་དང་ཉི་མར་གནས་པའི་གསང་སྔགས་རྗེས་སུ་འཛིན་མ་སྐུ་མདོག་ནག་མོ་ཉི་མའི་རྒྱབ་ཡོལ་ཅན། རྡོ་རྗེ་དཀྱིལ་དཀྲུངས་སུ་བཞུགས་པ། རྩ་བ་དང་གཡས་དང་གཡོན་པའི ་ཞལ་ནག་མ་དང། དཀར་པོ་དང་དམར་མོའི་ཞལ། ཕྱག་བཅུ་གཉིས་པ། གཡས་དང་གཡོན་པའི་ཕྱག་གི་རྩོ་བོ་གཉིས་ཀྱིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་འཛིན་པ། གཞན་པ་གཉིས་ཀྱིས་ཏིང་ངེ་འཛིན་བསམ་གཏན་གྱི་ཕྱག་རྒྱའོ། །གཡས ་གཞན་རྣམས་ཀྱིས་རྡོ་རྗེ་དང་མངའ་དང་མཆོད་སྦྱིན་དང་མི་འཇིགས་པའི་ཕྱག་རྒྱའོ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་གཞུ་དང་རིན་པོ་ཆེ་འབར་བ་དང་པདྨས་མཚན་པའི་བུམ་པ་འཛིན་པའོ། །ནུབ་ཏུ་སྣ་ཚོགས་པདྨ ་དང་ཉི་མ་ལ་བསིལ་བའི་ཚལ་ཆེན་མོ་དམར་མོ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ཉི་མའི་རྒྱབ་ཡོལ་ཅན། རྩ་བ་དང་གཡས་དང་གཡོན་པའི་ཞལ་དམར་པོ་དང་དཀར་པོ་ནག་པོའོ། །ཕྱག་བརྒྱད་པའི་གཡས་པ་རྣམས་ཀྱིས་པདྨ་དང་བཅས་པ ་མི་འཇིགས་པའི་ཕྱག་རྒྱ་དང། མངའ་དང་རྡོ་རྗེ་དང་རལ་གྲིའོ། །གཡོན་པ་རྣམས་ཀྱིས་སྡིགས་འཛུབ་དང་བཅས་པའི་ཞགས་པ་དང་གཞུ་དང་རིན་པོ་ཆེའི་རྒྱལ་མཚན་དང་པོ་ཊི་སྙིང་ཁར་གནས་པའི་ཚུལ་དུ་འཛིན་པའོ། །བྱང་དུ་སྣ་ཚོགས ་པདྨ་དང་ཟླ་བ་ལ་རྨ་བྱ་ཚན་མོ་ལྗང་ཁུ་ཟླ་བའི་རྒྱབ་ཡོལ་ཅན་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ། རྩ་བ་དང་གཡས་གཡོན་གྱི་ཞལ་ལྗང་ཁུ་དང་ནག་མོ་དང་དཀར་མོའོ། །ཕྱག་བརྒྱད་མ་གཡས་པ་རྣམས་ཀྱིས་རྨ་བྱའི་མཇུག་སྒྲོ་དང་མངའ་དང ་མཆོག་སྦྱིན་པ་གཉིས་པ་ལ་མེའི་མཚམས་སུ་དུལ་མཚན་སྐུ་མདོག་ནག་མོ་ལག་པ་གཉིས་ཀྱིས་དུང་འཛིན་པའོ། །བདེན་བྲལ་དུ་དུས་མཚན་མ་སྲ་མོ་ཕྱག་གཉིས་ཀྱིས་རྡོ་རྗེས་མཚན་པའི་རྒྱལ་མཚན་འཛིན་པའོ། །རླུང་གི་མཚམས་སུ ་རྣ་ནག་མོ་རྣམ་དོག་ཟེར། བ་ནག་མོ་དམར་མོ་ཕྱག་གཉིས་ཀྱིས་དགྲ་སྟ་འཛིན་པའོ། །དབང་ལྡན་གྱི་མཚམས་སུ་དཀར་མོ་སྐུ་མདོག་དཀར་མོ་ཕྱག་གཉིས་ཀྱིས་ཏྲི་ཤུལ་འཛིན་པའོ། །བཞི་པོ་འདི་རྣམས་ཞལ་གཅིག་ཕྱག་གཉིས་པའོ། །དགུ་པོ་འདི་རྣམས ་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་གོས་དང་རིན་པོ་ཆེའི་ཅོད་པན་དང། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། རིམ་པ་ཇི་ལྟ་བ་བཞིན་དུ་རིན་ཆེན་འབྱུང་ལྡན་དང། རྣམ་པར་སྣང་མཛད་དང། མི་བསྐྱོད་པ་དང། ་སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་དང། མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པའོ། །ཤར་ལ་སོགས་པའི་སྒོར་སྣ་ཚོགས་པདྨ་དང་ཉི་མ ་ལ་རྡོ་རྗེ་ལྕགས་ཀྱུ་མ་དང། རྡོ་རྗེ་ཞགས་པ་མ་དང། རྡོ་རྗེ་ལྕགས་སྒྲོག་མ་དང། རྡོ་རྗེ་དྲིལ་བུ་མ་རྣམས་གོང་བཞིན་དུའོ། །སོ་སོར་འབྲང་མ་ལ་སོགས་པ་རྣམས་ཀྱི་ས་བོན་པྲཾ་མོ། །འོཾ་མ་ཎི་དྷ་རི་བཛྲ་ནི་མཧཱ་པྲ་ཏི་སྭ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ ་ཞེས་པ་ནི་སྙིང་པོའོ། །སྟོང་ཆེན་མོའི་ས་བོན་ནི་བྲུཾ། ཨའོཾ་ཨཱ:མཧཱ་སཱ་ཧཱ་པྲ་མར་བྷ་ནི་ཧཱུཾ་བྲུཾ་སྙིང་པོའོ། །གསང་སྔགས་རྗེས་སུ་འཛིན་པའི་ས་བོན་ནི་ཧཱུཾ། ཨའོཾ་ཨཱ་མ་ཧཱ་མ་ན་ཏྲ་ཨ་ནུ་པཱ་རི་ཎི་ཧཱུཾ་ཧཱུཾ། སྙིང་པོའོ། །བསིལ་བའི་ཚལ་མའི་ས་བོན ་ནི་ཛྲིཾ། ཨའོཾ་ཨ:མ་ཧཱ་ཤྲི་ཏ་བ་ཏི་ཛྲི་ཧཱུཾ། སྙིང་པོའོ། །རྨ་བྱ་ཆེན་མོའི་ས་བོན་ནི་མཾ། ཨཱཾ་མ་ཧཱ་མ་ཡུ་རཱི་བརྱཱི་རཱ་ཛྙཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། སྙིང་པོའོ། །གཞན་འདི་རྣམས་ཀྱི་དལ་གྱི་དབང་ཕྱུག་མ་ནི་གང་དང་གང་དགོས་པས་བྱའོ། །དལ་དབང ་ཕྱུག་མའི་སྔགས་ནི་ལས་ཐམས་ཅད་པའི་སྔགས་སོ།། །།རྡོ་རྗེ་དབྱིངས་ཀྱི་ངན་ལ་ནི་རྡོ་རྗེ་གུར་གྱི་ནང་དུ་གླིང་དང་གླིང་ཕྲན་དང་རྒྱ་མཚོ་བདུན་ལ་སོགས་པས་ཡོངས་སུ་བསྐོར་བའི་རི་རབ་ཀྱི་སྟེང་དུ་གཞལ་ཡས་ཁང་སྟེ། །དེའི་དབུས ་སུ་སེང་གེའི་སྟེང་དུ་སྣ་ཚོགས་པདྨའི་ཟེའུ་འབྲུ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དཀར་པོ་རྡོ་རྗེའི་དཀྱིལ་ཀྲུང་གིས་གནས་པ་ཉི་མའི་རྒྱབ་ཡོལ་ཅན། རལ་པའི་ཐོར་ཚུགས་ཅན། སངས་རྒྱས་ལྔས་སྤྲས་པའི་རིན་པོ་ཆེའི་ཅོད་པན ་དང། ནོར་བུས་བརྒྱན་པ། ཁྱད་པར་དུ་གྱུར་པའི་རིན་པོ་ཆེའི་རྒྱན་སྣ་ཚོགས་དང། གོས་དང་ལྡན་པ། ཞི་བ། ཞལ་བཞི་པ། དཀར་པོ་དང་སེར་པོ་དང་དམར་མོ་དང་ལྗང་ཁུའོ། །ཕྱག་རྒྱད་པ། གཡས་པ་དང་གཡོན་པ་གཉིས་ཀྱིས་རྡོ་རྗེ ་དང་བཅས་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་འཛིན་པའོ། །གཞན་གཉིས་ཀྱིས་བསམ་གཏན་གྱི་ཕྱག་རྒྱ་འཛིན་པའོ། །གཡས་པ་གཉིས་ཀྱིས་བསྒྲང་ཕྲེང་དང་མདའའཛིན་པ། གཡོན་པ་གཉིས་ཀྱིས་འཁོར་ལོ་དང་གཞུ་འཛིན་པའོ། །ཡང ་ན་འདི་ནི་ཞལ་གཅིག་ཕྱག་གཉིས་པ་སྐུ་མཛོད་དཀར་པོ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་བཅས་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་འཛིན་པའོ། །གཡོན་པའི་ཁུ་ཚུར་ལས་རྡོ་རྗེ་འཛིན་པའི་སྡིགས་འཛུབ་ལངས་པ་ལ། གཡས་པ་རྡོ་རྗེ་བཟུང་ནས་བྱང ་ཆུབ་མཆོག་གི་ཕྱག་རྒྱ་ལངས་པའོ། །ཤར་གྱི་འདབ་མར་རྡོ་རྗེ་སེམས་མ་སྔོན་མོ་ནི་གཡས་པས་རྡོ་རྗེ་རྩེ་ལྔ་པ་དམར་པོ་འཛིན་པ། གཡོན་པོས་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པའོ། །ལྷོར་རིན་ཆེན་རྡོ་རྗེ་སེར་པོ་གཡས་པས ་རྡོ་རྗེ་རྩེ་ལྔ་པའི་རྩེ་མོར་མཚན་པའི་རིན་པོ་ཆེ་འཛིན་པའོ། །གཡོན་པས་སྡིགས་པར་བྱེད་པའི་སྡིགས་མཛུབ་པོ། །ནུབ་དུ་ཆོས་ཀྱི་རྡོ་རྗེ་དམར་པོ་གཡས་པས་རྡོ་རྗེ་རྩེ་ལྔ་པས་མཚན་པའི་པདྨ་འདབ་བརྒྱད་པ་དམར་སྐྱ་འཛིན་པའོ། །གཡོན་པས ་ཀྱང་པདྨ་འཛིན་པའོ། །བྱང་དུ་ལས་ཀྱི་རྡོ་རྗེ་མ་ལྗང་ཁུ་གཡས་པས་སྣ་ཚོགས་རྡོ་རྗེ་རྩེ་པོ་བཅུ་གཉིས་པ་དེ་བ་ལྔའི་མདོག་ལྟ་བུ་འཛིན་པའོ། །གཡོན་པས་སྡིགས་མཛུབ་སྡིགས་པར་བྱེད་པའོ། །དེ་ནས་ཤར་གྱི་ཕྱོགས་སུ་གླང་པོ་ཆེའི་དབང ་པོའི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བར་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་གནས་པ། ཕྱག་གཡས་ཀྱིས་འཐེ་བོང་དང་གུང་མོའི་རྩེ་མོར་རྡོ་རྗེ་རྩེ་ལྔ་པ་བཟུང་མས་ས་གནོན་གྱི་ཚུལ་བྱང་ཅིང་གཡོན་པའི་ཕྱག་མཉམ་བཞག་དང་བཅས་པའོ།། ་ཤར་གྱི་འདབ་མར་རྡོ་རྗེ་སེམས་དཔའ་དཀར་པོ་ཕྱག་གཡས་པའི་གུང་མོས་སྙིང་ཁར་གྱེན་དུ་འགྱིང་བའི་ཚུལ་གྱིས་རྣལ་འབྱོར་གྱི་རྡོ་རྗེ་དང། གཡོན་པས་ང་རྒྱལ་དང་བཅས་པའི་དྲིལ་བུ་དཀུར་བརྟེན་པའོ། །ལྷོར་རྡོ་རྗེ་རྒྱལ ་པོ་སེར་པོ་ནི་གཡས་པར་གནས་པའི་རྡོ་རྗེ་ལྕགས་ཀྱུ་འགུགས་པའི་ཚུལ་བྱེད་པའི་ཚུལ་ཅན། གཡོན་པས་ཞགས་པ་འཛིན་པའོ། །ཡང་ན་ཕྱག་གཉིས་ཀྱིས་འགུགས་པར་བྱེད་པའི་ལྕགས་ཀྱུ་འཛིན་པ་ཞེས་ཀྱང་ཁ་གཅིག་ལས་གསུངས་སོ ་བྱང་དུ་རྡོ་རྗེ་ཆགས་པ་དམར་པོ་གཡོན་དང་གཅིག་ཤོས་རྣམ་པ་གཉིས་ཀྱིས་གཞུ་དང་མངའ་འཛིན་པའོ། །ནུབ་དུ་རྡོ་རྗེ་ལེགས་པ་མར་གང་ཀྱི་མདོག་ལྟ་བུ་རྡོ་རྗེ་དང་བཅས་པའི་ཕྱག་གཉིས་ཀྱིས་སྙིང་ཁར་ལེགས་སོ་སྦྱིན་པའི་ཚུལ་དུ་བྱེད ་ནུ་?་བའོ། །ལྷོ་དུ་རྟའི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བ་ལ་རིན་ཆེན་འབྱུང་ལྡན་སེར་པོ་རྡོ་རྗེ་སྐྱིལ་ཀྲུང་བྱང་ཟང་གིས་བཞུགས་པ། གཡས་པ་རྡོ་རྗེས་མཆན་པའི་རིན་པོ་ཆེ་གུང་མོ་ལ་བཟུང་སྟེ་མཆོག་སྦྱིན་གྱི་ཚུལ་དུ་བྱེད་བའོ། ། ་གཡོན་པ་དེ་ཉིད་ཀྱི་རྩ་གན་རྐྱལ་དུ་བཞག་པའོ། །ཤར་གྱི་འདབ་མར་རྡོ་རྗེ་རིན་ཆེན་སེར་པོ་ནི་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་ཕྱོགས་གཉིས་ལ་རྡོ་རྗེ་གཉིས་ཀྱིས་མཚན་པའི་རིན་པོ་ཆེའི་ཕྲེང་བ་དབང་བསྐུར་གྱི་གནས་སུ་འཆིང་བར་བྱེད་ཅིང། ་གཡོན་པ་རྡོ་རྗེ་དྲིལ་བུ་སྒིག?་པ་དང་བཅས་པས་འཛིན་པའོ། །ལྷོར་རྡོ་རྗེ་གཟི་བརྗིད་དམར་པོ་ཕྱག་གཉིས་ཀྱིས་སྙིང་ཁར་ཉི་མ་གསལ་བར་བྱེད་པ་འཛིན་པའོ། །ནུབ་དུ་རྡོ་རྗེ་མེ་ཏོག་ལྗང་ཁུ་གཡོན་གྱི་ཕྱོགས་ན་གནས་པའི་ཕྱག་གཉིས ་ཡིད་བཞིན་གྱི་ནོར་བུས་མཚན་པའི་རྒྱལ་མཚན་འཕྱར་བའོ། །བྱང་དུ་ནུབ་ཟེར་རྡོ་རྗེ་བཞད་པ་དཀར་པོ་གཡས་པས་བ་སོའི་ཕྲེང་བ་དང་ལྡན་པའི་རྡོ་རྗེ་འཛིན་པའོ། བྱང་ཟེར?། གཡོན་པས་ཀྱང་དེ་བཞིན་དུ་སོའི་ཕྲེང་བ་གཉིས་དང་ལྡན་པའི་རྡོ་རྗེ་གཉིས ་ཁབ་བཅུག་པའོ། །ནུབ་དུ་རྨ་བྱའི་སྟེང་དུ་སྣ་ཚོགས་པདྨའི་ཟེའུ་འབྲུ་ལ་སྣང་བ་མཛའ་ཡས་དམར་པོ་རྡོ་རྗེ་དཀྱིལ་དཀྲུང་ཅན། གཡོན་པ་དང་གཅིག་ཤོས་གན་རྐྱལ་དུ་བྱས་སྟེ། ལྟེ་བའི་ཐོག་དུ་བཞག་པས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང ་ལྡན་པའོ། །ཤར་གྱི་འདབ་མར་རྡོ་རྗེ་ཆོས་དམར་སྐྱ། གཡོན་པས་འགྱིང་བག་དང་བཅས་པས་ཨུད་པ་ལའི་ཡུ་བ་འཛིན་ཞིང་གཡས་པས་ཁ་འབྱེད་པའོ། །ལྷོ་རུ་རྡོ་རྗེ་རིན་པོ་ཆེ་སྔོན་པོ་གཡོན་པས་སྙིང་ཁར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ ་ཏི་འཛིན་པ། གཡས་པས་རལ་གྱི་ཕྱར་བའོ། །ནུབ་དུ་རྡོ་རྗེ་རྒྱུ་གསེར་བཅོ་མའི་མདོག་ལྟ་བུ་གཡོན་པར་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་གཡས་པའི་གུང་མོས་གཞལ་མོ་ལྟ་བུར་སྐོར་ཞིང་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་འཛིན་པའོ། །བྱང་དུ་རྡོ་རྗེ ་སྨྲ་པ་དམར་པོ་གཡོན་པ་ཆོས་ཀྱི་དུང་གཡས་བྱང་ཟེར་པས་རྡོ་རྗེ་རྩེ་གཅིག་པའི་རྩེ་མོ་འཛིན་པའོ། །བྱང་དུ་ཁྱུད་གྱི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བར་དོན་ཡོད་གྲུབ་པ་ལྗང་ཁུ་སྐྱིལ་ཀྲུང་གིས་གནས་པ། ཕྱག་གཡས་པའི་གུར་མོས་སྣ་?་ཐར? ་ཚོགས་རྡོ་རྗེ་འཛིན་པས་མི་འཇིགས་པ་སྦྱིན་པའི་ཚུལ་བྱེད་ཅིང། གཡོན་པ་ལྟེ་བའི་འོག་ཏུ་གན་རྐྱལ་དུ་བཞག་པའོ། །ཤར་གྱི་འདབ་མར་རྡོ་རྗེ་ལས་ལྗང་ཁུ་གཡས་པས་སྙིང་ཁན་སྒྲེང་བའི་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་འཛིན་པ། གཡོན ་པས་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་སྐུར་བརྟེན་པའོ། །ཡང་ན་ལག་པ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་ནས་སྣ་ཚོགས་རྡོ་རྗེ་འཛིན་པའོ། །ལྷོ་རུ་རྡོ་རྗེ་བསྲུང་བ་སེར་མོ་ཕྱག་གཉིས་ཀྱིས་རྡོ་རྗེའི་གོ་ཆ་འཛིན་པའོ། །ནུབ་དུ་རྡོ་རྗེ་གནོད་སྦྱིན ་ནག་པོ་ཕྱག་གཉིས་ཀྱི་མཐེའུ་ཆུང་གིས་རྡོ་རྗེ་མཆེ་བའི་མཚོན་གྱི་རྩེ་མོ་གཉིས་ཁར་བཅུག་པས་གདུག་པ་རྣམས་བསྡིགས་བའོ། །བྱང་དུ་ནུབ་ཆེར་རྡོ་རྗེ་ཁུ་ཚུར་ཁུ་ཚུར་གཉིས་ཀྱིས་བཟུང་བའི་རྡོ་རྗེའི་རྩེ་མནན་པའོ། །དབུས་ཀྱི་རིམ་བྱང་ཟེད་པའི་མིའི་མཚམས ་ཀྱི་པདྨ་ལ་རྡོ་རྗེ་སྒེག་མོ་དཀར་མོ་རྡོ་རྗེ་འགྱིང་བའི་ཕྱག་རྒྱས་ཕྱག་གཉིས་ཀྱིས་རྡོ་རྗེ་གཉིས་འཛིན་པའོ། །བདེན་བྲལ་གྱི་མཚམས་སུ་ཕྲེང་བ་མ་སེར་མོ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །རླུང་གིས་མཚམས་ཀྱི ་པདྨ་ལ་གླུ་མ་དམར་མོ་ཕྱག་གཉིས་ཀྱིས་པི་ཝང་གི་རྒྱུད་བསྒྲེང་བའོ། །དབང་ལྡན་གྱི་པདྨ་ལ་གར་མ་ལྗང་ཁུ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་བཟུང་ནས་གྱེན་དུ་གར་བྱེད་པའོ། །དབུས་ཀྱི་གཞལ་ཡས་ཁང་གི་ཕྱི་རོལ་ཤར་གྱིས་སྣམ་བུའི ་འདབ་མ་ལ། བྱམས་པ་དང། མཐོང་བ་དོན་ཡོད་དང། ངན་སོང་ཀུན་འདྲེན་དང། མྱ་ངན་གྱི་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་རྣམས་ནི་མི་བསྐྱོད་པ་ལྟ་བུའོ། །ལྷོའི་པདྨ་རྣམས་ལ་སྤོས?་ཀྱི་གླང་པོ་དང། དཔའ་པར་འགྲོ་བ་དང། ་ནམ་མཁའ་མཛོད་དང། ཡེ་ཤེས་རྟོག་རྣམས་རིན་ཆེན་འབྱུང་ལྡན་ལྟ་བུའོ། །ནུབ་ཀྱི་པདྨ་རྣམས་ལ་འོད་དཔག་མེད་དང། ཟླ་འོད་དང། བཟང?་སྐྱོད་དང། དྲ་བའི་འོད་རྣམས་ནི་འོད་དཔག་མེད་ལྟ་བུའོ། །བྱང་གི་པདྨ་རྣམས་ལ་རྡོ་རྗེ་སྙིང་པོ་དང། ་བློ་གྲོས་མི་བཟང་པ་དང། སྤོབས་པ་བརྩེགས་པ་དང་ཀུན་ཏུ་བཟང་པོ་རྣམས་དོན་ཡོད་གྲུབ་པ་ལྟ་བུའོ། །ཡང་ན་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་སྟེ། སྟོང་ཕྲག་གཅིག་ལ་བཞིས་མ་ཚང་བ་བསྒོམ་པར ་བྱའོ། །ཤར་ལ་སོགས་པའི་སྣམ་བུ་ལ་དེ་དག་གི་མིང་རྣམས་ནི་བརྗོད་ཀྱིས་མི་ལང་བས་མ་བཤད་དོ། །མེའི་མཚམས་ཀྱི་པདྨ་ལ་རྡོ་རྗེ་བདུག་སྤོས་མ་དཀར་མོ་དང། བདེན་བྲལ་གྱི་མཚམས་ཀྱི་པདྨ་ལ་རྡོ་རྗེ་མེ་ཏོག་མ་སེར་མོ་དང། རླུང་གི ་མཚམས་ཀྱི་པདྨ་ལ་རྡོ་རྗེ་མར་མེ་མ་དཀར་དམར་དང། དབང་ལྡན་གྱི་མཚམས་ཀྱི་པདྨར་རྡོ་རྗེ་དྲི་ཆབ་མ་ལྗང་ཁུའོ། །བདུག་སྤོས་མ་ལ་སོགས་པ་འདི་རྣམས་ནི་གོང་བཞིན་དུ་ཕྱག་མཚན་འཛིན་པའོ། །ཤར་ལ་སོགས་པའི་སྒོ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ ་དང། རྡོ་རྗེ་ཞགས་པ་དང། རྡོ་རྗེ་ལྕགས་སྒྲོག་དང། རྡོ་རྗེ་འབེབས་པ་ལ་སོགས་པའི་རིམ་པ་བཞིན་དུ་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་ཁུ་རྣམས་ཀྱིས་གོང་བཞིན་དུ་ཕྱག་མཚན་འཛིན་པའོ། །འདིར་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ལས ་གཞན་པའི་ལྷ་རྣམས་ཞལ་གཅིག་ཕྱག་གཉིས་པ། གོས་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། རིན་པོ་ཆེའི་ཅོད་པན་ཅན་ནོ། །ངལ་གྱི་དབང་ཕྱུག་གི་མངོན་དུ་གྱུར་པར་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་བཞག་ནས་རྡོ་རྗེ་སེམས་དཔའ་ ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་ནི་རང་རང་གི་བདག་པོ་དེ་བའི་མདུན་དུ་མངོན་དུ་གྱུར་པའོ། །རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་སྤང་གྱི་ལྷ་རྣམས་ནི་ཇི་ལྟར་གསུངས་པའི་ལྟེ་བ་དང་འདབ་མ་རྣམས་ལ ་ཟླ་བ་ལ་གནས་ཤིང་ཉི་མའི་རྒྱབ་ཡོལ་ཅན། །དེ་བ་ལྔ་ལས་གཞན་ལྷ་རྣམས་བཞི་བཅུ་རྩ་བརྒྱད་ནི་སེམས་དཔའ་ཨི་དཀྱིལ་དཀྲུང་གིས་བཞུགས་པའོ། །འདིར་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་རྣམ་པར་སྣང་མཛད་ནི་ཆོས་དབྱིངས་ཡང་དག ་པར་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་བདག་ལྟ་བུའི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་མི་བསྐྱོད་པ་ལ་སོགས་པའི་དེ་བ་བཞིའི་རིགས་ཀྱི་བདག་ཉིད་ནི་རྣམ་པར་སྣང་མཛད་དང། ་རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་དང། སྒེག་མོ་དང་བདུག་སྤོས་མ་དང་བྱམས་པ་ལ་སོགས་པ་བཞི་དང། རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་རྣམས་ནི་མི་བསྐྱོད་པའོ། །རྡོ་རྗེ་རིན་ཆེན་མ་དང་རྡོ་རྗེ་རིན་ཆེན་མ ་ལ་སོགས་པ་བཞི་དང། དྲང་བ་མ་དང། མེ་ཏོག་མ་དང། སྤོས་ཀྱི་གླང་པོ་ལ་སོགས་པ་བཞི་དང། རྡོ་རྗེ་ཞགས་པ་མ་རྣམས་ནི་རིན་ཆེན་འབྱུང་ལྡན་ནོ། །ཆོས་ཀྱི་རྡོ་རྗེ་མ་དང། རྡོ་རྗེ་ཆོས་མ་ལ་སོགས་པ་བཞི་དང། གླུ་མ་དང། མར་མེ ་མ་དང། འོད་དཔག་མེད་ལ་སོགས་པ་བཞི་དང། རྡོ་རྗེ་ལྕགས་སྒྲོག་མ་ལ་སོགས་པ་རྣམས་ནི་སྣང་བ་མཛའ་ཡས་སོ། །རྡོ་རྗེ་ལས་མ་དང། ལས་ཀྱི་རྡོ་རྗེ་ལ་སོགས་པ་བཞི་དང། གར་མ་དང། དྲི་མ་དང། རྡོ་རྗེ་སྙིང་པོ་ལ ་སོགས་པ་བཞི་དང། རྡོ་རྗེ་འབེབས་པ་བཞི་དང་རྡོ་རྗེ་དྲིལ་བུ་མ་ལ་སོགས་པ་རྣམས་ཀྱི་དོན་ཡོད་གྲུབ་པའོ། །ནང་གི་གཞལ་ཡས་ཁང་གི་སྒོ་རྣམས་ལ་ཡང་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་སྒོ་སྐྱོང་མ་རྣམ་པ་བཞི་བསྒོམ་པར་བྱའོ་ཞེས་ཟེར་བ ་ཡང་ཡོད་དོ། །རྣམ་པར་སྣང་མཛད་ཀྱི་ཐུགས་ཁའི་ས་བོན་ནི་ཨ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་རི་ཧཱུཾ་ཞེས་པ་ནི་སྙིང་པོའོ། །འོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་འདི་ནི་རྡོ་རྗེ་གནོད་སྦྱིན་གྱི་ལས་ཐམས་ཅད་པའི་སྔགས་སོ། །རྡོ་རྗེ་རྩེ་མོ་ལ་སོགས ་པའི་རྒྱུད་རྣམས་ལས་རྣམ་པ་གཞན་གྱི་སྐྱང་ལྷ་རྣམས་ཀྱི་ཁྱད་པར་གསུང་སྟེ། དེ་ནི་བརྗོད་ཀྱིས་མི་ལང་བས་འདིར་མ་བཤད་དོ།། །།འཇམ་པའི་རྡོ་རྗེའི་དལ་ལྷ་བཞི་བཅུ་རྩ་གསུམ་གྱི་བདག་ཉིད་ལ། རྡོ་རྗེ་གུར་ལ་སོགས་པ ་ནས་གཞལ་ཡས་ཁང་གི་བར་དུ་གོང་དུ་བཤད་པའི་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་གྱི་རང་བཞིན་ནོ། །འདི་ནི་ཁྱད་བར་དུ་ཁྲོ་བོ་རྣམས་ཀྱི་ནི་ཕྱིས་འཆད་འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་པའི་གཟུགས་ཅན་ནོ། །ཞེས་བྱ་བའི་ཚུལ་ཀྱང་ཡོད་དོ། །ཡང་རྡོ་རྗེ ་གུར་གྱི་ནང་དང་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨའི་ཟེའུ་འབྲུ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་ཞེས་པ་ནི་ལུགས་གཉིས་པའོ། །ཕྱོགས་གཉིས་ཀ་ལ་ཡང་མཆོད་བརྟེན་དཀར་པོའི་ནང་དུ་གཞལ་ཡས་ཁང། ་དེའི་ལྟེ་བ་ལ་སེང་གེའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་སེམས་དཔའ་ཨི་དཀྱིལ?་ཀྲུང་གིས་བཞུགས་པ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་འཇམ་པའི་རྡོ་རྗེ་ནི་སྐུ་མདོག་གསེར་བཅོམ་ལྟ་བུའི་ཡིད་དུ་འོང་ཞིང་བལྟ་ན ་སྡུག་པ་དང། མེ་ཏོག་སྣ་ཚོགས་དང་ལྡན་པའི་གཙུག་ཕུད་ཀྱིས་རྣམ་བར་བརྒྱན་རྩ་བ་དང་གཡས་དང་གཡོན་གྱི་ཞལ། སེར་པོ་དང་དམར་པོ་དང་དཀར་པོའོ། །ཕྱག་དྲུག་པའི་གཡས་པ་རྣམས་ཀྱིས་རལ་གྲི་དང། མཆོད་སྦྱིན་དང། མངའ་འོ།། ་གཡོན་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང། ཆུ་སྐྱེས་སྔོན་པོ་དང། གཞུ་འཛིན་པའོ། །བདག་ཉིད་ལྟ་བུའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པར་འཇུག་པའོ། །ཤར་གྱི་ལེའུ་ཚེ་ལ་གླང་པོ་ཆེའི་དབང་བའི་སྟེང?་དུ་སྣ ་ཚོགས་པདྨ་དང་ཉི་མ་ལ་མི་བསྐྱོད་པ་འགྱིང་བའི་སྟངས་ཀྱིས་བཞུགས་པའོ། །རྩ་བ་དང་གཡས་དང་གཡོན་གྱི་ཞལ་སྔོན་པོ་དང་དཀར་པོ་དང་དམར་པོའོ། ཕྱག་བརྒྱད་པའི་གཡས་པའི་གུང་མོས་སྙིང་ཁར་རྡོ་རྗེ་གྱེན་ལ་བསྒྲེང་བ། གཡོན་པས་རྡོ ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་སྐུར་བརྟེན་པའོ། །གཞན་གཡས་པ་རྣམས་ཀྱིས་རལ་གྲི་དང། ལྕགས་ཀྱུ་དང། མངའ་འཛིན་པ། གཡོན་པ་རྣམས་ཀྱིས་བུམ་པ་དང། ཞགས་པ་དང། གཞུ་འཛིན་པའོ། །ལྷོའི་ཕྱོགས་ཀྱི་རྟའི་སྟེང་དུ་ཆུ་སྐྱེས་དང་ཉི་མ ་ལ་རིན་ཆེན་འབྱུང་ལྡན་སེམས་དཔའ་ཨི་དཀྱིལ་དཀྲུང་གིས་བཞུགས་པ། སེར་པོ། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ། སེར་པོ་དང་སྔོན་པོ་དང་དཀར་པོའོ། ཕྱག་དྲུག་པ། དང་པོའི་ཕྱག་གཉིས་ཀྱིས་མཉམ་པར་བཞག་པའི་ཕྱག་རྒྱ་ཅན། ་གཡས་པའི་ཕྱག་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི་འཛིན་པ། གཡོན་པ་གཉིས་ནུ་མ་དང་རྡོ་རྗེ་འཛིན་པའོ། །ནུབ་དུ་རྨ་བྱའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་གནས་པའི་སྣང་བ་མཛའ་ཡས་དཀར་པོ་སེམས ་དཔའ་ཨི་སྐྱིལ་ཀྲུང་ཅན། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ། དཀར་པོ་དང་སྔོན་པོ་དང་དམར་པོའོ། །ཕྱག་དྲུག་པ་གཡོན་པ་སྒེག་པ་དང་བཅས་པས་པདྨའི་ཡུ་བ་སྙིང་ཁར་བཟུང་སྟེ་གཡས་པས་ཁ་འབྱེད་པའོ། །གཡས་པ་གཉིས་ཀྱིས ་བསྒྲང་ཕྲེང་དང་རྡོ་རྗེ་འཛིན་པ། གཡོན་པ་གཉིས་ཀྱིས་ནུ་མ་དང་ཕྱག་ཚང་རྐུ་བའི་སྤྱི་བླུགས་འཛིན་པའོ། །བྱང་དུ་ཁྱུང་གི་སྟེང་དུ་ཆུ་སྐྱེས་དང་ཉི་མ་ལ་ངོན་ཡོད་གྲུབ་བ་དམར་པོ་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས ་པ། རྩ་བ་དང་གཡས་དང་གཡོན་གྱི་ཞལ་དམར་པོ་དང་སྔོན་པོ་དང་དཀར་པོའོ། །ཕྱག་དྲུག་པའི་དང་པོ་གཉིས་ཀྱིས་བསམ་གཏན་གྱི་ཕྱག་རྒྱ་བཅིངས་པ། གཡས་པ་གཉིས་ཀྱིས་རལ་གྲི་དང་རྡོ་རྗེ་འཛིན་པ། གཡོན་པ་གཉིས་ཀྱིས་ནུ་མ་དང ་ལྕགས་ཀྱུ་འཛིན་པའོ། །དབང་ལྡན་དུ་སྤྱན་མ་སེར་པོ་སེམས་དཔའ་ཨི་སྐྱིལ་ཀྲུང་ཅན། ཕྱག་བརྒྱད་མ། གཡས་པ་རྣམས་ཀྱིས་མཆོག་སྦྱིན་པ་དང་མི་འཇིགས་བ་དང་རྡོ་རྗེ་དང་མངའ་འཛིན་པའོ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ ་དང་བཅས་བའི་ཞགས་པ་དང་རིན་པོ་ཆེ་འབར་བ་དང་བསྒྲང་ཕྲེང་དང་གཞུ་འཛིན་པའོ། །མེའི་མཚམས་སུ་མ་མ་ཀི་སེམས་དཔའ་ཨི་དཀྱིལ་དཀྲུང་ཅན་སྔོན་མོ། །ཁྲོས་པ་དང་བཅས་པའི་གང་མོ་རྒོང་པ་དང། ཕྱག་དྲུག་པ། གཡས་པ་རྣམས་ཀྱིས་མི་འཇིགས ་པ་དང་རྡོ་རྗེ་དང་མངའ་འཛིན་བ། གཡོན་པ་རྣམས་ཀྱི་སྡིགས་མཛུབ་དང་ཞགས་པ་དང་གཞུ་འཛིན་པའོ། །བདེན་བྲལ་གྱི་མཚམས་སུ་གོས་དཀར་མོ་ཕྱག་དྲུག་པ། གཡས་པ་རྣམས་ཀྱིས་མི་འཇིགས་པ་དང་རྡོ་རྗེ་དང་མངའ་ཨོ། །གཡོན་པ ་རྣམས་ཀྱིས་པདྨ་དང་བགྲང་ཕྲེང་དང་གཞུ་འཛིན་པ། རོལ་པའི་ཚུལ་གྱིས་གནས་པའོ། རླུང་གི་མཚམས་སུ་སྒྲོལ་མ་མར་གང་ལྟ་བུའི་མདོག་ཅན། སེམས་དཔའ་ཨི་སྐྱིལ་ཀྲུང་གིས་གནས་པ། ཕྱག་དྲུག་པའི་གཡས་པ་རྣམས་ཀྱིས་མི ་འཇིགས་པ་དང་རྡོ་རྗེ་དང་མངའ་ཨོ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་ཨུང་པ་ལ་དང་གཞུ་འཛིན་པའོ། །རིམ་པ་གཉིས་པ་ལ་ནི་ཤར་ལ་སོགས་པའི་ཕྱོགས་སུ་རྡོ་རྗེ་སེམས་དཔའ་མ་དང། རྡོ་རྗེ་རིན་ཆེན་མ་དང། རྡོ་རྗེ་ཆོས་མ་དང། ལས་ཀྱི་རྡོ་རྗེ ་མ་རིམ་པ་བཞིན་དུ་སྐུ་མདོག་དང་ཕྱག་མཚན་མི་བསྐྱོད་པ་ལ་སོགས་པ་བཞིན་ནོ། །འོན་ཀྱང་ནུ་མ་བཟུང་དུ་མེད་པས་རྡོ་རྗེ་སེམས་དཔའ་མ་དང། རྡོ་རྗེ་རིན་ཆེན་མ་དང། ལས་ཀྱི་རྡོ་རྗེ་མ་རྣམས་སྡིགས་འཛུབ་འཛིན་པའོ། །ཆོས་ཀྱི་རྡོ་རྗེ་མ་ཞགས ་པ་འཛིན་པའོ། །དབང་ལྡན་དུ་ཙུ་ཎ་ཌ་དཀར་མོ་ཟླ་བའི་མདོག་ཅན་ཕྱག་ཉི་ཤུ་རྩ་དྲུག་མ་རྩ་བའི་ཕྱག་གཉིས་ཀྱིས་སྙིང་ཁར་རྩ་པའི་ཕྱག་རྒྱ་དང། གཡས་པ་རྣམས་ཀྱིས་མི་འཇིགས་པ་དང། རལ་གྲི་དང་རིན་པོ་ཆེའི་ཕྲེང་བ་དང་པི་ཙ་པུ་རི་དང། ་མངའ་དང། དགྲ་སྟ་དང། མདུང་ཐུང་དང། ཐོ་བ་དང་ལྕགས་ཀྱུ་དང། རྡོ་རྗེ་དང། བ་དང་གསུམ་གྱི་ཚུལ་དང། བགྲང་ཕྲེང་ངོ། །གཡོན་བ་རྣམས་ཀྱི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང། པདྨ་དང་སྤྱི་བླུག་དང། ཞགས་པ་དང། ་གཞུ་དང། ཤག་ཏི་དང། འཁོར་ལོ་དང། རལ་གྲི་དང། སྡིགས་མཛུབ་དང། བུམ་པ་བཟང་པོ་དང། ལྕགས་ཞགས་ལྟ་བུ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པའོ། །གོས་བཟང་པོ་གྱིན?་པ། སྟོད་གཡོགས་བཅིངས་པ ་གར་གྱི་ཉམས་དགུའི་རང་བཞིན་ཅན། རྩ་བའི་ཞལ་དཀར་པོ། གཡས་པ་སྔོན་པོ་ལྗགས་འགུལ་ཞིང་མཆེ་བ་ཅུང་ཟད་བརྩིགས་པ། གཡོན་བ་སེར་པོ་མ་མཆུ་མནན་པ། ཐལ་མོ་སྦྱར་སྟེ་མཛུབ་མོ་གཉིས་གུང་མོའི་ཚིགས་པ་གཉིས་པར ་ཟླུམ་པོའི་རྣམ་པར་སྦྱར་ཏེ། མཐེ་བོང་གཉིས་འཛུབ་མོའི་རྩར་གཞག་པར་བྱ་སྟེ། འདི་ནི་རྩ་བའི་ཕྱག་རྒྱའོ། །མེའི་མཚམས་སུ་རིན་ཆེན་སྒྲོན་མ་སེར་མོ་ཕྱག་དྲུག་མ། ཕྱག་གཉིས་ཀྱིས་སྙིང་ཁར་རིན་པོ་ཆེ་ཁ་སྦྱོར་འཛིན་པ། གཡས་པ་གཉིས ་ཀྱིས་མི་འཇིགས་པ་དང། མངའ་འཛིན་པ། གཡོན་པ་གཉིས་ཀྱིས་སྡིགས་མཛུབ་དང། གཞུ་འཛིན་པའོ། །བདེན་བྲལ་གྱི་མཚམས་སུ་ཁྲོ་གཉེར་མ་དཀར་མོ་ཕྱག་དྲུག་མ་།གཡས་པ་རྣམས་ཀྱིས་རྡོ་རྗེ་དང། དབྱུག་པ་དང། མདའའཛིན་པའོ།། ་གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་གཞུ་འཛིན་པའོ། །རླུང་གི་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་མ་ལྗང་ཁུ་ཕྱག་དྲུག་མ། གཡས་པ་རྣམས་ཀྱིས་རྡོ་རྗེ་དང། རྡོ་རྗེ་ལུ་གུ་རྒྱུད་དང་མངའ་འཛིན་པ། གཡོན་པ་རྣམས་ཀྱིས་སྡིགS ་འཛུབ་དང་ཞགས་པ་དང་གཞུ་འཛིན་པའོ། །བཅུ་གཉིས་པོ་འདི་ཕྱག་མཚན་མེད། རྣམས་ནི་རོལ་པའི་སྟབས་ཀྱིས་བཞུགས་པའོ།། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ནི་ཟླ་བའི་གདན་ལ་བཞུགས་ཤིང་ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན། རང་རང ་གི་རིགས་བདག་བཞིན་དུ་ཞལ་གསུམ་པའོ། །རིམ་པ་གསུམ་པའི་ངལ་གྱི་ཤར་གྱི་སྣམ་བུ་ལ། བྱམས་པ་གསེར་གྱི་མདོག་ལྟ་བུ་ཕྱག་དང་པོ་གཉིས་ཀྱིས་ཆོས་འཆང་ཀྱི་ཕྱག་རྒྱ་དང། གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་དང། ་གཡོན་བས་མེ་ཏོག་དང་བཅས་པའི་ནག་གེ་སར་གྱི་ཡལ་ག་འཛིན་པའོ། །འཇམ་དཔལ་དམར་པོ་ཁྱད་པར་དུ་ཤེས་རབ་མ་དང་བྲལ་བའོ། །སྤོས་ཀྱི་གླང་པོ་ལྗང་ཁུ། གཡོན་པར་བུམ་པར་གནས་པའི་གླང་པོ་ཆེའི་ལག་པ་འཛིན་པ། གཡས ་པས་མཆོག་སྦྱིན་ནོ། །ཡེ་ཤེས་རྟོག་སེར་པོ་གཡོན་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པ། གཡས་པས་མཆོག་སྦྱིན་ནོ། །ལྟོར་བཟང་སྐྱོང་སྐུ་མདོག་དམར་པོ། གཡོན་པས་རིན་པོ་ཆེ་འཛིན་པ་གཡས་པས་མཆོག་སྦྱིན་ནོ།། ་བློ་གྲོས་རྒྱ་མཚོ་དཀར་པོ་ཕྱག་གཉིས་ཀྱི་སོར་མོ་རྣམས་བསྐྱར་བས་སྦྱིན་པ་གཏེར་བའི་ཚུལ་དུ་བྱེད་པའོ། །བློ་གྲོས་མི་བཟད་པ་གསེར་གྱི་མདོག་ཅན་གཡོན་པའི་ཁུ་ཚུར་སྙིང་ཁར་བཞག་སྟེ། གཡས་པS་མཆོག་སྦྱིན་གྱི་ཕྱག་རྒྱའོ། །སྤོབས ་པ་བརྩེགས་པ་ལྗང་ཁུ་གཡས་པས་ཁུ་ཚུར་སྙིང་ཁར་མ་རེག་པར་བསྒྲེང་བ། གཡོན་པས་སེ་གོལ་ཏོག་པའོ། །ནུབ་དུ་མཐུ་ཆེན་ཐོབ་དཀར་པོ་གཡོན་པ་ཅུང་ཟད་རྒྱས་པའི་པདྨ་འཛིན་པ། གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་འཛིན་པའོ། །ངན ་སོང་ཐམས་ཅད་སྤོང་དཀར་པོ་ལག་པ་གཉིས་ཀྱིས་སྡིགས་སྤྲུག་པའི་ཚུལ་ལོ། །མྱ་ངན་དང་མུན་པ་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པའི་བློ་གྲོས་གསེར་གྱི་མདོག་ལྟ་བུ་ལག་བ་གཉིས་ཁ་སྦྱར་བས་བརྡེག་བའི་ཚུལ་ལོ། །དྲ་བ་ཅན་གྱི་འོད ་དམར་པོ་གཡོན་པས་ཨུད་པ་ལ་དང་ཉི་མའི་དལ་འཛིན་པ། གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་འཛིན་པའོ། །བྱང་དུ་ཟླ་འོད་གཞོན་ནུ་སྐུ་མདོག་ཟླ་བ་ལྟ་བུ་སྟེ། གཡོན་པས་ཨུད་པ་ལར་གནས་པའི་ཟླ་བའི་ངལ་འཛིན་པ། གཡས་པས་མཆོག་སྦྱིན་ནོ།། ་འོད་དཔག་ཏུ་མེད་པ་དམར་པོ། །ཕྱག་གཉིས་ཀྱིས་དབང་བསྐུར་བའི་བུམ་པ་འཛིན་པའོ། །ནམ་མཁའ་མཛོད་སྐུ་མདོག་སེར་པོ་གཡོན་པས་ཁུ་ཚུར་འགྱིང་བས་སྐུ་བསྟེན་པ། གཡས་པ་རྡོ་རྗེ་ནམ་མཁའ་ལ་བསྐོར་བའོ། །སྒྲིབ་པ་ཐམས་ཅད་? ་སེར་བ་སྔོན་བོའམ་དཀར་པོ། གཡོན་པ་ས་ལ་རེག་པ། གཡས་པ་ཁུ་ཚུར་གྱིས་མཐེ་བོང་དང་སྡིགས་འཛུབ་སྦྱར་ཏེ། དྲི་བའི་ཚུལ་གྱིས་གནས་པའོ། །བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་འདི་རྣམས་ནི་ཟླ་བའི་གདན་ལ་ཟླ་བའི ་རྒྱབ་ཡོལ་ཅན། སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ། སྤྱན་གསུམ་པ། རང་ཕྱོགས་ཀྱི་བདག་པོ་བཞིན་དུ་ཞལ་གསུམ་པ་ཕྱག་དྲུག་པ། ཕྱག་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱ་བྱས་པ། གཉིས་པ་གཞུ་དང་མངའ་ ་འཛིན་པ། བྱམས་པ་དང་འཇམ་དབྱངས་གཉིས་མཉམ་བཞག་གི་ཕྱག་རྒྱའོ། །འཇམ་པའི་རྡོ་རྗེ་ལ་སོགས་པའི་ལྷ་རྣམས་ཐམས་ཅད་ནི་ཁྱད་པར་དུ་གྱུར་པའི་གོས་དང་རིན་པོ་ཆེས་བརྒྱན་པ། རལ་བའི་ཐོར་ཚུགས་ཅན། འཛུམ་བག་དང་ལྡན ་པའི་ཞལ?་དང་སྒེག་པའི་རོ་དང་ལྡན་པའོ། །ཤར་གྱི་སྒོར་མ་ཏེའི་སྟེང་དུ་གཤིན་རྗེ་གཤེད་ནག་པོ་ཕྱག་དྲུག་པ། གཡས་པ་རྣམས་ཀྱིས་རལ་གྲི་དང་རྡོ་རྗེ་དང་མངའ་འཛིན་པ། གཡོན་པས་ཞགས་པ་དང་བཅས་པའི་སྡིགས་མཛུབ་གྱེན་ལ་བསྒྲེང ་བས་སྡིགས་པར་བྱེད་པ། གཡོན་པའི་གཉིས་པས་ལྷ་མོ་ལ་མཁྱུད་ནས་ནུ་མ་འཛིན་པ། ལྷ་མོའང་ཞི་བ་ཞལ་གཅིག་པ་ཕྱག་གཉིས་བ་སྐུ་མདོག་དཀར་མོ། ཕྱག་གཡོན་པས་པདྨ་དཀར་པོ་འཛིན་པ། ཕྱག་གཡས ་པས་ཡབ་ལ་མཁྱུད་པར་བྱེད་པའོ། །ཕྱག་གཡོན་པའི་གསུམ་པས་དངུལ་གྱི་གཞུ་འཛིན་པའོ། །ལྷ་མོ་མར་གད་ལྟ་བུ་ལྗང་ཁུ་ཕྱག་གཉིས་མ། གཡས་བས་ཟུད་པ་ལ་སྔོན་པོ་འཛིན་པ། ཕྱག་གཡོན་པས་ཡབ་ཀྱི་སྟེ་ལ་མཁྱུད་པའི ་ལྷ་མོ་ངེས་གཡས་ཕྱོགས་བརྒྱན་པ། ཞབས་དྲུག་པ། གསུས་བ་འཕྱད་བ། ཞལ་སྔོན་པོ་དྲུག་པ། རྩ་བའི་ཞལ་གྱིས་དགྱེས་པའི་གད་མོ་བཞད་པ། གཉིས་པ་འཇིགས་པར་བྱེད་པ། གསུམ་པའི་ཞལ་གདངས་པ། བཞི་པ ་འཇིགས་སུ་རུང་བ། ལྔ་པ་རྡོ་རྗེའི་མཆེ་བ་ཅན། དྲུག་པ་སྤྱི་བོའི་སྟེང་དུ་གནས་པ་ལྗགས་འགུལ་བའོ། །ཡང་ན་སྟེང་གི་སྔོན་པོ་ལ་རྩ་བ་ལ་སོགས་པའི་ཞལ་རྣམས་ནི་གཡས་སྐོར་གྱིས་སྔོན་པོ་དང་དཀར་པོ་དང་སེར་པོ་དང་དམར་པོ ་དང་ལྗང་ཁུ་རྣམས་སོ། །ལྷོའི་སྒོར་གཞན་གྱིས་མི་ཐུབ་པ་སེར་པོ་ནི་རྩབ་དང་གཡས་དང་གཡོན་གྱི་ཞལ་སེར་པོ་དང་ནག་པོ་དང་དཀར་པོའོ། །ཕྱག་དྲུག་པ། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་མདུད་ཐུང་དང་མངའ་འཛིན་པའོ། །གཡོན་པ ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང་གཞུ་འཛིན་པའོ། །ནུབ་ཀྱི་སྒོར་རྟ་མགྲིན་དམར་པོ་རྩ་བ་དང། གཡས་པ་དང་གཡོན་པའི་ཞལ་དམར་པོ་དང་སྔོན་པོ་དང་དཀར་པོ། ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ ་དང་བཅས་པའི་དབྱུག་པ་དང་ཀ་ན་པ་དང་མངའ་རྣམས་སོ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང་གཞུ་འཛིན་པའོ། །བྱང་སྒོར་བདུད་རྩི་འཁྱིལ་པ་སྔོན་པོ་བགེགས་ཞབས་ཀྱིས་མནན་པ། ཕྱག་དྲུག་པ། ་གཡས་པ་རྣམས་ན་རལ་གྲི་དང་དགྲ་སྟ་དང་མདའ་རྣམས་འཛིན་པ། གཡོན་བ་རྣམས་ཀྱིས་སྡིགས་འཛུབ་དང་བཅས་པའི་ཞགས་པ་དང། ནུ་མ་དང་གཞུ་འཛིན་པའོ། །དབང་ལྡན་གྱི་མཚམས་སུ་རིན་པོ་ཆེའི་རི་བོའི་སྟེང་དུ་མི་གཡོ་བ་སྔོན་པོ། ་མི་གཡོ་བ་དང་ལྡན་པ། གཡས་པ་རྣམས་ཀྱིས་རལ་གྲི་དང་ཞགས་པ་དང་མངའ་འཛིན་པའོ། །གཡོན་པ་རྣམས་ཀྱིས་སྡིགས་འཛུབ་དང་བཅས་པའི་ཞགས་པ་དང། ནུ་མ་དང་གཞུ་འཛིན་པའོ། །གཡོན་ངོས་སུ་ཕྱང་བའི་གོས་སྔོན་པོ ་གཅིག་འཛིན་པ། ཁྲག་གིས་བརླན་པས་གཡས་གཡོན་གྱིས་གནས་སུ་ལྗགས་འདྲིལ་བ། ཞལ་གདངས་པའོ། །མེའི་མཚམས་སུ་འདོད་པའི་རྒྱལ་པོ་སྔོན་པོ། ཕྱག་དྲུག་པ། ཕྱག་དང་པོ་གཉིས་ཀྱིས་བཙུན་པོ་ལ་མཁྱུད་པ། གཡས ་པ་གཉིས་ཀྱིས་རྡོ་རྗེ་དང་མངའ་དང། གཡོན་པ་གཉིས་ཀྱིས་ནུ་མ་དང་གཞུ་འཛིན་པའོ། །རྡོ་རྗེ་ཁུ་ཚུར་ཕན་ཚུན་རྒྱབ་སྦྱར་སྟེ། འཐེའུ་ཆུང་གཉིས་བསྣོལ་ནས་སྡིགས་འཛུབ་གཉིས་ཕྱིར་བཀྱེད་ནས་ཞགས་པའི་ཚུལ་དུ་བྱས་པ་ནི་འདོད་པའི ་རྒྱལ་པོའི་ཕྱག་རྒྱའོ། །བདེན་བྲལ་གྱི་མཚམས་སུ་དབྱུག་པ་སྔོན་པོ་སྐུ་མདོག་སྔོན་པོ་ཕྱག་དྲུག་པ། གཡས་པ་རྣམས་ཀྱིས་རྡོ་རྗེ་དང། དབྱུག་ཏོ་དང། མངའ་འཛིན་པ། གཡོན་པ་རྣམས་ཀྱིས་སྡིགས་འཛུབ་དང་བཅས་པའི་ཞགས་པ་དང ་ནུ་མ་དང་གཞུ་འཛིན་པའོ། །རླུང་གི་མཚམས་སུ་སྟོབས་པོ་ཆེ་སྔོན་པོ་ཕྱག་བརྒྱད་པ། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་དབྱུག་ཐོ་དང་རལ་གྲི་དང། མངའ་དང། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང ་ཐོ་བ་དང་གཞུ་འཛིན་པའོ། །དལ་གྱི་དབང་ཕྱུག་གི་སྟེང་དུ་གནོད་མཛེས་སྔོན་པོ། ཕྱག་དྲུག་པ། ཕྱག་གཉིས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་པ་།གཡས་པ་གཉིས་ཀྱིས་རལ་གྲི་དང་མདའ་དང། གཡོན་པ་གཉིས་ཀྱིས་ནུ་མ་དང ་གཞུ་འཛིན་པའོ། །འདོད་པའི་རྒྱལ་པོའི་ཕྱག་རྒྱ་དེ་ཉིད་ཀྱི་འཛུབ་མོ་གཉིས་གྱེན་དུ་བསྒྲེང་པ་ནི་གནོད་མཛེས་ཀྱི་ཕྱག་རྒྱའོ། །འོག་དུ་ས་འོག་སྔོན་པོ་ནི་ཕྱག་དྲུག་པ། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་ལྕགས་ཀྱུ་དང་མངའ་། ་གཡོན་པ་རྣམས་ཀྱིས་ནུ་མ་དང་བཅས་པའི་ཞགས་པ་དང་ཏྲི་ཤུ་ལ་དང་གཞུ་འཛིན་པའོ། །བགེགས་མཐར་བྱེད་ལ་སོགས་པ་བདུན་ནི་རྩ་བ་དང་གཡས་གཡོན་གྱི་ཞལ་གསུམ་སྔོན་པོ་དང་སེར་པོ་དང་དམར་པོའོ། །ཁྲོ་བོ་བཅུ་ཡང་ཁྲོས་པའི ་སྟང་སྟབས་ཅན། ཁྲོ་བོའི་ལྟ་བས་སྤྱན་དམར་བ་དང། རྩ་བའི་ཞལ་ཅུང་ཟད་ཆེ་བ། སྨིན་མ་ཁྲོ་གཉེར་ཞིགས་པ་དང། ཅུང་ཟད་ཀྱིས་འཛུམ་པར་བྱས་པ་དང། གཡས་པའི་ཞལ་གདངས་པ་དང། གཡོན་པས་མཆུ་མནན་པ་དང། མཆེ ་བ་བརྩིགས་པ་དང། སྟག་གི་ལྤགས་པས་གོས་དང་སྟོད་གཡོགས་བྱས་པ་དང། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། དབུ་སྐྲ་དམར་ཞིང་གྱེན་ལ་བརྫེས་བ་ཅུང་ཟད་འཁྱིལ་བ། རྨ་ར་དམར་སྐྱ་རོལ་པའི་སྟང་སྟབས་ཅན། ཕུང་སྐྱི?་སྒྲ? ་སྒྲོགས་པ། ཀླུའི་རྒྱལ་པོ་བརྒྱད་ཀྱིས་བརྒྱན་པ། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གཡས་བསྐུམ་ཞིང་གཡོན་བསྐྱང་བས་གནས་པ་སྟེ། ཁྱད་པར་དུ་གཤིན་རྗེ་གཤེད་ནི་གཡོན་བསྐུམ་ལ་གཡས་བསྐྱང་བའམ། རྡོ་རྗེ་དཀྱིལ ་ཀྲུང་གིས་བཞུགས་པའོ། །དལ་འདི་ལ་གཙུག་ཏོར་འཁོར་ལོ་བསྒྱུར་བ་གནོད་མཛེས་ཀྱི་གཟུགས་ཀྱིས་གནས་པས་ལོགས་ནས་ཁྱད་པར་དུ་མ་བཤད་དེ། དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་རྣལ་འབྱོར་རྒྱས་པ་ཉེ་བར་བསྟན་པ་ལ། ་འབྲིང་པོར་རིམ་པ་ངེས་པར་བསྟན་པ་ལའང། འཇམ་དཔལ་རྡོ་རྗེ་སྤྱི་བོའི་སྟེང་དུ་རིན་པོ་ཆེའི་རི་ལ་གནས་པའི་པདྨ་དང་ཉི་མ་ལ་རྡོ་རྗེ་ཀྱིལ?་ཀྲུང་གིས་གནས་པའི་གཙུག་ཏོར་འཁོར་ལོ་བསྒྱུར་བ་སེར་པོ་རྩ་བ་དང་གཡས་གཡོན་གྱི་ཞལ ་སེར་པོ་དང་སྔོན་པོ་དང་དཀར་པོའོ། །ཕྱག་བརྒྱད་པའི་ཕྱག་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའོ། །གཡས་པ་རྣམས་ཀྱིས་འཁོར་ལོ་དང་བསྒྲང་ཕྲེང་དང་མདའ་དང། གཡོན་པ་རྣམས་ཀྱིས་རྡོ་རྗེ་དང་ནུ་མ་དང་གཞུ་འཛིན་པའོ།། ་ཁྱད་བར་དུ་གྱུར་པའི་གོས་དང་རྒྱན་དང་རལ་པའི་ཐོར་ཅོག་གི་ཅོད་པན་དང། སྤྱན་མ་ལ་སོགས་པའི་ལྷ་མོ་བཞི་རྣམ་པར་བརྒྱན་པའོ། །ཞེས་ཕྱོགས་གཉིས་སུ་གསུངས་སོ། །དེའི་རྗེས་སུ་འདྲངས་པས་རྣལ་འབྱོར་རྒྱས་པའང་གཙུག་ཏོར་འཁོར ་ལོ་བསྒྱུར་བ་དང་དལ་གྱི་ལྷ་དང་དེའི་སྟེང་དུ་གནོད་མཛེས་རྒྱལ་པོའང་ཤེས་པར་བྱའོ། །ཞེས་པ་ལ་ལ་དག་གི་ལུགས་ཀྱིས་བཤད་དོ། །འདིར་ལྷ་བཞི་བཅུ་རྩ་གསུམ་པོ་རྣམས་ཀྱང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པའོ། །འདོད་ན་མ་བསྐྱོད་པ ་ལ་སོགས་པ་བཞི་ནི་བདག་ལྟ་བུའི་ཤེས་རབ་མ་ལ་སྙོམས་པར་ཞུགས་པའོ། །ཁྲོ་བོ་རྣམས་ཀྱིས་ཀྱང་རང་རང་དང་འདྲ་བའི་ཤེས་རབ་མ་ལ་གཡོན་ངོས་སུ་གནས་པ་ལ་བསྟན་པ་ཞེས་བྱའོ། །གཤིན་རྗེ་གཤེད་མ་གཏོགས་པ་ཁྲོ་བོ་གཞན་རྣམས ་ཤེས་རབ་མ་མེད་ཀྱང་ཤེས་རབ་མ་དེའི་ནུ་མ་འཛིན་པའི་ཚུལ་གྱིས་བདག་གི་ནུ་མ་འཛིན་པར་བསྟན་པ་ནི་གཞན་གྱི་ལུགས་སོ། །འདིར་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་འཇམ་དཔལ་རྡོ་རྗེ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག ་པོ་བདག་ལྟ་བུའི་རྡོ་རྗེ་སེམས་དང་ས་རྒྱས་བཏབ་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་མི་བསྐྱོད་པ་ལ་སོགས་པའི་དེ་བ་བཞི་དང། སྤྱན་མ་དང་ཙུན་ད་ལི་ལ་འཇམ་པའི་རྡོ་རྗེས་རྒྱས་བཏབ་པའོ། །མ་མ་ཀི་དང་རྡོ་རྗེ་སེམས་དཔའ་ ་དང་བྱམས་པ་ལ་སོགས་པ་བཞི་དང་ཁྲོ་བོ་བཅུ་ལ་མི་བསྐྱོད་པས་རྒྱས་བཏབ་པའོ། །རྡོ་རྗེ་སེམས་དཔའ་མ་དང་རིན་ཆེན་སྒྲོལ་མ་དང་བཟང་སྐྱོད་ལ་སོགས་པ་བཞི་ལ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པའི། །སྒྲོལ་མ་དང་ལས་ཀྱི་རྡོ་རྗེ་མ་དང་རྡོ་རྗེ་ལུ་གུ ་རྒྱུད་མ་དང་ཟླ་འོད་ལ་སོགས་པ་བཞི་ལ་དོན་ཡོད་གྲུབ་པས་རྒྱས་བཏབ་པའོ། །འཇམ་དཔལ་རྡོ་རྗེའི་ཐུགས་ཁའི་ས་བོན་མུཾ་མོ། །འོཾ་ཨ་ཞེས་པ་ནི་སྙིང་པོའི་སྔགས་སོ།། །།འོཾ་ཨ་མྲི་ཏ་ཀུན་ཌ་ལི་བི་ག?་ན་ཏ་ཀ་ཧཱུཾ ་ཞེས་ལས་ཐམས་ཅད་པའི་སྔགས་སོ།། །།ཆོས་ཀྱི་དམ་པ་དང་པོའི་རྒྱུད་ཆེན་པོ་ལS། །དབྱིངS་དག་གི་དབང་ཕྱུག་གི་དལ་ལ་སྔར་བཤད་མ་ཐག་པའི་དལ་བཞིན་དུ་རྡོ་རྗེ་གུར་ལ་སོགས་པ་བསྒོམ་པས་རྣམ་པར་བཞག་པའོ། །འདིར་ཁྱད་པར་དུ་གཤིན་རྗེ་གཤེད་ལ་སོཌ ་པའི་ཁྲོ་བོ་རྣམས་ནི་འཆད་པར་འགྱུར་པའི་གཟུགས་ཅན་ནོ། །མཆོད་རྟེན་ནི་འདིར་མེད་དེ་གཞལ་ཡས་ཁང་གི་ལྟེ་བར་སྣ་ཚོགས་པདྨའི་ཟེའུ་འབྲུ་ལ་གནས་པའི་སེང་གེའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་འཇམ་པའི་དབྱངས་རྡོ་རྗེ་དཀྱིལ ་དཀྲུང་དུ་གནས་པ། ཉི་མ་འཆར་ཀའི་དཀྱིལ་འཁོར་གྱི་འོད་དང་ལྡན་པའི་སྐུ་མདོག་གསེར་མདོག་ཅན། ཨིན་དྲ་ནི་ལའི་ཙུག་ཕུད་འབར་བ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང། སྣ་ཚོགས་རྡོ་རྗེའི་ཕྲེང་བ་ཅོད་པན་གྱི་སྟེང་དུ་སངས་རྒྱས་ལྔ་དང ་རིན་པོ་ཆེའི་ཅོད་པན་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་དང། ན་བཟའ་སྣ་ཚོགས་བསྣམས་པ། སྒེག་པའི་ཉམས་ཀྱིས་སྤྲས་པ། རྩ་བ་དང་གཡས་པ་དང། གཡོན་པའི་ཞལ་སེར་པོ་དང་སྔོན་པོ་དང། དམར་པོ་དང ་དཀར་པོའོ། །ཕྱག་བརྒྱད་པའི་དང་པོ་གཉིས་ཀྱིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པའོ། །གཡས་པ་རྣམས་ཀྱི་རལ་གྲི་དང་མངའ་དང་རྡོ་རྗེ་བསྣམས་པའོ། །གཡོན་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་གཞུ་དང་རྡོ་རྗེ་དྲིལ་བུ ་བསྣམས་པའོ། །ཤར་ལ་སོགས་པའི་ཕྱོགས་རྣམས་སུ་པདྨ་འདབ་མ་བརྒྱད་པ་ལ་གནས་པའི་སེང་གེའི་སྟེང་དུ་པདྨ་དང་ཟླ་བའི་དལ་ལ། གཙུག་ཏོར་ཆེན་པོ་དང། གདུགས་དཀར་པོ་དང། གཟི་བརྗིད་ཕུང་པོ་དང། གཙུག་ཏོར་རྣམ་པར ་རྒྱལ་བ་རྣམས་སོ། །དབང་ལྡན་ལ་སོགས་བའི་མཚམས་རྣམས་སུ་རྣམ་པར་འགྲོ་བ་དང། གྱེན་དུ་འཕགས་པ་དང། གྱེན་དུ་ཚེར་འཕགས་བ་དང། རྒྱལ་བའི་སྟོབས་རྣམས་སོ། །གཙུག་ཏོར་བརྒྱད་པོ་འདི་རྣམས་ནི་རྡོ་རྗེ་དཀྱིལ་དཀྲུང་པ་བཞུགས ་པ། རིན་པོ་ཆེའི་ཅོད་པན་ཅན་སྐུ་མདོག་སེར་པོ། །ཕྱག་གཉིས་པའི་གཡས་པས་འཁོར་ལོ་གྱེན་དུ་སློང་བར་བརྩོན་པ། གཡོན་པ་ནས་རྒྱབ་ངོས་ནས་རང་གི་གདན་གནང་པའོ། །དེ་ནས་ཤར་གྱི་དབུ་མིག་གི་དབུས་སུ་གླང་པོ་ཆེའི་རྒྱལ་པོའོ ་སྟེང་དུ་མི་བསྐྱོད་པའི་རྒྱལ་པོ་སྔོན་པོ་ཞལ་བཞི་པ་རྩ་བའི་ཞལ་སྔོན་པོ་ཁྲོ་བ་དང་བཅས་པ། གཡས་པའི་ཞལ་དཀར་པོ་སྒེག་པ། ནུབ་སེར་པོ་དྲག་པོའི་ཞལ་གདངས་པ། གཡོན་པ་དམར་པོ་དཔའ་བོ་མཆེ་བས་མ་མཆུ་མནན་པ། ཕྱག ་བརྒྱད་པའི་གཡས་པ་རྣམས་ཀྱིས་རལ་གྲི་དང་མདའ་དང་ལྕགས་ཀྱུ་འཛིན་པ། གཡོན་པ་རྣམས་ཀྱིས་སྡིགས་འཛུབ་དང་དྲིལ་བུ་དང་གཞུ་དང་ཞགས་པ་འཛིན་པའོ། །དེ་ལ་རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་རྒྱལ་པོ་དང། རྡོ་རྗེ་ཆགས་པ་དང། ་རྡོ་རྗེ་ལེགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །ལྷོའི་རེའུ་མིག་གི་དབུས་སུ་རྟ་མཆོག་གི་སྟེང་དུ་རིན་ཆེན་འབྱུང་ལྡན་སེར་པོ། སེར་པོ་དང་ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་བཞི་པ། ཕྱག་བརྒྱད་པའི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང ་རལ་གྲི་དང་མངའ་དང་ལྕགས་ཀྱུ་འཛིན་པ། གཡོན་རྣམས་ན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་རྡོ་རྗེ་དྲིལ་བུ་དང་ཞགས་པ་དང་གཞུ་འཛིན་པའོ། །དེ་ལ་རྡོ་རྗེ་རིན་ཆེན་དང། རྡོ་རྗེ་ཉི་མ་དང། རྡོ་རྗེ་མེ་ཏོག་དང། རྡོ་རྗེ་བཞད་པ་རྣམས་ཀྱིས ་ཁོངས་སུ་བསྐོར་བའོ། །ནུབ་ཀྱི་རེའུ་མིག་གི་དབུས་སུ་རྨ་བྱའི་སྟེང་དུ་སྣང་བ་མཛའ་ཡས་དམར་པོ་ཞལ་བཞི་པ། དམར་པོ་དང་པ་དང་གཞུ་འཛིན་པའོ། །དེ་ལ་རྡོ་རྗེ་རིན་ཆེན་དང། རྡོ་རྗེ་རྣམས་ཀྱིས། །རྡོ་རྗེ་དང་མངའ་དང་རལ་གྲི་དང། ལྕགས་ཀྱུ ་འཛིན་པའོ། །གཡོན་རྣམས་ཀྱིས་པདྨ་དང་གཞུ་དང་ཞགས་པ་དང་དྲིལ་བུ་འཛིན་པའོ། །དེ་ལ་རྡོ་རྗེ་ཆོས་དང། རྡོ་རྗེ་རྣོན་པོ་དང། རྡོ་རྗེ་སྒྱུ་དང། རྡོ་རྗེ་སྨྲ?་བ་རྣམས་ཀྱིས་བསྐོར་བའོ། །བྱང་གི་རེའུ་མིག་གི་དབུས་སུ་ཁྱུད ་གི་སྟེང་དུ་དོན་ཡོད་གྲུབ་པ་ལྗང་ཁུ། རྩ་བའི་ཞལ་ལྗང་ཁུ་མཆེ་བ་བརྩིགས་པ། གཡས་སེར་པོ་ཞི་བ། ནུབ་ཀྱི་དམར་པོ་སྒེག་པ་དང་བཅས་པ། གཡོན་གྱི་ཞལ་དཀར་པོ་ཞི་བ། ཕྱག་བརྒྱད་པའི་གཡས་པ་རྣམས་ན་རལ་གྲི་དང་རྡོ་རྗེ་དང ་མངའ་དང་ལྕགས་ཀྱུ་འཛིན་པ། གཡོན་པ་རྣམས་ཀྱིས་སྔགས་འཛུབ་དང་དྲིལ་བུ་དང་གཞུ་དང་ཞགས་པ་འཛིན་པའོ། །དེ་ལ་རྡོ་རྗེ་ལས་དང། རྡོ་རྗེ་བསུང་བ་དང། རྡོ་རྗེ་གནོད་སྦྱིན་དང། །རྡོ་རྗེ་ཁུ་ཚུར་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །མི ་བསྐྱོད་བ་ལ་སོགས་པའི་དེ་བ་རྣམས་ལ་རང་རང་གི་ཆིབས་ཀྱི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་སྐྱིལ་ཀྲུང་གི་བཞུགས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། མཛེས?་པའི་ན་བཟའ་བསྣམས་པ་རིན་པོ་ཆེའི་ཅིང་བན་ཅན་ནོ། ། ་དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཅུ་དྲུག་གི་དབང་ལྡན་ལ་སོགས་པའི་མཚམས་ལ་གནས་པའི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་གནས་པ། རྡོ་རྗེ་དབྱིངས་ཀྱི་ངལ་ཆེན་མོ་ལས་བཤད་པའི་རང་བཞིན་ཅན་རྣམས་སྟེ། འདི་དག་ལ ་ཕྱོགས་བཞིན་གནས་པའོ་ཞེས་འདོད་པའི་ལུགས་ཀྱང་ཡོད་དེ། །དབང་ལྡན་ལ་སོགས་པའི་རེའུ་མིག་ལ་གནས་པའི་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་བཞུགས་པའི་སངས་རྒྱས་སྤྱན་དང་མ་མ་ཀི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས ་ནི་སེམས་དཔའ་ཨི་སྐྱིལ་ཀྲུང་ཅན། རིམ་པ་ཇི་ལྟ་བས་འཇམ་པའི་དབྱངས་དང། མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་ལྟ་བུའོ། །ཤར་གྱི་སྒོར་རྡོ་རྗེ་ལྕགས་ཀྱུ་མ་དམར་སེར། ་ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་འཛིན་པའོ། །ཞབས་གཉིས་གཡོན་བསྐུམ་གཡས་བརྐྱང་པས་གནས་པའོ། །ལྷོ་སྒོར་རྡོ་རྗེ་ཞགས་པ་སེར་པོ་ཕྱག་གཉིས་རྡོ་རྗེ་དང་ཞགས་པ་འཛིན་པ་གཡས་བཀསུམ་གཡོན་བརྐྱང་བས་གནས ་པའོ། །ནུབ་ཀྱི་སྒོ་ལ་རྡོ་རྗེ་ལྕགས་སྒྲོག་དམར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ལྕགས་སྒྲོག་འཛིན་པ། ཞབས་གཉིས་ས་གའི་འདུག་སྟངས་སུ་གནས་པའོ། །བྱང་གི་སྒོ་ལ་རྡོ་རྗེ་དྲིལ་བུ་ལྗང་ཁུ་རྡོ་རྗེ་བསྡམས་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ ་བུ་འཛིན་པ་། ཞབས་གཉིས་སྐྱིལ་ཀྲུང་གིས་གནས་པའོ། །བཞི་པོ་འདི་དག་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཕྱག་ཉིས་པ་སྤྱན་གསུམ་པ། དབུ་སྐྲ་དམར་པོ་གྱན་དུ་བརྫེས་ཤར་སྨར་དམར་པོ་དང་ལྡན་པ། ཀླུ་ཆེན་པོ་བརྒྱད? ་ཀྱིས་བརྒྱན་པའོ།། །།དེ་ནས་ནང་གི་ངལ་ལ་ལྟོས་ནས་ངལ་གཉིས་པ་ལ། ཤར་གྱི་ཕྱོགས་ཀྱི་དབང་ལྡན་ལ་སོགས་པ་གཡས་སྐོར་དུ་རིམ་པ་ཇི་ལྟ་བ་བཞིན་དུ། ས་བཅུའི་དབང་ཕྱུག་རྣམས་ནི་ཞལ་གཅིག་ཕྱག་གཉིས་པ། གཡས ་པ་ཐམས་ཅད་རྡོ་རྗེ་འཛིན་པ། གཡོན་པས་རང་རང་གི་ཕྱག་མཚན་འཛིན་པའོ། །དེ་ལ་མོས་པ་སྦྱོད་པའི་ས་མ་ནི་པདྨ་བཞིན་དུ་དམར་པ་པདྨ་དམར་པོ་འཛིན་པའོ། །རབ་ཏུ་དགའ་མ་དམར་མོ་དཔག་བསམ་གྱི་ནོར་བུ་འཛིན་པའོ། །དྲི་མ་མེད་མ ་དཀར་པོ་ཆུ་སྐྱེས་དཀར་པོ་འཛིན་པའོ། །འོད་བྱེད་མ་ནི་དམར་པོ་སྣ་ཚོགས་པདྨ་ལ་གནས་པའི་ཉི་མའི་ངལ་འཛིན་པའོ། །འོད་འཕྲོ་མ་ནི་རིན་པོ་ཆེ་མར་གང་ལྟ་བུའི་མདོག་ལྗང་ཁུ་དམར་པོ་ཅན་ཨུད་པ་ལ་སྔོན་པོ་འཛིན་པའོ། །ས་སྤྱད་དཀའ་ ་མ་ནི་སོར་མོ་མདུན་ན་གནས་པའི་ལག་པ་གན་རྐྱལ་གྱིས་མ་ར་ག་ཏའི་ནོར་བུ་འཛིན་པའོ། །མངོན་དུ་གྱུར་པའི་ས་མ་ནི་གསེར་གྱི་མདོག་ཅན་པདྨའི་སྟེང་དུ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་ལའོ། །རིང་དུ་སོང་བ་མ ་ནི་ནམ་མཁའ་ལྟར་སྔོ་བསངས་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་འཛིན་པའོ། །མི་གཡོ་མ་ནི་སྟོན་ཀའི་ཟླ་བའི་མདོག་ཅན་ཟླ་བ་ལ་གནས་པའི་ལག་པ་གན་རྐྱལ་གྱིས་མར་ག་ཏའི་རྡོ་རྗེ་རྩེ་ལྔ་པ་དམར་པོས ་མཚན་པའི་པདྨ་དམར་པོའི་ཡུ་བ?་འགྱིང་བག་དང་བཅས་པས་འཛིན་པའོ། །ལེགས་པའི་བློ་གྲོས་མ་ནིང་ཀར་མོ་རལ་གྲིས་མཚན་པའི་ཨུད་པ་ལ་འཛིན་པའོ། །ཆོས་ཀྱི་སྤྲིན་མ་སེར་མོ་ཆོས་ཀྱི་སྤྲིན་གྱིས་ཡོངས་སུ་བསྐོར་བའི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པའོ། །ཀུན་ཏུ་འོད་མ་ནི་ཉི་མ་ཕྱད་པའི་ཉི་མའི་མདོག་ཅན་པདྨའི་སྟེང་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཚོན་པར་བྱེད་པའི་བདེ་བར་གཤེགས་པའི་སྐུ་འཛིན་པའོ། །མེའི་མཚམས་ནས་བརྩམས་ནས ་ལྷོའི་ཕྱོགས་སུ་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་ནི། ཕྱག་གཉིས་མ། གཡས་ཐམས་ཅད་ཀྱིས་ཡིད་བཞིན་གྱི་ནོར་བུ་འཛིན་པ། གཡོན་པས་རང་རང་གི་ཕྱག་མཚན་འཛིན་པའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁྱད་པར་ཕྱག་གཉིས ་ལྷག་པས་བཞི་པའོ། །དེ་ལ་རིན་པོ་ཆེ་པདྨའི་ཕ་རོལ་ཏུ་ཕྱིན་པ་ནི་དམར་པོ་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དཀར་དམར་གྱི་མདོག་ཅན་འབྲས་སོ་བ་སྣ་ཚོགས་ཀྱི་སྙེ་མ ་འཛིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་ཡལ་ག་དང་བཅས་པའི་མེ་ཏོག་གི་སྡོང་པོ་འཛིན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་མ་ནི་སེར་མ་ཆུ་སྐྱེས་དཀར་པོ་འཛིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་མ་མ་ར་ག་ཏ་ལྟ ་བུའི་མདོག་ཅན་ཡུད་པ་ལ་སྔོན་པོ་འཛིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་མ་ནི་ནམ་མཁའ་ལྟར་སྔོ་པ་སངས་པདྨ་དཀར་པོ་འཛིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གསེར་གྱི་མདོག་ལྟར་ཡིད་དུ་འོང་བ་པདྨ་ལ་གནས་པའི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པའོ། །ཕྱག་ལྷག་མ་གཉིས་ཀྱིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པའོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་མེ་ཏོག་པྲི་ཡང་ཀུའི་མདོག་ལྟར་ལྗང་ཁུ་པདྨ་སེར་པོ་ལ་གནས་པའི་རྡོ་རྗེ་འཛིན་པའོ། །སྨོན་ལམ ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་སྟོན་མོ་ཨུད་པ་ལ་ལྟ་བུའི་མདོག་ཅན་ཨུད་པ་ལ་སྔོན་པོ་ལ་གནས་པའི་རལ་གི་འཛིན་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་མ་དམར་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤོ་ཏི་འཛིན་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་མ ་དཀར་མོ་རིན་པོ་ཆེ་ཐ་དད་ཀྱི་འབྲས་བུ་ཅན་བྱང་ཆུབ་ཀྱི་ཤིང་གི་ཡལ་ག་འཛིན་པའོ་།རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་སྐུ་མདོག་སྣ་ཚོགས་མུད་པ་ལ་སྔོན་པོ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་འཛིན་པའོ། །ནུབ་ནས་པ་ཐམས་ནས་ནུབ་ཏུ? ་དབང་བཅུའི་ལྷ་མོ་ཕྱག་གཉིས་པ། གཡས་པ་རྣམས་ཀྱིས་པདྨ་འཛིན་ཅིང་གཡོན་པ་རྣམས་འགྱིང་བ་དང་བཅས་པས་རང་རང་གི་ཕྱག་མཚན་འཛིན་པ་སྟེ། ཚེ་ལ་དབང་བ་དཀར་མོ་ནི་དཀར་དམར་གྱི་མདོག་ཅན་ནོར་བུ་པདྨ་ར་ག་ལ་གནས་པའི ་སྣང་བ་མཛའ་ཡས་ཀྱི་སྐུ་འཛིན་པའོ། །སེམས་ལ་དབང་བ་མ་ནི་དཀར་མོ་རྡོ་རྗེ་དམར་པོ་རྩེ་ལྔ་པ་འཛིན་པའོ། །ཡོ་བྱང་ལ་དབང་བ་མ་ནི་སེར་མོ་ཡིད་བཞིན་གྱི་ནོར་བུ་འཛིན་པའོ། །ལས་ལ་དབང་བ་ལྗང་ཁུ་སྣ་ཚོགས་རྡོ་རྗེ་འཛིན་པའོ། །སྐྱེ་བ་ལ ་དབང་བ་མི་སྐུ་མདོག་སྣ་ཚོགས་ཁ་དོག་སྣ་ཚོགས་པའི་ཁྲི་ཤིང་འཛིན་པའོ། །རྫུ་འཕྲུལ་ལ་དབང་བ་མོ་ནམ་མཁའ་ལྟར་སྔོ་བ་སངས་པདྨ་ལ་གནས་པའི་ཉི་མ་དང་ཟླ་བའི་ངལ་འཛིན་པའོ། །མོས་པ་ལ་དབང་བ་མ་ནི་པདྨའི་རྩ་བ་ལྟར་དཀར་བ་བྲི?་ཡང? ་ཀུའི་མེ་ཏོག་གི་སྙེ་མ་འཛིན་པའོ། །སྨོན་ལམ་ལ་དབང་བ་སེར་མོ་ཨུད་པ་ལ་སྔོན་པོ་འཛིན་པའོ། །ཡེ་ཤེས་ལ་དབང་བ་མོ་ནི་སྔོན་མོ་ཨུད་པ་ལ་གནས་པའི་རལ་གྲི་འཛིན་པའོ། །ཆོས་ལ་དབང་བ་མ་ནི་སྐུ་མདོག་དམར་མོ་པདྨ་ལ་གནས་པའི་བུལ? ་པ་འཛིན་པའོ། །དེ་བཞིན་ཉིད་མ་དཀར་མོ་ཕྱག་གཡས་པས་པདྨ་དཀར་པོ་འཛིན་པ། གཡོན་པས་རྡོ་རྗེ་རིན་པོ་ཆེའི་སྙེ་མ་འཛིན་པའོ། །སངས་རྒྱས་བྱང་ཆུབ་མ་ནི་གསེར་ཞུན་མ་ལྟ་བུའི་མདོག་ཅན། ཕྱག་གཡས་པས་པདྨ ་སེར་མོ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་འཛིན་པ་།གཡོན་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱི་སྟེང་དུ་འཁོར་ལོ་འཛིན་པའོ། །བྱང་དུ་གཟུངས་མ་བཅུ་གཉིས་ནི། ཕྱག་གཉིས་པ། གཡས་པ་རྣམས་ཀྱིས་སྣ་ཚོགས་རྡོ་རྗེ་།གཡོན ་པས་འགྱིང་པ་དང་བཅས་པའི་རང་གི་ཕྱག་མཚན་འཛིན་པའོ། །དེ་ལ་ནོར་རྒྱུན་མ་སེར་མོ་སོ་བའི་སྙེ་མ་འཛིན་པའོ། །རིན་པོ་ཆེའི་སྒྲོན་མ་དམར་མོ་ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་འཛིན་པའོ། །གཙུག་ཏོར་རྣམ་པར་རྒྱལ་མ་ནི་སྐུ་མདོག ་དཀར་མོ་ནོར་བུ་ཆུ་ཤེལ་གྱི་བུམ་པ་འཛིན་པའོ། །འོད་ཟེར་ཅན་མ་དམར་སེར་སྐུད་པ་དང་བཅས་པའི་ཁབ་འཛིན་པའོ། །རི་ཁྲོད་མ་ནི་ལྗང་ཁུ་རྨ་བྱའི་མདོངས་འཛིན་པའོ། །དུག་སེལ་མ་ནི་དཀར་མོ་དུག་གི་མེ་ཏོག་གི་སྙེ་མ་འཛིན་པའོ། །མཛའ་ ་ཡས་པའི་ཞལ་མ་མེ་ཏོག་པྲི་ཡང་ཀུ་ལྗང་ཁུ་ལྟ་བུ་ཆུ་སྐྱེས་དམར་པོ་ལ་གནས་པའི་མི་ཟད་པའི་གཏེར་ཆེན་པོའི་བུམ་པ་འཛིན་པའོ། །ཙུན་དྷ་མ་དཀར་མོ་སྦྱི་བླུགས་ལ་འཕྱང་བའི་བཟླས་པའི་ཕྲེང་བ་འཛིན་པའོ། །ཤེས་རབ་མ་དཀར ་མོ་ཨུད་པ་ལ་སྔོན་མོ་ལ་གནས་པའི་རལ་གྲི་འཛིན་པའོ། །ལས་ཐམས་ཅད་ཀྱི་སྒྲིབ་པ་རྣམ་པར་སེལ་མ་ལྗང་ཁུ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་པདྨ་དམར་སྐྱེ་འཛིན་པའོ། །ཡེ་ཤེས་མི་བཟང་པའི་ཟ་མ་ཏོག་དམར་པོ་རིན་པོ་ཆེའི་ཟ ་མ་ཏོག་འཛིན་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་མཛོད་མ་ནི་སེར་མོ་པདྨ་ལ་གནས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་སྣོད་འཛིན་པའོ། །ཤར་ཕྱོགས་ཀྱི་སྒོར་ཆོས་སོ་སོར་ཡང་དག་པར་རིག་མ་སྐུ་མདོག་དམར་སྐྱ་ཕྱག་གཉིས་ཀྱིས ་རྡོ་རྗེ་ལྕགས་ཀྱུ་འཛིན་པའོ། །ལྷོ་ཕྱོགས་ཀྱི་སྒོར་དོན་སོ་སོར་ཡང་དག་པར་རིག་མ་མ་ར་ག་ཏ་ལྟ་བུའི་མདོག་ཅན་ཕྱག་གཉིས་རིན་པོ་ཆེའི་ཞགས་པ་འཛིན་པའོ། །ནུབ་ཀྱི་སྒོར་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ་དམར་མོ་ཕྱག་གཉིས ་ན་པདྨས་མཚན་པའི་ལྕགས་སྒྲོག་འཛིན་པའོ། །བྱང་གི་སྒོར་སྤོབས་པ་སོ་སོར་ཡང་དག་པར་རིག་མ་མ་ར་ག་ཏ་ལྟ་བུ་ལྗང་ཁུ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དྲིལ་བུ་འཛིན་པའོ། །མེའི་མཚམས་སུ་སྒེག་མོ་སེར་མོ་སྒེག་པ་དང ་བཅས་པའི་ཕྱག་གཉིས་རྡོ་རྗེ་གཉིས་འཛིན་པའོ། །བདེན་བྲལ་གྱི་མཚམས་སུ་ཕྲེང་བ་མ་དམར་སེར་ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །རླུང་གི་མཚམས་གླུ་མ་དམར་མོ་ཕྱག་གཉིས་ཀྱིས་ཏམ་བུ་པའི་སྒྲ་བསྐྱེད?་པའོ། །བཅོམ?་ལྡན ་ཀྱི་མཚམས་སུ་གར་མ་ལྗང་ཁུ་ཕྱག་གཉིས་རྡོ་རྗེ་རྩེ་གསུམ་པ་དང་དྲིལ་བུ་འཛིན་པའི་གར་རོ། །མོས་པ་སྤྱོད་པ་ལ་སོགས་པའི་ལྷ་མོ་འདི་རྣམས་ཐམས་ཅད་རིན་པོ་ཆེའི་རྒྱན་སྣ་ཚོགས་དང། སིང་སིང་གི་སྒྲ་རིན་པོ་ཆེའི་ཅོད་པན་སྣ་ཚོགས་དང ་ལྡན་པ། ཅུང་ཟད་འཇུམ་བག་ཅན་སྒེག་པའི་ཉམས་དང་ལྡན་པ། སྣ་ཚོགས་པདྨ་དང་ཟླ་བའི་དལ་ལ་སེམས་དཔའ་ཨི་དཀྱིལ་དཀྲུང་གིས་བཞུགས་པ་སྟེ་། ཁྱད་པར་དུ་སྒོ་སྐྱོད་མ་རྣམས་ནི་ཉི་མའི་དལ་ལ་བཞུགས་པ་ཡིན་ནོ། །དེ་དག་ལའང ་གཞན་དག་ནི་ཟླ་བའི་དལ་ལ་གནས་པ་ཞེས་ཟེར་རོ། །དལ་གསུམ་པ་ལ་དབང་ལྡན་ནས་བརྩམས་སྟེ་བྱང་ཆུབ་སེམས་དཔའ་རྣམས་སོ། །དེའང་ཤར་ཕྱོགས་ཀྱི་སྣམ་བུ་ལ་ཀུན་ཏུ་བཟང་པོ་སེར་པོ་ཕྱག་གཡས་པས་མཆོད་སྦྱིན་གྱི་ཕྱག་རྒྱ་དང། ་གཡོན་པས་ཨུད་པ་ལ་ལ་གནས་པའི་རལ་གྲི་འཛིན་པའོ། །བློ་གྲོས་མི་བཟད་པ་སེར་པོ་གཡས་པས་རལ་གྲི་དང། གཡོན་པས་མི་འཇིགས་པའི་ཕྱག་རྒྱས་སྤྱི་བླུགས་ཀྱི་བུམ་པའི་འཛིན་པའོ། །སའི་སྙིང་པོ་སེར་པོ་གཡས་པས་ས་གནོན ་མཛད་པ་དང། གཡོན་པས་པདྨ་ལ་གནས་པའི་དཔག་བསམ་གྱི་ཤིང་འཛིན་པའོ། །ནམ་མཁའ་ཨི་སྙིང་པོ་ལྗང་ཁུ་གཡས་པས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་པ་དང། གཡོན་པས་ཡིད་སྦྱིན་གྱི་ནོར་བུ་འཛིན་པའོ། །ལྷོ ་ཕྱོགས་ཀྱི་སྣམ་བུ་ལ་ནམ་མཁའ་མཛོད་སེར་པོ་གཡས་པས་ཡིད་བཞིན་གྱི་ནོར་བུ་འཛིན་པ་དང། གཡོན་པས་བུམ་པ་བཟང་པོ་འཕྱང་བའི་དཔག་བསམ་གྱི་ཤིང་འཛིན་པའོ། །ཕྱག་ན་རིན་པོ་ཆེ་ནི་ལྗང་ཁུ་གཡས་པས་རིན་པོ་ཆེ་དང། གཡོན་པས ་པདྨ་ལ་གནས་པའི་ཟླ་བའི་ངལ་འཛིན་པའོ། །བློ་གྲོས་རྒྱ་མཚོ་དཀར་པོ་གཡས་པས་དུང་དང། གཡོན་པས་རྡོ་རྗེ་རལ་གྲི་འཛིན་པའོ། །རྡོ་རྗེ་སྙིང་པོ་ནི་ཨུད་པ་ལ་སྔོན་པོ་ལྟ་བུའི་མདོག་ཅན་གཡས་པས་རྡོ་རྗེ་དང། གཡོན་པས་ས་བཅའ་ཨི་མདོའི་ངོ་བོ? ་འཛིན་པའོ། །ནུབ་དུ་སྤྱན་རས་གཟིགས་དབང་ཕྱུག་དཀར་པོ་གཡས་པས་མཆོད་སྦྱིན་གྱི་ཕྱག་རྒྱ་དང། གཡོན་པས་ཆུ་སྐྱེས་དཀར་པོ་འཛིན་པའོ། །མཐུ་ཆེན་ཐོབ་སེར་པོ་གཡས་པས་རལ་གྲི་དང། གཡོན་པས་པདྨ་འཛིན་པའོ། །ཟླ་འོད ་གཞོན་ནུ་དཀར་པོ་གཡས་པས་རྡོ་རྗེ་འཁོར་ལོ། གཡོན་པས་ཟླ་བས་མཚན་པའི་པདྨ་འཛིན་པའོ། །དྲ་བ་ཅན་གྱི་འོད་དམར་སྐྱ་གཡས་པས་རལ་གྲི། གཡོན་པས་པདྨ་ཉི་མས་མཚན་པ་འཛིན་པའོ། །བྱང་དུ་འོད་དཔག་མེད་དཀར་པོ་གཡས ་པས་སྣ་ཚོགས་པདྨ་དང། གཡོན་པས་པདྨ་ལ་གནས་པའི་བུམ་པ་འཛིན་པའོ། །སྤོབས་པ་བརྩེགས་པ་སེར་པོ་གཡས་སེ་གོལ་དང། གཡོན་པས་པདྨ་ལ་གནས་པའི་རལ་གྲི་འཛིན་པའོ། །མྱ་ངན་གྱི་མུན་པ་ཐམས་ཅད་རྣམ་པར་འཇོམས ་པའི་བློ་གྲོས་གུར་གུམ་ལྟ་བུ་གཡས་པས་རྡོ་རྗེ་རྩེ་ལྔ་པ། གཡོན་པས་ཤག་ཏི་འཛིན་པའོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྔོན་པོ་གཡས་པས་རལ་གྲི་དང། གཡོན་པས་སྣ་ཚོགས་རྡོ་རྗེ་མཚན་པའི་པདྨ་འཛིན་པའོ། །བཅུ་དྲུག ་པོ་འདི་རྣམས་ནི་སྣ་ཚོགས་པདྨ་དང་ཟླ་བའི་དལ་ལ་སེམས་དཔའ་ཨི་དཀྱིལ་དཀྲུང་གིས་བཞུགས་པ། རིན་པོ་ཆེའི་ཅོད་པན་ཅན། རིན་པོ་ཆེ་སྣ་ཚོགས་དང། གོས་སྣ་ཚོགས་ཀྱིས་བརྒྱན་པ། ཞལ་གཅིག་པ། ཕྱག་གཉིས་པའོ། །ཤར་སྒོར་མ་ཧེའི ་སྟེང་དུ་གཤིན་རྗེ་གཤེད་ནག་པོ། གསུས་པ་འཕྱང་བ། ཞལ་དྲུག་པ། ཞབས་དྲུག་པ། ཕྱག་དྲུག་གིས་གཡས་པ་རྣམས་ཀྱིས་ལྕགས་ཀྱུ་དང་རལ་གྲི་དང་མདའའཛིན་པ། གཡོན་པ་རྣམས་ཀྱིས་སྡིགས་འཛུབ་དང་བཅས་པའི་ཞགས་པ་? ་བུ་དང་གཞུ་འཛིན་པའོ། །ཞལ་དང་ཞབས་གཉིས་ཀྱི་བྱེ་བྲག་གོང་བཞིན་ནོ། །ལྷོ་ཕྱོགས་ཀྱི་སྒོར་ཤེས་རབ་མཐར་བྱེད་སེར་པོ་ཞལ་བཞི་པའི་རྩ་ཞལ་སྒེག་པ། གཡས་གདངས་པ། ནུབ་ཀྱི་དྲག་པོ། གཡོན་ཞི་བའོ། །ཡང་ན་འདི་དང་? ་ཞལ་རིམ་པ་ཇི་ལྟ་བར་སེར་པོ་དང། སྔོན་པོ་དང། དམར་པོ་དང། ལྗང་ཁུ་རྣམས་སོ། །ཡང་ན་ཕྱག་བརྒྱད་པ་སྟེ། གཡས་པ་རྣམས་ནི་ཞགས་པ་དང། རྡོ་རྗེ་དང་རལ་གྲི་དང་མདའའཛིན་པ། གཡོན་པ་རྣམས་ཀྱིས་སྙིང་ཁར་ལྕགས་གྱུ?་དང ་རྡོ་རྗེ་དྲིལ་བུ་དང་ཤག་ཏི་དང་གཞུ་འཛིན་པའོ་།ནུབ་དུ་པདྨ་མཐར་བྱེད་ཞལ་བཞི་པ་དམར་བ་རྩ་བ་དང་གཡས་དང་རྒྱབ་དང་གཡོན་པའི་ཞལ་རྣམས་ནི་སྒེག་པ་དང་དྲག་པོ་དང་བཞད་པ་དང་ཞི་བའི་ཉམས་དང་ལྡན་པའོ། །ཡང་འདི་རྣམས ་ནི་དམར་པོ་དང་ནག་པོ་དང་སེར་པོ་དང་དཀར་པོ་རྣམས་སོ། །ཕྱག་བརྒྱད་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་ལྕགས་སྒྲོག་དང། ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་མདའའཛིན་པའོ། །གཡོན་པ་རྣམས་ན་དྲིལ་བུ་དང་སྡིགས་འཛུབ ་དང་བཅས་པའི་ཞགས་པ་དང་གཞུ་འཛིན་པའོ། །འདི་དག་གསུམ་པོ་ནི་རོལ་པའི་སྟངས་ཀྱིས་གནས་པའོ། །བྱང་དུ་བགེགས་མཐར་བྱད་གསྔོན་པོ་ཞལ་བཞི་པ། སྔོན་པོའམ། ཡང་ན་ཞལ་དེ་དག་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་ཁུ་ ་རྣམས་སྟེ། ཕྱག་བརྒྱད་པའི་གཉིས་ཀྱིས་རྡོ་རྗེ་གདམས་པའི་ཚུལ་གྱིས་རྡོ་རྗེ་དང། དྲིལ་བུ་དང། གཡས་པ་རྣམས་ན་རལ་གྲི་དང་མདའ་དང་ལྕགས་ཀྱུ་དང། གཡོན་པ་རྣམས་ན་སྡིགས་མཛུབ་ཞགས་པ་དང་བཅས་པ ་དང་གཞུ་དང་དྲིལ་བུ་འཛིན་པའོ། །ཚོགས་ཀྱི་བདག་པོའི་སྟེང་དུ་གཡོན་བསྐྱང་བ་དང་གཡས་བསྐུམ་པས་མནན་ནས་བཞུགས་པའོ། །དབང་ལྡན་གྱི་མཚམས་སུ་ལོག་གསུམ་ལས་རྣམ་པར་རྒྱལ་བ་སྔོན་པོ་ཞལ་བཞི་པ་།རྩ་བའི་ཞལ་ཁྲོས ་པ་དང་བཅས་པས་སྒེག་པ། གཡས་དྲག་པོ་རྒྱབ་ཀྱི་ཞལ་དཔའ་བ། གཡོན་འཇིགས་པའོ། །ཡང་ན་འདི་དག་ཀྱང་སྔོན་པོ་དང། སེར་པོ་དང། དམར་པོ་དང་དཀར་པོ་རྣམས་སོ། །ཕྱག་བརྒྱད་པའི་ཕྱག་གཉིས་ཀྱིས་རྡོ་རྡོ་རྗེ་དྲིལ་བུ་ཐུགས ་ཁར་བཟུང་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་མཛད་པ། གཡས་པས་ནི་རལ་གྲི་དང་ལྕགས་ཀྱུ་དང་མངའ་བསྣམས་པ། གཡོན་པ་རྣམས་རྡོ་རྗེ་དང་ཞགས་པ་དང་གཞུ་འཛིན་པའོ། །ཞབས་གཡས་བསྐུམ་པས་དབང་ཕྱུག་ཆེན་པོའི་དབུ་མནན ་པ། གཡོན་བསྐྱེད་པས་ཨུ་མའི་ནུ་མ་མནན་པའོ། །མེའི་མཚམས་སུ་རྡོ་རྗེ་འབར་བའི་ཉི་མ་ནག་པོ་སྒེག་པ་དང་དཔའ་བ་དང་འཇིགས་པ་དང་སྙིང་རྗེའི་ང་རོ་དང་ལྡན་པའི་ཞལ་བཞི་ནག་པོའོ། །ཡང་ན་འདི་དག་ནི་སྔོན་པོ་དང་དཀར་པོ་དང་སེར་པོ་དང ་དམར་པོའོ། །འདིའི་ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་མདའ་དང་འཁོར་ལོ་འཛིན་པའོ། །གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཞགས་པ་དང་གཞུ་དང་ཁ་ཊཝཾ་ག་དང་འབྲེལ་པའི་བ་དན་འཛིན་པའོ། །ཞབས་གཉིས་གཡོན།། ་བསྐུམ་གཡས་བསྐྱད་བས་ཁྱབ་འཇུག་ཆུང་མ་དང་བཅས་པ་མནན་ནས་བཞུགས་པའོ། །བདེན་བྲལ་གྱི་མཚམས་སུ་རྡོ་རྗེ་ཧེ་རུ་ཀ་སྔོན་པོ་ཞལ་བཞི་པ། རྩ་བའི་ཞལ་དྲག་པོ། གཡས་རབ་ཏུ་དགའ་བར་བྱེད་པས་མྱོས་པ། རྒྱབ་རྔམ་པ། གཡོན ་སྒེག་པ་དང་བཅས་པའོ། །ཡང་ན་འདི་དག་ནི་སྔོན་པོ་དང་དམར་པོ་དང་ལྗང་ཁུ་དང་དཀར་པོའོ། །འདིའི་ཕྱག་བརྒྱད་ཀྱིས་གཡས་པ་རྣམས་ཀྱིས་རྡོ་རྗེ་རྩེ་ལྔ་པ་དང་རལ་གྲི་དང་མངའ་དང་ཁྲག་གིས་བསྐང་པའི་ཐོད་པའོ། །གཡོན་པ་རྣམས་ཀྱིས ་སྙིང་ཁར་པདྨ་ཁ་འབྱེད་པ་དང་གཞུ་དང་དྲིལ་བུ་དང་བ་དན་དང་བཅས་པའི་ཁ་ཊཝཾ་ག་འཛིན་པའོ། །ཕྱག་གཉིས་ཀྱིས་འཇིགས་བྱེད་ཀྱི་ལྤགས་བ་རླུང་གི་གོས་བཞིན་དུ་འཛིན་པའོ། །འདི་ནི་ཆུང་མ་དང་བཅས་པའི་ཚངས་པ་ལ་གཡས་བསྐུམ ་གཡོན་བསྐྱང་བས་གནས་པའོ། །རླུང་གི་མཚམས་སུ་རྟ་མཆོག་ལྗང་ཁུ། ཞལ་བཞི་ཡང་ལྗང་ཁུ་།རྩ་བའི་ཞལ་ཁྲོ་བ་དང་བཅས་པས་སྒེག་པ། གཡས་པ་དྲག་པོ། གཡོན་བ་ཚངས་པའི་ཞལ་ལྟ་བུ་སྟེ། ཡང་ན་འདི་དག་ལྗང་ཁུ་དང། ་སྔོན་པོ་དང་དཀར་པོ་དང་སྤྱི་བོར་རྟའི་ཞལ་ལྟ་བུ་སྔོན་པོའོ། །འདིའི་ཕྱག་བརྒྱད་ཀྱི་གཡས་དང་པོ་ན་སྣ་ཚོགས་རྡོ་རྗེ་བ་དན་དང་བཅས་པ་བསྒྲེང་བའི་ཚུལ་གྱིས་འཛིན་པས་གནས་པ། གཉིས་པ་བ་དན་གསུམ་གྱི་ཚུལ་དུ་སོར་མོ་བསྐྱེད་པ། ་འོག་མ་གཉིས་ཀྱིས་རལ་གྲི་དང་མ་དང་འཛིན་པའོ། །གཡོན་པས་གདེངས་པའི་ཕྱག་གིས་པདྨ་དང། ལྷག་མ་གསུམ་གྱིས་ཤག་ཏི་དང། དབྱུག་པ་དང། གཞུ་རྣམས་འཛིན་པའོ། །ཞབས་བཞི་གཡོན་བསྐུམ་ཞིང་གཡས་བསྐྱེད་པ ་དང། གཡས་བསྐུམ་ཞིང་གཡོན་བསྐྱང་བ་རྣམས་སོ། །གཡས་ཀྱི་དང་པོས་བརྒྱ་བྱིན་གྱི་ཆུང་མ་དང་དཔའ་མོ། །གཉིས་པས་དགའ་མོ་དང་ཚིམ་པ་མོ་དང། གཡོན་པ་གཅིག་གིས་ལྷའི་དབང་པོ་དང་སྦྲང་རྩིད་བྱེད་བ་དང། གཉིས་པས ་བརྒྱལ་བར་བྱེད་པ་དང་སྤྱིད་ལྷ་མནན་པས་གནས་པའོ། །དལ་གྱི་བདག་པོའི་སྟེང་གི་ནམ་མཁར་གཙུག་ཏོར་འཁོར་ལོ་བསྒྱུར་བ་སེར་པོ་ཞལ་བཞི་སེར་པའམ། ཡང་ན་སེར་པོ་དང་སྔོན་པོ་དང་དམར་པོ་དང་དཀར་པོའོ། །ཕྱག་བརྒྱད་པའི་གཡས ་བ་རྣམས་ཀྱིས་འཁོར་ལོ་དང་ལྕགས་ཀྱུ་དང་རལ་གྲི་དང་མདའོ། །གཡོན་པ་རྣམས་ན་དྲིལ་བུ་དང་ཞགས་པ་དང་བཟླས་པའི་ཕྲེང་བ་དང་གཞུ་འཛིན་པའོ། །རོལ་པའི་སྟབས་ཀྱིས་གནས་པའོ། །འོག་ཏུ་གནོད་མཛེས? ་རྒྱལ་པོ་ནག་པོ་ཞལ་བཞི་པ། དྲག་པོ་དང་ཞི་བ་དང་བཞད་པ་དང་སྒེག་པའི་ཉམས་དང་ལྡན་པའོ། །ཡང་ན་ཞལ་བཞི་ནག་པོ་དང་དཀར་པོ་དང་དམར་པོ་དང་སེར་པོའོ། །ཕྱག་བརྒྱད་པའི་གཡས་པ་རྣམས་ན་རྡོ་རྗེ་དང་ལྕགས་ཀྱུ་དང་རལ་གྲི ་དང་མདའ་རྣམས་སོ། །གཡོན་པ་རྣམས་ན་དྲིལ་བུ་དང་ཞགས་པ་དང་མདུད་རྩེ་གཅིག་པ་དང་གཞུ་རྣམས་འཛིན་པའོ། །ཞབས་གཡས་བསྐུམ་གཡོན་བསྐྱང་བས་གནས་པའོ། །ཁྲོ་བོ་བཅུ་པོ་འདི་དག་རྣམས་ནི་སྣ་ཚོགས་པདྨ་དང ་ཉི་མ་ལ་གནས་པའོ། །ཞལ་རེ་ཞིང་སྤྱན་གསུམ་གསུམ་པ། ཁྲོ་གཉེར་དང་ལྡན་པ། སྟག་གི་ལྤགས་པས་སྟོད་གཡོགས་དང་སྐུའི་སྨད་དཀྲིས་པ། ཐོད་པའི་ཕྲེང་བས་གཙུག་ཏོར་བྱས་པ། དབུ་སྐྲ་འབར་ཞིང་གྱེན་དུ་བཅིངས་པ། རྨས་པ? ་དམར་པོ་དང་ལྡན་པ། ཀླུའི་རྒྱལ་པོ་བརྒྱད་ཀྱིས་འཇིགས་སུ་རུང་བའོ། །དལ་གསུམ་པ་ལ་ཟུར་བཞིའི་ནང་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པ་ཁྲོ་བོ་བཞིའི་ཕྱི་རོལ་ན་རེ་གའི་ཕྱི་རོལ་གྱི་གནས་རྣམས་ལ་མེའི་མཚམས་ལ ་སོགས་པ་ཟུར་ཐིག་གི་གཡས་ངོས་སུ་མེ་ཏོག་མ་ལ་སོགས་པ་བཞིའོ། །གཡོན་རྣམས་སུ་གཟུགས་རྡོ་རྗེ་མ་ལ་སོགས་པ་བཞིའོ། །དེ་ལ་མེ་ཏོག་མ་ནི་སེར་མོ་ཕྱག་ན་མེ་ཏོག་གི་སྣོད་འཛིན་པའོ། །བདུག་སྤོས་མ་ནག་མོ་ཕྱག་ན་བདུག ་སྤོས་ཀྱི་སྣོད་འཛིན་པའོ། །མར་མེ་མ་དམར་མོ་ཕྱག་ན་རིན་པོ་ཆེའི་མར་མེའི་ཡུ་བ་འཛིན་པའོ། །དྲི་ཆབ་མ་ལྗང་ཁུ་དྲིའི་དུད་ཕོར་འཛིན་པའོ། །གཟུགས་རྡོ་རྗེ་མ་སེར་མོ་ཕྱག་ན་མེ་ལོང་འཛིན་པའོ། །སྒྲ་རྡོ་རྗེ་མ་ལྗང་ཁུ་ཕྱག་ན་པི་ཝང ་འཛིན་པའོ། །རོ་རྡོ་རྗེ་མ་དམར་མོ་ཕྱག་ན་རོའི་སྣོད་འཛིན་པའོ། །རེག་རྡོ་རྗེ་མ་སྣ་ཚོགས་པའི་ཁ་དོག་ཕྱག་ན་གོས་སྣ་ཚོགས་འཛིན་པའོ། །རྒྱད་པོ་འདི་དག་ནི་ཞལ་གཅིག་ཕྱག་གཉིས་པ། རིན་པོ་ཆེའི་ཅོད་པན་དང་ལྡན་པ། གོས་སྣ་ཚོཌ ་དང་རིན་པོ་ཆེས་བརྒྱན་པ། པདྨ་དང་ཟླ་བའི་དལ་ལ་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པའོ། །རིམ་པ་བཞི་པ་རྡོ་རྗེ་རིགས་ཀྱི་དལ་གྱི་ཤར་ཕྱོགས་སུ་ལྷའི་དབང་པོ་སེར་པོ་གླང་པོ་ཆེ་དཀར་པོའི་སྟེང་ན་གནས་པའི་ཕྱག་གཡས་ན ་རྡོ་རྗེ་དང་གཡོན་ན་ནུ་མ་འཛིན་པའོ། །གཤིན་རྗེའི་ཕྱོགས་སུ་གཤིན་རྗེ་ནག་པོ་མ་ཧེའི་སྟེང་ན་གནས་པ་ཕྱག་གཉིས་ཀྱིས་དབྱུག་པ་དང་མདུད་རྩེ་གཅིག་པ་འཛིན་པའོ། །ཆུ་ལྔའི་ཕྱོགས་སུ་ཆུ་ལྷ་དཀར་པོ་ཆ་སྲིན་གྱི་སྟེང་ན་གནས་པ་སྤྲུལ ་མགོ་བདུན་དང་ལྡན་པ། ཕྱག་གཉིས་ན་དུང་དཀར་པོ་འཛིན་པ། །སྤྲུལ་གྱི་ཞགས་པའོ། །གནོད་སྦྱིན་གྱི་ཕྱོགས་སུ་ལུས་ངན་པོ་སེར་པོ་མེའི་སྟེང་ན་གནས་པ་ལྕགས་ཀྱུ་དང་ཤག་ཏི་དང་དབྱུག་ཏེ་འཛིན་པའོ། །དབང་ལྡན་གྱི་མཚིམས? ་སུ་དབང་ལྡན་དཀར་པོ་གླང་གི་སྟེང་ན་གནས་པ། ཕྱག་གཉིས་ཏྲི་ཤུ་ལ་དང་ཐོད་པ་འཛིན་པ། ཐོད་པ་དང་རལ་པའི་ཐོར་ཅོག་དང་ཟླ་བ་ཕྱེད་པས་དབུ་བརྒྱན་པའོ། །སྦྲུལ་གྱི་མཆོད་ཕྱིར་ཐོས་དང་ལྡན་པ། མགྲིན་པ་སྔོན་པོའོ། །མེའི ་མཚམས་སུ་མི་ལྷ་དམར་པོ་རའི་སྟེང་ན་གནས་པ་གླུགས་བཟང་གྱི་སྤྱི་བླུགས་འཛིན་པའོ། །བདེན་བྲལ་གྱི་མཚམས་སུ་སྲིན་པོའི་བདག་པོ་ཞེས་བྱ་བ་སྔོན་པོ། རོའི་སྟེང་ན་གནས་པ་ཕྱག་གིས་རལ་གྲི་གདངས་པ་དང། རི་དགས་གསོད་པའི་ཕྱག ་རྒྱ་འཛིན་དེས་བསྡིགས་པའི་ཚུལ་པའོ། །རླུང་གི་མཚམས་སུ་རླུང་ལྷ་སྔོན་པོ་རི་དགས་ཀྱི་སྟེང་ན་གནས་པ་རླུང་རོལ་གྱི་རས་ཡུག་འཛིན་པའོ། །བརྒྱད་པོ་འདི་དག་ནི་ཕྱག་བཞི་པ་སྟེ། གཡས་དང་པོའི་ཕྱག་མཚན་འཛིན་པ། གཡོན་པའི་དང་པོས ་ཕྱག་མཚན་བཟུང་ནས་རང་ཉིད་ལྟ་བུའི་ཡུམ་ལ་མཁྱུད་པ། ཕྱག་འོག་མ་གཉིས་ཀྱིས་གཙོ་བོ་ལ་འདུད་པའི་ཚུལ་གྱིས་སྤྱི་པོར་ཐལ་མོ་སྦྱར་པའོ། །དབང་ལྡན་དང་ཉེ་བའི་ཕྱི་རོལ་ཏུ་དབང་ལྡན་གྱིས་མཚམས་ནས ་བརྩམས་ནས་ཚངས་པ་ལ་སོགས་ཏེ། དེ་ལ་ཚངས་བ་ནི་ངང་པ་ལ་ཞོན་པ་སེར་པོ། ཞལ་བཞི་ཡང་སེར་པོ། ཕྱག་བཞི་པ། གཡས་གཡོན་གྱི་དང་པོ་གཉིས་ཀྱིས་བཟླས་པའི་ཕྲེང་བ་འཛིན་པ་དང་པདྨ་འཛིན་པས་ཐལ་མོ་སྦྱར་བ། ་འོག་མ་གཉིས་ཀྱིས་དབྱུག་བ་དང་སྤྱི་བླུགས་བཟུང་ནས་ཐལ་མོ་སྦྱར་པའོ། །ཁྱབ་འཇུག་ནག་པོ་ཁྱུད་ལ་ཞོན་པ་ཕྱག་བཞི་པའི་དང་པོ་གཉིས་དུང་དང་འཁོར་ལོ་འཛིན་པས་སྤྱི་བོར་ཐལ་མོ་སྦྱར་བ། འོག་མ་གཉིས་ཀྱིས་མདུང་ཐུད་དང ་རའི་གཞུ་འཛིན་པ། དབང་ཕྱུག་ཆེན་པོ་དཀར་པོ་གླང་ལ་ཞོན་པ། རལ་པའི་ཐོར་ཙག་ཅན། ཟླ་བ་ཕྱེད་པས་མཚན་པ་ཕྱག་བཞི་པ། སྤྱི་པོར་ཐལ་མོ་སྦྱར་བ་འཁོར་ལོ་དང་དུང་ཟེར་དང་ཏྲི་ཤུལ་དང་ཐོད་པ་འཛིན་པའོ། །གདོང་དབྱུག?་པ་དྲུག་དམར ་པོ་རྨ་བྱ་ལ་ཞོན་པ། གདོང་དྲུག་བ་།ཕྱག་གཡས་པ་གཉིས་རྡོ་རྗེ་དང་ཤག་ཏི་འཛིན་པའོ། །གཡོན་པ་གཉིས་ཀྱིས་ཁྱིམ་བྱ་དང་དྲིལ་བུ་འཛིན་པའོ། །ལྷག་མ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་པའོ། །འདི་རྣམས་ཀྱང་གོང་བཞིན་དུ ་རང་ཉིད་ལྔ་བུའི་ཡུམ་དང་བཅས་པའོ། །དེ་ལ་ཚངས་པ་ནི་ཚངས་པ་དང་མཚུངས་པའོ། །དྲག་མོ་ནི་དྲག་མོ་དང་མཚུངས་པའོ། །ཁྱབ་འཇུག་མ་ནི་ཁྱབ་འཇུག་དང་མཚུངས་པའོ། །གཞོན་ནུ་མ་མི་གདོང་དྲུག་དང་མཚུངས་པའོ། །དབང ་མོ་ནི་དབང་ཕྱུག་དང་མཚུངས་པའོ། །ཕག་མོ་ནག་མོ་འུག་པ་ལ་ཞོན་པ་ཕྱག་བཞི་པ་གཡས་དང་གཡོན་གྱི་ས་ཉ་རོ་ཧ་ཏི་དང་ཐོད་པ་འཛིན་པ། ལྷག་མ་གཉིས་སྤྱི་བོར་ཐལ་མོ་སྦྱར་བའོ། །ཙ་མུན་ཏ་དམར་པོ་ཡི་དགས་ལ་ཞོན་པ། ཕག ་བཞིའི་ས?་གྲི་གུག་དང་ཐོད་པ་འཛིན་པ་དང་ཐལ་མོ་སྦྱར་པའོ། །འབྲིང་གི་རི་ཏི་ནག་མོ་ཤིན་ཏུ་སྐེམ་པ། ཕྱག་གཉིས་ཀྱིས་ཕྲེང་བ་དང་སྤྱི་བླུགས་འཛིན་པ། ཐལ་མོ་གཉིས་སྦྱར་བའོ། །ཚོགས་བདག་དཀར་པོ་བྱི་བ་ལ་ཞོན་པ་གླང་པོའི་གདོང ་ཅན། སྤྲུལ་གྱི་མཚང་ཕྱིར་ཐོགས་གྱོན་པ། ཕྱག་བཞིའི་གཡས་གཉིས་ཀྱིས་ཏྲི་ཤུལ་དང་མདུང་འཛིན་པ། གཡོན་པ་གཉིས་ཀྱིས་དགྲ་སྟ་དང་ལ་ཕུག་འཛིན་པའོ། །ནག་པོ་ཆེན་པོ་ནི་ནག་པོ་ཏྲི་ཤུལ་དང་ཐོད་པ་འཛིན་པའོ། །དགའ་བྱེད ་དབང་ཕྱུག་ནག་པོ་རྔ་རྫ་རིང་པོ་ལ་ཞོན་པ། ཕྱག་གཉིས་ཀྱིས་རྫ་རྔ་བརྡུང་པའོ། །ཉི་མ་དམར་པོ་རྟག་བདུན་གྱིས་དྲངས་པའི་ཤིང་རྟ་ལ་ཞོན་པ། གཡས་པ་དང་གཉིས་ཀྱིས་པདྨ་ལ་གནས་པའི་ཉི་མའི་དལ?་འཛིན་པའོ། །ཟླ་བ་དཀར་པོ་དང ་བ་ལ་ཞོན་པ་ཕྱག་གཡས་པ་དང་གཡོན་པ་ཀུ་མུ་ཏ་ལ་གནས་པའི་ཟླ་བའི་ངལ་འཛིན་པའོ། །མིག་དམར་དམར་པོ་རལ་ཞོན་པ། གཡས་ན་ཀ་ཏ་ར། གཡོན་པས་མི་མགོ་ཟ་བའི་ཚུལ་དུ་འཛིན་པའོ། །ལག་པ་སེར་པོ་པདྨ་སྟེ་དང ་མདའ་དང་གཞུ་འཛིན་པའོ། །ཕུར་བུ་དཀར་པོ་ཐོད་པའམ་སྦལ་བ་ལ་ཞོན་ནས་གནས་པ། ཕྲེང་བ་དང་སྤྱི་བླུགས་འཛིན་པའོ། །སྤལ་སངས་དཀར་པོ་པདྨ་ལ་གནས་པའི་ཕྲེང་བ་དང་སྤྱི་བླུགས་འཛིན་པའོ། །སྤེན་པ་ནག་པོ་རུས་སྦལ་ལ ་གནས་པ་དབྱུག་པ་འཛིན་པའོ། །སྒྲ་གཅན་དམར་ནག་ཕྱག་གཉིས་ཀྱིས་ཉི་མ་དང་ཟླ་བ་འཛིན་པའོ། །འཇུག་རིངས་ནག་པོ་རལ་གྲི་དང་ཀླུའི་ཞགས་པ་འཛིན་པའོ། །སྟོབས་བཟང་དཀར་པོ་གླང་པོ་ལ་གནས་པ་རལ་གྲི་དང་བཤོལ་འཛིན ་པའོ། །རྒྱལ་བར་བྱེད་པ་ལྗང་ཁུ་ཁྱུད་ལ་ཞོན་པ་ཕྱག་བཞི་པ་གཡས་པ་གཉིས་ན་མེ་ཏོག་གི་ཕྲེང་བ་དང་མདའའཛིན་པ། གཡོན་པ་གཉིས་ན་བཏུང་བའི་སྣོད་དང་གཞུ་འཛིན་པའོ། །སྦྲང་རྩིར་བྱེད་པ་དཀར་པོ་ནི་ཚོས་ཁུར་བའི་ཤིང་རྟའི་སྟེང་ན ་གནས་པ་ཕྱག་བཞི་པ་གཡས་གཉིས་ཀྱིས་ཆུ་སྲིན་གྱི་རྒྱལ་མཚན་དང་མདའོ། གཡོན་པ་གཉིས་ཀྱིས་བཏུང་བའི་སྣོད་དང་གཞུ་འཛིན་པའོ། །སྤྱིད་ཀྱི་ལྟ་དཀར་པོ་བྱའི་ཁྲི་ལ་གནས་པ། ཕྱག་བཞིའི་གཡས་པ ་གཉིས་ཀྱིས་མངའ་དང་རལ་གྲི། གཡོན་པ་གཉིས་ཀྱིས་གཞུ་དང་བཏུད་པའི་སྣོད་འཛིན་པའོ། །ཀླུ་མཛའ་ཡས་དང་ནོར་རྒྱས་དང་འཇོག་པོ་དང། སྟོབས་ཀྱི་རྒྱུ་དང་པདྨ་དང་པདྨ་ཆེན་པོ་དང་དུད་སྐྱོད་དང་རིགས་ལྡན་རྣམས་སྤྲུལ་མགོ་བདུན ་དང་ལྡན་པ་ཐལ་མོ་སྦྱར་པའོ། །ཡང་ན་རང་རང་གི་རིགས་བདག་གི་ཕྱག་མཚན་གྱི་གཙོ་བོ་བཟུང་ནས་ཐལ་མོ་སྦྱར་བའོ། །ཐག་བཟངས་རིས་དང། སྟོབས་ལྡན་དང། རབ་དུ་སིམ་བྱེད་དང། རྣམ་པར་སྣང་བྱེད་ལ་སོགས་པའི་ལྷ་མ ་ཡིན་གྱི་དབང་པོ་ཆེན་པོ་རྣམས་མདོག་ནག་པོ་གོ་ཆ་སྣ་ཚོགས་བསྒོས་ནས་རལ་གྲི་ལ་སོགས་པ་མཚོན་ཆ་སྣ་ཚོགས་པར་འཛིན་པའོ། །ནམ་མཁའ་ལྡིང་གི་རྒྱལ་པོ་རྐང་པའི་མཐིལ་ནས་སྤུས་མོའི་བར་དུ་དཀར་པོ། དེ་ནས་ལྟེ་བའི་བར ་དུ་སེར་པོ། དེ་ནས་མགྲིན་པའི་བར་དུ་དམར་པོ། དེ་ནས་མགོ་བོའི་བར་ནག་པོ། ཕྱག་གཉིས་ཐལ་མོ་སྦྱར་བའོ། །མིའམ་ཅིའི་རྒྱལ་པོ་ལྗོན་པ་དམར་སེར་ཕྱག་གཉིས་ཀྱིས་པི་ཝང་བསྒྲེང་བའོ། །དྲི་ཟའི་རྒྱལ་པོ་ཟུར་པུར་ལྔ་པ་སེར་པོ ་ཕྱག་གཉིས་པི་ཝང་གི་སྒྲ་སྒྲོག་པའོ། །རིགས་འཛིན་གྱི་རྒྱལ་པོ་དོན་ཀུན་གྲུབ་པ་དཀར་པོ་མེ་ཏོག་གི་ཕྲེང་བ་འཛིན་པའོ། །གནོད་སྦྱིན་གང་བ་བཟང་པོ་སྔོན་པོ་།ནོར་བུ་བཟང་པོ་སེར་པོ། ནོར་སྦྱིན་དམར་པོ། རྣམ་ཐོས་ཀྱི་བུ་སེར་པོ། པི་ཙི་ཀུཾ ་དྷ་ལི་དམར་པོ་།ཀེ་ལི་མ་ལི་ལྗང་ཁུ་ཁའི་དབང་པོ་སེར་པོ། སྤྱོད་པའི་དབང་སེར་པོ་སྟེ། གང་བ་བཟང་པོ་ལ་སོགས་གནོད་སྦྱིན་གྱི་བདག་པོ་འདི་དག་ནི་ཕྱག་གཡས་པ་དང། གཡོན་པ་གཉིས་ཀྱིས་ཤིང་ཐོག་པི་ཙ་བུ་ར་དང་ནེའུ་ལེ་འཛིན ་པའོ། །འཕྲོག་མ་སེར་པོ་ཕྱག་གཉིས་ཀྱིས་ཟན་གྱི་ཆང་བུ་གཉིས་འཛིན་ཕ་བུ་དང་བཅས་པའོ། །སྐར་མ་ནི་སྨིན་དྲུག་དཀར་པོ། །སྣར་མ་ལྗང་ཁུ་མགོ་ལྗང་ཁུ་ལག་དམར་སྐྱ། ནམ་སོ་ནག་པོ། རྒྱལ་སེར་པོ། སྐག་སེར་པོ། མཆུ་ལྗང་ཁུ། དྲེ ་དཀར་པོ། །སྤོ་སེར་པོ། མེ་བཞི་མདོག་པྲི་ཡང་ཀུ་ལྟ་བུ་སྔོན་པོ། ནག་པ་ལྗང་ཁུ། ས་རི་དཀར་པོ། ས་ག་ལྗང་ཁུ། ལྷ་མཚམས་སེར་པོ། སྣརོན་ནག་པོ། སྣརུབས་ལྗང་ཁུ། ཆུ་སྟོང་སེར་པོ། ཆུ་སྐང་སེར་པོ། གྲོ་ཞུན་ནག་པོ། བྱི་བཞིན ་དཀར་སྐྱ་།མོན་གྲེ་དཀར་སེར། མོན་གྲུ་ནག་པོ། ཁྲུམས་སྟོད་སེར་པོ། །ཁྲུམས་སྨར་ལྗང་ཁུ། ནམ་གྲུ་སེར་པོ། ཐ་སྐར་སེར་སྐྱུ། པྲ་ཉེ་ལྗང་ཁུ། སྨིན་དྲུག་ལ་སོགས་པའི་ལྷ་མོ་འདི་རྣམས་ནི་སྟོད་གཡོགས་དང་སྨད་གཡོགས་གཡོ ་བ་དང་བཅས་པ་རྣམས་ལ་ཕྱག་གཉིས་ཐལ་མོ་སྦྱར་བའོ། །གཞན་ཡང་ལྷ་མོ་རྣམས་ནི་ཤིང་རྟ་ལ་གནས་པར་ཤེས་པར་བྱའོ། །དབང་པོ་ལ་སོགས་པའི་ལྷ་རྣམས་ནི་པདྨ་ལ་གནས་པ་སྟེ། རེ་རེ་ལའང་འཁོར་དཔག་ཏུ་མེད་པས་བསྐོར་བ། རང ་གི་སྦྱོར་བ་ཇི་ལྟ་བ་བཞིན་དུ་རིན་པོ་ཆེ་སྣ་ཚོགས་དང་གོས་ཀྱི་བྱེ་བྲག་གིས་བརྒྱན་པ། དལ་གྱི་བདག་པོ་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་སྒྲ་ཕྱོགས་ཐམས་ཅད་དུ་སྒྲོགས་པའོ། །ཤར་ལ་སོགས་པའི ་ཕྱོགས་རྣམས་སུ་ལྕགས་ཀྱུ་ལ་སོགས་པའི་སྒོ་སྐྱོང་བཞི་ནི་ནང་གི་སྒོ་ཇི་ལྟ་བར་གནས་པའོ། །འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་བདག་ཉིད་ནི་འཇམ་པའི་དབྱངས་ཏེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས ་ཀྱི་རང་བཞིན་ནི་བདག་ཉིད་ལྟ་བུའི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པའོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་མི་བསྐྱོད་པ་ལ་སོགས་པའི་དེ་བ་བཞི་གཙུག་ཏོར་རྣམ་པ་བརྒྱད། སྤྱན་མ་རྣམས་ནི་འཇམ་པའི་དབྱངས་ཀྱིས་རྒྱས་ ་བཏབ་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་དང། མ་མ་ཀི་དང། རྡོ་རྗེ་ལྕགས་ཀྱུ་དང། ས་བཅུ་གཉིས་དང། ཆོས་སོ་སོར་ཡང་དག་པར་རིག་པ་དང། སྒེག་མོ་དང། ཀུན་ཏུ་བཟང་པོ་ལ་སོགས་པ་བཞི་དང། ཁྲོ ་བོ་བཅུ་དང། མེ་ཏོག་མ་དང། གཟུགས་རྡོ་རྗེ་མ་དང། ཤར་ལ་སོགས་པའི་ལྷ་རྣམས་ནི་མི་བསྐྱོད་རྡོ་རྗེས་སོ། །རྡོ་རྗེ་རིན་ཆེན་ལ་སོགས་པ་བཞི་དང། རྡོ་རྗེ་ཞགས་པ་དང། ཕ་རོལ་ཏུ་ཕྱིན་མ་བཅུ་དང། དོན་སོ་སོར་ཡང་དག་པར་རིག་པ་དང།། ་ཕྲེང་བ་ཡ?་དང། ནམ་མཁའ་མཛོད་ལ་སོགས་པ་བཞི་དང། བདུག་སྤོས་མ་དང། སྒྲ་རྡོ་རྗེ་མ་དང། ལྷོ་ཕྱོཌ་ན་གནས་པའི་ལྔ་?་སྨིན?་རིན་ཆེན་འབྱུང་ལྡན་གྱིས་སོ། །རྡོ་རྗེ་ཆོས་ལ་སོགས་པ་བཞི་དང། གོས་དཀར་མོ་དང། རྡོ་རྗེ་ལྕགས་སྒྲོག་མ་དང། ཚེ ་ལ་དབང་མ་ལ་སོགས་པ་བཅུ་གཉིས་དང། ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་མ་དང། གླུ་མ་དང་སྤྱན་རས་གཟིགས་ལ་སོགས་པ་བཞི་དང། མར་མེ་མ་དང། རོ་རྡོ་རྗེ་མ་དང། ནུབ་ཕྱོགས་ན་གནས་པའི་ལྷ་མོ་རྣམས་ཀྱང་འོད་དཔག ་མེད་ཀྱིས་སོ། །རྡོ་རྗེ་ལས་ལ་སོགས་པ་བཞི་དང། རྡོ་རྗེ་འབེབས་པ་དང། གཟུངས་བཅུ་གཉིས་དང། སྤོབས་པ་སོ་སོར་ཡང་དག་པར་རིག་པ་དང། གར་མ་དང། འོད་དཔག་མེད་ལ་སོགས་པ་བཞི་དང། དྲི་ཆབ་མ་དང་།རེག་རྡོ་རྗེ་མ་དང། ་བྱང་ཕྱོགས་ན་གནས་པའི་ལྷ་རྣམས་ཀྱང་དོན་ཡོད་གྲུབ་པས་རྒྱས་བཏབ་པའོ། །འཇམ་པའི་དབྱངས་ཀྱི་ས་བོན་ནི་མུཾ་མོ། ཨ་ཧྲི:བ་ག་བན་ཛྙ་ན་མུར་ཏི། བཱ་གཱི་བཝ་ར། མ་ཧཱ་པ་ཙ། བ་ག་བན་ཛྙ་ན་མུར་ཏི། བཱ་གཱི་བཝ?་ར། མ་ཧཱ་པ་ཙ། སརྦ་དྷརྨཱ ་ག་ག་ན་ཨ་མ་ལ། སུ་པ་རི་ཤུད་དྷ། དྷརྨཱ་དྷཱ་ཏུ་ཛྙཱ་ན་གར་བྷེ་ཨ:ཞེས་བྱ་བ་ནི་སྙིང་པོའི་སྔགས་སོ། །འོཾ་ཨ་རྨརི་ཏ་ཀུན་ཌ་ལི་བིགྷཱ་ན་ཏ་ཀ་ཧཱུཾ་ཞེས་བྱ་བ་ནི་བདུད་རྩི་འཁྱིལ་བ་སྟེ། ལས་ཐམས་ཅད་པའི་སྔགས་སོ།། །།ངན་སོང ་ཐམས་ཅད་རྣམ་པར་སྤྱོད་པའི་ངལ་ལ་རྡོ་རྗེ་གུར་གྱི་ནང་དུ་རླུང་དང་མེ་དང་ཆུ་དང་ས་དང་རི་རབ་ཀྱི་སྟེང་དུ་གཞལ་ཡས་ཁང་གི་དབུས་སུ་ནང་གི་དལ་ལ་འཁོར་ལོ་རྩིབས་བརྒྱད་པ་སེར་པོ་རྡོ་རྗེའི་ཕྲེང་བ་སྔོན་པོས་བསྐོར་བའོ། །འགའ་ཞིག་གིས་འཁོར ་ལོ་སྔོན་པོར་ཡང་གསུངས་སོ། །གཞན་ཁ་ཅིག་གི་འདོད་པ་ལྟེ་བ་སྔོན་པོ། ཤར་གྱི་རྩིབས་དཀར། ལྷོ་ནག་པོ། ནུབ་དམར་པོ། བྱང་ལྗང་ཁུ་ཞེས་ཀྱང་གསུང་ངོ། །འཁོར་ལོའི་ལྟེ་བ་ལ་སྣ་ཚོགས་པདྨར་གནས་པའི་སེང་གེའི་སྟེང་དུ། བཅོམ ་ལྡན་འདས་ཤཀྱ་སེང་གེ་རྣམ་པར་སྣང་མཛད་གསེར་གྱི་མདོག་ལྟ་བུ། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་འཛིན་པའོ། །ཤར་ཕྱོགས་ཀྱི་རྩིབས་ལ་རྡོ་རྗེ་གཙུག་ཏོར་དཀར་པོ་ས་གནོན་གྱི་ཕྱག་རྒྱ་ཅན་ནོ། །ལྷོ་ཕྱོགས་ཀྱི་རྩིབས?་ལ་རིན་ཆེན་ཙུག་ཏོར་སྔོན ་པོ་མཆོད་སྦྱིན་གྱི་ཕྱག་རྒྱ་དང་ལྡན་པའོ། །ནུབ་ཀྱི་རྩིབས་ལ་པདྨ་གཙུག་ཏོར་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པའོ། །བྱང་གི་རྩིབས་ལ་སྣ་ཚོགས་གཙུག་ཏོར་ལྗང་ཁུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་ལྡན་པའོ། །མེའི་མཚམས་ལ་གཙུག་ཏོར? ་གཟི་བརྗིད་དཀར་དམར་ཕྱག་གཡས་པས་ཉི་མ་འཛིན་པ། གཡོན་པ་སྐུར་བརྟེན་པའོ། །བདེན་བྲལ་མཚམས་ལ་གཙུག་ཏོར་རྒྱལ་མཚན་དཀར་ནག་འདྲེས་པ། ཕྱག་གཉིས་ཀྱིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པའོ། །རླུང་གི་རྩིབས་ལ ་གཙུག་ཏོར་རྣོན་པོ་ནམ་མཁའ་ལྟར་སྔོ་བསངས། ཕྱག་གཡས་རལ་གྲི་གཡོན་པས་སྤོ་ཏི་འཛིན་པའོ། །དབང་ལྡན་གྱི་རྩིབས་ལ་གཙུག་ཏོར་གདུགས་དཀར་སྐུ་མདོག་དཀར་པོ་ཕྱག་གཉིས་ཀྱིས་གདུགས་འཛིན་པའོ། །རྡོ་རྗེ་ཕྲེང་བའི་ཕྱི་རོལ་གྱི་མེ ་ལ་སོགས་པའི་མཚམས་སུ་སྒེག་མོ་དང། ཕྲེང་བ་མོ་དང། གླུ་མ་དང། གར་མ་རྣམས་སྐུ་མདོག་དཀར་མོ་དང་སེར་མོ་དམར་མོ་དང་ཁྲ་མོའོ། །ཕྱག་གཉིས་པ་རྣམས་སོ། །སྒོའི་གཡོན་རོལ?་ཀྱི་ལྷ་རྣམ་ལ་བྱང་ཆུབ་སེམས་དཔའ་གཉིས ་གཉིས་དང། གཡས་སུ་གཉིས་གཉིས་སོ། །དེ་ལ་ཤར་གྱི་སྣམ་བུ་ལ་བྱམས་པ་སེར་པོ་གཡས་པའི་ཕྱག་གིས་ཀླུ་ཤིང་གི་མེ་ཏོག་དང། གཡོན་པས་རྫ་སྣོད་འཛིན་པའོ། །མཐོང་བ་དོན་ཡོང་སེར་པོ་ཕྱག་གཡས་པས ་མིག་དང་བཅས་པའི་པདྨ། གཡོན་བ་དགུ་ལ་བརྟེན་པའོ། །ངན་སོང་སྦྱོང་བ་དཀར་པོ་ཕྱག་གཉིས་ཀྱིས་ལྕགས་ཀྱུ་འཛིན་པའོ། །མྱ་ངན་གྱི་མུན་པ་རྣམ་པར་འཇོམས་བའི་བློ་གྲོས་དཀར་སེར་འདྲེས་པའི་མདོག་ཅན། ཕྱག་གཡས་པས ་དབྱུག་པ་འཛིན་པ། གཡོན་པས་ཁུ་ཚུར་བཀུ་ལ་བརྟེན་པའོ། །ལྷོ་ཕྱོགས་ཀྱི་སྣམ་བུ་ལ་སྦོམ་ཀྱི་གླང་པོ་དཀར་ལྗང། གཡས་ཀྱིས་དྲི་ཆབ་ཀྱིS་དུང་འཛིན་པ། གཡོན་པས་ཁུ་ཚུར་དཀུ་ལ་བརྟེན་པའོ། །དཔའ་བར་འགོ་བ་དཀར་པོ་གཡས་པས་རལ ་གྲི་དང། གཡོན་པས་ཁུ་ཚུར་དགུ་ལ་བརྟེན་པའོ། །ནམ་མཁའ་མཛོད་དཀར་སེར་གཡས་པས་པདྨ་ལ་གནས་པའི་ཆོས་ཀྱི་སྤོ་ཏི་འཛིན་པ། གཡོན་པས་ཁུ་ཚུར་སྐུར་བརྟེན་པའོ། །ཡེ་ཤེས་ཏོག་སྔོན་པོ་ཕྱག་གཡས་པས་ཡིད་བཞིན་གྱི ་ནོར་བུའི་རྒྱལ་མཚན་འཛིན་པ། གཡོན་བ་སྐུར་བརྟེན་པའོ། །ནུབ་ཀྱི་སྣམ་བུ་ལ་བདུད་རྩི་འོད་དཀར་པོ་གཡས་བདུད་རྩིས་གང་བའི་བུམ་པ་ཅོད་པན་གྱི་སྟེང་དུ་འཛིན་པ། གཡོན་སྐུ་ལ་བརྟེན་པའོ། །ཟླ་བ་ཅན་གྱི་འོད་དཀར་པོ་གཡས ་པས་པདྨ་ལ་གནས་པའི་ཟླ་པ་འཛིན་པ། གཡོན་སྐུ་ལ་བརྟེན་པའོ།། བཟང་སྐྱོང་དཀར་པོ་གཡས་པས་རིན་པོ་ཆེ་འབར་བ་འཛིན་པ། གཡོན་པ་སྐུ་ལ་བརྟེན་པའོ། །དྲ་པ་ཅན་གྱི་འོད་དམར་པོ་གཡས་ཀྱིས་རྡོ་རྗེ་སྐུར་འཛིན་པ། གཡོན་དཀུར ་ལ་བརྟེན་པའོ། །བྱང་གི་སྣམ་བུ་ལ་རྡོ་རྗེ་སྙིང་པོ་སྔོ་སྐྱ། གཡས་པས་རྡོ་རྗེ་དང་བཅས་པའི་ཨུད་པ་ལ་སྔོན་པོ་འཛིན་པ། གཡོན་དཀུར་བརྟེན་པའོ། །བློ་གྲོས་མི་བཟང་པ་དཀར་པོ། ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་ཐོད་པ་འཛིན་པའོ། ་སྤོབས་པ་བརྩེགས་པ་དམར་པོ་གཡས་བས་པདྨ་ལ་གནས་པའི་རིན་པོ་ཆེ་བརྩེགས་པ་འཛིན་པ། གཡོན་པ་དཀུར?་བརྟེན་པའོ། །ཀུན་ཏུ་བཟང་པོ་གསེར་གྱི་མདོག་ཅན་གཡས་པ་རིན་པོ་ཆེའི་སྙེ་མ་འཛིན་པ། གཡོན་དཀུར་བརྟེན་པའོ། །དལ་གྱི་མེ་ལ ་སོགས་པའི་མཚམས་རྣམས་ལ་མེ་ཏོག་མ་དང། བདུག་སྤོས་མ་དང། མར་མེ་མ་དང། དྲི་ཆབ་མ་རྣམས་ནི་དཀར་མོ་དང། ནག་མོ་དང། དམར་མོ་དང། ལྗང་ཁུ་རྣམས་ཕྱག་གཉིས་གྱིས་མེ་ཏོག་ལ་སོགས་པ་འཛིན་པའོ། །ཤར་སྒོར ་རྡོ་རྗེ་ལྕགས་ཀྱུ་དཀར་མོ་ཕྱག་གཉིས་ཀྱིས་ལྕགས་ཀྱུ་འཛིན་པའོ། །ལྷོ་སྒོར་རྡོ་རྗེ་ཞགས་པ་སྔོན་མོ་ཕྱག་གཉིས་ཀྱིས་ཞགས་པ་འཛིན་པའོ། །ནུབ་དུ་རྡོ་རྗེ་ལྕགས་སྒྲོག་དམར་བོ་ཕྱག་གཉིས་ཀྱིས་རྡོ་རྗེ་ལྕགས་སྒྲོག་འཛིན་པའོ།།བྱང་དུ་རྡོ་རྗེ་འབེབས་པ ་ལྗང་ཁུ་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པའོ། །ལྷ་སུམ་ཅུ་རྩ་བདུན་པོ་འདི་དག་ཀྱང་གོས་སྣ་ཚོགས་དང། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རིན་པོ་ཆེའི་ཅོད་པན་ཅན་སྤྱན་གསུམ་པ། ཕྱག་གཉིས་པ་སྣ་ཚོགས་པདྨ་དང་ཟླ་བ ་ལ་སེམས་དཔའ་ཨི་དཀྱིལ་ཀྲུང་གིས་བཞུགས་པའོ། །འདིར་རྣམ་པར་སྣང་མཛད་ཆེན་པོ་ལ་ནི་ཉིད་དང་མཚུངས་པའི་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པའོ། །རྡོ་རྗེ་གཙུག་ཏོར་ལ་སོགས་པ་བཞི་ནི་རྣམ་པར་སྣང་མཛད་ཆེན་པོའོ། །ཤར་ཕྱོགS ་དང་མེའི་མཚམས་ལ་གནས་པའི་ལྷ་རྣམས་ལ་རྣམ་བར་སྣང་མཛད་ཀྱིས་སོ། །ལྷོ་ཕྱོགས་དང་བདེན་བྲལ་གྱི་མཚམས་ན་གནས་པ་རྣམས་ལ་རིན་ཆེན་གཙུག་ཏོར་གྱིའོ། །ནུབ་ཕྱོགས་དང་རླུང་གི་ཕྱོགས་ན་གནས་པ་རྣམས་ལ་པདྨ་གཙུག ་ཏོར་གྱིས་སོ། །བྱང?་ཕྱོགས་དང་དབང་?་གྱིས་མཚམས་ན?་གནས་པ་རྣམས་ལ་སྣ་ཚོགས་གཙུག་ཏོར་གྱིས་སོ། །འདིར་ཕྱི་རོལ་གྱི་?་གྱི་ལྷའི་གནས་ཀྱི་སྣམ་བུ་ལ་ཟླ་བའི་དལ་ཉི་ཤུ་རྩ་བརྒྱད་བལྟའོ་ཞེས་རྒྱུད་ལས་གསུངས་པའི་ཕྱིར ་སྣམ་བུ་རྣམས་ལ་བྱང་ཆུབ་སེམས་དཔའ་བཅུ་དྲུག་བསྐྱེད་པ་མི་རིགས་སྟེ་ཟླ་བའི་དལ་ཉིད་དོ། །འགའ་ཞིག་ནི་ནང་གི་དལ་ཞེས་རྒྱུད་ནས་གསུངས་པ་ལ་བརྟེན་ནས་ཕྱི་རོལ་གྱི་གཞལ་ཡས་ཁང་གཉིས་པ་གསུངས་སོ། །འགའ་ ་ཞིག་གིས་རྣམ་བར་སྣང་མཛད་ཆེན་པོ་ལ་སོགས་པ་དེ་བ་དགུ་གཙུག་ཏོར་དང་བཅས་པའི་དེ་བ་དགེ་སྦྱོང་གི་གཟུགས་འཛིན་པར་གསུངས་སོ། །པདྨའི་ཕྲེང་བས་ཡོངས་སུ་བསྐོར་བའི་རྡོ་རྗེའི་ཕྲེང་བ། ལྕགས་རིའི་ནང་དུ་དབང་ལྡན་ནས་བརྩམས ་ནས་གཡས་སྐོར་གྱིས་འགྲིན་པ་སྔོན་པོ་ལ་སོགས་པ་བསྐྱེད་པར་བྱ་སྟེ། དེའང་དབང་ལྡན་དུ་གླང་གི་སྟེང་དུ་འགྲིན་སྔོན་དཀར་པོ་མཆོད་ཕྱིར་ཐོགས་གཡོན་པ། ཕྱག་གཉིས་ན་རྡོ་རྗེ་དང་མཆོད་སྦྱིན་གྱི་ཕྱག་རྒྱའོ། །གཡོན་པ་གཉིས་ན་རྩེ་གསུམ ་དང་རལ་གྲིའོ། །འགྲིན་སྔོན་མ་འགྲིན་པ་སྔོན་པོ་ལྟ་བུའོ། །ནམ་མཁའ་ལྡིང་གི་སྟེང་དུ་ཁྱབ་འཇུག་ནག་པོ་གཡས་གཉིས་ན་དབྱུག་ཐོ་དང་རྡོ་རྗེ། གཡོན་གཉིས་ན་དུང་དང་འཁོར་ལོའོ། །གསེར་གྱི་རྡོ་རྗེ་མ་ཁྱབ་འཇུག་ལྟ་བུ་ཁྱད་པར ་གསེར་གྱི་མདོག་ཅནྣོ། །རྨ་བྱའི་སྟེང་དུ་རྡོ་རྗེ་དྲིལ་བུ་ཞལ་དྲུག་པ་དམར་པོ། གཡས་གཉིས་ན་ཤག་ཏི་དང་རྡོ་རྗེ། གཡོན་གཉིས་ན་ཁྱིམ་བྱ་དང་རྡོ་རྗེ་དྲིལ་བུའོ། །རྡོ་རྗེ་གཞོན་ནུ་མ་རྡོ་རྗེ་རིལ་བུ་ལྟ་བུའོ། །དད་པའི་སྟེང་དུ་སྨྲ་སྤྱྡ་རྡོ་རྗེ་སེར་པོ ་ཞལ་བཞི་པ། གཡས་པ་གཉིས་ན་རྡོ་རྗེ་དང་བཟླས་བའི་ཕྲེང་བ། གཡོན་པ་གཉིས་དབྱུག་པ་དང་སྤྱི་བླུགས་སོ། །རྡོ་རྗེ་ཞི་བ་མ་ཚངས་པ་ལྟ་བུའོ། །གླང་པོ་ཆེ་མཆེ་བ་དྲུག་པ་དཀར་པོ་དང་ཟླ་བ་ལ་གནས་པ་རྡོ་རྗེ་མཚོན་ཆ་དཀར་པོ་རོལ ་པའི་ཚུལ་གྱིས་གནས་པ། ཕྱག་གཡས་ན་རྡོ་རྗེ་གཡོན་སྐུ་ལ་བརྟེན་པའོ། །རྡོ་རྗེ་ཁུ་ཚུར་གྱི་ལྷ་མོ་ནི་རྡོ་རྗེ་མཚོན་ཆ་ཇི་ལྟ་བའོ། །རྟ་བདུན་གྱི་ཤིང་རྟ་ལ་རྡོ་རྗེ་འཁྱིལ་བ་དམར་པོ་ཁྲོ་བོ་གཡས་པ་ན་པདྨ། གཡོན་པ་ན་པདྨ་ལ་གནས་པའི ་ཉི་མའི་དལ་འཛིན་པའོ། །རྡོ་རྗེ་བདུད་རྩི་མ་རྡོ་རྗེ་འཁྱིལ་པ་བཞིན་ནོ། །དད་པའི་སྟེང་དུ་རྡོ་རྗེ་འོད་དཀར་པོ་ཁྲོ་བོ་ཕྱག་གཡས་པས་རྡོ་རྗེ། གཡོན་པས་པདྨ་ལ་གནས་པའི་ཟླ་བ་འཛིན་པའོ། །རྡོ་རྗེ་མདོག་རྡོ་རྗེ་འོད་ལྟ་བུའོ། །རའི་སྟེང་དུ་རྡོ་རྗེ ་དམར་སྐྱ་ཁྲོ་པོ་དམར་པོ་ཕྱག་གཡས་ན་རྡོ་རྗེ། གཡོན་པས་མི་བཟུད་ནས་ཟ་བའི་ཚུལ་ལོ། །རྡོ་རྗེ་སྐེ་རགས་མ་རྡོ་རྗེ་དམར་པོ་བཞིན་ནོ། །པདྨའི་སྟེང་དུ་རྡོ་རྗེ་ཞི་བ་ཁྲོ་བོ་སེར་པོ་མདའ་དང་གཞུ་འཛིན་པའོ། །རྡོ་རྗེ་ཞི་བ་མོ་རྡོ་རྗེ་ཞི་བ་བཞིན་ནོ། ། ་སྦལ་པའི་སྟེང་དུ་རྡོ་རྗེ་བླ་མ་ཁྲོ་བོ་སེར་པོ་གཡས་པས་བཟླས་པའི་ཕྲེང་བ་དང། གཡོན་པས་སྤྱི་བླུགས་འཛིན་པའོ། །རྡོ་རྗེ་བླ་མ་མ་རྡོ་རྗེ་བླ་མ་ཇི་ལྟ་བ་བཞིན་ནོ། །པདྨའི་སྟེང་ན་རྡོ་རྗེ་པ་བ་སངས་ཁྲོ་བོ་གཡས་པ་ན་བཟླས་པའི་ཕྲེང་བ། གཡོན ་པ་སྤྱི་བླུགས?་འཛིན་པའོ། །རྡོ་རྗེ་སྤ་བ་སངས་མ་རྡོ་རྗེ་པ་བ་སངས་ཇི་ལྟ་བ་བཞིན་ནོ། །རུས་སྤལ་གྱི་སྟེང་དུ་རྡོ་རྗེ་དབྱུག་པ་ཁྲོ་བོ་ནག་པོ། །གཡས་པ་ན་རྡོ་རྗེ། གཡོན་པས་དབྱུག་པ་འཛིན་པའོ། །རྡོ་རྗེ་དབྱུག་པ་མ་ནི་རྡོ་རྗེ་དབྱུག་པ་དབང་དྲའོ། ། ་རྡོ་རྗེ་སྒྲ?་གཅན་ཁྲོ་བོ་དམར་ནག་ཕྱག་གཡས་པས་ནི་ཉི་མ། གཡོན་པས་ཟླ་བ་འཛིན་བའོ། །རྡོ་རྗེ་ལྷ་མིན་རྡོ་རྗེ་སྒྲ་གཅན་ཇི་ལྟ་བ་བཞིན་ནོ། །རྡོ་རྗེ་རྟོག་ཁྲོ་བོ་ནག་པོ་གཡས་རལ་གྲི་དང། གཡོན་སྤྲུལ་ཞགས་འཛིན་པའོ། །རྡོ་རྗེ་གླུ་མ་རྡོ་རྗེ ་རྟོག་ཇི་ལྟ་བ་བཞིན་ནོ། །འདི་ལྟར་བཞི་པོ་འདི་དག་ཀྱང་རྡོ་རྗེ་ཞི་བ་ལ་སོགས་པ་དྲུག་རྒྱུད་གཞན་ལས་གསུངས་པ་བཞིན་དུ་བདག་གིས་བྲིས་པ་ཡིན་ནོ། །གླང་པོ་ཆེའི་སྟེང་དུ་རྡོ་རྗེ་སྣ་དཀར་པོ་གཡས་པས་རྡོ་རྗེ་གཡོན་པས་བཤོལ? ་འཛིན་པའོ། །རྡོ་རྗེ་འདུལ་བ་མོ་རྡོ་རྗེ་སྣ་ཇི་ལྟ་བ་བཞིན་ནོ། །ཁྱད་པར་ནི་གཡོན་པས་ཁ་ཊཝཾ་ག་འཛིན་པའོ། ཁུ་ཡུག་གི་སྟེང་དུ་ཕྲེང་བ་ཅན་ལྗང་ཁུ་གཡས་པ་རྡོ་རྗེ་གཡོན་པ་ན་མེ་ཏོག་གི་ཕྲེང་བ་འཛིན་པའོ། །རྡོ་རྗེ་གདན་མ་རྡོ་རྗེ་ཕྲེང་བ་ཅན ་ཇི་ལྟ་བའམ?་ཡང་ན་གཡོན་པས་ཤག་ཏི་འཛིན་པའོ། །ནེ་ཚོའི་ཤིང་རྟའི་སྟེང་དུ་རྡོ་རྗེ་དབང་ཅན་སེར་པོ། གཡས་པ་རྡོ་རྗེ་གཡོན་པ་ན་ཆུ་སྲིན་གྱི་རྒྱལ་མཚན་ཞེས་བྱ་བ་སྟེ་ཆགས་པའི་ལྷའོ། །རྡོ་རྗེ་དབང་ཅན་མ ་རྡོ་རྗེ་དབང་ཅན་ཇི་ལྟ་བ་བཞིན་ནོ། །ཁྱད་པར་དུ་སྐུ་མདོག་དམར་པོའོ། །སྦལ་པའི་སྟེང་དུ་རྡོ་རྗེ་རྣམ་པར་རྒྱལ་བ་དཀར་པོ་རྡོ་རྗེ་དང་རལ་གྲི་འཛིན་པའོ། །རྡོ་རྗེ་ལྡན་མ་ནི་རྡོ་རྗེ་རྣམ་པར་རྒྱལ་བ་ལྟ་བུའོ། །མེ་ཏོག་གི་ཤིང་རྟའི་སྟེང་དུ་རྡོ་རྗེ ་གཏུན་ཤིང་སེར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་གཏུན་ཤིང་འཛིན་པའོ། །རྡོ་རྗེ་ཕོ་ཉ་མ་བཏུན་ཤིང་ཇི་ལྟ་བའམ། ཡང་ན་གཡོན་པས་ཁ་ཊཝཾ་ག་འཛིན་པའོ། །རའི་སྟེང་དུ་རྡོ་རྗེ་མེ་དམར་པོ་གཡས་གཉིས་ན་རྡོ་རྗེ་དང་གོ་ཆ། གཡོན་བ་གཉིས་ན ་དབྱུག་པ་དང་སྤྱི་བླུགས་འཛིན་པའོ། །རྡོ་རྗེ་འབར་བ་མ་རྡོ་རྗེ་མེ་ཇི་ལྟ་བ་བཞིན་ནོ། །མ་ཧེའི་སྟེང་དུ་རྡོ་རྗེ་ནག་པོ་སྐུ་མདོག་ནག་པོ་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པའོ། །རོ་ལངས་མ་རྡོ་རྗེ་ནག་མོ་སྐུ་མདོག་ནག་མོ་རྡོ་རྗེ་དང་ཁ་ཊཝཾ་ག་འཛིན་པའོ། ། ་ཀླུ་དཀར་པོའི་སྟེང་དུ་རྡོ་རྗེ་ལྕགས་ཀྱུ་སྔོན་པོ་ཕག་པའི་ཞལ་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པའོ། །སྐྱེས་བུའི་སྟེང་དུ་རྡོ་རྗེ་གདོང་མ་སྔོན་མོ། །ཕག་གདོང་མ་རྡོ་རྗེ་དན་རལ་གྲི་འཛིན་པའོ། །ཆུ་སྲིན་གྱི་སྟེང་དུ་ཀླུའི་རྡོ་རྗེ་དཀར་པོ་སྦྲུལ?་མགོ?་དཀར ་བོ་བརྒྱད་དང་ལྡན་པ། གཡས་པས་རྡོ་རྗེ་གཡོན་པས་ཞགས་པ་འཛིན་པའོ། །ཆུ་སྲིན་གྱི་སྟེང་དུ་རྡོ་རྗེ་ཆུ་སྲིན་མ་དཀར་མོ་སྤྲུལ་མགོ་བདུན་དང་ལྡན་པ། གཡས་པས་རྡོ་རྗེ་གཡོན་པས་རྡོ་རྗེས་ཡུ་བ་བྱས་བའི་ཆུ་སྲིན་གྱི་རྒྱལ་མཚན ་རི་དགས་ཀྱི་སྟེང་དུ་རྡོ་རྗེ་རླུང་སྔོན་པོ། གཡས་པས་རྡོ་རྗེ་གཡོན་པས་རླུང་བསྒྲིབ་པའི་གོས་འཛིན་པའོ། །རྡོ་རྗེ་ཤུགས་མ་རྡོ་རྗེ་རླུང་ལྟ་བུའོ། །རོ་ལངས་ཀྱི་སྟེང་དུ་རྡོ་རྗེ་འཇིགས་བྱེད་སྔོན་པོ་རྡོ་རྗེ་དང་དབྱུག་ཏོ་འཛིན་པའོ། །རྡོ་རྗེ་རྣམ་པར ་འབིགས་མ་རྡོ་རྗེ་འཇིགས་བྱེད་ལྟ་བུའོ། །ཡང་ན་གཡོན་པས་ཞགས་པ་འཛིན་པའོ། །ཡི?་བྱི་བའི་སྟེང་དུ་རྡོ་རྗེ་རྣམ་པར་འདྲེན་མ་དཀར་པོ་གླང་པོ་ཆེའི་ཞལ། ཕྱག་གཡས་པ་གཉིས་ཀྱིས་རྡོ་རྗེ་དང་དགྲ་སྟ་འཛིན་པ། གཡོན་པ་གཉིས་ཀྱིས་ས་ཤིང ་དང་དབྱུག་པ་འཛིན་པ་སྤྲུལ་གྱི་མཆོད་ཕྱིར་ཐོགས་དང་ལྡན་པའོ། །བྱི་བའི་སྟེང་དུ་གཙང་མ་སྔོན་པོ། གཡས་པས་རྡོ་རྗེ་གཡོན་པས་ཚོགས་བདག་དཀར་པོ་ཕྱག་ཤིང་འཛིན་པའོ། །སྡིགས་མ་ལྗང་ཁུ་གཡས་པས་རྡོ་རྗེ། གཡོན་པས་རལ་གྲི་གདེངས? ་པའོ། །དཔལ་མོ་སྐུ་མདོག་སེར་མོ། གཡས་པ་རྡོ་རྗེ། གཡོན་པས་པདྨ་འཛིན་པའོ། །དབྱངས་ཅན་མ་དཀར་མོ་གཡས་པ་ན་རྡོ་རྗེ་གཡོན་པ་ན་པི་ཝང་བསྣམས་པའོ། །སེང་གེའི་སྟེང་དུ་སྒྲོད་དཀའ་མ་ལྗང་ཁུ། ཕྱག་གཡས་པ་གཉིས་ན་རལ་གྲི་དང ་འཁོར་ལོ། །གཡོན་པ་གཉིས་ན་ལྡེ་མེན་དང་རལ་གྲིའོ། །མགྲིན་པ་སྔོན་པོ་ལ་སོགས་པའི་ལྷ་འདི་དག་ཕྱག་གཡས་རྡོ་རྗེ་བསྣམས་པ། གཡོན་བ་དེ་དག་གི་རྡོ་རྗེ་རྩེ་གསུམ་པར་རིག་པར་བྱའོ། །ནུབ་དུ་ཀླུའི་རྡོ་རྗེ་དང་ཉེ་བར་པདྨ་ལ་གནས་པའི ་སའི་ལྷ་མོ་གསེར་གྱི་མདོག་ལྟ་བུ་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་བུམ་པ་འཛིན་པའོ། །ལྷ་མ་ཡིན་རྣམས་ཀྱི་སྐུ་མདོག་སྣ་ཚོགས་པ་དང་གོས་སྣ་ཚོགས་བགོས་ནས་རལ་གྲི་འཛིན་པ། རུས?་བལ?་གྱི་སྟན་འཇམ་པ་ལ་གནས་པའོ ་ཀླུ་རྣམས་ནི་ནོར་བུ་དང་ལྡན་པའི་ལྡེངས་ཀ་ཅན། བཙུན་མོ་དང་བཅས་པ་ཐལ་མོ་སྦྱར་བའོ། །ལྕགས་རིའི་ཕྱི་རོལ་ཏུ་མེའི་ཕྱོགས་སུ་མནར་མེད་པ་ལ་སོགས་པའི་དམྱལ་བ་རྣམས་སོ། །བདེན་བྲལ་གྱི་མཚམས་སུ་ཡིད་དགས་ཀྱི་འགྲོ་བ་རྣམས་སོ། ། ་རླུང?་གི་མཚམས་སུ་དུད་འགྲོའི་འགྲོ་བ་རྣམས་སོ། །དབང་ལྡན་གྱི་མཚམས་སུ་མིའི་འགྲོ་བ་རྣམས་སོ། །རིམ་པ་འདྲི་ནི་རྒྱུད་གཞན་གྱི་རིམ་པའི་ཚུལ་གྱིས་བྲིས་པའོ། །གཞན་རྡོ་རྗེ་འཇིགས་བྱེད་དང་ཉེ་བ་ན་སའི་ལྷ་མོ་དང་གནོད་སྦྱིན་རྣམས་སོ། །རྡོ་རྗེ ་ནག་པོ་དང་ཉེ་བ་ན་ལྷ་མ་ཡིན་རྣམས་སོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱེད་དོ། །དལ་གྱི་བདག་པོའི་ཐུགས་ཁར་ཟླ་བ་ལ་ཨའོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱཧཱ། ཞེས་བྱ་བའི་སྔགས་དགོད་དོ། །སྙིང་པོའི་སྔགས་ནི ་ཨའོཾ་ན་མོ་བྷ་ག་ཝ་ཏི་སརྦ་དུར་ག་ཏི་པཱ་རི་ཤོ་དྷ་ན་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨ་ར་ཧང་དེ་སཾ་མྱག་སཾ་བུད་དྷ་ཡ། ཏདྱ་ཐཱ། ཨའོཾ་ཤོ་དྷ་ནི་ཤོ་དྷ་ནི། སརྦ་པཱ་པཾ། བི་ཤོ་དྷི་ན། ཤུད་དྷ་བི་ཤུད་དྷེ། སརྦ་ཀརྨ་ཨ་པ་ར་ན་བི་ཤོ་དྷ་ནི་སྭཱཧཱ། ཞེས་བྱ ་བ་ནི་ཕྲེང་བའི་སྔགས་སོ། །རྡོ་རྗེ་འབེབས་པའི་སྔགས་ནི། ཨའོཾ་སརྦ་བདི་སརྦཱ་པཱ་ཡ། ག་ཏི་ག་ཏ་ནི་བི་ཤོ་དྷ་ནི་ཧཱུཾ་ཧོ:ཕཊ། ཅེས་བྱ་བ་སྟེ་ལས་ཐམས་ཅད་པའི་སྔགས་སོ། །འོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་གཞན་དག་གིས་བརྗོད་དོ།། ། ་འབྱུང་བོ་འདུལ་བྱེད་ཀྱི་དལ་ལ་རྡོ་རྗེ་གུར་གྱི་ནང་དུ་རི་རབ་ཀྱི་སྟེང་ན་སྣ་ཚོགས་པདྨའི་ཟེའུ་འབྲུ་ལ་སྣ་ཚོགས་རྡོ་རྗེའི་སྟེགས་བུའི་སྟེང་དུ་གཞལ་ཡས་ཁང་གི་ལྟེ་བ་ལ་གླང་པོ་ཆེའི་རྒྱལ་པོའི་སྟེང་དུ་འམ། ཡང་ན་གླང་པོ་ཆེ་མེད་ཀྱང་སྣ་ཚོཌ ་པདྨ་དང་ཟླ་བ་ལ། འབྱུང་པོ་གཞན་གྱིས་མི་ཐུབ་པ་དཀར་པོ་ཟླ་བ་ཕྱེད་པ་དང་འོད་ཟེར་དང་ལྡན་པའི་རལ་པའི་ཐོར་ཅོག་དམར་པོ་དང་ལྡན་པ། རྨད་ར་དམར་པོ་མངའ་བ། ཐོད་པ་ལྔས་བརྒྱན་པ། སྤྱན་གསུམ་པ། མཆེ་བ་བརྩིགས ་པས་འཇིགས་པས་འཇིགས་སུ་རུང་བ། གསུས་པ་འཕྱད་བ། མཆོད་ཕྱིར་ཐོགས་དང་ལྡན་པ། སྟག་གི་ལྤགས་པས་ཕྱེད་དཀྲིས་པ། ཕྱག་བཞི་པ། ཕྱག་གཡས་པ་གཉིས་ཀྱིས་གྲི་གུག་དང་ཌ་མ་རུ། གཡོན་པ་གཉིས་ཀྱིས་ཐོད ་པ་དང་རྩེ་གསུམ་པ་འཛིན་པ། དྲག་པོའི་གདན་ལ་གཡས་བསྐྱང་གཡོན་བསྐུམ་པས་བཞུགས་པའོ། །འབྱུང་བོ་འདུལ་བྱེད་དྲག་པོ་ཆེན་པོ་སྐུ་མདོག་སྔོན་པོ་ཐོད་པ་ལྔས་མཚན་པའི་ཅོད་པན་ཅན་དེ་བ་ལྔས་དབུ་ལ་མཚན་པ། ་དབུ་སྐྲ་སེར་པོའི་སྐེད་པར་བཅིངས་པ། གོས་སྔོན་བསྣམས་པ། ཞལ་མཆེ་བ་བརྩིགས་པ། སྤྱན་གསུམ་དམར་པ། སྒེག་པའི་གད་མོ་མཛད་པ། ཕྱག་བཞི་པའི་གཡས་དང་པོས་རྡོ་རྗེ་སྔོན་པོ་འཇིགས་པ་གསོར་ཞིང། གཡོན་པས་སྡིགས ་འཛུབ་དང་བཅས་པའི་ཞགས་པ་འཛིན། ཕྱག་གཉིས་ཀྱིས་ཕྱག་རྒྱ་མཛད་པ་སྟེ། ཕྱག་རྒྱ་ནི། སྲིན་ལག་གཉིས་ནི་བསྣོལ་ནས་སུ། །མཛུབ་མེ་གཉིས་པོ་བསྐུམ་པར་བྱ། །མཐེའུ་ཆུང་དང་ནི་གུང་མོ་ཡང། །མཐེ་བོང་གིས་ནི་མནན་པར་བྱ། ་ཅེས་གསུངས་སོ། །ཀླུའི་རྒྱལ་པོ་བརྒྱད་ཀྱིས་རྣམ་པར་བརྒྱན་པ་སྟེ། ཀར་ཀོ་ཏ་སྔོན་པོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་འགུལ་བརྒྱན་བྱས་པ། དགའ་བོ་དངཉེ་དགའ་བོ་སེར་པོས་རྣ་རྒྱན་བྱས་པ་སྟེ། སེར་པོར་གཅིག་པས་གྲངས ་གཅིག་བར་བྱའོ། །མཛའ་ཡས་དཀར་པོས་ཚངས་སྐུད་བྱས་པ། ནོར་རྒྱས་དཀར་པོས་སྐེ་རགས། རིགས་ལྡན་ཕུག་རོན་མདོག་ལྟ་བུས་ཕྱག་རྒྱ་བཅིངས་པའི་ཕྱག་གཉིས་ཀྱིས་དཔུང་བརྒྱན། དུང་སྐྱོད་དཀར་པོས་གཞན་གཉིས་ཀྱི་དཔུང ་རྒྱན། པདྨ་དང་པད་མ་ཆེན་པོ་དམར་པོས་རྐང་རྡུབ་བྱས་ཏེ། དེའང་ཅིག་གི་གྲངས་ངེས་སུ་བྱས་པའོ། །ཤར་ཕྱོགས་ཀྱི་རེའུ་མིག་ལ་གླང་དང་ཉི་མ་དབང་ཕྱུག་ཆེན་པོ་མཚན་མ་གྱེན་དུ་ལངས་པ་ཐོད་པའི་ཕྲེང་བ་ཅན། ཐལ་བའི་མདོག ་སྤྱན་གསུམ་པ། ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཅོག་ཅན། སྤྲུལ་གྱི་མཆོད་ཕྱིར་ཐོགས་དང་བཅས་པ། ཕྱག་བཞི་པའི་གཡས་པ་གཉིས་ཀྱིས་གྲི་གུག་དང་ཌ་མ་རུ། གཡོན་གཉིས་ན་ཐོད་པ་དང་རྩི་གསུམ་འཛིན་པའོ། །ལྷོའི ་ཕྱོགས་སུ་ནམ་མཁའ་ལྡིང་གི་སྟེང་དུ་ཁྱབ་འཇུག་ནག་པོ་ཅོད་པན་དམར་པོ་ཅན། ཕྱག་གཡས་གཉིས་ཀྱིས་རྔ་དང་དུང་འཛིན་པའོ། །གཡོན་པ་གཉིས་ཀྱིས་འཁོར་ལོ་དང་དབྱུག་ཏོ་འཛིན་པའོ། །ནུབ་ཕྱོགས་སུ་བྱ་དང་པ་དང་ཟླ་བའི་སྟེངས ་སུ་ཚངས་པ་དཀར་པོ་ཞལ་བཞི་པ་ཕྱག་གཡས་གཉིས་ཀྱིས་བཟླས་པའི་ཕྲེང་བ་དང་གདུགས་ཀྱི་ཡུ་བ། གཡོན་གཉིས་ཀྱིས་པདྨ་དང་སྤྱི་བླུགས་འཛིན་པའོ། །བྱང་ཕྱོགས་སུ་རྨ་བྱ་དང་ཉི་མའི་སྟེང་དུ་གདོང་དྲུག་དམར་པོ ་ཙུག་ཕུད་གསུམ་དང་ལྡན་པ། གཡས་པས་རྔ་ཡབ་དང་གཡོན་པས་མདུང་ཐུང་འཛིན་པའོ། །དབང་ལྡན་གྱི་མཚམས་སུ་བྱི་བ་དང་ཟླ་བ་ལ་ཚོགས་བདག་དཀར་པོ་གླང་པོའི་ཞལ། སྤྱན་གསུམ་པ། སྤྱི་བོར་ཟླ་བ་ཕྱེད་པས་བརྒྱན་པ། ་ཕྱག་གཡས་པ་གཉིས་ན་ལ་ཕུག་དང་དགྲ་སྟ། གཡོན་པ་གཉིས་ན་རྩེ་གསུམ་དད་ཐོད་པ་འཛིན་པའོ། །མེའི་མཚམས་སུ་ཉི་མའི་དལ་ལ་ཉི་མ་དམར་པོ་གཡས་པ་དང་གཡོན་པ་གཉིས་ཀྱིས་པདྨ་ལ་གནས་པའི་ཉི་མ་སྟེ་སོ་སོར་གཉིས ་འཛིན་བའོ། །བདེན་བྲལ་གྱི་མཚམས་སུ་ཤིང་རྟའི་སྟེང་དུ་ཉི་མ་དང་ཟླ་བ་ལ་གནས་པའི་སྒྲ་གཅན་དམར་ནག་དབུ་སྐྲ་སེར་པོ་གྱེན་ལ་བརྫེས་པ། མིག་དང་རྨར་དམར་བ། མཆེ་བ་བཞི་པ། ཞལ་ཅུང་ཟད་གདངས་པ། ཕྱག་གཉིས་ན་ཉི ་མ་དང་ཟླ་བར་བཅས་པའི་ཐལ་མོ་སྦྱར་བའོ། །རླུང་གི་མཚམས་སུ་ཟླ་བའི་སྟེང་དུ་དགའ་བྱེད་དབང་ཕྱུག་སེར་པོ། གར་བྱེད་ཅིང་སྤྱི་བོར་ཟླ་བ་ཕྱེད་བ་ཅན། སྦྲུལ་གྱི་མཆོད་ཕྱིར་ཐོགས་དང་ལྡན་པ། ཕྱག་གཉིས་ཀྱི་གཡས་ཀྱི་ཌ་མ་རུ ་དང་གཡོན་གྱིས་རྩེ་གསུམ་འཛིན་པའོ། །རིམ་པ་གཉིས་པ་ལ་ཤར་གྱི་ཕྱོགས་སུ་ཟླ་བའི་སྟེང་དུ་དཔལ་མོ་དཀར་མོ་ཐུགས་ཁར་ཐལ་མོ་སྦྱར་བས་པདྨ་འཛིན་པའོ། །ལྷོ་ཕྱོགས་སུ་ཟླ་བའི་སྟེང་དུ་ཐིག་ལེ་མཆོག་མ་དམར་པོ་གར་བྱེད་ཅིང ་སྤོས་ཀྱི་སྣོད་འཛིན་པའོ། །ནུབ་ཕྱོགས་སུ་ཟླ་བའི་སྟེང་དུ་ཟླ་བ་མོ་དམར་མོ་མར་མེ་འཛིན་པའོ། །བྱང་ཕྱོགས་སུ་ཟླ་བའི་སྟེང་དུ་དཀའ་བཟློག་མ་སེར་མོ་གདེངས་ཀའི་ལག་པ་བཟློག་ནས་སྤྱིར་བོར་བཞག་པའོ། །མེའི་མཚམས་སུ་རིན་ཆེན ་དཔལ་མོ་དམར་མོ་དྲིའི་དུང་འཛིན་བའོ། །བདེན་བྲལ་དུ་ཟླ་བའི་སྟེང་དུ་དབྱངས་ཅན་མ་ལྗང་ཁུ་པི་ཝང་གི་སྒྲ་སྒྲོག་པའོ། །རླུང་གི་མཚམས་སུ་ཟླ་བ་ལ་གནས་པའི་ལྷ་མོ་མཛེས་མ་ནག་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །དབང་ལྡན་དུ་ཀུན་ཏུ ་འབྱོར་མ་ཟླ་བ་ལ་གནས་པ་སེར་མོ་རྡོ་རྗེ་རྩེ་གསུམ་པ་འཛིན་པའི་ཕྱག་གཉིས་ཀྱིས་གར་བྱེད་པའོ། །རིམ་པ་གསུམ་པའི་ཤར་ཕྱོགས་སུ་གླང་པོ་ས་སྲུངས་དང་ཟླ་བའི་སྟེང་དུ་བརྒྱ་བྱིན་སེར་པོ་མིག་སྟོང་དང་ལྡན་པ། རིན་པོ་ཆེའི་ཅོད་པན ་ཅན་གཡས་པ་སྐྱབས་སྦྱིན་གཡོན་པ་རྡོ་རྗེ་འཛིན་པའོ། །ལྷོ་ཕྱོགས་སུ་མ་ཧེ་དང་ཉི་མའི་སྟེང་དུ་གཤིན་རྗེ་ནག་པོ་གསུས་པ་འཕྱང་ལ། སྤྱན་དང་སྨིན་མ་དང་སྨར?་དང་རལ་བ་དམར་པོ། ན་བཟའ་སེར?་པོ་བསྣེམས་པ། ཕྱག་གཡས་? ་ཐོད་པས་མཚན་པའི་དབྱུག་པ་འཛིན་པ། གཡོན་པས་སྡིགས་འཛུབ་དང་བཅས་པའི་ཞགས་པ་འཛིན་པའོ། །ནུབ་ཕྱོགས་སུ་སྦྲུལ་དང་ཟླ་བའི་སྟེང་དུ་ཆུ་ལྷ་དཀར་པོ་སྦྲུལ་མགོ་འདུན་དང་ལྡན་པ། གཡས་པས་མཆོག་སྦྱིན་ཀྱི་ཕྱག་རྒྱ ་འཛིན་པ། གཡོན་པས་སྒྲུལ?་ཞགས་འཛིན་པའོ། །བྱང་ཕྱོགས་སུ་ལུས་དན་པོ་སེར་པོ་ཤ་རྒྱས་ཤིང་གསུས་པ་འཕྱང་བ། རིན་པོ་ཆེའི་ཅོད་པན་ཅན། གཡས་པ་དང་གཡོན་པ་གཉིས་ཀྱིས་དབྱུག་ཏོ་དང་ནེའུ་ལེ་འཛིན་པའོ། །མེའི་མཚམS ་སུ་ར་དང་ཉི་མའི་སྟེང་དུ་མེ་ལྷ་དམར་པོ་རལ་བ་གསུམ་དང་ལྡན་པ། སྐྲ་དང་རྨ་ར་སེར་ཅིང་འབར་བ། གསུས་པ་འཕྱང་བ། ཕྲག་པ་ལ་ཕྱག་ཚང་རྐུ་བ་བཏགས་པ། མཆོད་ཕྱིར་ཐོགས་པ་ཅན། གཡས་པ་གཉིས་ཀྱིས་མཆོག་སྦྱིན་དང ་བཟླས་པའི་ཕྲེང་བ་འཛིན་པ། གཡོན་པ་གཉིས་ཀྱིས་དབྱུག་པ་རྩེ་གསུམ་པ་དང་སྦྱི་བླུགས་འཛིན་པའོ། །བདེན་བྲལ་གྱི་མཚམས་སུ་རོ་ལངས་དང་ཉི་མའི་སྟེང་དུ་སྲིན་པོ་ནག་པོ་།སྨིན་མ་དང་རྨར་དམར་པོ། །ཕྱག་གཡས་ཀྱིས་རལ་གྲི ་གཡོན?་པས་མི་ཤས་གང་བའི་ཐོད་པ་འཛིན་པའོ། །རླུང་གི་མཚམས་སུ་རི་དགས་དང་ཟླ་བའི་སྟེང་དུ་རླུང་ལྷ་སྔོན་པོ་ཙུག་ཕུད་དང་ལྡན་པ་ཕྱག་གཉིས་ཀྱིས་རླུང་ཡོལ་འཛིན་བའོ། །དབང་ལྡན་གྱི་མཚམས་སུ་ངང་པ་དང་ཟླ ་བའི་སྟེང་དུ་ཟླ་བ་དཀར་པོ། ཕྱག་གཡོན་པ་མེ་ཏོག་ཀུ་མུ་ཏ་ལ་གནས་པའི་ཟླ་བ་དང། གཡས་པས་མཆོག་སྦྱིན་ནོ། །དབང་ལྡན་ནི་དབང་ཕྱུག་ཆེན་པོ་ལྟ་བུའོ། །རིམ་པ་བཞི་པའི་ཤར་དུ་སེང་གེའི་རྒྱལ་མཚན་འཛིན་མ་དཀར་མོ་སར? ་གེའི་རྒྱལ་མཚན་འཛིན་པའོ། །ལྷོར་ཟླ་བའི་སྟེང་དུ་རྣམ་པར་རྒྱལ་སྦྱོར་མ་དམར་མོ་ལྕགས་ཀྱུ་འཛིན་པའོ། །ནུབ་དུ་ཟླ་བའི་སྟེང་དུ་པདྨ་ཆེན་མོ་དཀར་མོ་གཞུ་དང་མདའའཛིན་པའོ། །བྱང་དུ་ཟླ་བའི་སྟེང་དུ་ཆར་འཕྲོགས་དམར་མོ་ཡིད་བཞིན ་གྱི་ནོར་བུའི་རྒྱལ་མཚན་འཛིན་པའོ། །དབང་ལྡན་དུ་ཟླ་བའི་སྟེང་དུ་འཕྲོག་མཆོག་མ་སེར་མོ་མེ་ཏོག་དང་བཅས་པའི་ཐལ་མོ་ཐུགས་ཁར་སྦྱར་བའོ། །མེའི་མཚམས་སུ་ཟླ་བའི་སྟེང་དུ་རིན་ཆེན་དབང་ཕྱུག་མ་སེར་མོ་སྤོས་ཕོར་འཛིན་པའོ? ་བདེན་བྲལ་གྱི་མཚམས་སུ་བླ་བརྒྱལ་མ་སེར་མོ་དྲིའི་དུང་འཛིན་པའོ། །རླུང་གི་མཚམས་སུ་ཟླ་བ་ལ་འགྲོ་སྐྱོང་མ་སེར་མོ་མར་མེའི་སྐོང་བུའི་སྡོང་བུ་འཛིན་པའོ། །འདིར་ཁྱད་པར་གྱི་ཚིག་མེད་པ་དེ་དག་ནི་གདན་སྣ་ཚོགས་པ་ལ་གནས་པའོ། ། ་ལྷ་ཐམས་ཅད་སེམས་དཔའ་ཨི་དཀྱིལ་ཀྲུང་རྒྱན?་གོས་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའོ། །འདིར་དལ་གྱི་བདག་པོའི་རིགས་ཀྱི་བདག་པོ་མི་བསྐྱོད་པའོ། །ཐུགས་ཁའི་ས་བོན་ནི་ཧཱུཾ་ངོ། །ཧཱུཾ་བཛྲ་ཕཊ་ཅེས་པ་ནི་སྙིང་པོའོ། །ཡང་ན། ཨའོཾ ་བྷུ་ཏ་ཌཱ་མ་ཙཻའི་ར་བྷུ་ཏ་ཨོཾ་དྷི་པོ་ཏི?། ཨ་ཀྵོ་བྷཡ་ཀི་རི་ཌི་ན། །སརྦ་བྷུ་ཏ་པྲཏ་བི་ཤཱ་ཙ་ན་སྭཱ་དྷ་ཡ་ཧཱུཾ་ཕཊ། ཞེས་པ་བྱའོ། །འདིར་ལས་ཐམས་ཅད་པའི་སྔགས་ཀྱང་དེ་ཉིད་དོ།། །།མཁའ་འགྲོ་མ་ལྔའི་དལ་ལ་ནི། རྡོ་རྗེའི་ས་ལ་སོགས ་པ་ནས་བཟུང་ནས་གཞལ་ཡས་ཁང་གི་བར་དུ་ཐོག་མར་བསྟན་པའི་འཇམ་པའི་རྡོ་རྗེ་ལྟར་ཤེས་པར་བྱའོ། །དེ་ནས་དབུས་ཀྱི་གཞལ་ཡས་ཁང་གི་ནང་དུ་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ། ཤར་ལ་སོགས་པའི་སྒོ་པ་རྣམས་སུ་གྷོའུ་རི ་ལ་སོགས་པའོ། །དབང་ལྡན་ལ་སོགས་པའི་མཚམས་སུ་པུ་སྐ་སི་ལ་སོགས་པའོ། །དེ་ལ་གྷོ་རི་མ་དཀར་མོ་གཡས་པས་ལྕགས་ཀྱུ་འཛིན་པ། ཙཽ་རི་སེར་མོ་གཡས་ཞགས་པ་འཛིན་པ། བྷེ?་ཏ་ལི་དམར་མོ་ཕྱག་གཉིས་ཀྱིས་ལྕགས་སྒྲོག་འཛིན ་པ། གྷསྨ་རི་ལྗང་ཁུ་རྡོ་རྗེ་དྲིལ་བུ་འཛིན་པའོ། པུ་ཀ་སི་སྔོན་མོ་ཕྱག་གཡས་ན་བྱང་ཆུབ་སེམས་ཀྱི་བུམ་པ་འཛིན་པ། ས་བ་རི་དཀར་མོ་རི་རབ་འཛིན་པ། ཙན་ཌ་ལི་སྔོན་མོ་མེ་ཐབ་འཛིན་པ། ཌོམ་བྷི་ནི་སྐུ་མདོག་སྣ་ཚོགས་མ། རྒྱལ་? ་ཆེན་པའི་བ་དན་འཛིན་པའོ། །ཤར་ཕྱོགས་ཀྱི་གཞལ་ཡས་ཁང་གི་དབུས་སུ་ཟླ་བའི་སྟེང་དུ་སངས་རྒྱས་མཁའ་འགྲོ་དཀར་བོ་སྟེ། འདིའི་རྩ་བའི་ཞལ་དཀར། གཡོན་པ་དམར། ལྷག་མ་རྣམས་སྔོན་པོའོ། །གཡས་པའི་ཐོད་པ་? ་ན་རྨ་བྱ་དང་མ་ཧེ་དང་ཆུ་སྲིན་ཀུམ་བྷི་ར་དང། ཉ་དང་གླང་པོ་ཆེ་དང་རུས་སྦལ་དང་སྤྲུལ་དཀར་པོ་དང་དང་པའོ། །གཡོན་པའི་ཕྱག་གི་ཐོད་པ་ན། སྦྱིན་གོར་དང་དམིགས་བུ་དང་སྤྲུལ་ཧ་ལ་ཧ་ལ་དང། ཨ་ཛྙ་ན་བ་དང། བྱི་བ་དང་གཡག་དང་གོས? ་དྲི་ཅན་དང་ཙ་ད་ཀ་དང་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པའི་མཚམས་རྣམས་ལ་རིམ་པ་བཞིན་དུ་སྐམ་པ་མོ་ལ་སོགས་པའི་ལྷ་མོ་རྣམས་སོ། །དེའང། སྐམ་པ་མོ་སྔོན་མོ་ཕྱག་ན་སྐམ་པ་འཛིན་པའོ། །ཞགས ་ལྡན་མ་སེར་མོ་ཞགས་པ་འཛིན་པའོ། །དྲ་བ་ཅན་དམར་མོ་བྲ་བ་འཛིན་པའོ། །ལྕགས་ཀྱུ་མ་ལྗང་ཁུ་འཛིན་པའོ། །མེ་ཏོག་མ་དམར་མོ་མེ་ཏོག་གི་ཟ་མ་ཏོག་འཛིན་པའོ། །བདུག་སྤོས་མ་ནག་མོ་སྤོས་ཕོར་འཛིན་པའོ། །མར་མེ་མ་སེར་མོ ་མར་མེའི་ཡུ་བ་འཛིན་པའོ། དྲི་ཆབ་མོ་སེར་མོ་དྲི་སེར་པོས་གང་བའི་དུང་འཛིན་པའོ། །ལྷོའི་གཞལ་ཡས་ཁང་གི་དབུས་སུ་རིན་ཆེན་མཁའ་འགྲོ་སེར་པོ་ཏེ། འདིའོ་རྩ་བའི་ཞལ་སེར་པོ་དང། གཡོན་པ་དཀར་པོ་དང། གཞན ་རྣམས་ནི་སྔོན་པོའོ། །གཡས་པའི་ཐོད་པ་རྣམས་ན་ཀ་ར་ན་དང། ཙ་ཀྲཱ་བཱ་ག་དང། ཨེ་ཌ་ཀ་དང། ཙ་ཀོ་ར་དང། ཤྱེ་ན་དང། བཱ་ཛི་དང། ཅིལླ?་དང། ཀུར་བ་ལ་སོར་བ་བརྒྱད་དོ། །གཡོན་པ་རྣམས་ལ་ཀར་གོ་ཏ་དང་རིགས་ལྡན་དན་པད་མ་དང ་པདྨ་ཆེན་པོ་དང་འཇོག་པོ་དང་ནོར་རྒྱས་དང་མཛའ་ཡས་རྣམས་སོ། ཤར་ལ་སོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ལྷ་མོ་རྣམས་སོ་།དེ་ལ་ཉི?་ཕྱག་མ་དཀར་མོ་ཉི་མའི་ངལ་འཛིན་པའོ། །མར་མེ་མ་སྔོན ་མོ་མར་མེའི་ཡུ་བ་འཛིན་པའོ། །རིན་ཆེན་སྒྲོན་མ་སེར་མོ་རིན་པོ་ཆེ་འཛིན་པའོ། །ཀློག་ཕྱག་མ་སྔོན་མོ་ཀློག་འཕྲོ་བ་འཁྲིལ་པ་འཛིན་པའོ། །སྒེག་མོ་དམར་མོ་ཕྱག་གཉིས་ཀྱིས་རིལ་བ་དང་བཅས་པའི་རྡོ་རྗེ་འཛིན་པའོ། །ཕྲེང་བ་མ ་དམར་མོ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །གླུ་མ་དམར་སྐྱ་ཕྱག་གཉིས་ཀྱིས་ཁར་རྡའི་སྒྲའི་འདྲེན་པ་ཅན་འཛིན་པའོ། །གར་མ་སྣ་ཚོགས་པའི་མདོག་ཕྱག་གཉིས་རྡོ་རྗེ་དང་བཅས་པས་གར་བྱེད་པའོ། །ནུབ་ཀྱི་གཞལ ་ཡས་ཁང་གི་དབུས་སུ་པདྨའི་མཁའ་འགྲོ་སྟེ། རྩ་བའི་ཞལ་དམར་པོ་དང། གཡོན་པ་དཀར་པོ་ལ་ཞལ་ལྷག་མ་རྣམས་ནག་པོའོ། །ཕྱག་གཡས་པའི་ཐོད་པ་རྣམས་ནི། དོམ་དང་བྱ་རྒོད་དང་བསེ་དང་བ་མན?་དང་སྟག་དང་སྤྲེའུ་དང ་ཆུ་སྲིན་ཀུ་བི་ར་དང་སྤྱང་ཁུ་རྣམས་སོ་།གཡོན་པ་རྣམས་ན་ཁྲ་དང་འུག་པ་དང་བྱ་གག་དང་སེང་གེ་དང་བྱ་ས་ར་ས་དང་ར་དང་རི་དགས་དང་ཕག་རྣམས་སོ། ཤར་ལ་སོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པ་རྣམས་ལ་ལྷ་མོ ་རྣམས་ཏེ། དེ་ལ་ཤར་ཕྱོགས་སུ་པདྨ་ཅན་དཀར་པོ་ཕྱག་ན་པདྨའོ། །ཆོས་འབྱུང་མ་སེར་མོ་ཕྱག་ན་ཆོས་འབྱུང་བསྣམས་པའོ། །ལྕགས་སྒྲོག་མ་ནག་མོ་ཕྱག་ན་ལྕགས་སྒྲོག་འཛིན་པའོ། །རང་མཁྱུད་མ་ལྗང་ཁུས་སངས་རྒྱས་ཐམས་ཅད་ལ ་རྗེས་སུ་ཆགས་པའི་ཕྱག་ན་རྡོ་རྗེ་དང་ཐོད་པ་བཟུང་ནས་རང་ལ་མ་བྱུང་པའོ། །གླིང་བུ་མ་དམར་མོ་ཕྱག་གཉིས་ཀྱིས་གླིང་བུ་བཟུང་ནས་སྒྲ་སྒྲོགས་པའོ། པི་ཝང་མ་སེར་མོ་ཕྱག་གཉིས་ཀྱིས་པི་ཝང་བསྒྲེང་པ་ལ་བརྩོན་པའོ། །མུ་ཀུན་ཏ་མ་དཀར ་མོ་ཕྱག་གཉིས་ཀྱིས་རྔ་ཆེན་བརྡུང་བའོ། །རྫ་རྔ་མ་ལྗང་ཁུ་དུ་བའི་མདོག་ཅན་རྫ་རྔ་གདུང་བའོ། །བྱང་གི་གཞལ་ཡས་ཁང་གི་དཔུས་སུ་སྣ་ཚོགས་མཁའ་འགྲོ་ཙ་དུར་བ་ལྟར་ལྗང་བ་སྟེ། འདིའི་རྩ་བའི་ཞལ་ནི་རྟའི་གོ་དང་ཥ?་ཆན་མ་ཟེར། དམར?་ཟེར ་པ་ལྗང་ཁུའོ། །ཞལ་གཡས་པ་དཀར་པོ་གཞན་རྣམས་ནི་ལྷའི་ཞལ་ལོ། །ཕྱོགས་ཅིག་ལ་རྩ་བའི་ཞལ་ཡང་ལྷའི་ཞལ་ལོ། །གཡོན་པ་དཀར་པོའོ། །ལྷག་མ་རྣམས་ནི་སྔོན་པོའོ། །གཡས་པའི་ཐོད་པ་རྣམས་ན། གཟའ་ལྷག་དང་ཕུར་བུ་དང། ་འཇུག་རིངས་དང་སྒྲ་གཅན་དང་མིག་དམར་དང་སྦ?་བ་སངས་དང་སྤེན་པ་དང་ཁྱབ་འཇུག་རྣམས་སོ། །གཡོན་པ་རྣམས་ལ་དབང་པོ་དང་ཆུ་ལྷ་དང་ཚངས་པ་དང་དྲག་པོ་དང་འདོད་པའི་ལྷ་དང་སྟོབས་བཟངས་དང་ཐང་བཟངས་རིས་དང་སྟོབས་ཅན ་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་དང། དབང་ལྡན་ལ་སོགས་པའི་ལྷ་མོ་རྣམས་ཏེ། དེ་ལ་སྒོ་ལྕགས་མ་དང་ལྷ་མོ་སྒོ་ལྕགས་འཛིན་པའོ། །ལྡེ་མིག་མ་སེར་མོ་ལྡེ་མིག་འཛིན་པའོ། །སྒོ་འཛིན་མ་དམར་མོ་རེ་བཞི་འཛིན་པའོ།། ་རས་ཡོལ་འཛིན་མ་ནག་མོ་རས་ཡོལ་འཛིན་པའོ། །སྤྱན་མ་དཀར་མོ་འཁོར་ལོ་འཛིན་པའོ། །མཱ་མ་ཀཱི་སྔོན་མོ་རྡོ་རྗེ་འཛིན་པའོ། །གོས་དཀར་མོ་དཀར་མོ་ཕྱག་ན་པདྨ་འཛིན་པའོ། །སྒྲོལ་མ་དམར་མོ་ཨུད་པ་ལ་སྔོན་པོ་འཛིན་པའོ། །གཞལ ་ཡས་ཁང་ཆེན་པོའི་སྒོ་རྣམས་སུ་དང། དབང་ལྡན་ལ་སོགས་པ་ལ་གྷོ་རི་ལ་སོགས་པ་དང་པུཀྐ་སི་ལ་སོགས་པ་སྟེ་སྔར་བཞིན་ནོ། །འདིར་རྡོ་རྗེ་མཁའ་འགྲོ་ནི་གདན་དང་སྐུ་མདོག་དང་།དབྱིབས་དང་ཞལ་དང་ཕྱག་ལ་སོགས ་པ་རྣམས་ཀྱིས་ཧེ་རུ་ཀ་ལྟ་བུའི་བདག་ཉིད་ཅན་གྱི་ངལ་ལ་ཇི་ལྟར་ཕྱག་བཅུ་དྲུག་གི་དགྱེས་པའི་རྡོ་རྗེ་ཡུམ་དང་བཅས་པའང་དེ་བཞིན་ནོ། །དེ་ལྟར་འཁོར་ལོའི་མཁའ་འགྲོ་མ་ལ་སོགས་པ་བཞི་ནི་གོང་དུ་བཤད་པའོ། །ཁྱད་པར་རྣམས ་ལས་ཁྱད་པར་གཞན་ན་རྡོ་རྗེ་མཁའ་འགྲོ་དང་མཚུངས་སོ། །དེ་དག་ལ་མ་ཁྱུད་པའི་ལྷ་མོ་རྣམས་ནི་རིམ་པ་ཇི་ལྟ་བར་སྤྱན་མ་དང། མཱ་མ་ཀཱི་དང། གོས་དཀར་མོ་དང། སྒྲོལ་མ་རྣམས་ནི་དཀར་པོ་དང་དམར་པོ་དང་སེར་པོ་དང་ལྗང ་ཁུ་རྣམས་སོ། །གྲི་གུག་དང་སྡིགས་འཛུབ་དང་བཅས་པའི་ཕྱག་གཉིས་པའོ། །མཁའ་འགྲོ་ལྔ་ནི་རིམ་པ་བཞིན་རང་རང་གི་དེ་བ་ལྔའི་ཅོད་པན་ནོ། །གཞལ་ཡས་ཁང་ཐམས་ཅད་ལྷ་མོ་རྣམས་ནི་གཅེར་བུ། སྤྱན་གསུམ་ཟླུམ་ལ ་དམར་བ། མཆེ་བ་བརྩིགས་པ། ཞལ་གཅིག་པ། ཕྱག་གཉིས་པ་།དབུ་སྐྲ་དམར་ཞིང་གྱེན་དུ་བརྫེས་པ། དཔྲལ་བའི་དབྱེས་ལ་ཐོད་པ་དང་མགོ་སྐམ་པོའི་ཕྲེང་བའི་དོ་ཤལ་དང་ཕྱག་རྒྱ་ལྔས་བརྒྱན་པའོ། །སྣ་ཚོགས་པདྨ་དང་རོ་དང ་ཉི་མ་ལ་གཡས་བསྐུམ་གཡོན་བསྐུར་པའི་རྡོ་རྗེའི་དཀྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པའོ། །གང་ཁྱད་པར་མ་བཤད་པ་རྣམས་ནི་གཡོན་པའི་ཕྱག་གིས་ཁུ་ཚུར་སྙིང་ཁར་སྡིགས་པར་མཛད་པའོ། །འཁྱུད་པའི་ལྷ་མོ་ནི་གདན་ཐ ་དང་མེད་དོ། །གྷོ་རི་ལ་སོགས་པ་བརྒྱད་ལ་རིམ་པ་ཇི་ལྟ་བར་རོའི་གདན་གྱི་གནས་སུ། ཚངས་པ་དང་དབང་པོ་དང་ཉེ་དབང་དང་དྲག་པོ་དང་གཤིན་རྗེ་དང་ལུས་ངན་པོ་དང་སྲིན་པོ་དང་ཐག་བཟངས་རིས་རྣམས་སོ། །ཞེས་པ་ནི་ཕྱོགས་གཞན་ནོ ་མཁའ་འགྲོ་མ་དང་བྷོ་རི་ལ་སོགས་པ་རྣམས་ནི་རྡོ་རྗེ་མཁའ་འགྲོ་ལ་མངོན་པར་ཕྱོགས་པའོ། །ལྷ་གཞན་རྣམས་ནི་རང་རང་གི་བདག་པོ་ཉིད་ལ་མངོན་པར་ཕྱོགས་པའོ། །མི་བསྐྱོད་དགྱེས་པ་རྡོ་རྗེའི་སྤྱི་བོར་རྡོ་རྗེ་འཛིན་པ་དང་རྡོ་རྗེའོ།། ་སྒོ་མཚམས་ཀྱི་ལྷ་མོ་རྣམས་ལ་མི་བསྐྱོད་པ་དང་བརྟག་པ་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་རྣམས་སོ། །བརྟག་པའི་སྤྱི་བོར་འཁོར་ལོ་འཛིན་པ་དང་འཁོར་ལོའོ། །སྒོ་དང་མཚམས་ཀྱི་ལྷ་མོ་རྣམས་ཀྱི་ཐུགས་རྡོ་རྗེ ་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པའོ། །རྡོ་རྗེ་ཉི་མ་ལ་ཕྱག་ན་རིན་པོ་ཆེ་དང། ཡིད་བཞིན་ནོར་བུའོ། །སྒོ་དང་མཚམས་ཀྱི་ལྷ་མོ་རྣམས་སུ་སྐུ་རྡོ་རྗེ་དང་ཐུགས་རྡོ་རྗེ་དང་འོད་དཔག་མེད་དང་དོན་ཡོད་གྲུབ ་པ་རྣམས་སོ། །པདྨ་གར་ཀྱི་དབང་ཕྱུག་ལ་ནི་པདྨ་འཛིན་པ་དང་རྡོ་རྗེས་མཚན་པའི་པདྨ་འཛིན་པའོ། །དེའི་སྒོ་མཚམས་ཀྱི་ལྷ་མོ་རྣམས་ལ་སྐུ་རྡོ་རྗེ་དང་རིན་ཆེན་འབྱུང་ལྡན་དང་མི་བསྐྱོད་པ་དང་ཚེ་དཔག་མེད་རྣམས་སོ། །རྟ་མཆོག་གི་རལ ་གྲི་དང་རལ་གྲི་འཛིན་པའོ། །སྒོ་དང་མཚམས་ཀྱི་ལྷ་མོ་རྣམས་ནི་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་སོ། །ཕྱི་རོལ་གྱི་གྷོ་རི་ལ་སོགས་པ་ནི་སྔར་བཞིན་ནོ། །རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་མཁའ་ ་འགྲོ་རྣམས་ཀྱི་ཐུགས་ཁའི་ས་བོན་ནི། ཧཱུཾ་ཨའོཾ་ཏྲེ་ཨ:ཁཾ་ཞེས་བྱ་བ་རྣམས་སོ། །སྙིང་པོའི་སྔགས་རྣམས་ནི། ཨའོཾ་དྷ་ར་དྷ་ར་།དྷཱ་ར་ཡ་དྷཱ་ར་ཡ། མར་ང་ཡ་མར་ད་ཡ། བཛྲ་དྷྲིཀ་ཕཊ་སྭཱཧཱ། ཨའོཾ་ཤྭ་ཤྭ་ཏ་བ་ད་མི་ཤྭ་ཤྭ་ཏ། ཨའོཾ་ཨེ་ཧཡེ་ཧཻ? ་ཛཝཱ?་ན་ཛི་ན་ཛི་ག་ཧཱུཾ་ཕཊ་སྭཱཧཱ། ཨའོཾ་བཛྲ་སུརྱ་ཏ་མོ་བཾ་དྷ་མ་ན་ས་མ་ཡ་སྟོཾ། ཧང་རང་ན་དྷྲིཀ་ཧཱུཾ་ཕཊ་སྭཱཧཱ། ཨའོཾ་བཛྲ་དྷ་མ་ས་མ་ཡ་སྟཾ། ཧུ་ལུ་ཧུ་ལུ་ཨ་རོ་ལིག་སྭཱཧཱ། ཨའོཾ་ཕུ་ཕུ་ཧི་ཧི་པྲད་ཛྙཱ?་དྷྲིཀ་ཕཊ་སྭཱཧཱ། ཞེས་བྱ་བའོ། །ན་མ:ས་མན་ཏ ་བུད་དྷེ་བྷཡོ། ན་མོ་བཛྲ་ཀྲོ་དྷ་ཡ། མ་ཌཾཥཌོད?་ཀ་ཌ་བཻ་ར་བཱ་ལ། བཛྲ་སན་ཏོ་ཧ། ངར་པཱ་མ། ཨརྨརིཏ་ཀུན་ཌ་ལི་ཧཱུཾ་ཕཊ། ཞེས་བྱ་བ་ནི་བགེགས་སེལ་བར་བྱེད་པའི་སྔགས་སྟེ?་ལས་ཐམས་ཅད་པའི་སྔགས་སོ། །མཁའ་འགྲོ ་མ་ལྔ་པོ་འདི་དག་གང་ཡང་རུང་བ་ལ་རྩོ་བོར་བྱེད་པ་དེ་དབུས་སུ་བསྒོམ་པར་བྱའོ། །རེ་རེ་ཡང་དེ་དང་དེའི་ངལ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། མགོན་པོ་གང་ཞིག་སངས་རྒྱས་ནི། དབུས་སུ་གྱུར་པའི་ངལ་ནི། དེ་ཉིད་ཀྱི་ནི ་ངལ་གསུངས། སྙིང་པོ་ལེན་ཕྱིར་ངལ་སྟེ། ཡང་ན་བསྡུས་པའི་དཀྱིལ་འཁོར་རོ། །ཞེས་སོ།། །།འཁོར་ལོ་བསྒྱུར་བ་དྲུག་གི་ངལ་པ་།རྡོ་རྗེའི་ས་གཞིའི་ལ་སོགས་པ་དང། རྩིབས་བཅུ་པའི་འཁོར་ལོ་བསྒོམ་པའི་བར ་འཇམ་པའི་རྡོ་རྗེའི་ངལ་དུ་བསྟན་པ་ཇི་ལྟ་བའམ། ཡང་ན་རྩིབས་བཅུ་པའི་འཁོར་ལོའི་ཁྲོ་བོ་བཅུ་ནི་ལོག་གསུམ་ལས་རྣམ་པར་རྒྱལ་བའི་ངལ་ལས་བཤད་པའི་རྡོ་རྗེ་དབྱུག་པ་ལ་སོགས་པ་ནས་རྡོ་རྗེ་ས་འོག་གི་བར་དུ་བཤད་པ་ལྟ་བུའོ ་འདིའི་འཁོར་ལོ་རྩིབས་བཅུ་བའི་ལྟེ་བའི་ནང་དུ་ཆོས་འབྱུང་གི་ནང་དུ་རླུང་དང་མེ་དང་ཆུ་དང་གསེར་གྱི་རང་བཞིན་གྱི་ས་གཞིའི་ངལ་དང། རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་དབུས་སུ་གཞལ ་ཡས་ཁང་ཆེན་པོའོ། །ཕྱོགས་ཁ་ཅིག་ལ་ཆོས་འབྱུང་མེད་ངོ། །གཞལ་ཡས་ཁང་གི་དབུས་སུ་གནས་པའི་སེང་གེའི་སྟེང་དུ་སྣ་ཚོགས་པདྨ་ལ་གནས་པའི་ཉི་མའི་ངལ་གྱི་དབུས་སུ་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས ་དཔའ་བསྒོམ་པར་བྱའོ། །ཞེས་རྒྱུད་བླ་མ་ལས་གསུངས་པའི་ཕྱིར། ཉི་མར་གནས་པའི་འཇིགས་བྱེད་དང་དུས་མཚན་མའི་སྟེང་དུ་རྡོ་རྗེ་དཀྱིལ་དཀྲུང་དུ་གནས་པའི་ཡེ་ཤེས་ཀྱི་རྡོ་རྗེ་མཁའ་འགྲོ་རྡོ་རྗེ་སེམས་དཔའ་དཀར་པོ་འམ་ནག་པོ ་རྡོ་རྗེ་དྲིལ་བུ་དང་བཅས་པའི་གཡས་དང་ཅིག་ཤོས་ཀྱི་ཕྱག་གིས་རྡོ་རྗེ་ལྷ་མོ་ལ་འཁྱུད་པའོ། །ལྷ་མོ་ནི་སྡིགས་འཛུབ་དང་བཅས་པའི་རྡོ་རྗེའི་ཕྱག་གཡས་པ་བསྐྱང་བ། ཕྱག་གཡོན་ཁྲག་གིས་བསྐང་བའི་ཐོད་པ་འབུལ་བས་ཡབ་ལ ་མཁྱུད་པ། སྐུ་མདོག་དམར་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞེས་བྱ་སྟེ། མིང་གཞན་ཆོས་ཀྱི་དབང་ཕྱུག་མ་ཞེས་ཀྱང་བརྗོད་ཅིང། ཕག་མོ་ཞེས་ཀྱང་གྲག་གོ་།དེ་ལྟར་ཤར་ལ་སོགས་པ་ནས་གཡས་སྐོར་གྱིས་སངས་རྒྱས་མཁའ་འགྲོ ་ལ་སོགས་པ་རྣམ་པ་ལྔ་བསྐྱེད་པར་བྱ་སྟེ། དེ་དག་གི་འཁོར་རྣམས་ཀྱིས་ངལ་ཐ་དད་ལ་སོ་སོར་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གཡོན་བསྐོར་གྱིས་བསྐྱེད་ཅིང། མེ་ལ་སོགས་པའི་མཚམས་སུ་གཡས་བསྐོར་གྱིས་བསྐྱེད་པར་བྱའོ། ། ་རྡོ་རྗེ་སེམས་དཔའ་ཨི་ཕྱོགས་བྲལ་རྣམས་སུ་རིམ་པ་ཇི་ལྟ་བས་མཁའ་འགྲོ་མ་དང་ལཱ་མ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་རྣམས་ནི་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་ཁུ་རྣམས་གཡོན་བསྐུམ་པ་དང་གཡས་བསྐྱད་བས་གནས ་པའོ། །སྒོ་རྣམས་ལ་ཐོད་པའི་དུམ་བུ་ཅན་དང་ཀེང་རུས་ཆེན་པོ་དང་ཀེང་རུས་དང་མཆེ་བ་རྣམ་པར་བརྩིགས་པ་རྣམས་སྐུ་མདོག་ནག་པོ་རྡོ་རྗེ་དྲིལ་བུ་དང་བཅས་པའི་ཕྱག་གཉིས་ཀྱིས་གཏུམ་པ་དང་གཏུམ་པའི་མིག་ཅན་མ་དང་འོད་ལྡན་མ ་དང་སྣ་ཆེན་མ་རྣམས་ཐལ་བ་དཀར་པོའི་མདོག་ཅན་ལ་མཁྱུད་པའོ། །དེ་ནས་རྣམ་པར་སྣང་མཛད་ཀྱིས་གཞལ་ཡས་ཁང་གི་དབུས་སུ་སེང་གེའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའི་ཚངས་པའི་སྙིང་ཁར་སངས་རྒྱས་མཁའ་ ་འགྲོ་རྡོ་རྗེ་དཀྱིལ་དཀྲུང་གིས་བཞུགས་པ། སྐུ་མདོག་དཀར་པོ་འཁོར་ལོ་དང་འཁོར་ལོས་མཚན་པའི་དྲིལ་བུ་འཛིན་པའི་ཕྱག་གཡས་པ་དང་གཡོན་པ་གཉིས་ཀྱིས་སངས་རྒྱས་མཁའ་འགྲོ་མ་ལ་མཁྱུང་པའོ། །སྒོ་རྣམས་ལ་ཆང ་དགྲ་དང། འོད་དཔག་མེད་དང། རྡོ་རྗེ་འོད་དང། རྡོ་རྗེའི་ལུས་ཅན་རྣམས་ནི་སྐུ་མདོག་དཀར་པོ་འཁོར་ལོ་དང་འཁོར་ལོས་མཚན་པའི་དྲིལ་བུས་མཚན་པའི་ཕྱག་གཉིས་ཀྱིས། དཔའ་བོའི་བློ་གྲོས་མ་དང། ་མིའུ་ཐུང་མ་དང། ལང་ཀའི་དབང་ཕྱུག་མ་དང། ཤིང་གྲིབ་མ་རྣམས་སེར་མོ་ལ་མཁྱུང་པའོ། །རིན་ཆེན་འབྱུང་ལྡན་གྱི་གཞལ་ཡས་ཁང་གི་དབུས་སུ་རྟའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཉི་མའི་ལྷ་དབང་ཕྱུག ་ཆེན་པོའི་སྙིང་ཁར་རིན་ཆེན་མཁའ་འགྲོ་རྡོ་རྗེ་སྐྱིལ་ཀྲུང་སུ་བཞུགས་པ། སྐུ་མདོག་སེར་པོ། རིན་པོ་ཆེ་དང་རིན་པོ་ཆེས་མཚན་པའི་དྲིལ་བུ་འཛིན་པའི་ཕྱག་གཡས་དང་གཡོན་གཉིས་ཀྱིས་རིན་ཆེན་མཁའ་འགྲོ་ལ་མཁྱུང ་པའོ། །སྒོ་རྣམས་ལ་མྱུ་གུ་ཅན་དང། རྡོ་རྗེ་རལ་པ་ཅན་དང། འོད་ཆེན་པོ་དང། རྡོ་རྗེ་ཧཱུཾ་མཛད་རྣམས་སྐུ་མདོག་སེར་པོ་འཁོར་ལོ་དང་འཁོར་ལོས་མཚན་པའི་དྲིལ་བུ་ལྗང་ཁུ་འཛིན་པའི་ཕྱག་གཉིས་ཀྱིས་ཨེར་པ་ཏི་དང། ་འཇིགས་བྱེད་ཆེན་མོ་དང། རླུང་གི་ཤུགས་མ་དང། ཆང་འཐུང་མ་རྣམས་སེར་མོ་ལ་མཁྱུང་པའོ། །སྣང་བ་མཛའ་ཡས་ཀྱི་ངལ་གྱི་དབུས་སུ་རྨ་བྱའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་དབང་ཕྱུག་ཆེན་པོའི་སྙིང་ཁར ་པད་མ་མཁའ་འགྲོ་དམར་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། །པདྨ་དང་པད་མས་མཚན་པའི་དྲིལ་བུ་འཛིན་པའི་ཕྱག་གཡས་པ་དང་གཡོན་པ་གཉིས་ཀྱིས་པདྨ་མཁའ་འགྲོ་ལ་མཁྱུང་པའོ། །སྒོ་རྣམས་ལ་ལེགས་བཟངས ་དང་རྡོ་རྗེ་བཟང་པོ་དང་འཇིགས་ཆེན་པོ་དང་མིག་མི་བཟང་རྣམས་དམར་པོ། པདྨ་དང་པདྨས་མཚན་པའི་དྲིལ་བུར་བཅས་པའི་ཕྱག་གཉིས་ཀྱིས་ལྷ་སྔོ་སངས་མོ་དང་ལེགས་བཟངས་མོ་དང་རྟ་རྣ་མོ་དང་བྱ་གདོང་མ་རྣམས་དཀར་མོ ་ལ་མཁྱུད་པའོ། །མི་བསྐྱོད་པའི་གཞལ་ཡས་ཁང་གི་དབུས་སུ་གླང་པོ་ཆེའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཁྱབ་འཇུག་གི་སྙིང་ཁར་རྡོ་རྗེ་མཁའ་འགྲོ་ནག་པོ་རྡོ་རྗེ་སྐྱིལ་ཀྲུངས་ཀྱིས་བཞུགས་པ། རྡོ་རྗེ་དང་རྡོ་རྗེས་མཚན་པའི ་དྲིལ་བུ་ཕྱག་གཉིས་ཀྱིས་རྡོ་རྗེ་མཁའ་འགྲོ་མ་ལ་མཁྱུད་པའོ། །ལྷ་མོ་དེ་དག་ནི་དམར་མོ་འམ་ནག་མོའོ། །སྒོ་རྣམས་ལ་སྟོབས་ཆེན་རྡོ་རྗེ་དང། རིན་ཆེན་རྡོ་རྗེ་དང་།རྟ་མགྲིན་དང། ནམ་མཁའ་ཨི་སྙིང་པོ་རྣམས་ནག་པོ་རྡོ་རྗེ་དང་དྲིལ་བུ་དང་ལྡན་པའི ་ཕྱག་གཉིས་ཀྱིས་འཁོར་ལོའི་ཤུགས་ཅན་མ་དང་དུ་མ་སྐྱེས་མ་དང་འཁོར་ལོའི་གོ་ཆ་མ་རྣམས་སེར་མོ་ལ་མཁྱུང་པའོ། །དོན་ཡོད་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་མཁའ་ལྡིང་གི་སྟེང་དུ་ཟླ་བའི་ལྟེ་བ་ལ་རྡོ་རྗེ་སྐྱིལ་དཀྲུང་གིས ་བཞུགས་པ། སྣ་ཚོགས་མཁའ་འགྲོ་སྐུ་མདོག་ལྗང་ཁུ། སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་བཟུང་བའི་ཕྱག་གཉིས་ཀྱིས་སྣ་ཚོགས་མཁའ་འགྲོ་མ་ལྗང་ཁུ་ལ་མཁྱུང་པའོ། །སྒོ་རྣམས་སུ་ཧེ་རུ་ཀ་དང་པདྨ་གང?་གྱི་དབང ་ཕྱུག་དང་རྣམ་པར་སྣང་མཛད་དང་རྡོ་རྗེ་སེམས་དཔའ་རྣམས་སྐུ་མདོག་ལྗང་ཁུ། སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་ཕྱག་གཉིས་ཀྱིས་བཟུང་ནས། ཤིན་ཏུ་དཔའ་མོ་དང་སྟོབས་ཆེན་མོ་དང་འཁོར་ལོ་བསྒྱུར ་མ་དང་བརྩོན་འགྲུས་ཆེན་མོ་རྣམས་དུ་བ་ལྟ་བུའི་སྔོ་སྐྱའི་ཚོགས་ལ་མཁྱུང་པའོ། །དེ་ལྟར་དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་གཡས་བསྐྱང་བ་དང་གཡོན་བསྐུམ་པས་གནས་པའོ། །འདིར་མཁའ་འགྲོ་མ་ལ་སོགས་པ་བཞི་ནི་གཡས་པ ་དང་གཡོན་པ་ཌ་མ་རུ་དང་ཐོད་པ་དང་བཅས་པའི་ཁ་ཊཝཾ་འཛིན་པའོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་རབ་ཏུ་གཏུམ་མ་ལ་སོགས་པ་ཕྱག་གཡས་པས་རྡོ་རྗེ་དང་གཡོན་པས་སྡིགས་མཛུབ་གདེངས་པའོ། །སངས་རྒྱས་མཁའ་འགྲོ་དང་དགའ་ ་མོའི་བློ་གྲོས་མ་ལ་སོགས་པ་ནི་སྡིགས་འཛུབ་དང་བཅས་པའི་འཁོར་ལོའོ། །རིན་ཆེན་མཁའ་འགྲོ་དང་ཨེ་ར་བྷ་ཏི་ལ་སོགས་པ་རྣམས་ནི་སྡིགས་མཛུབ་དང་བཅས་པའི་རིན་པོ་ཆེའོ། །པདྨ་མཁའ་འགྲོ་དང་སྔོ་བསངས ་ས་ལ་སོགས་པ་རྣམས་ནི་སྡིགས་མཛུབ་དང་བཅས་པའི་པདྨ་འཛིན་པའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་དང་འཁོར་ལོའི་ཤུགས་ཅན་མ་རྣམས་ནི་སྡིགས་མཛུབ་དང་བཅས་པའི་རྡོ་རྗེའོ། །སྣ་ཚོགས་མཁའ་འགྲོ་མ་དང་ཤིན་ཏུ ་དཔའ་མོ་ལ་སོགས་པ་རྣམས་ནི་སྡིགས་མཛུབ་དང་བཅས་པའི་སྣ་ཚོགས་རྡོ་རྗེའོ། །དེ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སོགས་པ་ནི་གཡོན་པའི་ཕྱོགས་སུ་ཁྲག་གིས་བཀང་བ་འཛག་པ་དང་བཅས་པའི་ཐོད་པ་འཛིན་པས ་མཁྱུང་པའོ། །དལ་ཆེན་པོའི་སྒོ་རྣམས་ལ་ཁྭ་གདོང་མ་དང་ལུག་གདོང་མ་དང་ཁྱི་གདོང་མ་དང་ཕག་གདོང་མ་རྣམས་མིང་གི་རྗེས་སུ་འབྲང་བའི་ཞལ་ཏེ་རིམ་པ་ཇི་ལྟ་བས་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་ཁུའི་མདོག་ཅན་ནོ།། ་ཕྱག་གཡས་པ་རྣམས་ན་ལྕགS་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་འཛིན་པའོ། །མཚམས་བཞིན་གཤིན་རྗེ་བསྲེག་བྱེད་མ་དང་གཤིན་རྗེ་འཇོམས་མ་དང་གཤིན་རྗེ་མཆེ་བ་མོ་དང། གཤིན་རྗེ་བརྟན་མ་རྣམས་ནི་མིའི་གདོང་པ ་གཡས་དང་གཡོན་པའི་མདོག་བྱེ་བྲག་གཡས་གཡོན་ཀྱི་སྐུ་ཕྱེད་ཕྱེད་དང་ལྡན་པའོ། །ཕྱག་གཡས་པ་རྣམས་ན་མེ་ལོང་དང་པི་ཝང་དང་དྲིའི་དུང་དང་རོའི་སྣོད་དང་རྣམས་འཛིན་པའོ། །ལྷ་མོ་བརྒྱད་པོ་འདི་དག་ཀྱང་ཕྱག་གཡོན་པས ་ཐོད་པ་དང་ཁ་ཊཝཾ་ག་འཛིན་པའོ། །ཞབས་གཡོན་བསྐུམ་པ་དང་གཡས་བསྐྱང་བས་གནས་པའོ། །གཞལ་ཡས་ཁང་དྲུག་པོ་རྣམས་ཀྱི་མཚམས་སུ་སྣ་ཚོགས་པདྨ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ལ་སོགས་པའི ་ཐོད་པ་རྣམས་སོ། །མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་པའི་མཐར་ཐུག་པ་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་རོའི་གདན་ལ་བཞུགས་པའོ། །འཁོར་ལོ་བསྒྱུར་བ་རྣམས་ཀྱི་ཁྱད་པར་ནི་རོལ་གནས ་པའོ་ཞེས་བྱ་བ་ཡང་ཕྱོགས་ཅིག་གོ་།དཔའ་བོ་རྣམས་ནི་སྐུ་སྨད་སྟག་གི་ཤམ་ཐབས་རྣམ་ཕྱེད་དཀྲིས་པ། མཆོད་ཕྱིར་ཐོགས་ཅན། མི་མགོ་རློན་པའི་དོ་ཤལ་མགྲིན་པ་ལ་འཕྱང་བ། རོལ་པ་ནག་པོའི་ཐོར་ཚུགས་ཅན་ནོ། །དཔའ་ ་མོ་རྣམས་ནི་གཅེར་བུ་སྐྲ་ནག་པོ་གྲོལ་ཞིང་མི་མགོ་སྐམ་པོའི་ཕྲེང་བ་འཕྱང་བའོ། །ལྷ་བཞི་བཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་ཞལ་ཅིག་པ་ཕྱག་གཉིས་པ་སྤྱན་གསུམ་པ། དཔྲལ་བའི་སྟེང་དུ་རྡོ་རྗེའི་ཕྲེང་བ་དང་བཅས་པའི་ཐོད ་པ་ལྔས་བརྒྱན་པ། དབུ་བརྒྱན་དང་གཡེར་ཀ་ལ་སོགས་པས་བརྒྱན་པ་དང་ཕྱག་རྒྱ་ལྔ་དང་ལྡན་པའོ། །ཡང་ན་འཁོར་ལོ་བསྒྱུར་བ་རྣམས་ཕྱག་རྒྱ་དྲུག་དང་ལྡན་པའོ། །ཟླ་བ་ཕྱེད་པ་ནོར་བུ་དང་བཅས་པ། སྣ་ཚོགས་རྡོ་རྗེས་མཚན་པའི་རལ ་པའི་ཐོང་ཅོག?་ཅན་དག་གོ། ལྷ་མོ་སུམ་ཅུ་རྩ་བཞི་པོ་དེ་དག་ཀྱང་སོ་སོ་རང་རང་གི་ངལ་གྱི་བདག་པོ་ལ་མངོན་པར་ཕྱོགས་པའོ། །འཁོར་ལོ་བསྒྱུར་བ་ལྔ་དང། ཁྱི་གདོང་མ་ལ་སོགས་པ་ནི་དབུས་ཀྱི་ངལ་ཀྱི་བདག་པོ་ལ་ཞལ་མངོན་པར ་ཕྱོགས་པའོ། །དཔའ་བོ་རྣམས་ནི་རང་རང་གི་ཤེས་རབ་མ་ལ་ཞལ་མངོན་པར་ཕྱོགས་པའོ། །དེ་ལྟར་བཤད་པ་དེ་ནི་གཞུང་ཅིག་གོ། འཁོར་ལོ་བསྒྱུར་བ་དྲུག་པོ་འདི་དག་ཀྱང་ཞབས་གཡོན་བསྐུམ་བ་དང་གཡས་བསྐྱང་བར་འདོད་པ་ནི་ཕྱོགས ་གཉིས་པའོ། །ཕྱོགས་འདི་ལ་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་སངས་རྒྱས་མཁའ་འགྲོ་དང། དེ་དག་གི་འཁོར་རྣམས་ཀྱང་སེང་གེའི་སྟེང་དུ་གནས་པ་དང། རིན་ཆེན་མཁའ་འགྲོ་དང་དེའི་འཁོར་རྣམས་ཀྱང་རྟའི་སྟེང་དུ་གནས་པ་ ་དང་།པདྨའི་མཁའ་འགྲོ་དང་དེའི་འཁོང་རྣམས་རྨ་བྱའི་སྟེང་དུ་གནས་བ་དང། རྡོ་རྗེའི་མཁའ་འགྲོ་དང་དེའི་འཁོར་རྣམས་ཀྱང་གླང་པོ་ཆེའི་སྟེང་ན་གནས་པ་དང། སྣ་ཚོགས་མཁའ་འགྲོ་དང་དེའི་འཁོར ་རྣམས་ཀྱང་ནམ་མཁའ་ལྡིང་གི་སྟེང་ན་གནས་པའོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སོགས་པ་འདི་དག་ཀྱང་རྡོ་རྗེ་དཀྱིལ་དཀྲུང་དང། ཁྱི་གདོང་མ་ལ་སོགས་པ་ཕྱོགས་མཚམས་སྐྱོང་བ་བརྒྱད་ནི་གཡོན་བསྐུམ་པ་དང་གཡས་བསྐྱང ་བས་ཕྱོགས་སྐྱོང་བ་བརྒྱད་ཀྱི་གདན་ལ་གནས་པའོ་ཞེས་བྱ་བ་ནི་ཕྱོགས་གསུམ་པའོ། །ཕྱོགས་འདི་དག་དང་ཕྱོགས་གཞན་རྣམས་ལའང་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སོགས་པ་རྣམས་ཉིད་ཞལ་ཅིག་ཕྱག་བཞི་པ་ལ་སོགས ་པ་དང་ཞལ་གསུམ་ཕྱག་དྲུག་པ་ལ་སོགས་པ་ཉིད་དང། ཞལ་ལྔ་ཕྱག་དྲུག་པ་ལ་སོགས་པ་དང། ཞལ་ཅིག་ཕྱག་གཉིས་པ་ལ་སོགས་པ་དང། ཞལ་བཞི་ཕྱག་བཅུ་གཉིས་པ་ལ་སོགས་པ་ཉིད་དང། ཞལ་བརྒྱད་ཕྱག ་བཅུ་དྲུག་པ་ལ་སོགས་པ་ཉིད་བཅོམ་ལྡན་འདས་ཀྱིས་རབ་ཏུ་སྤྲོས་ནས་གསུངས་ཏེ། གཞུང་མངས་པས་འཇིགས་ནས་འདིར་མ་བཀོད་ངོ། །འདི་དག་གི་རིགས་ཀྱི་བདག་པོ་རྣམས་ནི་འཁོར་ལོ་བསྒྱུར་བ་དྲུག་ལ་།སོ་སོར་རང་གི ་འཁོར་རྣམས་ལ་ངལ་གྱི་བདག་པོས་དབུ་བརྒྱན་པའོ། །འཁོར་ལོ་བསྒྱུར་བ་ལྔ་ལ་ནི་རྡོ་རྗེ་མཁའ་འགྲོའོ། །དེ་ཉིད་ལ་ནི་ཡེ་ཤེས་མཁའ་འགྲོའོ། །ཁྭ་གདོང་ལ་སོགས་པ་ལ་ནི་སྣ་ཚོགས་མཁའ་འགྲོ་སྟེ། ཡེ་ཤེས་ཀྱི་མཁའ་ ་འགྲོ་དག་ལ་ལ་འདོད་དོ། །ཡེ་ཤེས་མཁའ་འགྲོ་ལ་སོགས་པ་རིམ་པ་ཇི་ལྟ་བར་ཐུགས་ཁའི་ས་བོན་ནི། བཾ་ཧཱུཾ། ཨོཾ་ཧྲི་ཧཱུཾ་ལཾ་ཞེས་སོ། །སྙིང་པོའི་སྔགས་ནི་ཨའོཾ་ཤྲཱི་མ་ཧཱ་སུ་ཀ་བཛྲ་སྭཱཧཱ། ཌཱ་ཀི་ནི་ཛཝ་ལ་སཾ་བྷ་ར་ཧཱུཾ་ཨ:ཧཱུཾ་ཕཊ ་སྭཱཧཱ། ཨའོཾ་ཤྲི་བུད་དྷ་ཌཱ་ཀི་ནི། ཨ་ལ་ལ་ལ། བྲུཾ་ཨཱ། ཌཱ་ཀི་ནི་ཛཝ་ལ་སཾ་བྷ་ར་ཧཱུཾ་ཕཊ་སྭཱཧཱ། ཨའོཾ་ཤྲི་རད་ན་ཌཱ་ཀི་ནི་ཏཾ་ཨ་:ཧཱུཾ་ཌཱ་ཀི་ནི་ཛཝ་ལ་སཾ་བྷ་ར་ཧཱུཾ་ཕཊ་སྭཱཧཱ། ཨའོཾ་ཤྲཱི་པདྨ་ཌཱ་ཀི་ཧྲི::ཧཱུཾ་ཕཊ། ཌཱ་ཀི་ནི་ཛཝ་ལ་སཾ་བྷཾ་ར་ཧཱུཾ་ཕཊ ་སྭཱཧཱ་།འོཾ་ཤྲཱི་བཛྲ་ཌཱ་ཀ་ཨ:ཧཱུཾ་ཕཊ། ཌཱ་ཀི་ནི་ཛཝ་ལ་སཾ་བྷ་ར་ཧཱུཾ་ཕཊ་སྭཱཧཱ། ཨའོཾ་ཤྲི་བི་ཤྭཱ་ཌཱ་ཀ་ཧོ:ཁཾ་ཨ་ཧཱུཾ། ཌཱ་ཀི་ནི་ཛཝ་ལ་སཾ་བྷ་རཾ་ཧཱུཾ་ཕཊ། ཞེས་པས། ཨོཾ་ཁཎ་ཌ་རོ་ཧ་ཧཱུཾ་ཕཊ། ཞེས་བྱ་བ་ནི་དུམ་སྐྱེས་མའི་སྟེ་ལས་ཐམས་ཅད ་པའི་སྔགས་སོ།། །།དཔའ་དུས་ཀྱི་འཁོར་ལོའི་དལ་ལ་རྡོ་རྗེ་གུང་གྱི་ནང་དུ་བསྲུང་བའི་འཁོར་ལོ་རྩིབས་བཅུ་པའོ། །དེའི་ཤར་དང་ལྷོ་དང་ནུབ་དང་བྱང་གི་རྩིབས་རྣམས་ལ། ཤིན་ཏུ་སྟོབས་དང། རྨོངས་བྱེད་དང། རེངས ་བྱེད་དང། ང་རྒྱལ་བྱེད་པ་རྣམས་སྟེ། བགེགས་མཐར་བྱེད་དང། ཤེས་རབ་མཐར་བྱེད་དང། གཤིན་རྗེ་མཐང་བྱེད་དང། པདྨ་མཐར་བྱེད་ཅེས་བྱ་བའི་མིང་གི་རྣམ་གྲངས་སོ། །མེའི་མཚམས་ལ་སོགས་པའི་ཙ?་བས་རྣམས་ལ། ་འཁྱུག?་པ་སྔོན་པོ་དང་འདོད་པའི་རྒྱལ་པོ་དང་སྟོབས་པོ་ཆེ་དང། མི་གཡོ་བ་རྣམས་སོ། །སྟེང་དུ་གཙུག་ཏོར་འཁོར་ལོ་བསྒྱུར་བའོ། །འོག་དུ་གནོད་མཛེས་རྒྱལ་པོའོ། །དེ་སྐད་དུ་ཡང་རྩ་བའི་རྒྱུད་ལས་གསུངས་པ། འཁོར་ལོ ་རྩིབས་བཅུ་པའི་ཕྱོགས་དང་ཕྱོགས་པྲལ་ལ་གནས་པའི་ཁྲོ་བོའི་ཚིགས་ནི་བསྒོམ་པར་བྱ་ཞེས་པ་དང། དྲི་མ་མེད་བའི་འོད་ལས་ཀྱང། བསྲུང་བའི་འཁོར་ལོ་ལ་ཁྲོ་བོ་ལ་སོགས་པ་སྤྲོ་བར་བྱ་སྟེ། ངལ་གྱི་ས་གཞི་བསྲུང ་པའི་དོན་དུའོ། །ཞེས་གསུངས་སོ། །ཁྲོ་བོ་འདི་དག་ནི་འོག་ནས་འཆད་པའི་གཟུགས་ཅན་ནོ། །བསྲུང་པའི་འཁོར་ལོའི་ནང་དུ་ཆོས་འབྱུང་ངོ། །དེ་སྐད་དཱུང་དྲི་མ་མེད་པའི་འོད་ལས་གསུངས་པ། ཕྱི་རོལ་གྱི་སྐྱེ་བ་མཚན ་པའི་ཕྱིར་ནམ་མཁའ་ཨི་དབྱིངས་མཛའ་ཡས་པའོ། །ལྷག་པར་ནང་དུ་བདག་ཉིད་ཤེས་རབ་ཆོས་འབྱུང་གྲུ་གསུམ་མོ། །ཞེས་སོ། །ནམ་མཁའ་ཨི་དབྱིངས་ཉིད་ཆོས་འབྱུང་དུ་བསྒོམ་པར་བྱའོ་ཞེས་དལ་དུ་ངེས་པར་རོ། །ཆོས ་འབྱུང་དེའི་དབུས་སུཾ་མེ་དང་རླུང་དང་ཆུ་དང་སའི་དལ་ལ་གནས་པའི་རི་རབ་དང། སྣ་ཚོགས་པདྨ་དང་ཉི་མ་དང་ཐིག་ལེ་ནག་པོའི་གཟུགས་སྒྲ་གཅན་དང་བཅས་པའི་ཕྱི་རོལ་ཏུ་རྡོ་རྗེ་ཕྲེང་བའི་འོད་ཟེར་གྱིས་བསྐོར་བ་ནམ་མཁའ་དང་རླུང་དང ་མེ་དང་ཆུ་དང་སའི་ངལ་གྱིས་བསྐོར་བའི་གཞལ་ཡས་ཁང་ཆེན་པོའོ། །ཡང་ན་བསྲུང་བའི་འཁོར་ལོ་བགེགས་ཉེ་བར་ཞི་བ་རྩམ་གྱི་དགོས་པའོ། །ཞེས་འདོད་པས་བགེགས་བསྲུང་བའི་རྗེས་ལ་ཁ་ཅིག་གིས་ཆོས་འབྱུང་བསྒོམ་པར ་བྱེད་དོ། །བསྲུང་བའི་འཁོར་ལོའི་གུར་གྱི་ནང་དུ་ནམ་མཁའ་ཨི་དབྱིངས་དང་མེའི་འཁོར་ལོ་ལ་སོགས་པ་རྣམས་ཕྱི་རོལ་གྱི་དལ་ནས་བཟུང་ནས་སྒྲ་གཅན་འཛིན་གྱི་མཐར་ཐུག་པའི་སྟེང་དུ་གནས་པ་ཕྱི་རོལ་ཏུ་མེ་ལ་སོགས་པས་བསྐོར་བའི ་གཞལ་ཡས་ཁང་ངོ། །དེའི་ཕྱེད་ཀྱིས་གསུང་གི་འཁོར་ལོའོ། །དེའི་ཕྱེད་ཀྱིས་ཐུགས་ཀྱི་འཁོར་ལོའོ། །དེའི་ཕྱེད་ཀྱིས་བདེ་ཆེན་གྱི་འཁོར་ལོའོ། །དེའི་ཕྱེད་ཀྱིས་གཙོ་བོའི་པདྨ་ལྗང་ཁུའོ། །པད་མའི་ཆ་གསུམ་ཟེའུ་འབྲུའོ། །དེའི ་སྟེང་དང་སྟེང་ན་གནས་པའི་ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་དུས་ཀྱི་མེའི་ངལ་གྱི་སྟེང་དུ་གན་རྐྱལ་དུ་གནས་པའི་ཡན་ལག་མེད་པ་དང་དྲག་པོའི་སྙིང་ཁར་གཡོན་བསྐུམ་ཞིང་གཡས་བསྐྱང་བས་གར་བྱེད་པའི་བཅོམ་ལྡན་འདས ་དུས་ཀྱི་འཁོར་ལོ་ནག་པོ། ནོར་བུ་དང་ཟླ་བ་ཕྱེད་པ་འཛིན་པ། སྣ་ཚོགས་རྡོ་རྗེས་བརྒྱན་པའི་རལ་པའི་ཐོར་ཅོག་ཅན། རྡོ་རྗེའི་ནོར་བུ་དང་རྡོ་རྗེའི་རྣ་ཆ་དང། རྡོ་རྗེའི་ཕྱག་རྡུབ་དང། རྡོ་རྗེ་སྐེ་རགས་དང། རྡོ་རྗེའི་རྐང་རྐུབ་དང་རྡོ་རྗེའི ་ཐོང་ཕྲེང་དང་རྡོ་རྗེའི་ཕྲེང་བ་དང། སྟག་གི་ལྤགས་པ་གཡོ་བས་གནམ་ཕྱེད་དཀྲིས་པ། ཞལ་བཞི་པ་སྤྱན་བཅུ་གཉིས་པའོ། །དེ་ལ་རྩ་བའི་ཞལ་ནག་པོ། དྲག་པོ་མཆེ་བ་བརྩིགས་པའོ། །གཡས་པ་དམར་པོ་ཆགས་པ་དང་བཅས་པ། ་ནུབ་སར་པོ་ཏིང་ངེ་འཛིན་ལ་གནས་པ། གཡོན་དཀར་པོ་ཞི་བ། མགྲིན་པ་གསུམ་པ། དབུས་སྔོན་པོ། །གཡས་དམར་པོ། གཡོན་དཀར་པོ། གཡས་པའི་དཔུང་པ་སྔོན་པོ། གཉིས་པ་དམར་ལོ། གསུམ་པ་དཀར་པོ། དེ ་བཞིན་དུ་གཡོན་པའི་སྔོན་པོ་དང་དམར་པོ་དང་དཀར་པོ་སྟེ་དབུང་པ་དྲུག་གོ་།ཕྱག་བར་བཅུ་གཉིས་ལ་ཉེ་བའི་ཕྱག་མགོ་ཉི་ཤུ་རྩ་བཞིའོ། །དེ་ལ་གཡས་ཀྱི་ཕྱག་རྣམ་པ་གཉིས་སྔོན་པོ་གཉིས་དམར་པོ་གཉིས་དཀར་པོ་སྟེ། དེ་བཞིན་དུ ་གཡོན་པ་དག་ཀྱང་ཤེས་པར་བྱའོ། །དེ་བཞིན་དུ་ཕྱག་མགོ་རྣམ་པ་བཞི་ནག་པོ། བཞི་དམར་པོ། བཞི་དཀར་པོ་སྟེ། གཡས་གཡོན་གཉིས་སོ། །ཕྱག་རེ་རེ་ལ་སོར་མོ་ལྔ་ལྔ་ལས་དེ་དག་གི་ཚིགས་རྣམ་པ་གསུམ་མོ། །དེ་ལ ་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་སྲིན་ལག་ནག་པོ། མཐེའུ་ཆུད་ལྗང་ཁུའོ། །ཕྱག་གི་དཀྱིལ་ནས་སོར་མོ་ཐམས་ཅད་ཀྱི་ཚིགས་ཀྱི་ཕྲེང་བ་དང་པོའི་བར་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ། དེ་དག་གི ་སོར་རྡུབ་རྣམས་ལ་འོད་ཟེར་འབར་བ་དང་ལྡན་པའོ། །གཡས་པའི་ཕྱག་ནག་པོ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་རྩེ་གསུམ་དང་གྲི་གུག་རྣམས་འཛིན་པའོ། །དམར་པོ་རྣམས་ཀྱིས་མེའི་འདའ་དང་རྡོ་རྗེ་ལྕགས་ཀྱུ་དང་ཌ་མ་རུ་དང་ཐོ་བ་འཛིན་པའོ། ་དཀར་པོ་རྣམས་ཀྱིས་འཁོར་ལོ་དང་མདུང་དང་དབྱུག་ཏོ་དང་དགྲ་སྟ་རྣམས་འཛིན་པའོ། །གཡོན་པའི་ནག་པོ་རྣམས་ན་རྡོ་རྗེ་དྲིལ་བུ་དང་ཕུབ?་རིང་མོ་དང་ཁ་ཊཝི་ག་དང་ཁྲག་གིས་བཀང་པའི་ཐོད་པ་རྣམས་སོ། །དམར་པོ་རྣམས་ལ་གཞུ་དང་ཞགས ་པ་དང་ནོར་བུ་རིན་པོ་ཆེ་དང་པད་མ་དམར་པོ་རྣམས་སོ། །དཀར་པོ་རྣམས་ལ་དུང་དང་མེ་ལོང་དང་རྡོ་རྗེ་ལྕགས་སྒྲོག་དང་ཚངས་པའི་མགོ་པོ་རྣམས་སོ། །གཡས་པའི་ཞབས་བརླ་མན་ཆད་དམར་པོའི་མཐིལ་གྱིས་དྲག ་པོ་དང་དཀར་པོ་ཞལ་ཅིག་སྤྱན་གསུམ་པ། ཕྱག་བཞི་པ། རྩེ་གསུམ་དང། ཌ་མ་རུ་དང་ཐོད་པ་དང་ཁ་ཊཝཾ་ག་འཛིན་པའི་སྙིང་ཁར་མནན་པའོ། །འདོད་ཆགས་ཀྱིས་ལྷ་ཕྱོགས་སུ་དགའ་བ་མོ་དང་དབང་ཕྱུག་ཆེན་མོའི་ཕྱོགས་སུ་དཀར་མོ་སྟེ། ་ལྷ་མོ་འདི་དག་ནི་རྣམ་པར་མནན་པས་ཉམས་ཆུང་པའི་ཞལ་ལོ། །བཅོམ་ལྡན་འདས་ཀྱིས་མཁྱུད་པའི་སྣ་ཚོགས་ཡུམ་ནི་གཡས་བསྐུམ་ཞིང་གཡོན་བསྐྱང་བས་གནས་པའོ། །གསེར་གྱི་མདོག་ལྟ་བུ་ཕྱག་གཡས་པ་རྣམས་ཀྱིས ་གྲི་གུག་དང་ལྕགས་ཀྱུ་དང་ཌ་མ་རུ་དང་བཟླས་པའི་ཕྲེང་བ་འཛིན་པའོ། །གཡོན་པ་རྣམས་ན་ཉ་ཕྱིས་དང་ཞགས་པ་དང་པདྨ་དཀར་པོ་དང་རིན་པོ་ཆེ་རྣམས་སོ། །ཤར་གྱི་འདབ་མ་ལ་ནག་མོ་འབར་མ་ནི་ནག་མོ་ཕྱག་གཡས་པ ་རྣམས་ཀྱིས། སྣོད་རང་ཙན་དན་གྱི་སྣོད་དང་གུར་གུམ་གྱི་སྣོད་དང་གླ་རྩི་དང་བཅས་པའི་ག་བུར་གྱི་སྣོད་དང། གཡོན་པ་རྣམས་ན་དྲིལ་བུ་དང་པད་མ་དང་ལྗོན་ཤིང་གི་མེ་ཏོག་དང་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་འཛིན་པའོ། །ལྷོ་ཕྱོགས ་ཀྱི་འདབ་མ་ལ་དམར་མོ་འབར་མ་དམར་མོ་།གཡས་པ་རྣམས་ཀྱིས་མང་མེ་དང་དོ་ཤལ་དང་ཅོད་པན་དང་ལག་རྡུབ་པོ། །གཡོན་པ་རྣམས་ཀྱིས་གོས་དང་སྐེ་རགས་དང་རིན་པོ་ཆེའི་རྣ་རྒྱན་དང་རྐང་རྡུབ་འཛིན་པའོ། །ནུབ་ཏུ་སེར་མོ ་འབར་མ་སྐུ་མདོག་སེར་མོ་གཡས་པ་རྣམས་ཀྱིས་དུང་དང་གླིང་བུ་དེང་ནོར་བུ་དང་ཅང་ཏེའུའོ། །གཡོན་པ་རྣམས་ཀྱིས་པི་ཝང་དང་རྔ་དང་མཁར་རྔ་དང་ཟངས་དུང་ངོ། །བྱང་དུ་སྐར་མོ་འབར་མ་སྐུ་མདོག་དཀར་མོ། །གཡས་པ ་རྣམས་ཀྱིས་འོ་མའི་སྣོད་དང་ཆུའི་སྣོད་དང་སྨན་གྱི་སྣོད་དང་ཆང་གི་སྣོད་དོ། །གཡོན་པ་རྣམས་སུ་བདུད་རྩིའི་སྣོད་དང་བཅུད་ལེན་གྱི་སྣོད་དང་བདུད་རྩི་ཤིང་ཐོག་གི་སྣོད་དང་ཟན་གྱི་སྣོད་འཛིན་པའོ། །མེའི་མཚམས་ལ་སོགས་པ་རྣམས་ལ ་དུ་བ་མ་དང། མིག་རྒྱུ་མ་དང། མང་མེ་མ་དང། མཁའ་གསལ་མ་རྣམས་ཀྱི་ལྷ་མོ་སྟེ། རིམ་པ་ཇི་ལྟ་བར་ནག་པོ་དང་དམར་པོ་དང་སེར་པོ་དང་དཀར་པོའི་མདོག་ཅན། ཕྱག་བརྒྱད་ཀྱིས་རང་རང་གི་མདོག་དང་མཚུངས་པའི་རྔ ་མ་འཛིན་པའོ། །དེ་དག་གི་རྒྱབ་ཀྱི་ཕྱི་རོལ་ཏུ་ཡིད་བཞིན་གྱི་ནོར་བུ་དང། ཆོས་ཀྱི་གྷན་དྷེ་དང་དཔག་བསམ་གྱི་ཤིང་དང་ཆོས་ཀྱི་དུང་རྣམས། ནག་པོ་དང་དམར་པོ་དང་སེར་པོ་དང་དཀར་པོའོ། །ནག་མོ་འབར་མ་ལ་སོགས་པ་འདི ་བརྒྱད་ནི་ཞབས་གཉིས་མཉམ་པར་གཤིབས་ཏེ་བཞེངས་པས་གནས་པའོ། །སྣ་ཚོགས་ཡུམ་ལ་སོགས་པའི་ལྷ་མོ་འདི་རྣམས་ནི་ཕྱག་རྒྱ་ལྔ་དང་ལྡན་པ། ཕྱག་བརྒྱད་པ། ཞལ་བཞི་པ། སྤྱན་བཅུ་གཉིས་པའོ། །དེ་ལ་ཤར་དང་ལྷོ ་དང་ནུབ་དང་བྱང་གི་རིམ་པའི་ཞལ་རྣམས་སོ། །སྣ་ཚོགས་ཡུམ་གྱི་སེར་པོ་དང་དཀར་པོ་དང་སྔོན་པོ་དང་དམར་པོ་རྣམས་སོ། །དེ་ལས་སེར་མོ་རྣམས་ཀྱི་ཡང་དེ་དང་མཚུངས་སོ། །ནག་མོ་རྣམས་ཀྱི་ཡང་ནག་པོ་དང་དམར་པོ་དང་སེར་པོ་དང ་དཀར་པོ་རྣམས་སོ། །དམར་པོ་རྣམས་ཀྱི་དམར་པོ་དང་སེར་པོ་དང་དཀར་པོ་དང་སྔོན་པོ་རྣམས་སོ། །དཀར་མོ་རྣམས་ཀྱི་དཀར་པོ་དང་ནག་པོ་དང་དམར་པོ་དང་སེར་པོ་རྣམས་སོ། །རིམ་པ་གཉིས་པ་དང་གསུམ་པའི་ལྷ་རྣམས་ནི་ཕྱག་དྲུག ་པ་ཞལ་གསུམ་པ་སྤྱན་དགུ་པའོ། །དེ་ལ་ཤར་ཕྱོགས་སུ་དོན་ཡོད་གྲུབ་པ་ནག་པོ་ནག་པོ་དང་དམར་པོ་དང་དཀར་པོའི་ཞལ་རྣམས་སོ། །ཕྱག་གཡས་པ་རྣམས་ཀྱིས་རལ་གྲི་དང་གྲི་གུག་དང་རྩེ་གསུམ་པ་རྣམས་འཛིན་པའོ། །གཡོན ་པ་རྣམས་ཀྱིས་ཕུབ་ཆུང་དང་ཐོད་པ་དང་ཁ་ཊཾ་ག་འཛིན་པའོ། །སྤྱན་མས་མཁྱུད་པའོ། །ལྷོའི་ཕྱོགས་སུ་རིན་ཆེན་འབྱུང་ལྡན་དམར་པོ། དམར་པོ་དང་དཀར་པོ་དང་ནག་པོའོ། །གཡས་རྣམས་ཀྱིས་མེའི་མངའ་ ་དང་རྡོ་རྗེ་ལྕགས་ཀྱུ་དང་ཅང་ཏེའུ་རྣམས་སོ། །གཡོན་པ་རྣམས་ན་གཞུ་དང་རྡོ་རྗེ་ཞགས་པ་དང་རིན་པོ་ཆེ་རྩེ་དགུ་པ་འཛིན་པ། མ་མ་ཀི་ལ་མཁྱུད་པའོ། །ནུབ་ཏུ་རྣམ་པར་སྣང་མཛད་སེར་པོ་སེར་པོ་དང་དཀར་པོ་དང་ནག་པོའི ་ཞལ། གཡས་པ་རྣམས་ཀྱིས་འཁོར་ལོ་དང་དབྱུག་པ་དང་མི་འཇིགས་པའི་ཕྱག་རྒྱ་དང། རྡོ་རྗེའོ། །གཡོན་པ་རྣམས་ཀྱིས་དུང་དང། ལྕགས་སྒྲོག་དང་རྡོ་རྗེ་དང་གྲི་གུག་འཛིན་པ་ཡུམ་སྒྲོལ་མ་ལ་མཁྱུད་པའོ། །བྱང་དུ་སྣང་བ། ་མཛའ་ཡས་དཀར་པོ་ཞལ་དཀར་པོ་དང་ནག་པོ་དང་དམར་བ། གཡས་པ་རྣམས་ཀྱིས་ཐོ་བ་དང་མདུང་དང་རྩེ་གསུམ་པ་དང། གཡོན་པ་རྣམས་ཀྱིས་པདྨ་དཀར་པོ་དང་མེ་ལོང་དང་ཕྲེང་བ་རྣམས་འཛིན་པ་གོས་དཀར་མོ་ལ་མཁྱུད ་པའོ། །བཞི་པོ་འདི་དག་ནི་པདྨ་དཀར་པོ་དང་ཉི་མ་ལ་གནས་པའི་རལ་པའི་ཐོར་ཅོག་ཅན་ཏེ། ཞལ་རྣམས་ནི་རྩ་བ་དང་གཡས་དང་གཡོན་པའི་གོ་རིམས་བཞིན་དུ་ཤེས་པར་བྱའོ། །མེའི་མཚམས་དང་བདེན་བྲལ་གྱི་མཚམས་དང ་རླུང་གི་མཚམས་དང་དབང་ལྡན་གྱི་མཚམས་སུ་པདྨ་དམར་པོ་དང་ཟླ་བ་ལ་སྒྲོལ་མ་དང་གོས་དཀར་མོ་དང་སྤྱན་མ་དང་མ་མ་ཀི་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་དོན་ཡོད་གྲུབ་པ་དང་རིན་ཆེན་འབྱུང་ལྡན་དང་བརྟག་པ་དང་སྣང་བ་མཛའ་ ་ཡས་དང་མཚུངས་པ་ལ་།རྣམ་པར་སྣང་མཛད་དང་སྣང་བ་མཛའ་ཡས་དང་དོན་ཡོད་གྲུབ་པ་དང་རིན་ཆེན་འབྱུང་ལྡན་རྣམས་ཀྱིས་མཁྱུད་པའོ། །སྒྲོལ་མའི་ཁ་ཊཝཾ་གའི་གནས་སུ་ཨུད་པ་ལ་ཞེས་ཀྱང་བཤད་དོ། །མཚམས་བརྒྱད་དུ ་བདུད་རྩིས་གང་བའི་བུམ་པ་བརྒྱད་དོ། །རིམ་པ་གསུམ་པའི་སྣམ་བུ་ལ་ཤར་སྒོའི་གཡོན་ངོས་སུ་ཀུན་ཏུ་བཟང་པོ་སྔོན་པོ། གཡས་པ་རྣམས་ཀྱིས་གྲི་གུག་དང་དགྲ་སྟ་འཛིན་པ། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཐོད་པ་དང་ཚངས་པའི ་མགོ་བོ་བསྣམས་པ་སྟེ། ཚངས་པཱི་མགཽའི?་གནས་སུ་ཡང་ཨུཏཔལ་སྔོན་པོ་ཡང་རུང་སྟེ། ཆོས་ཀྱི་དབྱིངས་རྡོ་རྗེ་ལ་མཁྱུང་བའོ། །ལྷོའི་ཕྱོགས་སུ་ནམ་མཁའ་ཨི་སྙིང་པོ་དོན་ཡོད་གྲུབ་པ་ལྟ་བུ་དྲི་རྡོ་རྗེ་མ་ལ་མཁྱུང་པའོ། །ལྷོ་སྒོའི་གཡོན་དུ་ཕྱག་ན་རྡོ་རྗེ་ལྗང་ཁུ་།གཡས ་པ་རྣམས་ཀྱིས་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ་དང། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཐོད་པ་དང་ཚངས་པའི་མགོ་བོ་འཛིན་པ་སྒྲ་རྡོ་རྗེ་མ་ལ་མཁྱུད་པའོ། །གཡས་སུ་སའི་སྙིང་པོ་རིན་ཆེན་འབྱུང་ལྡན་ལྟ་བུ་གཟུགས་རྡོ་རྗེ་མ་ལ་མཁྱུད ་པའོ། །ནུབ་སྒོའི་གཡས་སུ་ཆོས་ཀྱི་རྡོ་རྗེ་མ་ཕྱག་ན་རྡོ་རྗེ་ལྟ་བུ་ཀུན་ཏུ་བཟང་པོས་མཁྱུད་པའོ། །གཡོན་དུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རྣམ་པར་སྣང་མཛད་ལྟ་བུ་རེག་བྱ་རྡོ་རྗེ་མ་ལ་མཁྱུད་པའོ། །བྱང་གི་སྒོའི་གཡས་ལ་སྒྲ་རྡོ་རྗེ ་མ་ཀུན་ཏུ་བཟང་པོ་ལྟ་བུ་ལ་ཕྱག་ན་རྡོ་རྗེས་མཁྱུད་པའོ། །གཡོན་དུ་འཇིག་རྟེན་དབང་ཕྱུག་འོད་དཔག་མེད་དང་མཚུངས་པའོ་རྡོ་རྗེ་མ་ལ་མཁྱུད་པའོ། །ཕྱོགས་བྲལ་གྱི་མཚམས་སུ་མེའི་མཚམས་ལ་རེག་རྡོ་རྗེ་མ་སྒྲོལ་མ་ལྟ་བུ་སྒྲིབ་པ ་ཐམས་ཅད་རྣམ་པར་སེལ་བས་མཁྱུད་པའོ། །བདེན་བྲལ་དུ་རོ་རྡོ་རྗེ་མ་གོས་དཀར་མོ་ལྟ་བུ་འཇིག་རྟེན་དབང་ཕྱུག་གིས་མཁྱུད་པའོ། །རླུང་གི་མཚམས་སུ་དྲི་རྡོ་རྗེ་མ་སངས་རྒྱས་སྤྱན་ལྟ་བུ་ནམ་མཁའ་ཨི་སྙིང་པོས་མཁྱུད་པའོ། །དབང ་ལྡན་མཚམས་སུ་གཟུགས་རྡོ་རྗེ་མ། མ་མ་ཀི་ལྟ་བུ་སའི་སྙིང་བོས་མཁྱུད་པའོ། །འདིར་ནི་དོན་ཡོད་གྲུབ་པ་ལ་སོགས་པ་དེ་བ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་རྡོ་རྗེའི་གདན་ལ་དཀྱིལ་མོ་དཀྲུང་གིས་བཞུགས་པའོ། །སྒྲོལ་ ་མ་ལ་སོགས་པའི་ལྷ་མོ་རྣམS་ནི་པདྨའི་གདན་ལ་བཞུགས་པའོ། །ཤར་གྱི་སྒོ་ལ་ཁྲོ་བོ་ཤིན་ཏུ་སྟོབས་ཆེན་དོན་ཡོད་གྲུབ་པ་ལྟ་བུའི་སྤྱན་མ་ལྟ་བུའི་རེངས་བྱེད་མ་ལ་ཡང་དག་པར་མཁྱུད་པའོ། །ལྷོའི་སྒོ་ལ་རྨུགས ་བྱེད་རིན་ཆེན་འབྱུང་ལྡན་ལྟ་བུ་མ་མ་ཀི་ལྟ་བུའི་ང་རྒྱལ་བྱེད་མ་ལ་ཡང་དག་པར་མཁྱུད་པའོ། །ནུབ་སྐོར་རེངས་བྱེད་རྣམ་པར་སྣང་མཛད་ལྟ་བུ་ཤིན་ཏུ་སྟོབས་སྒྲོལ་མ་ལྟ་བུ་ལ་ཡང་དག་པར་མཁྱུད་པའོ། །བྱང་གི་སྒོར་ང་རྒྱལ་བྱེད་ཚེ་དཔག་མེད་ལྟ་བུ ་རྨུགས་བྱེད་མ་གོས་དཀར་མོ་ལྟ་བུ་ལ་ཡང་དག་པར་མཁྱུད་པའོ། །ཁྱད་པར་དུ་ཁྲོ་བོ་འདི་དག་རྣམས་ནི་ཞབས་གཡས་བསྐྱང་བ་དང་གཡོན་བསྐུམ་པས་བཞུགས་པའོ། །ཁྲོ་བོའི་ལྷ་མ་རྣམས་ཀྱི་གདན་ནི་པདྨ་དཀར་པོའི་སྟེང་དུ་ཉི་མའོ།། ་ལྷ་མོ་རྣམས་ཀྱི་གདན་ནི་པདྨ་དམར་པོ་དང་ཟླ་བའི་ངལ་ལོ། །ཡང་ན་ནག་པོ་དང་དཀར་པོ་དང་ལྗང་ཁུ་རྣམས་ཟླ་བ་ལ་གནས་པ་དང། དམར་པོ་རྣམས་དང་སེར་པོ་རྣམས་དང་ཀུན་ཏུ་བཟང་པོ་དང་སྒྲ་རྡོ་རྗེ་མ་ནི་ཉི་མ་ལ་གནས་པའོ། །དེ ་དག་གི་འཐད་པ་ནི་དྲི་མ་མེད་པའི་འོང་ལས་གསུངས་སོ། །འདིར་ནི་གོང་གི་གནས་སུ་ལྷ་མོ་རྣམས་གསུངས་པ་དེ་དང་དེའི་གཙོ་བོ་ཡིན་པའི་ཕྱིར་དལ་གྱི་བདག་པོ་ཞལ་མངོན་པར་ཕྱོགས་པ་དག་སྟེ། དྲུང་དུ་མངོན་པར་ནི་མ་ཡིན་ནོ།། ་འདིར་ནི་འདབ་མ་ལ་གནས་པའི་ལྷ་མོ་བརྒྱད་དང་བུམ་པ་རྣམས་དང་ཆོས་ཀྱི་དུང་ལ་སོགས་པ་སྤངས་པར་གྱུར་པ་ཉི་ཤུ་རྩ་ལྔའི་བདག་ཉིད་ཐུགས་ཀྱི་རལ་ཡང་བསྒོམ་པར་བྱའོ། །དེའི་ཚེ་བཅོམ་ལྡན་འདས་སྟེང་གི་རལ་དུ་གནས ་པར་འགྱུར་ཏེ། དཔལ་གསང་བ་འདུས་པ་ལྟ་བུའོ། །ཤར་གྱི་འདོད་ཡོན་ལ་རྟ་བབས་ཀྱི་གཡོན་ཀ་བའི་རྩར་དྲི་ཆབ་མ་ནག་མོ་ཕྱག་ན་དྲིས་བཀང་པའི་དུང་འཛིན་པའོ། །གཡས་པའི་ཀ་བའི་རྩར་ཕྲེང་བ་མ་སྔོན་མོ་མེ་ཏོག་གི་ཕྲེང་བ ་འཛིན་པའོ། །ལྷོའི་སྣམ་བུ་ལ་བདུག་སྤོས་དམར་མོ་ཕྱག་ན་དུག་སྤོས་ཀྱི་སྣོད་འཛིན་པའོ། །མར་མེ་མ་དམར་མོ་ཕྱག་ན་མར་མེའི་སྡོང་བུ་འཛིན་པའོ། །ནུབ་ཀྱི་སྣམ་བུ་ལ་སྒེག་མོ་སེར་མོ་ཅོད་པན་སེར་པོ་འཛིན་པ་དང། བཞད་མ་སེད ་མོ་དོ་ཤལ་འཛིན་པའོ། །བྱང་དུ་བདུད་རྩི་མ་ཞེས་བྱ་བའམ་ཞལ་ཟས་མ་ཞེས་བྱ་བའི་མིང་གི་རྣམ་གྲངས་ཅན་ཕྱག་ན་འབྲས་དཀར་པའི་བཤོས་འཛིན་པའོ། །འབྲས་བུ་མི་བཟད་པའི་བདུད་རྩི་བུམ་པ་ཞེས་མིང་གི་རྣམ་གྲངས་ཅན་ལ་ཕྱག ་ན་བདུད་རྩིས་གང་བའི་ཐོད་པ་འཛིན་པའོ། །སྣམ་བུ་གཞན་ཐམས་ཅད་ལ་མཆོད་པ་འཛིན་བའི་ལྷ་མོ་གྲངས་མེད་པའོ། །ཤར་གྱི་རྟ་བབས་ཀྱི་མཆོད་པའི་ལྷ་མོ་རྣམས་ཀྱི་གནས་སུ་གར་གྱི་ཚུལ་གྱིས་གོས་འཛིན་པའོ། །ལྷོ་རུ་འདོད་མ་དམར་མོ་པདྨའི ་ཕྱག་རྒྱ་དང་ལྡན་བའོ། །ནུབ་དུ་སྒྲོལ་མ་སེར་མོ་རྔ་བརྡུང་བའོ། །བྱང་དུ་ཀླུ་མ་དཀར་མོ་རྡོ་རྗེ་འཛིན་པའོ། །འདིང་བདུད་རྩི་མ་ལ་སོགས་པ་བསྐྱེད་པ་ནི་དབང་གི་ལེའུའི་འགྲེལ་པ་ལས་འབྱུང་ངོ། །དེ་སྐད་དུ་བསྒྲུབ་ཐབས་ལེའུའི་འགྲེལ་པ་ལས་གསུངས ་པ། །བྱང་ཕྱོགས་ལ་སྒྲ་མ་དང་གར་མ་གཉིས་དང། ནམ་མཁའ་ལ་གླུ་མ་དང་ཌཱ?་རྔ་མ་གཉས་དང། འོག་གི་འདོད་ཡོན་གྱི་སྣམ་བུ་ལ་བཤོལ་འཛིན་མ་དང། བདུད་རྩིའི་འབྲས་བུ་ཞེས་བྱ་བའོ། །དེ་དག་པས་ཀྱང་དབང་བསྐུར་གྱི་ལེའུ་ལས ་གསུངས་པའི་རིམ་པ་ལས་བསྐྱེད་པའི་དེ་ཁོ་ན་ཉིད་རིག་པར་བྱ་སྟེ། དེའི་རྗེས་སུ་མཐུན་པའི་གཞུང་གི་སྦྱོར་བ་པཱང?་བར་བྱའོ། །དེ་ལས་གཞན་དུ་སྔ་མ་དང་ཕྱི་མ་འགལ་པར་འགྱུར་བའི་ཕྱིར་རོ། །ལྷ་མོ་བཅུ་གཉིས་པོ་འདི་དག་ནི་པདྨའི ་གདན་ལ་གནས་པའོ།། །།གསུང་གི་ངལ་གྱི་ཕྱོགས་རྣམས་ཀྱི་པདྨ་རྣམས་ནི་དམར་པོ་དང་མཚམས་ཀྱི་དཀར་པོ་སྟེ། དེ་རྣམས་ཀྱི་སྟེང་ན་ཟླ་བའི་གདན་དང་བྲལ་བ་ལ་ལྷ་མོ་རྣམས་ས་གའི་འདུག་སྟངས་ཀྱིས་གནས་པའོ ་ཤར་གྱི་ཡི་དགས་དང་ཆུ་སྐྱེས་དམར་པོའི་སྟེང་དུ་གནས་པའི་ཟེའུ་འབྲུལ་ཙར་ཙི་ཀ་ནག་མོ་ཞལ་ཅིག་པ། སྤྱན་གསུམ་པ། ཕྱག་གཡས་གཉིས་ཀྱིས་གྲི་གུག་དང་ཏྲི་ཤུ་ལ། གཡོན་པ་གཉིས་ཐོད་པར་ང་ཁ་ཊཝཾ་ཀ ་འཛིན་པས་དབང་པོ་ལ་མཁྱུད་པའོ། །ཤར་ལ་སོགས་པའི་འདབ་མ་བརྒྱད་ལ་འཇིགས་བྱེད་མ་དང་དྲག་མོ་ངང་དུས་ཀྱི་མཆི་བ་བརྩིགས་མ་དང། ཁ་ནས་མེ་འབར་བ་དང། རླུང་ཤུགས་མ་དང། རབ་ཏུ་གཏུམ་མོ་དང། གཏུམ་མིག་མ་བབ་སྣ་ཆེན་མ་རྣམས་སོ། །མེའི་མཚམས་ཀྱི་ཆུ་སྐྱེས་ཀྱི་ཟེའུ་འབྲུལ་ནམ་མཁའ་ལྡིང་གི་སྟེང་དུ་གནས་པའི་ཁྱབ་འཇུག་མ་ནག་མོ་།གཡས་པ་གཉིས་ཀྱིས་འཁོར་ལོ་དང་དབྱུག་ཏོ་དང། གཡོན་པ་གཉིས་པདྨ་དང་དུང་འཛིན་པས་ཚངས་པ ་ལ་མཁྱུད་པའོ། །འདབ་མ་རྣམས་ལ་དཔའ་བོ་དང་དཔའ་མོ་དང་སྒྱུ་མ་དང་གྲགས་མ་དང་ཕུན་སུམ་ཚོགས་མ་དང་རྣམ་པར་རྒྱལ་མ་དང་རྒྱལ་བར་གྱུར་མ་དང་དཔལ་འཁོར་ལོ་མ་རྣམས་སོ། །ལྷོའི་ཕྱོགས་སུ་མ་ཧེའི ་སྟེང་དུ་པདྨའི་ཟེའུ་འབྲུ་ལ་གནས་པའི་ཕག་གདོང་མ་དམར་མོ། གཡས་པ་གཉིས་ན་དབྱུག་པ་དང་རལ་གྲི་།གཡོན་པ་གཉིས་ན་ལྕགས་སྒྲོག་དང་ཕུབ་ནར་མོ་འཛིན་པས་དྲག་པོ་ལ་འཁྱུད་པའོ། །པདྨའི་འདབ་མ་རྣམས་ལ་ཀེང་རུས ་མ་དང། དུས་མཚན་མ་དང། ཁྲོ་བོའི་གདོང་མ་དང། ལྕེ་ནག་མ་དང། བརྩིགས་མ་དང། ནག་མོ་དང། འཇིག་མ་དང། གཟུགས་ངན་མ་རྣམས་སོ། །སྲིན་པོའི་མཚམས་སུ་རྨ་བྱ་དང་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་གནས་པའི་གཞོན ་ནུ་མ་དམར་མོ་ཞལ་དྲུག་པ། ཕྱག་གཡས་པ་གཉིས་ཀྱིས་ཤག་ཏི་དང་ལྕགས་ཀྱུ། གཡོན་པ་གཉིས་ཀྱིས་རིན་པོ་ཆེ་དང་ཞགས་པ་འཛིན་པས་ཚོགས་ཀྱི་བདག་པོ་ལ་ཡང་དག་པར་མཁྱུད་པའོ། །འདབ་མ་རྣམས་ལ་པདྨ་དང། ཡན ་ལག་མེད་མ་དང། གཞོན་ནུ་མ་དང། རི་དགས་བདག་མོ་དང། འགྲོ་མ་དང། རིན་ཆེན་ཕྲེང་མ་དང། ལེགས་སྤྱན་མ་དང། སྡུག་བཟང་མའོ། །ནུབ་དུ་ས་སྲུངས་གི་སྟེང་དུ་པདྨའི་ཟེའུ་འདྲུ་ལ་དབང་མོ་སེར་མོ་གཡས་པ་གཉིས་ན ་རྡོ་རྗེ་དང་མདའ།གཡོན་པ་གཉིས་ན་དྲིལ་བུ་དང་གཞུ་འཛིན་པས་སྲིན་པོ་ལ་ཡང་དག་པར་མ་བྱུང་པའོ། །འདབ་མ་རྣམས་ལ་རྡོ་རྗེ་མདོག་ནག་མ་དང། རྡོ་རྗེ་སྒྲ་མ་དང། རྡོ་རྗེ་གསེར་ཅན་མ་དང། དབང་ཆེན་མ་དང། རི་མ་སྣ ་ཚོགས་མ་དང། ཆུ་ཤིང་མ་དང། ཨ་དྱ་ལྱ་མ་དང། ལེགས་སྒྲོལ་མ་རྣམས་སོ། །རླུང་གི་མཚམས་སུ་ངང་པའི་སྟེང་དུ་ཆུ་སྐྱེས་ཀྱི་ཟེའུ་འབྲུལ་ལ་ཚངས་མ་སེར་མོ་ཞལ་བཞི་པ། ཕྱག་གཡས་པ་གཉིས་ན་པདྨ་དང་ཚངས་པའི་དབྱུག་པའོ།། ་གཡོན་པ་གཉིས་ན་རྫ་སྣོད་དང་ལྷུང་བཟེད་འཛིན་པས་ཁྱབ་འཇུག་ལ་ཡང་དག་པར་མཁྱུད་པའོ། །འདབ་མ་རྣམས་ལ་ས་བདི་ཏྲ?་དང། པདྨའི་སྤྱན་དང། ཆུ་སྐྱེས་ཅན་མ་དང། བློ་མ་དང། ངག་གི་དབང་ཕྱུག་མ་དང། ཚིགས་བཅད ་མ་དང། མདོག་མ་དང། དྲན་མ་རྣམས་སོ། །བྱང་དུ་གླང་པོ་ཆེའི་སྟེང་དུ་ཆུ་སྐྱེས་ཀྱི་ཟེའུ་འབྲུལ་དྲག་མོ་དཀར་མོ། གཡས་པ་གཉིས་ན?་ཏྲི?་ཤུ་ལ་དང་ཅང་ཏེའུ། །གཡོན་པ་གཉིས་ན་ཁ་ཊརཾ་ག་དང་སྤྲུལ་འཛིན་པས་གཤིན་རྗེ་ལ ་མཁྱུད་པའོ། །འདབ་མ་རྣམས་ལ་གྷོ་རི་མ་དང་གཾ་ཀ་མ་དང། རྟག་མ་དང། མྱུང་མ་དང། །ལྐུགས?་མ་དང། མཚིད་མ་དང། སེར་སྐྱ་མ་དང། ནག་མོ་རྣམས་སོ། །དབང་ལྡན་དུ་སེང་གེའི་སྟེང་དུ་པདྨའི་ཟེའུ་འབྲུ་ལ་གནས ་པ་ཕུན?་སུམ་ཚོགས་པ་དཀར་མོ། གཡས་པ་གཉིས་ན་པདྨ་དང་ཕྲེང་བ། གཡོན་པ་གཉིས་ན་པདྨ་དང་རིན་པོ་ཆེ་འཛིན་པས་གདོང་དྲུག་ལ་མཁྱུད་པའོ། །འདབ་མ་རྣམས་ལ་དཔལ་མོ་དཀར་མོ་དང་ཟླ་བའི་རིམ་དང་རི་བོང་འཛིན་མའི་ཞལ ་མ་དང་?་ངང?་པའི་མདོག་ཅན་མ་དང། ཉམས་དགའ་མ་དང། པདྨའི་དབང་ཕྱུག་མ་དང། སྤྱན་ཆེན་མ་དང། དྲི་མ་མེད་པའི་རི་བོང་འཛིན་པའོ། ཙ་ར་ཙི་ཀ་ལ་སོགས་པའི་རྣལ་འབྱོར་མ་བདུན་བཅུ་རྩ་གཉིས་པོ་འདི་དག ་ནི་ཕྱག་བཞི་བ། སྤྱན་གསུམ་པ། ཁྱད་པར་དུ་འདབ་མ་ལ་གནས་པ་རྣམས་ནི་འགྱིང་བའི་ཚུལ་ཅན་རང་རང་གི་གཙ་བོ་དང་ཕག་མོའི་འདོག་ལ་སོགས་པ་དང་མཚུངསྤ་རྣམས་སོ་སོ་རང་རང་གི་གཙོ་མོ་རྣམས་ལ་ཞལ་ཕྱོགས་པའོ ་གཙོ་བོ་བརྒྱད་ནི་ཞབས་ས་གའི་སྟང་སྟབས་ཀྱིས་བཞུགས་པའོ། །རང་རང་གི་བདག་པོ་བརྒྱད་ནི་ས་གའི་སྟང་སྟབས་ཀྱི་ཉེ་བའི་བདག་པོར་གྱུར་པས་དེ་དག་ལ་ཞལ་མངོན་པར་ཕྱོགས་ནས་མཁྱུད་པའོ། །སྐུའི་འཁོར་ལོ་སྣམ་བུ་རྣམས་ལ ་ཉི་ཟླ་གཉིས་དང་བྲལ་བའི་པདྨ་བཅུ་གཉིས་སྟེ། ཕྱོགས་ཀྱི་རྣམས་དམར་པོ་དང། མཚམས་ལ་གནས་པ་རྣམས་དཀར་པོའོ། །དེ་ལའང་རིམ་པ་དང་པོ་འདབ་མ་བཞི་དང། གཉིས་པ་ལ་འདབ་མ་བརྒྱད་དང། གསུམ་པ་ལ་འདབ་མ ་བཅུ་དྲུག་སྟེ། དེ་དག་གི་ཕྱིར་ལོ་བསྐོར་བའི་རིམ་པའི་ཤར་གྱི་འདབ་མ་ལ་སོགས་པ་ལ་གཡས་སྐོར་གྱིས། ཆོས་ཅིག་ནས་ཆོས་ཀྱི་ལྷ་མོ་རྣམས་བསྐྱེད་པར་བྱའོ། །ལྟེ་བ་ལ་ཉ་དང་གནམ་སྟོང་གི་རང་བཞིན་གཙམ་མོ ་ཉིད་རྒྱ་སྐུའོ། །དེ་ལ་ཉ་ནི་ཤེས་རབ་ལས?་གནམ་སྟོང་ནི་ཐབས་སོ། །སྲིན་པོ་ལ་སོགས་པའི་ཡབ་དང་ལྷ་མོ་ཐམས་ཅད་ཕྱག་བཞི་པའོ། །དེའང་ཤར་སྒོའི་གཡས་ངོས་སུ་སྲིན་པོ་དམར་པོའི་སྟེང་དུ་པདྨའི་ཟེའུ་འབྲུ་ལ། བདེན་བྲལ ་ནག་པོ་ཞལ་མེ་འབར་བའི་སྲིན་པོ་ལ་མཁྱུད་པ། ཕྱག་གཡས་གཉིས་ན་རལ་གྲི་དང་གྲི་གུག། གཡོན་གཉིས་ན་ཕུབ་ཆུང་དང་ཐོད་པ་འཛིན་པའོ། །འདི་དག་ནི་སྤྱིད་ཟླ་འབྲིང་པོའི?་ཚེས་རྣམས་སོ། །མེའི་མཚམས་སུ ་རི་དགས་ཀྱི་སྟེང་དུ་པདྨའི་ཟེའུ་འབྲུ་ལ་རླུང་ལྷ་ནག་པོ་གཏུམ་མ་ལ་མཁྱུད་པ། གཡས་པ་གཉིས་ན་དཔག་བསམ་གྱི་ཤིང་དང་མེ་ཏོག་པ་རི་ཛ་ཏི་དང། གཡོན་གཉིས་ན་རིན་པོ་ཆེ་ཨིན་ཏྲ་ནི་ལ་དང་ཨུད་པ་ལ་སྔོན་པོ་འཛིན་པའོ།། ་འདི་དག་ནི་སྤྱིར་ཟླ་ཐ་ཆུངས་ཀྱི་ཚེས་རྣམས་སོ། །ལྷོ་སྒོའི་ཕྱོགས་སུ་མ་ཧེའི་སྟེང་དུ་པདྨའི་ཟེའུ་འབྲུ་ལ་གཤིན་རྗེ་དམར་པོ་ལྷ་མོ་ནག་མོ་ལ་ཡང་དག་པར་མཁྱུད་པ། ཕྱག་གཡས་པ་གཉིས་ན་དབྱུག་པ་དང་རལ་གྲི། གཡོན་པ་གཉིས ་ན་ལྕགས་སྒྲོག་དང་ཞགས་པའོ། །འདི་དག་སྤྱོད་ཟླ་ར་བའི་ཚེས་རྣམས་སོ། །གཡས་ངོས་སུ་ལུག་གི་སྟེང་དུ་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་མེ་ལྟ་དམར་པོ་ཆུའི་ལྷ་མོས་མཁྱུད་པ། ཕྱག་གཡས་པ་གཉིས་ན་མདུང་ཐུང་དང་དབྱུག་པ ་གཡོན་པ་གཉིས་ན་པདྨ་དང་སྤྱི་བླུགས་སོ། །འདི་དག་ནི་དབྱར་ཟླ་ར་བའི་ཆོས་རྣམས་སོ། །སྲིན་པོའི་མཚམས་སུ་རྨ་བྱའི་སྟེང་དུ་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་གདོང་དྲུག་དམར་བོ། ཕུན་སུམ་འཚོགས་མ་ལ་མཁྱུད་བ། གཡས་པ ་གཉིས་ན་དབྱུག་ཏོ་དང་མདུང་རིངས། གཡོན་པ་གཉིས་ན་རིན་པོ་ཆེ་དང་མེ་ལོང་འཛིན་པའོ། །འདི་དག་ནི་དབྱར་ཟླ་འབྲིང་པོའི་ཚེས་རྣམས་སོ། །ནུབ་ཀྱི་སྒོའི་གཡོན་ངོས་སུ་གླང་པོ་ཆེའི་སྟེང་དུ་པདྨའི་ཟེའུ་འབྲུ་ལ་ལུས་ངན་པོ་སེར་པོ་ལུས ་ངན་མོ་ལའང?་དག་པར་མཁྱུད་པའི། ཕྱག་གཡས་པ་གཉིས་ན་ནོར་བུ་རིན་པོ་ཆེ་དང་དབྱིག་པ་གཡོན་པ་གཉིས་ན་ནེའུ་ལེ་དང་པདྨའོ། །འདི་དག་ནི་དགུན་ཟླ་འབྲིང་པོའི་ཚེས་རྣམས་སོ། །གཡས་ཕྱོགས་སུ་གླང་པོ་ཆེའི་སྟེང་དུ ་དབང་པོ་སེར་པོ་དབང་མོ་ལ་ཡང་དག་པར་མཁྱུད་པའོ། །གཡས་པའི་ཕྱག་གཉིས་ན་རྡོ་རྗེ་དང་མེའི་མངའ་། གཡོན་གཉིས་ན་དྲིལ་བུ་དང་གཞུའོ། །འདི་དག་ནི་སྟོན་ཟླ་འབྲིང་པོའི་ཚེས་རྣམས་སོ། །རླུང་གི་མཚམས་སུ་དང ་པའི་སྟེང་དུ་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་ཚངས་པ་སེར་པོ་གློག་མ་ལ་ཡང་དག་པར་མཁྱུད་པ། གཡས་པ་གཉིས་ན་ཁ་བ་དང་བཟླས་པའི་ཕྲེང་བའོ། །གཡོན་གཉིས་ན་པདྨ་དང་རྫ་བོར་རོ། །འདི་དག་ནི ་སྟོན་ཟླ་ཐ་ཆུང་ཀྱི་ཆོས་རྣམས་སོ། །བྱང་སྒོའི་གཡོན་ངོས་སུ་གླིང་པོའི་སྟེང་དུ་པདྨའི་ཟེའུ་འབྲུ་འདྲག་པོ་དཀར་པོ་གྲོའུ?་རི?་ལ་ཡང་དག་པར་མཁྱུད་པ། གཡས་པ་གཉིས་ན་ཏྲི་ཤུ་ལ་དང་མ་དང། གཡོན་གཉིས་ན་ཁ་ཊཝཾ་ག་ལ་སྤྲུལ ་དཀྲིས་པ་དང་གཞུའོ། །འདི་དག་ནི་དགུན་ཟླ་ར་བའི་ཚེས་རྣམས་སོ། །གཡས་སུ་ཆུ་སྲིན་གྱི་སྟེང་དུ་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་རྒྱ་མཚོའི་ལྷ་དཀར་པོ། གཡས་གཉིས་ན་ཞགས་པ་དང་རིན་པོ་ཆེ། གཡོན་གཉིས་ན་སྤྲུལ་ཞགས་དང ་ཆུ་ཤེལ་གྱི་ནོར་བུ། ཕྱུག་མོ་ལ་ཡང་དག་པར་མཁྱུད་པའོ། ཡང་དག་པར་མཁྱུད་པའོ། །འདི་དག་ནི་སྟོན་ཟླ་ར་བའི་ཆོས་དུ་བྱི་ལའི་སྟེང་དུ་པདྨའི་ཟེའུ་འབྲུ་ལ་ཚོགས་ཀྱི་དབང་ཕྱུག་དཀར་པོ་གཡས་གཉིས་ན་དགྲ་སྟ་དང་རྡོ་རྗེ། ་གཡོན་གཉིས་ན་ཞགས་པ་དང་རིན་པོ་ཆེའོ། །གཞོན་ནུ་མ་ལ་ཡང་དག་པར་མཁྱུད་པའོ། །འདི་དག་ནི་སྟོན་ཟླ་ར་བའི་ཆོས་རྣམས་སོ། །ཤར་སྒོའི་གཡས་སུ་ནམ་མཁའ་ལྡིང་གི་སྟེང་དུ་པདྨའི་ཟེའུ་འབྲུ་ལ་ཁྱབ་འཇུག ་ནག་པོ་གཡས་གཉིས་ན་འཁོར་ལོ་དང་དབྱུག་ཏོ། །གཡོན་པ་གཉིས་ན་འཁོར་ལོ་དང་དུང་དཀར་པོའོ། །དབང་མོ་ལ་ཡང་དག་པར་འཁྱུད་པའོ། །དེ་ནི་དགུན?་ཟླ་ཐ་ཆུངས་ཀྱི་ཆེ་ས་རྣམས་སོ། །འདིར་གཡོན་ཟེར་ལྷ་རྣམས་རྡོ་རྗེ་གདན་ལ་གནས་པ། དཔྱིད་ཟླ་འབྲིང་པོ་ལ་སོགS ་པ་ཚེས་ཀྱི་ལྷ་མོ་རྣམས་སྒེག་པའི་ཞབས་དང་ལྡན་པ། རང་རང་གི་བདག་པོ་སྲིན་པོ་ལ་སོགས་པའི་མདོག་དང་ཕྱག་མཚན་དང་དབྱིབས་རྣམས་དང་མཚུངས་པས་དེ་དག་ལ་ལྟ་བར་བྱེད་པ་དག་ཡིན་ལ། ལྷ་དེ་དག་ནི་དལ་གྱི ་བདག་པོ་ལ་ཞལ་ཕྱོགས་པའོ། །དེ་དག་ལ་མཁྱུད་པའི་ལྷ་མོ་རྣམས་ཀྱིས་དེ་ཉིད་ལ་ཞལ་ཕྱོགས་པའོ། །ཤར་གྱི་སྒོ་རུ་ཕག་པ་ནག་པོ་བདུན་གྱིས་ཁུར་བའི་ཤིང་རྟ་ནག་པོ་ལ་དབྱུག་པ་སྔོན་པོ་དོན་ཡོད་གྲུབ་བ་ལྟ་བུའོ། །དེ་ཡིས ་མཁྱུད་པར་གྱུར་པའི་འོད་ཟེར་ཅན་མ་ནི་སེར་མོ་གཡས་པའི་ཕྱག་གཉིས་ཀྱིས་འཁོར་ལོ་དང་དབྱུག་པ། གཡོན་པ་གཉིས་ཀྱིས་དུང་དཀར་པོ་དང་རིན་པོ་ཆེ་འཛིན་པའོ། །ལྷོ་ཕྱོགས་སུ་རྟ་དམར་པོ་བདུན་གྱིས་དྲངས་པའི་ཤིང་རྟ ་ལ་འདོད་པའི་རྒྱལ་པོ་རིན་ཆེན་འབྱུང་ལྡན་ལྟ་བུ། ཙུན་དྷ་རྗེ། གཡོན་པ་གཉིས་ཀྱིས་ཕུབ་ཆུང་དང་སྦྲུལ་འཛིན་པ་ལ་ཀྱིས་པདྨ་དང་མེ་ལོང་འཛིན་པ་ལ་མཁྱུད་པའོ། །ནུབ་དུ་གླང་པོ་ཆེ་སེར་པོ་བདུན་གྱིས ་དྲངས་པའི་ཤིང་རྟ་ལ་སྟོབས་པོ་ཆེ་རྣམ་པར་སྣང་མཛད་ལྟ་བུ། རྡོ་རྗེ་ལུ་གུ་རྒྱུད་ནག་མོ་གཡས་པ་གཉིས་རལ་གྲི་དང་རྡོ་རྗེ། གཡོན་པ་གཉིས་ཀྱིས་ཕུབ་ཆུང་དང་སྤྲུལ་འཛིན་པ་ལ་མཁྱུད་པའོ། །བྱང་དུ་སེང་གེ་དཀར་མོ་བདུན་གྱིས ་དྲངས་པའི་ཤིང་རྟ་དཀར་པོ་ལ་མི་གཡོ་བ་འོད་དཔག་མེད་ལྟ་བུ་ཁྲོ་གཉེར་ཅན་དམར་མོ་གཡས་པ་གཉིས་ཀྱིས་མདའ་དང་ལྕགས་ཀྱུ། གཡོན་པ་གཉིས་ནི?་གཞུ་དང་ཞགས་པ་འཛིན་པས་མཁྱུད་པའོ། །དལ་གྱི་བདག ་པོའི་སྟེང་དུ་ནམ་མཁའ་ལྡིང་ཁ་དོག་ལྔ་པ་མིག་གསུམ་པས་དྲངས་པའི་ཤིང་རྟ་ལྗང་ཁུ་ལ་གཙུག་ཏོར་འཁོར་ལོ་བསྒྱུར་བ་ཕྱག་ན་རྡོ་རྗེ་ལྟ་བུའོ། །འདིའི་ཤེས་རབ་མ་ཤིན་ཏུ་སྔོན་མོ་གཡས་པ་གཉིས་ཀྱིས་གྲི་གུག་དང་རྡོ་རྗེ། གཡོན ་པ་གཉིས་ཀྱིས་ཐོད་པ་དང་དྲིལ་བུ་འཛིན་པའོ། །དལ་གྱི་བདག་པོའི་སའི་འོག་ཏུ་སེང་གེ་རྐང་པ་བརྒྱད་པ་ནག་པོ་བདུན་གྱིས་དྲངས་པའི་ཤིང་རྟ་ནག་།པོ་ལ་གནོད་མཛེས་རྒྱལ་པོ་ཀུན་ཏུ་བཟང་པོ་ལྟ་བུའོ། །འདིའི་ཤེས་རབ་མ་དྲག་མིག་མ་ ་ལྗང་གུ་གཡས་པ་གཉིས་ཀྱིས་སྦྲུལ་ཞགས་དང་ཁ་ཊཝི་ཁ་འཛིན་པ། གཡོན་པ་གཉིས་ཀྱིས་འདིར་དབྱུག་པ་སྔོན་པོ་ལ་སོགས་པའི་ཁྲོ་བོ་རྣམས་ནི་ཤིང་རྟའི་སྟེང་ན་པདྨ་དཀར་པོ་དང་ཉི་མའི ་སྟེང་དུ་གཡས་བརྐྱང་བ་དང་གཡོན་བསྐུམ་པའོ། །གཙོ་བོ་རྣམS་དང་རང་གི་གནས་ནས་དལ་གྱི་བདག་པོ་ལ་མངོན་པར་ཕྱོགས་པར་བཞུགས་པའོ། །འོད་ཟེར་ཅན་མ་ལ་སོགས་པ་རྗེས་སུ་འདྲེན་མ་རྣམས་གཡས་བསྐུམ་པ་དང་གཡོན ་བརྐྱང་བས་བཞུགས་པའི་གནས་ཀྱི་སྟོབས་ཀྱིས་རང་རང་གི་ཁྲོ་བོ་ལ་མངོན་པར་ཕྱོགས་པའོ། །འདིར་ཤིང་རྟ་རྣམས་ནི་ནག་པོ་ལ་སོགས་པའི་ཁ་དོག་དེ་དག་ནི་སྒོའི་དབུས་སུ་ཤིང་རྟ་རིགས་ཀྱི་དབང་གིས་འགྱུར་བ་ཡིན་པར་གསུངས ་པས། དེའི་རྗེས་སུ་འབྲངས་ནས་ཕག་པ་ལ་སོགས་པ་རྣམས་ཀྱང་ཤེས་བར་བྱའོ། །རྟ་བབས་ཀྱི་ཀ་བ་རྣམས་ཀྱི་འོག་གི་འདོད་ཡོན་གྱི་སྣམ་བུའི་གནས་ལ་སྟེང་དང་འོག་ཏུ་ཀླུ་རྣམས་སོ། །དེ་ལ་ཤར་གྱི་སྒོའི་གཡོན་དང་གཡས ་སུ་རླུང་གི་ངལ་གཉིས་ཀྱི་སྟེང་དུ་རིམ་པ་ཇི་ལྟ་བས་པདྨ་དང་ཀར་ཀོ་ཏ་གཉིས་ནག་པོ་ཁྱི་གདོང་མ་དང་ཁྭ་གདོང་མ་ལ་མཁྱུད་པའོ། །ལྷོའི་སྒོའི་མེའི་དལ་གཉིས་ཀྱི་སྟེང་དུ་ནོར་རྒྱས་དང་དུང་སྐྱོང་གཉིས་དམར་པོ་ཕག་གདོད་མ་དང ་བྱ་རྒོད་གདོང་མ་ལ་མཁྱུད་པའོ། །ནུབ?་སྒོར་སའི་དལ་གཉིས་ཀྱི་སྟེང་དུ་འཇོག་པོ་དང་པདྨ་ཆེན་པོ་གཉིས་སྤྱད་གདོང་མ་དང་ནམ་མཁའ་ལྡིང་གི་གདོང་མ་ལམ་ཁྱུད་པའོ། །བྱང་སྒོར་ཆུའི་དལ་གཉིས་ལ་མཛའ་ཡས་དང་རིགས ་ལྡན་གཉིས་དཀར་པོ་སྟག་གདོང་མ་དང་འུག་གདོང་མ་ལ་མཁྱུད་པའོ། །སྟེར་གི་ནམ་མཁའ་ཨི་སྟེང་དུ་སྟོང་པའི་དཀྱིལ་འཁོར་དུ་རྒྱལ་བ་ལྗང་ཁུ་ཤིང་ཏུ་སྔོན་མོ་ལ་མཁྱུད་པའོ། །འོག་ཏུ་སའི་འོག་ཏུ་སྟོང་པའི་དལ་ལ་རྣམ་པར ་རྒྱལ་བ་སྔོན་པོ་རྡོ་རྗེ་མིག་ཅན་མ་ལ་མཁྱད་པའོ། །ཀླུ་ཐམས་ཅད་རྡོ་རྗེའི་གདན་ལ་སྐྱིལ་ཀྲུང་གིས་གནས་པ། ཕྱག་བཞི་དང་ལྡན་པའི་གཡས་པ་གཉིས་ཀྱི་བདུད་རྩིའི་བུམ་པ་དང་རྡོ་རྗེའོ། །གཡོན་གཉིས་ཀྱིས་པདྨ་དང ་རྡོ་རྗེ། སའི་ཁོར་ཡུག་གི་མཚམས་དབང་ལྡན་ཟླ་བ་ཉ་གང་བའི་ཚུལ་ལོ། །བདེན་བྲལ་ཉི་མའི་དལ་ནུབ་པའི་ཚུལ་ལོ། །མེ་དང་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་སྟེ། ཕྱོགས་རྣམས་སུ་དམར ་པོ་མཚམས་རྣམས་སུ་དཀར་པོའོ། །འདིར་ཤར་གྱི་འཁོར་ལོ་ལ་ཁྱི་གདོང་མ་ནག་མོའོ། །ལྷོར་ཕག་གདོང་མ་དམར་མོའོ། །ནུབ་ཏུ་སྦྱང་གདོང་མ་སེར་མོའོ། །བྱང་དུ་སྟག་གདོང་མ་ལྗང་ཁུའོ། །མེའི་མཚམས་ལ་སོགས ་པ་ལ་ཁྭ་གདོང་མ་དང། བྱ་རྒོད་གདོང་མ་དང། མཁའ་ལྡིང་གི་གདོང་མ་དང། འུག་པའི་གདོང་མ་རྣམས་ནི་ནག་མོ་དང། དམར་པོ་དང་སེར་པོ་དང་དཀར་པོ་རྣམས་སོ། །སྟེང་གི་ནམ་མཁའ་ཨི་ཤིང་རྟ་ལ་སྔོན་མོ་སྔོ་བའི་མདོག་ཅན་ཏེ། འདིའི་ཤིང ་རྟ་ནི་ཤིང་ཏུ་སྔོན་མོ་ལྟ་བུའོ། །འོག་ཏུ་ས་འོག་གི་ཤིང་རྟ་ལ་རྡོ་རྗེ་མིག་ཅན་མ་ལྗང་ཁུ་སྟེ། འདིའི་ཤིང་རྟ་ནི་དྲག་མིག་མའི་ལྟ་བུའོ། །ཁྱི་གདོང་མ་ལ་སོགས་པ་འདི་དག་ནི་ཞབས་གཉིས་སྐྱིལ་ཀྲུང་གིས་གནས་པ། སྔར ་བསྟན་པའི་པདྨ་ལ་སོགས་པ་རྣམས་ཀྱིས་མཁྱུད་པའོ། །གཡས་དང་གཡོན་གྱིས་གྲི་གུག་དང་ཐོད་པ་འཛིན་པ། སྤྱན་གསུམ་པ་གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ། མི་མགོའི་ཕྲེང་བ་མགུལ་དུ་འཕྱད་པའོ། །དང་པོའི་འཁོར་ལོ ་བརྒྱད་ཀྱི་འོག་ཏུ་རིམ་པ་ཇི་ལྟ་བར། བསེ་དང། དོམ་དང། སེང་གེ་དང། གཡག་དང། སེ་བྱི་དང། རྔ་མོ་དང། དུར་པ་དང། མིག་སྔོན་དང། བྱ་མ་བྱི་རྣམས་སོ། །དུར་ཁྲོད་འདི་རྣམས་ལ་རླུང་གི་དལ་གྱི་ཤར་དང། མེའི་མཚམས ་ཀྱིས་ཕྱོགས་གཉིས་ན་རླུང་གི་དལ་གྱི་སྟེང?་ན་གནས་པ་ཟླ་བ་དང་ཉི་མའོ། །ལྷོ་དང་བདེན་བྲལ་གཉིས་སུ་མེའི་དལ་ལ་གཟའ་ལག་དང་མིག་དམར་རོ། །ནུབ་དུ་རླུང་གི་མཚམས་ལ་སའི་དལ་ལ་འཇུག་རིངས ་སྤེན་པའོ། །བྱང་དང་དབང་ལྡན་གྱི་མཚམས་སུ་ཆུའི་དལ་ལ་པ་བསངས་དང་ཕུར་བུའོ། །སྟེང་དུ་ནམ་མཁའ་ཨི་དལ་ལ་སྒྲ་གཅན་ནོ། །འོག་ཏུ་ནམ་མཁའ་ཨི་དལ་ལ་དུས་ཀྱི་མེའོ། །དེ་བཞིན་དུ་རླུང་གི་དལ་གྱི་ནང་དུ་དུས་ཀྱི་མེའོ། །དེ་བཞིན་དུ་རླུང་གི ་དལ་གྱི་ནང་དུ་སྦྱོར་བ་དང་བྱེད་པ་དང། སྐར་མ་ཉི་ཤུ་རྩ་བརྒྱད་དང། །ཁྱིམ་བཅུ་གཉིས་དང། འཕོ་བ་བཅུ་དྲུག་དང། ཕྱོགས་སྐྱོང་བཅུ་དང། དགའ་བ་ཅན་དང། ནག་བོ་ཆེན་པོ་དང། འབྲུམ་བུའི་ལྷ་དང། འབྲིང་གི་རི་ཏི་དང། ཞིང ་སྐྱོད་རྣམས་དང། ཕོ་ཉ་མ་རྣམས་དང། འཕྲོག་མ་དང། གྲུབ་པ་ཐམས་ཅད་དང། གདོང་ལ་སོགས་པ་འབྱུང་པོའི་བྱེ་བྲག་སྐུའི་ཁ་དོག་དང་ཕྱག་མཚན་གཟུགས་ཐ་དད་ཅན་བྱེ་བ་ཕྲག་ཕྱེད་དང་བཞིའོ། །འདིར་ཟླ་བ་ལ ་སོགས་པའི་ལྷ་རྣམས་རྡོ་རྗེའི་གདན་ལ་གནས་པའོ། །ལྷ་མོ་རྣམས་ནི་ཞབས་རོལ་པའི་སྟབས་ཀྱིས་བཞུགས་པའོ། །གསུང་གི་དལ་གྱི་འདོད་ཡོན་གྱི་སྣམ་བུ་ལ་འདོད་ཡོན་གྱི་ལྷ་མོ་རྣམས་སོ། །དེ་ལ་ཤར་གྱི་སྣམ་བུའི་སྒོའི ་གཡས་སུ་ཞེ་སྡང་འདོད་མ་སྒྲོལ་མ་ལྟ་བུའོ། །གོས་ཀྱི་འདོད་མ་རེག་བྱ་རྡོ་རྗེ་མ་ལྟ་བུའོ། །ལུས་ཀྱི་ལ་བའི་ཕྲུག་པ་འདོད་མ་ལྷ་མོ་ཙ་མུན་དྷ་ལྟ་བུའོ། །ཁ་ལུད་སྤོང་བའི་འདོད་མ་ཁྱབ་འཇུག་མ་ལྟ་བུའོ། །སྒོའི་གཡོན་ངོས་སུ ་རབ་ཏུ་ཚ་བའི་འདོད་མ་ཤིན་ཏུ་སྔོན་མོ་ལྟ་བུའོ། །རེག་པའི་འདོད་མ་རྡོ་རྗེ་ལྕགས་སྒྲོག་མ་ལྟ་བུའོ། །ཡན་ལག་ཐམས་ཅད་འཕྲུག་པའི་འདོད་མ་ཁྱི་གདོང་མ་ལྟ་བུའོ། །ལྷག་མ་ཟ་འདོད་མ་ཁྲ་གདོང་མ་ལྟ་བུའོ། །ལྷོའི་སྣམ་བུའི ་སྒོའི་གཡས་སུ་རངས་འདོད་མགོS་དཀར་མོ་ལྟ་བུའོ། །ཟ་འདོད་མ་རོ་རྡོ་རྗེ་མ་ལྟ་བུའོ། །ཡན་ལག་གི་དྲི་མ་འདོད་མ་ཕག་གདོང་མ་ལྟ་བུའོ། །གར་གྱི་འདོད་མ་གཞོན་ནུ་མ་ལྟ་བུའོ། །སྒོམ་པའི་འདོད་མ་རྨོངས་མ་ལྟ་བུའོ། །གཡོན་དུ ་འགུགས་འདོད་མ་ཁྲོ་གཉེར་མ་ལྟ་བུའོ། །རྒྱུ་ག་འདོད་མ་དྲག་མིག་མ་ལྟ་བུའོ། །དྲི་ཆེན་དྲི་ཆུ་སྤོས་འདོད་མ་ཕག་གདོང་མ་ལྟ་བུའོ། །གཡུལ་ངོའི་འདོད་མ་བྱ་རྒོད་གདོང་མ་ལྟ་བུའོ། །ནུབ་ཀྱི་སྣམ་བུའི་སྒོའི་གཡས་སུ་རེངས་འདོད་མ ་སྤྱན་མ་ལྟ་བུའོ། །དྲི་འདོད་མ་དྲི་རྡོ་རྗེ་མ་ལྟ་བུའོ། །ཉལ་འདོད་མ་ནི་དབང་མོ་ལྟ་བུའོ། །ཆུ་ལ་འཛུལ་འདོད་མ་ཚངས་མ་ལྟ་བུའོ། །བཅིངས་འདོད་མ་རེངས་མ་ལྟ་བུའོ། །གཡོན་དུ་སྦྱོར་འདོད་མ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ལྟ་བུའོ། ། ་ཕུར་པ་གདབ་འདོད་མ་འོད་ཟེར་ཅན་མ་ལྟ་བུའོ། །བསླུ་འདོད་མ་ལྕེ་སྦྱང་གི་གདོང་མ་ལྟ་བུའོ། །སྤྲུལ་གྱིས་བཅིངས་འདོད་མ་ནམ་མཁའ་ལྡིང་གི་གདོང་མ་ལྟ་བུའོ། །བྱང་གི་སྒོའི་གཡས་སུ་རྒྱལ་འདོད་མ་མ་མ་ཀི་ལྟ་བུའོ། །རྒྱན ་འདོད་མ་གཟུགས་རྡོ་རྗེ་མ་ལྟ་བུའོ། །གདན་འདོད་མ་དྲག་མོ་ལྟ་བུའོ། །རྒྱལ་འདོད་མ་ཕུན་སུམ་འཚོགས་མ་ལྟ་བུའོ། །འཇམ་པར་སྨྲ་འདོད་མ་རེངས་བྱེད་མ་ལྟ་བུའོ། །གཡོན་ངོས་སུ་སྒྲ་འདོད་མ་སྒྲ་རྡོ་རྗེ་མ་ལྟ་བུའོ།། ་ཕྱག་འཚལ་འདོད་མ་ཙུན་དྷ་ལྟ་བུའོ། །ཐབ་མོ་མང་པོ་འདོད་མ་སྟག་ཞལ་མ་ལྟ་བུའོ། །ཁྱོ་ལ་ཁྲོ་འདོད་འུག་གདོང་མ་ལྟ་བུའོ། །ལྷ་མོ་སུམ་ཅུ་རྩ་དྲུག་པོ་འདི་དག་བསྒོམ་པར་བྱའོ། །གང་གཞན་དུ་གསོང་འདོད་མ་རྡོ་རྗེ་དབྱིངས ་ཀྱི་དབང་ཕྱུག་མ་དང། བསྐྱེད་བྱའི་བསྐྱེད་བྱེད་མ་སྣ་ཚོགས་ཡུམ་གྱི་ཚུལ་གྱིས་བསྐྱེད་པར་བྱ། ཞེས་འདོད་པ་གཉིས་སུ་གསུངས་པ་དེ་ནི་འདི་ལྟར་སྦྱོར་བ་ཇི་ལྟ་བས་འདོད་པ་གཞན་ལ་བསྡུ་བའི་ཕྱིར་ཐ་དད་དུ་བསྒོམ་པར་བྱ ་བ་མ་ཡིན་ནོ། །གཞན་ཡང་གང་དང་གང་འདོད་པ་འདི་དག་ཐམས་ཅད་འདོད་པ་སུམ་ཅུ་རྩ་དྲུག་པོ་ཉིད་ལ་སྦྱོར་བ་ཇི་ལྟ་བར་བསྡུ་བར་བྱའོ་ཞེས་ཤེས་པར་བྱའོ། །དེ་ལྟར་ཡང་འདོད་པ་སུམ་ཅུ་རྩ་དྲུག ་ཞེས་གསུངས་པ་ཉིད་ཀྱིས་བསྡུ་པར་བྱས་ན་འདོད་པ་ཅིག་པུ་ཉིད་དེ། ཉེ་བར་མཚོན་པའོ་བརྡའ་ཉིད་ཀྱིས་བརྟན་པའོ། །དེ་ཉིད་ཀྱི་ཕྱིར་དྲི་མ་མེད་པའོ་འོད་ལས་གསུངས་པ། གཞན་ཡང་གང་ལ་ལ་ཞིག་ལས་དེ་ཐམས་ཅད་འདོད ་པའི་ཕྱིར་འདི་རྣལ་འབྱོར་མའི་བྱ་བ་སེམས་ཅན་གྱི་ཁམས་ཀྱི་བྱེ་བྲག་གིས། ཞེས་སོ། །དེ་བས་བསྡུ་ན་རྡུལ་ཚན་གྱི་དལ་ལ་ལྷ་སུམ་ཅུ་རྩ་དྲུག་གི་ས་བོན་བསྐྱེད་པར་བྱ་བར་བཤད་དོ། །ཡང་ན་ཕུར་བུ་འདེབས་འདོད་མའི་ས ་བོན་ས་ཞེས་བྱ་བས་ཤར་སྒོའི་གཡོན་ངོས་སུ་བསྐྱེད་པར་བྱའོ། །རླུང་འདོད་མའི་ས་བོན་ཀ་ཞེས་བྱ་བས་ལྷོ་སྒོའི་གཡོན་ངོས་སུའོ། །སྤྲུལ་བཅིངས་འདོད་མའི་ས་བོན་ལ་ཞེས་བྱ་བ་ནི་བྱང་སྒོའི་གཡོན་ངོས་སུའོ། །དེ་ལྟར ་འདོད་པའི་ལྷ་མོའི་བསྒོམ་པ་གསུངས་པ་ནི། དྲི་མ་མེད་པའི་འོད་ལས་འདོད་མ་སུམ་ཅུ་རྩ་དྲུག་ནི་གསུང་གི་ངལ་གྱི་རང་རང་གི་ཕྱོགས་ལ། རང་རང་གི་རིགས་ཀྱི་དབྱེ་བས་སོ་ཞེས་གསུངས་པ་འདི་དག་ཐམས་ཅད་ངེས་པར ་འདོད་བར་བྱེད་པ་ཞེས་རྟོགས་བར་བྱའོ། །དེ་ལྟ་མ་ཡིན་ན་ཡང་དང་ཡང་དུ་འདོད་མ་སུམ་ཅུ་རྩ་དྲུག་ཅེས་གསུངས་པའི་ཚིག་རྣམས་དང་ཕན་ཚུན་འགལ་བར་འགྱུར་རོ། །འདོད་ན་འདི་དག་གིས་བཟློག་པར་བྱེད་པའི་དངོས་པོ་མི ་འདོད་པ་སུམ་ཅུ་རྩ་དྲུག་ནི་སྔར་བཞིན་དུ་རང་རང་གི་རིགས་ཀྱི་དབང་གིས་སོ། །རང་རང་གི་ཕྱོགས་སུ་དུས་ཀྱི་འཁོར་ལོ་ལ་སོགས་པའི་དེ་བ་རྣམས་ལས་གཞན་པའི་ལྷ་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་ཅན་ནོ ་འདིར་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་ཨི་ངོ་བོར་རྣམ་པར་བཞག་ན། དེའི་ཚེ་མི་བསྐྱོད་པ་ལྗང་ཁུའི་མདོག་གིས་རྒྱས་གདབ་བོ། །དེ་བཞིན་དུ་སྣ་ཚོགས་ཡུམ་གང་གི་ཚེ་མི་བསྐྱོང་བའི་རང་བཞིན ་དེའི་ཚེ་མི་བསྐྱོད་པ་སྔོན་པོའི་གཟུགས་ཀྱི་རྡོ་རྗེ་སེམས་དཔས་སོ། །དེ་བཞིན་དུ་སྣ་ཚོགས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན་ཏེ། དེ་ལྟར་ཡོན་པར་གྱུར་ན་ཡེ་ཤེས་དང་རྣམ་པར་ཤེས་པ་གཉིས་ཕན་ཚུན་རྒྱས་གདབ ་པར་འགྱུར་རོ། །དེ་སྐྲད་དུ་དྲི་མ་མེད་བའི་འོད་ལས། རྒྱལ་བའི་བདག་པོའི་མཆོག་ནི་ཡེ་ཤེས་ཀྱི་ཕུང་པོའོ། །སྣ་ཚོགས་ཡུམ་ནི་ཡེ་ཤེས་ཀྱི་ཁམས་སོ། །རྣམ་པར་ཤེས་པ་ནི?་ནམ་མཁའ་ཨི་ཁམས་སོ། །ཞེས་གསུངས་སོ། །འདིར ་ཡེ་ཤེས་ནི་སྟོང་ལ་ཉིད་དང་སྙིང་རྗེ་རོ་གཅིག་པའི་མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་སོ། །གང་གི་ཚེ་དུས་ཀྱི་འཁོར་ལོ་རྣམས་པར?་ཤེས་པའི་ཕུང་པོ་དེའི་ཚེ་སྣ་ཚོགས་ཡུམ་ནམ་མཁའ་ཨི་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན ་ནོ། །ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་གསུངས་པ། མཁྱུད་པར་གྱུར་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཉིད་སྣ་ཚོགས་ཡུམ་མོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྷན་ཅིག་དུ་རྣམ་པར་ཤེས་པའི་རང་བཞིན་པདྨའི་སྙིང་པོ་བདེ་བ ་ཆེན་པོའོ། །ཞེས་གསུངས། །དོན་ཡོད་གྲུབ་པ་དང་རིན་ཆེན་འབྱུང་ལྡན་དང་རྣམ་པར་སྣང་མཛད་དང་འོད་དཔག་མེད་རྣམས་ལ་མི་བསྐྱོད་པ་ལྗང་ཁུས་རྒྱས་བཏབ་པའོ། །ཡང་ན་དོན་ཡོད་གྲུབ་པ་རིན་ཆེན་འབྱུང་ལྡན ་གྱིས་སོ། །རིན་ཆེན་འབྱུང་ལྡན་སྣང་བ་མཛའ་ཡས་ཀྱིས་སོ། །དེ་ནི་རྣམ་པར་སྣང་མཛད་ཀྱིས་སོ། །དེ་ནི་བསྐྱོད་པ་ལྗང་ཁུས་སོ། །ཀུན་ཏུ་བཟང་པོ་དང་སྒྲ་རྡོ་རྗེ་མ་དང། གནོད་མཛེས་རྒྱལ་པོ་དང། ཤིན་ཏུ་སྔོན ་མོ་དང། སྔོན་མོ་དང། དྲག་མོ་དང། རྨུགས་བྱེད་མ་དང། རྣམ་པར་རྒྱལ་བའི་ཀླུ་རྣམས་རྡོ་རྗེ་སེམས་དཔའ་མི་བསྐྱོད་སྔོན་པོའི་གཟུགས་ཀྱིས་རྒྱས་གདབ་བོ། །ཕྱག་ན་རྡོ་རྗེ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ ་མ་དང། གཙུག་ཏོར་འཁོར་ལོ་བསྒྱུར་བ་དང། དྲག་མིག་མ་དང། ཁྱབ་འཇུག་མ་དང། གཤིན་རྗེ་དང། ཀླུ་རྣམས་མི་བསྐྱོད་པ་ལྗང་གུས་སོ། །ལྷ་གཞན་རྣམས་ནི་ནག་པོ་ལ་དོན་ཡོད་གྲུབ་པའོ། །དམར་པོ ་རྣམས་ལ་རིན་ཆེན་འབྱུང་ལྡན་གྱིས་སོ། །སེར་པོ་རྣམས་ལ་རྣམ་པར་སྣང་མཛད་ཀྱིས་སོ། །དཀར་པོ་རྣམས་ལ་སྣང་བ་མཛའ་ཡས་གྱིས་སོ། །རྒྱས་འདེབས་པའི་དེ་བཞིན་གཤེགས་པ་དྲུག་པོ་འདི་དག་ནི་གཙུག་ཏོར་དང ་བཅས་པ། སྣམ་སྦྱར་འཛིན་པའི་ས་གནོན་ལ་སོགས་པའི་ཕྱག་རྒྱ་དང་བཅས་པའོ། །བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོའི་ཐུགས་ཁའི་ས་བོན་ནི་ཧཱུཾ་?། །ོཾ་ཀ་ལ་ཙཀྲ་ཡ་ན་མ(རྒྱུད་འགྲེལ་པས་འཇིགས་ནས་མ་བྲིས་སོ།། །།དེ་ལྟར་བཤད་པར་གྱུར་མོད་ཀྱང། །ཕུན་ཚོགས་སྐུ་ནི་དཔག་མེད་དེ། །ཆུའི་གཏེར་ལས་ཆུ་འཛིན་གྱི། །མུ་?་པར་མི་འགྱུར་བཞིན།། །།རབ་ཏུ ་སྤྲོས་པའི་བསོད་ནམས་བདུད་རྩི་ཆེ་ཚོགས་ཀྱིས། །དཔལ་ལྡན་རྡོ་རྗེ་འཛིན་སྐུའི་བདུད་རྩིའི་ཆུ་རྒྱུན་ལས། །དཔག་ཏུ་མེད་པའི་བརླབས་སྐུ་རིམ་དང་རིམ་པ་ཡིས། །མཁས་པའི་དབང་ཕྱུག་འཇིགས་མེད་གཞན་དོན་བྱེད་གྱུར་ཅིག། ་དཀྱིལ་འཁོར་ཐམས་ཅད་ཀྱི་བསྒྲུབ་པའི་ཐབས་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ་ཞེས་བྱ་བ། མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎ་ཊི་ཏ་ཤཱཀྱ ་ཤྲཱི་བྷཱ་ཏྲ་ལ། རྒྱ་གར་ཤར་ཕྱོགས་ཀྱི་མཁས་པ་དཱ་ན་ཤི་ལས། ཡུལ་དབུས་ཀྱི་སོལ་ནག་ཐད་པོ་ཆེའི་གཏུག་ལག་ཁན་དུ་དབང་ཡོངས་སུ་རྫོགས་པར་ཞུས་ཏེ། སི་ཊི་ཏའི་ལེགས་བར་སྦྱར་བའི་སྐད་ལས། བོད་ཀྱི་སྐད་དུ་གཞན་ལ་ཕན ་བའི་ཕྱིར་དག་པར་བསྒྱུར་བའོ།། །།རབ་ཏུ་དད་པའི་བསམ་པས་འདི་བསྒྲུབ་པའི། །རབ་དཀར་དགེ་བའི་དཔལ་འབྱོར་གང་འཆིས་དེས། །ཚེ་རབས་ཀུན་ཏུ་དཀྱིལ་འཁོར་རྣམས་འཇུག་ཅིང། །བདག་ཀྱང་འདི་འདྲའི་རྣམ་འཕྲུལ་སྟོན་པར་ཤོག། །།དགེའོ། ། ་