CLOSE WINDOW

N3811: mngon par rtogs pa mu tig gi phreng ba zhes bya ba
Wyliee-texts based on the ACIP/ALL Input

ཕྱུག་མི་ཊ་ཛཧོ་ཀིས་མཛད་པ་རྫོགས་ཤོ།། །།དེའི་སློབ་མ་པཎ་ཊི་ཏ་ཨ་མོ་གྷ་བཛྲས་རང་འགྱུར་དུ་མཛད་པའོ།། །།མངོན་པར་རྟོག་པ་མུ་ཏིག་ཕྲེང་བ་བཞུགས་སོ།། །།རྒྱ་གར་སྐད་དུ། ས་མ་ཏི་པ་ཏྲ ་མ་ལེ། བོད་སྐད་དུ། མངོན་པར་རྟོགས་པ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ། །བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདིར་ཆོ་ག་འདིའི་བསྐྱེད་པའི་རིམ་པ་བསྟན་པ་ནི། ཐོག་མར་སྐྱབས་སུ་འགྲོ་བ་བྱས་ལ། དེ་ནས་ཚང་མེད་པ ་བཞི་བསྒོམ། །ོཾ་བཛྲ་པ་ནི་ཧཱུཾ:ཞེས་པས་རང་ཉིད་ཕྱག་ན་རྡོ་རྗེར་བསྐྱེད་ལ། རང་གི་སྙིང་ལ་ཧྲི་ཨ་ཧཱུཾ་གསུམ་བསྐོར་བས་སྙིང་དང་སྙིང་ཚིལ་ལ་སོགས་པ་རྣམས་པདྨ་དང་ཟླ་བ་ཧཱུཾ་དུ་བསམས་ལ། དེ་ནས་བསྲུང་འཁོར་བསྒོམ་པར་བྱ་སྟེ། ཨོཾ ་རཾ་ཛཝ་ལ་རཾ་ཞེས་པས་ཡེ་ཤེས་ཀྱི་མེ་རྣམ་པ་ལྔ་ཕྱོགས་བཅུར་འབང?་བར་བསམ། ཨོཾ་བཛྲ་ཁང་ཁ་ཧཱུཾ་ཞེས་པས་མཚོན་ཆའི་ར་བ་དང། ཨོཾ་བཛྲ་ཀྲོ་ཏ་ར་ཛ་ཧཱུཾ་ཞེས་པས་ཁྲོ་ཆུང་དཔག་ཏུ་མེད་པ་སྤྲོས་ནས་གདོན་བགེགས་སྐྲད་པར་བསམ་ཞིང། ་སུཾ་བྷ་ནི་བརྗོད་པར་བྱའོ། །ོཾ་ཧཱུཾ་པུ་དུ་ཧྲི་ཨ་ས་ཧ། ཞེས་པས་མཆོད་རྫས་ཐམས་ཅད་ཡིག་འབྲུ་ལས་ཕྱག་མཚན། དེ་ལས་ལྷ་མོ་རང་རང་དུ་གྱུར་པར་བསམས་ལ་དབུལ་ལོ། །ོཾ་ཨ་ཁ་རོ་མུ་ཁང། སརྦ་དྷརྨཱ་ཨ་བྱ་ནུད་པན་ནད་ཏད་ཏྲ ་ཨོཾ་ཨ་ཧཱུཾ། ཞེས་པས་གཏོར་མའི་རྒྱུར་ཀར་གསུམ་མངར་གསུམ་བཤོས་དང་བདུན་ལ་བྱས་པ་འདི་བྲུཾ་ལས་གཏོར་མའི་སྣོད་བྲུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང། ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ། དེ་ལས་ཡེ་ཤེས་ཀྱི་བདུད་རྩི ་དཔག་ཏུ་མེད་པ་འཕྲོ་བར་བསམ་ལ། དཀྱིལ་འཁོར་བསྐྱེད་པའི་ལྷ་ལ་དབུལ་ལོ། །དེ་ནས་བཅུ་གསུམ་རྣམ་དག་བྱ་བ་ནི། དང་པོ་སྤྱན་དྲང། གཉིས་པ་ཕྱག་འཚལ། གསུམ་པ་མཆོད་པ་དབུལ། བཞི་པ་སྡིག་པ་བཤགས། ལྔ་པ་སྐྱབས་སུ ་འགྲོ་བ་བྱ། དྲུག་པ་བྱང་ཆུབ་མཆོག་དུ་ཐུགས་བསྐྱེད། བདུན་པ་རྗེས་སུ་ཡི་རང་བ། བརྒྱད་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། །དགུ་པ་མྱ་ངན་ལས་མི་འདའ་བར་ཞུ་བ། བཅུ་པ་ལུས་དབུལ་བ། བཅུ་གཅིག་པ་ལམ་བརྟེན་པ། ་བཅུ་གཉིས་པ་ཡོངས་སུ་བསྔོ་བ་བྱ་བ། དེ་ནས་ཧཱུཾ་ལས་འོད་ཟེར་སྤྲོ་ཞིང་ཤུ་ཛྙ་ཏའི་སྔགས་ཀྱིས་སྟོང་པར་བསམས་ལ། དེའི་དང་ལས་ཀྲི་ཡ་དོན་གྱི་ལྷ་དྲུག་གི་སྒོ་ནས་གཞལ་ཡས་ཁང་ལྷ་དང་བཅས་པ་བསྐྱེད་པ་ནི། དང་པོ་ཆོས་ཉིད་སྟོང་པ ་ཉིད་སྒྲའི་ལྔ་ནི། །ོཾ་སྭ་བྷ་བ་སརྦ་དྷརྨཱ་ཞེས་ཕ་ནི། ཆོས་ཉིད་སྟོང་པ་ཉིད་སྒྲའི་ལྷའོ། །གཉིས་པ་བྱང་ཆུབ་པ་ནི་གདན་གཞལ་ཡས་ཁང་གི་ལྷ་ནི། ཨེ་ལས་གྲུ་གསུམ་མཐིང་ཁ། ཡཾ་ལས་རླུང་གི་དཀྱིལ་འཁོར། ཁམ་ལས་ཆུའི་དལ། ་བཾ་ལས་གསེར་གྱི་ས་གཞི་།ལཾ་ལས་རིན་པོ་ཆེའི་རི་རབ། རཾ་ལས་ཡེ་ཤེས་ཀྱི་མེ་ཕྱོགས་བཅུར་འབར་བ། བཛྲ་ལས་རྡོ་རྗེའི་ར་བ་གཡས་སུ་འཁོར་བ། རག་ཤ་ལས་མཚོན་ཆའི་ར་བ་གཡོན་དུ་འཁོར་བ། ཀ་ཏ་ལས་གྲི་གུག་གི་ར་བ་གཡས་སུ ་འཁོར་བ། ཁང་ཁ་ལས་རལ་གྲིའི་ར་བ་གཡོན་དུ་འཁོར་བ་། ཙཀྲ་ལས་འཁོར་ལོའི་རྩིབས་རྣམས་གཡས་སུ་འཁོར་བ། བསྲུང་བའི་འཁོར་ལོ་དྲུག་པོ་བསྣོལ་མར་འཁོར་ལོའི་ནང་དུ། བྲུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གི་རྩིབས ་བརྒྱད་པར་གྲུ་ཆད་སྒོ་བཞི་རྟ་བབས་དང་བཅས་པ་འཁོར་ཡུག་དཀར་ནག་གཉིས་ཀྱིས་བསྐོར་བ་ལ་ཧྲི་ལས་པདྨ། ཨ་ལས་ཟླ་བའི་གདན་ལམ་ལས་ཉི་མའི་གང?་ན། ཕུ་ལས་ཀླུའི་རྒྱལ་པོ་ཆེན་པོ་བརྒྱད། ཁྲོམ་ལས་མཁའ་ལྡིང་གི་རྒྱལ ་པོ་ཁྱུང། སེམས་ཅན་རྣམ་པ་དྲུག་ལས་གྲུབ་པའི་ལ་ཀླུ་ཆེན་བརྒྱད་གནན་ཅིང་ཞལ་དུ་གསོལ་བ། རྩིབས་བརྒྱད་ལས་བདག་ཆེན་པོ་བརྒྱད། སྒོ་བཞིར་ཉི་མ། གྲུ་ཆད་ལ་ཟླ་བའི་གདན། གསུམ་པ་གསུང་ཡིག་འབྲུའི་ལྷ་ནི། ་གདན་དེའི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཧཱུཾ་མཐིང་ཁ་བཅུ་བདུན་འོད་ཟེར་ཀུན་དུ་འབར་བར་བསྒོམ། འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་ལས་ཉི་མའི་འོད་ཀྱི་མུན་པ་བཅོམ་པ་བཞིན། འགྲོ་བ་དྲུག་གི་ཉོན་མོངས ་བ་ཀུན་བྱང་ནས་ཐམས་ཅད་ཕྱག་རྡོར་གྱི་སྐུར་གྱུར་པ་དང། བཞི་པ་ཐུགས་ཕྱག་མཚན་གྱི་ལྷ་བསྐྱེད་པ་ནི། །རྡོ་རྗེ་རྩེ་ལྔ་པ་དང། རྩེ་གསུམ་པ་དང། རིན་པོ་ཆེ་དང། རྒྱ་གྲམ་དང། དབྱུག་ཏོ་དང། ཏྲི་ཤུལ་དང། གྲི་གུག ་དང། རལ་གྲི་དང། སྤོས་ཕོར་དང། མེ་ཏོག་དང། མར་མེ་དང། དྲིའི་དུང་ཆོས་དང། ལྕགས་ཀྱུ་དང། ཞགས་པ་དང། ལྕགས་སྒྲོག་དང། དྲིལ་བུ། དེ་རྣམས་ལ་ཡིག་འབྲུས་མཚན་པའོ། །ལྔ་པ་ཡོངས་སུ་རྫོགས ་བ་སྐུའི་ལྷ་ནི། ཨོཾ་ནཱི་ལཾ་བྷ་ར་དྷ་ར་བཛྲ་པཱ་ནི་ཧཱུཾ་ཧཱུཾ་ཕཊ། ཞེས་པས་དབུས་སུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་ནམ་མཁའ་དངས་པ་ལྟར་སྔོ་བ། ཞལ་ཅིག་པ། སྤྱན་གསུམ་པ་དབུ་སྐྲ་ཁཾ་པ་གྱེན་དུ་འབར་བ་ལ་རྡོ་རྗེ་རྩེ་ལྔ་པའི་དབུ ་བརྒྱན། སངས་རྒྱས་མི་བསྐྱོད་པས་མཚན་པ་ཕྱག་གཉིས་པ། གཡས་ཀྱིས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་བསྣུན་པའི་ཚུལ་དུ་འཛིན་པ། གཡོན་གྱིས་སྡིགས་མཛུབ་དྲིལ་བུ་དང་བཅས་པ་ཐུགས་ཁར་བརྟེན་པའི་གྲུ་མོ་གཉིས་ནས ་ལྟའི་དབང་པོ་དང་ཉི་མ་གཉིས་རྟ་དང་གླང་པོ་ལ་ཆིབས་ནས། ཡར་ནམ་མཁའ་ལ་འདྲེན་པའི་ཚུལ་དུ་མཛད་པ་ལ་སྐུ་སྟོང་ལ་དར་སྔོན་པོའི་སྟོད་གཡོགས་དང། སེང་གེའི་གླག་པ། སྐུ་པདྨ་ལ་ནམ་བཟའ་སྔོན་པོའི་ཟབ་འཇོལ ་དང། སྟག་གི་ཤམ་ཐབས་གསོལ་བ། སྦྲུལ་ཆེན་རིགས་ལྔ་ནི་རྒྱལ་རིགས་དཀར་པོས་རྣ་བརྒྱན་བྱས། བྲམ་ཟེ་སེར་པོས་ཕྱག་གདུབ་བྱས་པ། རྗེ་རིགས་དམར་པོས་ཞབས་སྡུབ་བྱས་པ་།རྨངས་རིགས་ལྗང་ཁུས་དོ་ཤལ ་བྱས་པ། གདོལ་རིགས་ནག་པོ་ཞལ་དུ་ཟ་བ། སྐུ་ལུས་ལ་བསྐལ་བའི་མེ་འབར་བའི་གསེབ་ནས་འདབ་ཆགས་དང་ཁྲོ་ཆུང་དང། གཅན་ཟན་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་བ། བསྒྲུབ་བྱ་ཐུན་པུར་ཐུ་བ། རྩིབས་བརྒྱད་ཀྱི་སྟེང་གི་ཕྱག ་མཚན་རྣམས་ལས་དེང་དཔོན་ཆེན་པོ་བརྒྱད་བསྐྱེད་པ་ནི། །ོཾ་ཡག་ཤ་བཛྲ་པ་ནི་ཧྲི་ཏ་ན་ཡེ་ཧཱུཾ་ཕཊ། ཞེས་པས་ཤར་ཕྱོགས་ཀྱི་རྩིབས་ནས་རྡོ་རྗེ་མཐུ་ཆེན། རྡོ་རྗེ་རྩེ་གསུམ་པ་གདེངས་པ། ཤར་ལྷོར་རྡོ་རྗེ་བདེ?་བྱེད་དབྱུག་ཐོ་གདེངས་པ། ་ལྷོར་རྡོ་རྗེ་ཀུན་ཏུ་འཛིན་རིན་ཆེན་གདེངས་པ། ལྷོ་ནུབ་དུ་རྡོ་རྗེ་རབ་ཏུ་འདུལ་བྱེད་ཏྲི་ཤུ་གདེངས་པ། ནུབ་དུ་རྡོ་རྗེ་མི་བཟང་འཇོམས་པ། པདྨ་གདེངས་པ། ནུབ་བྱང་དུ་རྡོ་རྗེ་གདུག་པ་འདུལ་བྱེད་གྲི་གུག་གདེངས་པ། བྱང་དུ་རྡོ་རྗེ་དབྱིངས ་ལས་རྒྱལ་རྒྱ་གྲམ་གདེངས་པ། བྱང་ཤར་དུ་རྡོ་རྗེ་བགེགས་ལས་སྐྱོབ་པ་རལ་གྲི་གདེངས་པ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག་།གཡོན་པ་ཐམས་ཅད་སྔགས་མཛུབ་དང་དྲིལ་བུ་སྐུར་བསྟན་པ། ཞབས་གཉིས་གཡས་བརྐྱང ་གཡོན་སྐུམ་པ། སྨ་ར་དང་སྟག་གི་ཆས་དང་སྦྲུལ་གྱིས་བརྒྱན་པ་ལ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ནང་ན་བཞུགས་པ་ལ། གྲུ་ཆད་བཞིའི་ལྷ་མོ་བཞི་ནི། དུ་པུ་ཧྲི་ཨ་བཞི་ལས་ཤར་ལྷོར་བདུག་པ་མོ་དཀར་མོ་སྤོས་ཕོར་ཐོགས་པ། ་ལྷོ་ནུབ་དུ་མེ་ཏོག་མ་སེར་མོ་མེ་ཏོག་ཐོགས་པ་ནུབ་བྱང་དུ་མར་མེ་མ་དམར་མོ་མར་མེ་ཐོགས་པ། བྱང་ཤར་དུ་དྲི་མཆོག་མ་ལྗང་ཁུ་དྲི་མཆོག་བསྣམས་པ། ཛ་ཧཱུཾ་བཾ་ཧོ་ལས། ཤར་དུ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་ཐོགས་པ། ལྷོར་ཞགས་པ་མ ་སེར་མོ། ཞགས་པ་ཐོགས་པ། ནུབ་དུ་ལྕགས་སྒྲོག་མ་སེར་མོ་ལྕགས་དམར་སྒྲོག་ཐོགས་པ། བྱང་དུ་དྲིལ་བུ་མ་ལྗང་ཁུ་དྲིལ་བུ་ཐོགས་པ། འཁོར་ཡུག་གི་འཁོར་ལོ་དཀར་པོའི་སྟེང་ན་ལས་ལས་གྲུབ་པའི་གནོད་སྦྱིན་ཆེན་པོ་ཉི་ཤུ་ནི་ཨོཾ ་ཡཀྵ་ཡཀྵ་བཛྲ་ཧཱུཾ་ཕཊ་ཞེས་པས། སེང་གེའི་མགོ་ཅན་སྐུ་མདོག་སེར་པོ་གཡས་པ་ཀུན་ཐམས་ཅད་རང་རྟགས་ཀྱི་རྡོ་རྗེ་གསོར་བ་ལ། གཡོན་པ་ལྕགས་ཀྱུ་འཛིན་པ། ཁྱུང་གི་མགོ་ཅན་ནག་པོ་འཁོར་ལོ་ཐོགས་པ། ་སྟག་གི་མགོ་ཅན་དམར་པོ་མདའ་གཞུ་ཐོགས་པ། ཁྲའི་མགོ་ཅན་སྔོན་པོ་མདུང་ཐོགས་པ། གཟིག་གི་མགོ་ཅན་ཁམ་པ་པཾ་ཐོགས་པ། བྱ་རྒོད་ཀྱི་མགོ་ཅན་སེར་པོ་ཞགས་པ་ཐོགས་པ་དོམ་གྱི་མགོ་ཅན་ནག་པོ་བྲག་ཐོགས་པ། ཀཾ ་ཀཱི་མགོ་ཅན་དྲི་ཤུ་ལ་ཐོགས་པ། དྲེད་ཀྱི་མགོ་ཅན་སྔོན་པོ་རལ་གྲི་ཐོགས་པ། བཞད་ཀྱི་མགོ་ཅན་ཁམ་པ་དགྲ་ཏ་ཐོགས་པ། སྤྲེའུ་མགོ་ཅན་སེར་པོ་ལྕགས་སྒྲོག་ཐོགས་པ། འུག་པའི་མགོ་ཅན་ནག་པོ་གྲི་གུག་ཐོགས་པ། རའི་མགོ ་ཅན་དམར་པོ་གྲི་ཐོགས་པ། རྨ་བྱའི་མགོ་ཅན་སྔོན་པོ་ཆུ་ཟོར་ཐོགས་པ། སྤྱང་ཁུའི་མགོ་ཅན་ཁམ་པ་ཕུར་པ་ཐོགས་པ། བྱ་རོག་གི་མགོ་ཅན་སེར་པོ་དྲིལ་བུ་ཐོགས་པ། བྱི་ལའི་མགོ་ཅན་ནག་པོ་ཏེའུ་ཐོགས་པ། ནེ་ཙོའི་མགོ་ཅན་དམར་པོ ་དབྱུག་ཏེ་ཐོགས་པ། འཕར་བའི་མགོ་ཅན་སྔོན་པོ་ཐོ་བ་ཐོགས་པ། བ་གླང་གི་མགོ་ཅན་ཁམ་པ་གྲི་ཐོགས་པའོ། །འཁོར་ཡུག་འཐིང་ཁའི་སྟེང་ན་བསྲུང་བའི་ཁྲོ་བོ་སུམ་ཅུ་རྩ་གཉིས་སྐུ་མདོག་འཐིང་ནག་འབར་བ་ལ། ཕྱག་གཡས་པ་རྡོ་རྗེ ་འབར་བ་ཐོགས་པ་ལ། གཡོན་པ་སྡིགས་མཛུབ་དྲིལ་བུར་བཅས་པ་ཞལ་ཕྱི་ནང་སྤྲད་ལ་བསྒོམ། །ོཾ་བཛྲ་ཡཀྵ་ཧཱུཾ་ཕཊ། དྲུག་པ་ཏིང་འཛིན་ཕྲ་མོའི་ལྷ་ནི། སྤྱི་བོ་དང། ལྕེ་རྩེ་དང། སྙིང་ཁ་དང། མགྲིན་པ་དང། ལྟེ་བ་རྣམས ་སུ་ཨོཾ་ཧཱུཾ་ཨ་ཧཱུཾ་རཾ་རྣམས་གྱུར་པ་ལས་། སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པ་ལ། ཡི་གེ་བཅུ་གསུམ་གྱིས་མཚན་པ། ལྕེ་རྩེར་རྡོ་རྗེ་གསུམ་པ་ལས། ཡི་གེ་བཅུ་གསུམ་པ་ཚར་གསུམ་ཕར་ལ་འཕྲོ་བ། །མགྲིན་པར་པདྨ་དམར ་པོ་འདབ་བརྒྱད་པ་ལ་ཡི་གེ་བཅུ་གསུམ་པ་དམར་པོས་བརྒྱན་པ། ཐུགས་ཁར་རྡོ་རྗེ་ལྔ་པ་ལ་ཡི་གེ་བཅུ་གསུམ་པ་མཐིང་ཁས་བསྐོར་བ། ལྟེ་བ་རཾ་ལས་རེ་དམིགས་བཅུ་གཉིས་པ། ཡི་གེ་བཅུ་གསུམ་པ་ལས་མེ་འབར་བར་བསམས་ལ། ་རིགས་ཀྱི་བདག་པོས་དབུ་ལ་མཚན་པ་ཞེས་པས་གཙོ་བོ་ལ་ནི་མི་བསྐྱོད་པའོ། །ཕྱོགས་བཞིའི་ལྷ་རྣམས་ལ་རིགས་བཞི་པོ་ཡེ་ཤེས་པ་སྤྱན་དྲངས་པ་ལ་མཆོད་པས་མཉེས་པར་བྱས་ལ་རིགས་ཀྱི་བདག་པོ་རྣམས་དང་ཐ་མི་དད་དུ? ་བཞུགས་པ་དང། སྙིང་པོའི་ཡི་གེ་བཅུ་གསུམ་པ་གཙོ་བོ་ལ་བརྒྱ་རྩ་བརྒྱད། འཁོར་རྣམས་ལ་ཡཀྵ་ཉི་ཤུ་རྩ་རེ་རེ་། གཟུང་དང་བཅས་པ་བཟླས་ལ་བསྟོད་པ་བྱས་ལ། དབང་གི་ཆོ་ག་བྱས་པ་ནི་འགྲོ་བཟངས་མའོ།། ་སློབ་དཔོན་ཀླུ་གྲུབ་ཀྱི་མདོ་གཟུངས་ཀྱི་རྗེས་སུ་འབྲེངས་ནས། ལྷ་དགུའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་ནི། ཚོགས་བསག་པ་སྔོན་དུ་སོང་བྲུའི?་རྗེས་ལ་དཀྱིལ་འཁོར་དངོས་བསྐྱེད་པ་ནི། ཨོཾ་ལས་ནམ་མཁའ་ཡཾ་ལས་རླུང། ཁཾ་ལ ་ཆུ། སཾ་ལས་གསེར། ལཾ་ལས་རིན་པོ་ཆེ། རཾ་ལས་མེ། བྲུཾ་ལས་གཞལ་ཡས་ཁང། འཁོར་ལོ་རྩིབས་བཞི་པ། གྲུ་ཆད་ལ་སྒོ་བཏོད་པ་ཅན། རྟ་བབས་ཀྱིས་མཚན་པ། ཁོར་ཡུག་རིམ་པ་གསུམ་དུ་བསྐོར་བ་ལ ་གདན་བསྐྱེད་པ་ནི་། ཟླ་བ་དང། ཉི་མ། པདྨའི་སྟེང་དུ་ཕུ་ལས་སྦྲུལ་ཆེན་པོ་བརྒྱད་ཁྱུང་གིས་ཟ་བ་དང། རྩིབས་བཞི་ལ་ཉི་ཟླ་པདྨའི་གདན། སྒོ་བཞིར་ཟླ་བའི་གདན་ལ། གསུང་ཡིག་འབྲུ། ཧཱུཾ་རེ་རེ་གྱུར་པ་ལས་ཐུགས་ཕྱག་མཚན། ་རྡོ་རྗེ་།དྲི་ཤུལ། རལ་གྲི། དབྱུག་ཏོ། །འཁོར་ལོ་དང་ལྔ། ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག་།དྲིལ་བུའོ། །དེ་འཕྲོས་ཤིང་འདུས་པ་ལས། དབུས་སུ་གསང་བའི་བདག་པོ་ཞལ་ཅིག་ཕྱག་གཉིས་པ། རྡོ་རྗེ་དང། སྡིགས་མཛུབ། སེངྒེའི་ལྔགS? ་པའི་སྟོད་གཡོགས། སྟག་གི་ཤམ་ཐབས་ཅན་ལ། དེད་དཔོན་བཞི་ནི། ཤར་དུ་རྒྱལ་རིགས་དཀར་པོ་ཆུང་མ་དང་བཅས་པའི་སྟེང་དུ་།རྡོ་རྗེ་གནོད་སྦྱིན་མཐིང་ཁ། རྡོ་རྗེ་དང་ཏྲི་ཤུལ་རྩེ་གསུམ་ཐོག་པ། ལྷོར་ཀླུ ་བྲམ་ཟེའི་སྟེང་དུ་རྡོ་རྗེ་སྲིན་པོ་རྡོ་རྗེ་དང་རལ་གྲི་ཐོགས་པ། ནུབ་ཏུ་ཀླུ་རྗེ་རིགས་ཀྱི་སྟེང་དུ་རྡོ་རྗེ་གདོན་ཆེན་རྡོ་རྗེ་དང་དབྱུག་ཏོ་ཐོགས་པ། བྱང་དུ་ཀླུ་གདོལ་རིགས་ཀྱི་སྟེང་དུ་རྡོ་རྗེ་རོ་ལངས་ཐམས་ཅད་སྐུ་མདོག་མཐིང་ནག་རྡོ་རྗེ་དང་འཁོར་ལོ་ཐོགS ་པ། དར་སྔོན་པོའི་སྟོད་གཡོཌ་དང་སྨད་གཡོཌ། སྟག་ཤཾ་དང་བཅས་པའོ། །ཛ་ཧཱུཾ་བཾ་ཧོ་བཞི་ལས། ཤར་དུ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་ཐོགས་པ། ལྷོར་ཞགས་པ་མ་སེར་མོ་ཞགས་པ་ཐོགས་པ། ནུབ་དུ་ལྕགས་སྒྲོག་མ་དམར ་མོ་ལྕགས་སྒྲོག་ཐོགས་པ། བྱང་དུ་དྲིལ་བུ་མ་ལྗང་ཁུ་དྲིལ་བུ་ཐོགས་པ། ཁྲོ་མོ་བཞི་བདེ་ཡང་སྟག་གི་ཤམ་ཐབས་དང་སྦྲུལ་གྱི་ཆུན་པོས་བརྒྱན་པའོ། །དེ་ནས་ལུས་བསྲུང་ཞིང་བརྟན་པར་བྱ་བ་ནི། རྡོ་རྗེ་གོ་ཆའི། ཕྱག་རྒྱས་གནས ་ལྔར་གཏུགས་དེ། སྤྱི་བོ་མགྲིན་པ། སྙིང་ཁ། གསང་གནས་སུ་གཏུག་གོ་།ན་མ་ས་མན་ཏ་བཛྲ་ཀ་བ་ཙ་ཧཱུཾ་ཞེས་པས། ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་རྡོ་རྗེའི་དྲ་བར་བསྒོམ་མོ། །དེ་ནས་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བྱས་ཏོ། ན་མ ་ས་མན་ཏ་བཛྲ་ནན། བཛྲ་པ་ནི་ཧཱུཾ། ཞེས་པས་སྤྱི་གཙུག་ཏུ་རྒྱས་བཏབ་པས། ལུས་ཐམས་ཅད་རྡོ་རྗེའི་དྲ་དམིག་རྣམས་ཁྲོ་ཆུད་མཚོན་གང་བས་གཏམས་པར་བསམས་ཏེ་བྱིན་གྱིས་བརླབས་པའོ། །ཏིང་འཛིན་སེམས་དཔའ་ནི་ལྷ་རང ་རང་གི་ཐུགས་ཁར་ཕྱག་མཚན་དེའི་ལྟེ་བ་ལ་ཧཱུཾ་རེ་རེ་བསམས་ལ། རིགས་ཀྱི་བདག་པོས་དབུ་བརྒྱན་པར་བསམ་ཞིང་ཡེ་ཤེས་པ་སྤྱན་དྲང་བ་ནི་།ཧཱུཾ་དེ་ལས་འོད་འཕྲོས་པས་འོག་མིན་ནས་སྤྱན་དྲངས་པ་ལ་ཡན་ལག་བདུན་པ་བྱས་ལ། ་རང་ལ་ཐིམ་པ་དང་བཟླས་པ་བྱས་ཏེ། ཏ་དྱ་ཐཱ། ནི་ལཾ་བཛྲ་བྷ་ར་དྷ་ར་བཛྲ་པ་ནི་ར་ཛྙ་པ་ཡ་ཏི་སྭཱཧཱ། ཞེས་བརྒྱ་རྩ་བརྒྱད་དང། ཡཀྵ་བཛྲ་པ་ནི་ཧྲི་ཏ་ཡ་ཧཱུཾ་ཕཊ། ཞེས་བཟླས་པ་ནི། འཁོར་གྱིའོ། བསྟོད་པ་བྱས་ནས་དབང་བསྐུར་བ་ནི་གླུ་གྲུབ་མདོ ་ལུགས་ཀྱིའོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བཅུ་གསུམ་ལྕགས་སྦུགས་མའི་དཀྱིལ་འཁོར་བསྐྱེད་པ་ནི། སྔོན་དུ་འགྲོ་བ་ཐམས་ཅད་སྔར་དང་འདྲ་བ་ལས་ཁྱད་པར་དུ། བྷྲུཾ་ལས་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་པ། གྲུ་ཆད་འ?་སྒོ ་བཏོད་པ། རྡོ་རྗེ་མེ་རིས་བསྐོར་བའི་ནང་དུ། ཉི་ཟླ་པདྨའི་གདན་སྟེངས་སུ་ཧཱུཾ་ལས་རྡོ་རྗེ་དེ་ལས་གསང་བའི་བདག་པོ་ཞལ་གསུམ་པ། ཕྱག་བཞི་པ། དབུ་གཞན་འཕྲུལ་དབང་བྱེད་དུ་སླེབ་པ། ཞབས་རྒྱ་མཚོའི་གཏིང་དུ་བརྐྱང་པ། རི་དང་ལ་? ་བྱས་པ། ཕྱག་གཡས་དང་པོ་རྡོ་རྗེ་གདེངས་པ། གཡོན་དང་པོ་ན་དྲིལ་བུ་འཕྱར་བ། འོག་མ་གཉིས་ཀྱིས་སྔོན་པོ་སྤྲུལ་ཟ་བ། སྟག་གི་ཤམ་ཐབས་དང། ཡན་ལག་སྦྲུལ་གྱིས་བརྒྱན་པ། རྩིབས་བཞི་ལ་རིགས་བཞི་ལས་གྲུབ་པའི་ཕྱག་ན་རྡོ་རྗེ? ་བཞི། འཁོར་ལོ་དང་རིན་པོ་ཆེ་དང། པདྨ་དང། རྒྱ་ཁྲམ་དང། དྲིལ་བུ་འཕྱར་བ། གྲུ་ཆད་བཞི་ལ་རིགས་བཞིའི་ཁྱུད་བཞི་སྤྲུལ་ཟ་བ། སྒོ་བཞིར་སྒོ་བ་བཞིའོ། །ཐུགས་ཁར་ཕྱག་མཚན་ལས་ཧཱུཾ་གིས་མཚན་པ། དབུ་རྣམས་ལ? ་བསྐྱོད་པ་ལ་སོགས་པ་རིགས་ལྔས་མཚན་པའོ། །ཡེ་ཤེས་པ་སྤྱན་དྲང་ཞིང་རང་ལ་ཐིམ་པ་དང་བཟླས་པ་ནི། ཨོཾ་བཛྲ་ཙ་ན་ཊ་སརྦ་དུཥྚ་ན་ཏ་ཀ་ཏ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ། བསྟོད་པ་བྱས་ནས་དབང་གི་ཆོ་ག་བྱ་བ་ནི ་ལྕགས་?་མའོ། །འཕགས་པ་འཇམ་དཔལ་གསང་ལྡན་གྱི་མངོན་པར་རྟོགས་པ་ནི། ཚོགས་བསག་པའི་དཀྱིལ་འཁོར་?་སྔོན་དུ་བཏང་ནས། འདིར་དཀྱིལ་འཁོར་བསྒོམ་པ་ནི། འབྱུང་བ་ལྔའི་དཀྱིལ་འཁོར་སྔོན་ལ ་*།།བསྐྱེད་ལ། བྲུཾ་ལས་གཞལ་ཡས་ཁང། ནང་རེ་དམིག་དགུ་པ། ཕྱི་འཁྱམས་རྟ་བབས་སྒོ་དད་བཅས་པའི་ནང་དུ་། ཉི་ཟླ་པདྨའི་སྟེང་དུ་དབུས་སུ་མུཾ་ལས་པདྨ་། དེ་ལས་ཡེ་ཤེས་སེམས་དཔའ་ཞལ་དྲུག་པ། ་སྐུ་མདོག་སེར་པོ་ཕྱག་གཉིས་ན་མེ་ཏོག་པདྨ་དམར་པོ་དང་སྔོན་པོ་གཉིས་ཀྱི་སྟེང་དུ་པོ་ཏི་རེ་རེ་བཞག་པ་དང། ཐུགས་ཁར་ཟླ་བའི་སྟེང་དུ་ཨ་ལས་འོད་འཕྲོས་པས་ཧཱུཾ་ས་ཨཾ་ཧ་བཞི་ལས། རྡོ་རྗེ་སེམས་མ་དང། རིན་ཆེན་སེམས་མ་དང ་པདྨའི་སེམས་མ་དང། ལས་ཀྱི་སེམས་མ་བཞི་བསྒོམ་པར་བྱའོ། །ཧཱུཾ་ཨའོཾ་ཨཱ་ཧཾ་ལས། ཤར་དུ་ཧཱུཾ་ལས་རྡོ་རྗེ་རལ་གྲི་སྔོན་པོ་རྡོ་རྗེ་དང་རལ་གྲི་ཐོགས་པ། ལྷོར་ཨཾ་ལས་ཤེས་རབ་ཡེ་ཤེས་དཀར་པོ་རལ་གྲི་དང་འཁོར་ལོ་བསྣམས ་པ། ནུབ་དུ་ཨ་ལས་ཨ་ར་པ་ཙ་ན་དམར་པོ་ཕྱག་གཉིས་ན་རལ་གྲི་དང་པུ་ཏི་བསྣམས་པ། བྱང་དུ་ཧཾ་ལས་ཡེ་ཤེས་སྐུ་ཅན། ལྗང་ཁུ་རལ་གྲི་དང་སྣ་ཚོགས་རྡོ་རྗེ་འཛིན་པ། ཤར་ཕྱོགས་སུ་ཨ་ཨ་ཨི་ཨི་བཞི་ལས་རྡོ་རྗེ་སེམས་དཔའ་ ་དང། རྡོ་རྗེ་རྒྱལ་པོ་དང། ཆགས་པ་དང་ལེགས་པ་བཞི་བསྐྱེད་པར་བྱའོ། །ུ་ཨུ་ཨེ་ཨེ་བཞི་ལས་རྡོ་རྗེ་རིན་ཆེན་དང། གཟི་བརྗིད་དང། རྒྱལ་མཚན་དང། བཞད་པ་བཞི་ལྷོ་ཕྱོགས་སུ་བསྐྱེད་པར་བྱའོ། །ོ་ཨོ་ཨཾ་ཨ་ལས ་ཆོས་རབ་དང། རྣོན་པོ་དང། འཁོར་ལོ་པ་དང། སྣུ་བ་བཞི་ནུབ་དུའོ། ། ཨ་ཨེ་ཨེ་བཞི་ལས་རྡོ་རྗེ་ལས་དང། བསྲུང་བ་དང། གནོད་སྦྱིན་དང། ཁུ་ཆུར་བཞི་བྱང་དུའོ། །འཁྱམས་ལ་སྐལ་བཟང་བཅུ་དྲུག་།སྒོ་དང་གྲུ ་ཆད་ཟུར་ལ་ཡོ་བྱང་མ་ལྷ་མོ་བཅུ་གཉིས་བསྐྱེད་ལ་རིགས་ཀྱི་བདག་པོས་མཚན་པ་དང། ཡེ་ཤེས་པ་སྤྱན་དྲང་ཞིང་མཆོད་ནས། བཟླས་པ་བྱ་བ་ནི། ཐུགས་ཁར་འཇམ་དཔལ་ཡེ་ཤེས་སེམས་དཔའ་མཚོན་གང་པ་རེའི་ཐུགས་ཁར་ཟླ ་བའི་སྟེང་དུ་ཨ་ལས་ཝ་གི་ཤྭ་རིས་བསྐོར་བར་བསམས་ལ། ཨོཾ་ཝ་གི་ཤྭ་རི་མུཾ་ཞེས་ཅི་རིགས་པར་བཟླས་ལ་བསྟོད་པ་བྱས་ལ། དབང་གི་ཆོ་ག་བྱ་བ་ནི་འཇམ་དཔལ་གསང་ལྡན་གྱིའོ། །ཙན་ཏྲ་གོ་མིའི་ལུགས་ཀྱི་མངོན་པར་རྟོགས་པ་ནི ་ཚོགས་སྩོག་པ་ཡང་སྔོན་དུ་སོང་ནས། འདིར་དཀྱིལ་འཁོར་བསྒོམ་པ་ནི། འབྱུང་བ་ལྔའི་དཀྱིལ་འཁོར་སྔར་བཞིན་བསྐྱེད་ལ། བྲུཾ་ལས་གཞལ་ཡས་ཁང་རྩ་བའི་ལྷ་བཅུ་བདུན། སེམས་དཔའ་དང་བཅས་པ་ཡན་ལག་གི་ལྷ་རིགས ་བསྡུས་པ་ཤཱཀྱ་ཐུབ་པ་ལ་སོགས་པ་བཅུ་དྲུག་གི་ཁྱམས་དང། ས་ལཾ་དབང་གི་ཁྱམས་དང། དཔལ་ལྡན་རྒྱུ་སྐར་གྱི་ཁྱམས་སོ། །དེ་ལྟར་ཕོ་བྲང་ཁྱམས་བཞི་རྩེག་གཞལ་ཡས་ཁང་དང་བཅས་པ་ལེགས་པར་བསྐྱེད་ལ། དེའི་ནང་དུ་ལྷ ་བསྐྱེད་པ་ནི། མུཾ་ཧཱུཾ་ཏྲཾ་ཧྲི་ཧ?་རྣམས་ལས། དབུས་སུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞལ་ཅིག་ཕྱག་བཞི་པའོ། །ཤར་དུ་མི་བསྐྱོད་པ་ས་གནོན་གྱི་ཕྱག་རྒྱ་ཅན་ནོ། །ལྷོར་རིན་ཆེན་འབྱུང་ལྡན། མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། ་ནུབ་དུ་སྣང་བ་མཛའ་ཡས་མཉམ་བཞག་ཅན། བྱང་དུ་དོན་ཡོད་གྲུབ་པ་སྐྱབས་སྦྱིན་ཅན་ནོ། །དེ་ནས་གྲུ་བཞིར་ཡུམ་བཞིའོ། །ཕྱིའི་གྲུ་བཞིར་བསྒེག་སོགས་བཞི་པོ། །སྒོ་བཞིར་སྒོ་མ་བཞིའོ། །དེ་ནི་རྩ་བའི་ལྷ་བཅུ་བདུན་ནོ། ། ་རིགས་བསྡུས་པར་བཞེངས་ན། ཁྱམས་དང་པོ་ལ། སྐལ་བཟང་བཅུ་དྲུག་གོ་།འཁྱམས་གཉིས་པ་ལ་རིགས་སོ་སོའི་དཀྱིལ་འཁོར་བཅུ་དྲུག། ལྷ་བཅུ་དྲུག་ནི། །ཤར་ཕྱོགས་སུ་འཇམ་དཔལ་ཀུན་ཏུ་ཞལ་སྐུ་མདོག ་དཀར་སེར། གདོང་ལྔ་པ་པོ་ཏི་དང་ཨུཏཔལ་བསྣམས་པ། ལྷོ་ཕྱོགས་སུ་ཐུབ་པ་སེར་པོ་ས་གནོན་ཅན། ནུབ་ཕྱོགས་སུ་ཡེ་ཤེས་སེམས་དཔའ་གསེར་གཙོ་མ་ལྟ་བུའི་མདངས་དང་ལྡན་པ་ཕྱག་ན་རལ་གྱི་དང་པོ་ཏི་བསྣམས་པ། བྱང ་ཕྱོགས་སུ་གདོང་བརྒྱ་པ་ཞལ་བརྒྱ་ལ་ཕྱག་ཉིས་བརྒྱ་ཡོད་པ་ལྗང་ཁུ། ཤར་ལྷོར་རྡོ་རྗེ་འཛིན་བྱེད་ནག་པོ་ཁ་ཊཝཱཾ་དང་ཐོད་པ་འཛིན་པ། ལྷོ་ནུབ་ཏུ་འཇམ་དཔལ་གདོང་དྲུག་པ་མཐིང་ཁ་རྡོ་རྗེ་དྲིལ་བུ་འཛིན་པ ་ནུབ་བྱང་དུ་ཡ་མ་ར་ཙ་འཐིང་ཁ་རྡོ་རྗེ་དང་ཐོད་པ་འཛིན་པ། བྱང་ཤར་དུ་གོའུ་ཏ་མ་སེར་པོ་ཕྱགས་ཤིང་ཐོགས་པ། ཤར་སྟོད་དུ་ཚངས་པ་སེར་པོ་ཞལ་བཞི་པ་པདྨ་ཐོགས་པ། ཤར་སྨད་དུ་དྲང་སྲོང་ཕུར་བུ་སེར་པོ་བགྲང ་ཕྲེང་བསྣམས་པ། ལྷོ་སྟོང་དུ་དུར་ཁྲོད་ལང་ཁ་ལྗང་ནག་མགོ་བཅུ་ལག་པ་ཉི་ཤུ་པ་། ལྷོ་སྨད་དུ་བདུད་དུད་ཁ་མདའ་གཞུ་ཐོགས་པ། ནུབ་སྟོད་དུ་ལྷ་ཁྱབ་འཇུག་དཀར་པོ་རྡོ་རྗེ་རྫི་ཐོགས་པ། ནུབ་སྨད་དུ་ལྷའི་དབང་པོ་བརྒྱ ་སྦྱིན་དཀར་པོ་པི་ཝཾ་འཛིན་པ། བྱང་སྟོད་དུ་ལྷ་མིན་རྒྱལ་པོ་དམར་པོ་རལ་གྲི་འཛིན་པ། བྱང་སྨད་དུ་ཕྱག་རྡོར་ལྗང་ཁུ་རྡོ་རྗེ་ཐོགས་པའོ། །ཡང་ཤར་ཕྱོགས་ཀྱི་ཁྱམས་ལ་ས་བཅུ་གཉིས་ཀྱི་ལྷ་མོ་རྣམས་ཞལ་ཅིག་པ། ་ཕྱག་གཉིས་པ། གཡས་པ་ཐམས་ཅད་རྡོ་རྗེ་ཐོགས་པ་ལྷག་པར་མོས་པའི་ལྷ་མོ་དམར་མོ་། པདྨ་འཛིན་པ། རབ་ཏུ་དགའ་བ་སེར་མོ་ནོར་བུ་འཛིན་པ། དྲི་མ་མེད་པ་དཀར་མོ་ཆུ་ཤེལ་འཛིན་པ། འོད་བྱེད་མ་དམར་མོ་ཉི་མ ་འཛིན་པ། འོད་འཕྲོ་མ་ལྗང་ཁུ་ཨུཏཔལ་འཛིན་པ། །སྦྱང་དཀའ་བ་སེར་མོ་མ་ར་ག་ཏ་བསྣམས་པ། མངོན་དུ་གྱུར་པ་སེར་མོ་ཆོས་བསྣམས་པ། རིང་དུ་སོང་བ་སྔོན་མོ་པདྨ་རྡོ་རྗེ་ཐོགས་པ། མི་གཡོ་བ་དཀར་པོ་པདྨ་རྡོ་རྗེ་བསྣམས ་པ། ལེགས་པའི་བློ་གྲོས་མ་དཀར་མོ་རལ་གྲི་ཨུད་པ་ལ། ཆོས་ཀྱི་སྤྲིན་སེར་མོ་སྤོ་ཏི་འཛིན་པ། ཀུན་ཏུ་འོང་མ་དཀར་སེར་དེ་བཞིན་གཤེགས་པའི་སྐུ་འཛིན་པའོ། །ལྷོ་ཕྱོགས་སུ་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་ནི། ཕྱག་གཉིས ་ཀྱི་གཡས་པ་རིན་པོ་ཆེ་འཛིན་པ་ལ། གཡོན་པ་རཾ་གྱི་ཕྱག་མཚན་འཛིན་པ་ནི། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སེར་མོ་སྤོ་ཏི་འཛིན་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དཀར་དམར་འབྲས་ཀྱི་སྙེ་མ་འཛིན་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ ་ཕྱིན་བ། མྱ་ངན་མེད་པའི་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་མ་སེར་མོ་ཆུ་སྐྱེས་དཀར་པོ་འཛིན་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམར་པོ་ཨུད་པལ་འཛིན་པ ་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྔོན་མོ་པདྨ་འཛིན་པ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྗང་ཁུ་རྡོ་རྗེ་འཛིན་པ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱན་པ་སྔོན་མོ་རལ་གྲི་འཛིན་པ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ ་དམར་མོ་ཆོས་གོས་འཛིན་པ་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀར་མོ་བྱང་ཆུབ་ཀྱི་ཤིང་འཛིན་པ། རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐིང་ཁ་རྡོ་རྗེ་ཐོགས་པ། པདྨ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམར་མོ་ཟླ་བ་འཛིན་པའོ། །ནུབ་ཏུ་དབང་བཅུའི ་ལྷ་མོ་ནི། ཕྱག་གཉིས་ཀྱི་གཡས་པ་རྣམས་ཀྱིས་པདྨ་འཛིན་པ། གཡོན་པ་རྣམས་ཀྱིས་རང་རང་གི་ཕྱག་མཚན་འཛིན་པ་ནི་ཚེ་ལ་དབང་བ་མ་ནི་དཀར་དམར་གྱི་མདོག་ཅན་སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་འཛིན་པ། སེམས་ལ ་དབང་མ་ནི་དཀར་མོ་རྡོ་རྗེ་རྩེ་ལྔ་འཛིན་པ། ཡོ་བྱད་ལ་དབང་མ་སེར་མོ་རྒྱལ་མཚན་འཛིན་པ། ལས་ལ་དབང་མ་ལྗང་ཁུ་སྣ་ཚོགས་རྡོ་རྗེ་འཛིན་པ། སྐྱེ་བ་ལ་དབང་བ་མོ་སྐུ་མདོག་སྣ་ཚོགས་པ་སྨན་འཛིན་པ། རྫུ་འཕྲུལ་དབང་མོ་སྔོན ་མོ་ཉི་ཟླ་འཛིན་བ། མོས་ཡི་ལ་ང་བད་བ་མོ་དཀར་མོ་མེ་ཏོག་གི་སྙེ་མ་འཛིན་པའོ། །སྨོན་ལམ་ལ་དབང་བ་སེར་མོ་ཨུད་པ་ལ་འཛིན་པ། ཡེ་ཤེས་ལ་དབང་བ་སྔོན་མོ་རལ་གྲི་འཛིན་པ། ཆོས་ལ་དབང་མ་དཀར་མོ་བུམ་པ་འཛིན་པ། ་དེ་བཞིན་ཉིད་མ་དཀར་མོ་པདྨ་འཛིན་པ། སངས་རྒྱས་བྱང་ཆུབ་སེམས་མ་སེར་པོ་འཁོར་ལོ་འཛིན་པའོ། །བྱང་དུ་གཟུངས་མ་བཅུ་གཉིས་ནི། གཡས་པ་སྣ་ཚོགས་རྡོ་རྗེ། གཡོན་པ་འགྱིད་དང་བཅས་པ ་སོ་སོར་འཛིན་པ་ནི། ནོར་རྒྱུན་མ་སེར་མོ་འབྲས་ཀྱི་སྙེ་མ་འཛིན་པ། ཡིད་བཞིན་སྐར་མདའ་དམར་མོ་ནོར་བུའི་རྒྱལ་མཚན་འཛིན་པ། གཙུག་ཏོར་རྣམ་པར་རྒྱལ་མ་དཀར་མོ་བུམ་པ་འཛིན་པ། འོད་ཟེར་ཅན་དཀར་དམར་? ་སྐུད་འཛིན་པ། རི་ཁྲོད་མ་ལྗང་ཁུ་པདྨ་འཛིན་པ། དུག་སེལ་མ་དཀར་མོ་དུག་གི་སྙེ་མ་འཛིན་པ། མཛའ་ཡས་མ་སེར་མོ་བུམ་པ་འཛིན་པ། ཙུན་དྷ་མ་དཀར་མོ་ཕྲེང་བ་འཛིན་པ། དབྱངས་ཅན་མ་དཀར་མོ་རལ་གྲི་འཛིན ་པ། སྒྲིབ་སེལ་མ་ལྗང་ཁུ་པདྨ་འཛིན་པ། ཡེ་ཤེས་མི་ཟང་མ་དམར་མོ་ཟ་མ་ཏོག་འཛིན་པ། ཆོས་ཀྱི་མཛོད་འཛིན་མ་སེར་མོ་སྒྲོམ་འཛིན་པའོ། །ཤར་སྒོར་ཆོས་ཡང་དག་པར་རིག་པ་མོ་ལྕགས་ཀྱུ་ཐོགས་པ། ལྷོའི་སྒོར ་དོན་ཡང་དག་པར་རིག་པ་མོ་སེར་མོ་ཞགས་པ་ཐོགས་པ། ནུབ་སྒོར་ཚིག་ཡང་དག་པར་རིག་པ་མོ་ལྕགས་སྒྲོག་ཐོགས་པ། བྱང་དུ་ཆོས་ཡང་དག་པར་རིག་པ་མོ་ལྗང་ཁུ་དྲིལ་བུ་འཛིན་པའོ། །ཡང་འཁྱམས་ཕྱི་མ་ལ་རྒྱུ་སྐར?་ཉི ་ཤུ་རྩ་བརྒྱད་ནི། ཤར་དུ་སྨིན་དྲུག་དང། བེ་རྫི། མགོ། ལག། ནམ་སོ། རྒྱལ། སྐག། བདུན་མདོག་དཀར་པོ་རྡོ་རྗེ་ཐོགས་པ། ལྷོ་ཕྱོགས་སུ་རྟ་ཆེན། རྟ་ཆུང། བྱ་ཁྲ། བྱ་མ། བྱའུ། ས་རི། ས་ཁ་རྣམས་སེར་པོ་རིན་པོ ་ཆེ་ཐོགས་པ། ནུབ་ཏུ་ལག་སོར། སྡུ་གུ། སོགས་པ། བྲེ། ཕུལ། ནམ་འདོངས། བོན་པོ་དང་བདུན་དམར་པོ་པདྨ་ཐོགས་པ། བྱང་དུ། བུ་རུ། སྒྲོག། ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ། དབྱུག་པ། བྲ་ཉེ། བདུན་ལྗང ་ཁུ་རྒྱ་གྲམ་ཐོགས་པའོ། །སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་བསྐྱེད་ལ། སྤྱན་དྲང། མཆོད་པ་དབུལ། བཟླས་པ་ནི། ཨོཾ་བ་གི་ཤྭ་རི་མུཾ་ཞེས་ཅི་རིགས་པར་བཟླས་པ་བྱས་ལ། དབང་བསྐུར་བ་ནི་འཇམ་དཔལ་གྲགས་པ་ཙན་ཏྲ་གོ་མིའི་རིམ ་པའོ་རྫོགས་སྟོ། །།ཁྲོ་བོའི་རྒྱལ་པོ་དཔལ་རྟ་མགྲིན་གྱི་མངོན་པར་རྟོགས་པ་ནི། ཚོགས་སྩོག་པ་སྔོན་དུ་སོང་ནས། འབྱུང་བ་ལྔའི་དལ་བསྐྱེད་པ་དང། བྲུཾ་ལས་གཞལ་ཡས་ཁང། འཁོར་ལོ་རྩིབས་བརྒྱད་པ་སྒོ་དང ་བཅས་པ་བསྐྱེད་ལ། གདན་ནི་ཧྲི་ལས་པདྨ། ཨ་ལས་ཟླ་བ་བསྐྱེད་ལ། ཧྲི་ལས་བེ་ཅོན། དེ་ལས་རྟ་མགྲིན་དམར་པོ་ཕྱག་གཡས་པ་སེང་ལྡེང་གི་བེ་ཅོན་གདེངས་པ། གཡོན་པ་སྡིགས་མཛུབ་འཕྱར་བ། དབུལ་རྟ་མགོ་ལྗང་ཁུས? ་བརྒྱན་པའོ། །ཤར་གྱི་རྩིབས་ལ་རྣམ་རྒྱལ་དཀར་པོ་རྡོ་རྗེ་ཐོགས་པ། ཤར་ལྷོར་དབྱུག་པ་སྔོན་པོ་མེད་པ་ལ་ཐོགས་པ། ལྷོར་གཤིན་རྗེ་གཤེད། སེར་པོ་ཐོད་དབྱུག་ཐོགས་པ། ལྷོ་ནུབ་དུ་མི་གཡོ་མགོན་པོ་མཐར་ཁ་རལ་གྲི ་ཐོགས་པ། ནུབ་ཏུ་ཧཱུཾ་ཆེན་དམར་པོ་པདྨ་ཐོགས་པ། ནུབ་བྱང་དུ་ཊཀི་རཱ་ཛ་སེར་པོ་རྒྱལ་མཚན་ཐོགས་པ། བྱང་དུ་བདུད་རྩི་འཁྱིལ་པ་ལྗང་ཁུ་རྒྱ་གྲམ་ཐོགས། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་ཏྲི་ཤུ་ལ་ཐོགས་པ། གྲུ་ཆད་བཞི ་ལ་བདུག་སོགས་བཞི་དང་སྒོ་མ་བཞི་སྤྱིར་འཐུན། ཐུགས་ཀའི་ཧྲི:ལ་རྩ་བའི་སྔགས་ཀྱིས་བསྐོར་ལ་ཡེ་ཤེས་པ་སྤྱན་དྲངས་ནས་བཟླས་པ་བྱ་བ་ནི། ཨོཾ་ཧྲི་པདྨ་ཏ་ཀྲིད་ཧ་ཡ་གྷྲི་བ་ཧྲི་ཧཱུཾ་ཕཊ། ཞེས་ཅི་རིགས་པར་བཟླས་ནས། བསྟོད ་པ་བྱས་ནས་དབང་བསྐུར་བ་ནི་པདྨ་ཅོད་པན་གྱི་རྒྱུད་ལས་བརྟེན་ནས་པདྨ་བཛྲ་རས་མཛད་པའི་རྟ་མགྲིན་གྱིའོ། །ཇོ་བོ་ཐུགས་རྗེ་ཆེན་པོ་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་ནི། ཚོགས་སྩོག་བ་དང་འབྱུང་བ་ལྔའི་དལ་བསྐྱེད་པ་སྔར་ལྟར་ལ། ་འདིར་བྲུཾ་ལས་པདྨ་འདབ་མ་བཞི་སྒོ་དང་བཅས་པ་བསྐྱེད་ལ། དབུས་སུ་ཧྲི་དང་ཨ་ལས་པདྨ་དང་ཟླ་བ་དང། དེའི་སྟེང་དུ་ཧྲི་ལམ་ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་ཤིན་ཏུ་དཀར་བ། ཕྱག་གཡས་གཡོན་དང་པོ ་གཉིས་ཐུགས་ཁར་ཐལ་མོ་སྦྱར་བ། གཡས་འོག་མ་ན་ཤེལ་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་འདྲེན་པ། གཡོན་འགམ་ན་མེ་ཏོག་ཨུད་པ་ལ་བསྣམས་པ། གཡས་དང་གཡོན་གྱི་པདྨ་ལ། ནོར་བུ་འཛིན་པ་དང། མུ་ཏིག་འཛིན་པ ་གཉིས། སྐུ་མདོག་དཀར་པོ་དང་སེར་པོ་དང། ཞལ་ཅིག་ཕྱག་བཞི་པའོ། །རྒྱབ་དང་མདུན་ན་འཕགས་པ་སྤྱན་རས་གཟིགས་དང་དབང་གི་རྒྱལ་པོ་གཉིས་དཀར་པོ་དང་དམར་པོ་བགྲང་ཕྲེང་དང་ཨུད་པ་ལ་ཐོགས་པའོ། །གྲུ་ཆད་བཞི་པ ་མཆོད་པའི་ལྷ་མོ་བཞི་དང། སྒོ་བཞིར་སྒོ་མ་བཞིའོ་སྤྱན་དྲང་ཞིང་མཆོད་ནས་ཡི་གེ་དྲུག་པའི་སྙེན་པ་ཅི་རིགས་པར་བསྐྱལ་ལ། བསྟོད་པ་བྱས་ཏེ་དབང་བསྐུར་བ་ནི། ཇོ་བོ་སྤྱན་རས་གཟིགས་ཀྱི་ཆོ་ག་བྱ་བའི་རིམ་པའོ། །ཕྱག་ན་རྡོ་རྗེ ་ཐུགས་ཀྱི་དལ་གྱི་མངོན་པར་རྟོགས་པ་ནི། ཚོགས་བསགས་པ་དང་འབྱུང་བ་ལྔའི་དལ་བསྐྱེད་ཨོཾ་མ་ཎི་པདྨ་ཧཱུཾ། པ་སྔར་ལྟར་ལ་། འདིར་བྲུམ་ལས་འཁོར་ལོ་རྩིབས་བཞི་སྒོ་རྟ་བབས་དང་བཅས་པ་བསྐྱེད་ལ། པདྨ་དང་ཟླ་བའི་གདན་ལ། དབུས ་སུ་ཧཱུཾ་ལས་ཕྱག་ན་རྡོ་རྗེ། རྩིབས་བཞི་ལ་རྣམ་སྣང་ལ་སོགས་པ་རིགས་བཞི། གྲུ་ཆད་བཞི་ལ་བདུག་སོགས་བཞི། སྒོ་བཞི་དང་བཅུ་གསུམ་བསྐྱེད་པ། ཡེ་ཤེས་པ་སྤྱན་དྲངས་མཆོད་ལ། ཨོཾ་བཛྲ་པཱུ་ཎི་ཧཱུཾ་ཞེས་བཟླས་ལ ་བསྟོད་པ་བྱས་ནས་དབང་བསྐུར་བ་ནི། ཕྱག་རྡོར་ཐུགས་ཀྱི་ངལ་གྱི་ཆོ་གའོ། །མེ་ལྟར་འབར་བ་ཕྲིན་ལས་ཀྱི་ངལ་གྱི་མངོན་པར་རྟོགས་པ་ནི། ཚོགས་བསགས་པ་དང་འབྱུང་བ་ལྔའི་དང་བསྐྱེད་པ་སྔར་ལ། །སྒོ་འདིར་བྲུཾ་ལས་འཁོར ་ལོ་རྩིབས་བཅུ་གཉིས་པ་གྲུ་ཆད་ལ་སྒོ་བཏོད་པ་ཅན་བྱས་ལ། ལྷ་བསྒོམ་པ་ནི། པདྨ་དང་ཟླ་བའི་སྟེང་དུ། ཁྲོ་བོ་མེ་ལྟར་འབར་བ་འཐིང་ཁ། རྩིབས་བཞི་ལ་ཁམས་གསུམ་རྣམ་རྒྱལ། ལོ་ག་གསུམ་སྣང། ཏ་ཀི་ར་ཙ་དབྱུག་སྔོན ་ཅན། གཡས་ཀྱི་རྩིབས་བཞི་ལ་བདུད་རྩི་འཁྱིལ་པ། རྟ་མགྲིན་སྟོབས་པོ་ཆེ་།མི་གཡོ་བ། གཡོན་གྱི་རྩིབས་བཞི་ལ་དུས་ཀྱི་སྲིན་མོ། ལས་ཀྱི་སྲིན་མོ། དོན་གྱི་སྲིན་མོ། ཐབས་ཀྱི་སྲིན་མོ་བཞི་བསྐྱེད། དུས་ཀྱི་ལྕགས ་ཀྱུ་ཞགས་པ་མ་ལ་སོགས་པ་བཞི་བསྐྱེད། ཐམས་ཅད་སྐུ་མདོག་མཐིང་ནག་རྡོ་རྗེ་དང་ཐོད་པ་ཐོགས་པའོ། །སྤྱན་དྲངས་ལ་མཆོད་པ་བྱ་ཟླས་པ་ནི། ཨོཾ་བཛྲ་པཱ་ཎི་ཧྲི་ཏ་ཏིཥྚ་ཧཱུཾ་ཞེས་ཅོ་རིགས་པར་ཟློས་ལས་བསྟོད་པ་བྱས་ཞེས ་དབང་བསྐུར་བ་ནི། མེ་ལྟར་འབར་བའིའོ། །རྡོ་རྗེ་དབྱིངས་ཀྱི་དལ་ཆེན་པོ་བསྐྱེད་པ་ནི། རྡོ་རྗེ་སློབ་དཔོན་གྱིས་ཆས་བརྒྱད་བཟུང་སྟེ། སྐྱབས་སུ་འགྲོ་བ་དང། རྡོ་རྗེ་དྲིལ་བུ་བྱིན་གྱིས་བརླབ་པ་དང། མེ་ལྟར་འབར་བ་སྐྱོད་ཅང་ལྕ་ལག ་བྱིན་གྱིས་བརླབ་པ་ནི། ཁྲོ་བོའི་ཆ་སྔ་མ་དང། བསྲུང་བའི་འཁོར་ལོ་བསྒོམ་པ་དང། དལ་བསྲུང་ཞིང་སྤྱན་དྲང་བ་དང། ཕྱག་འཚལ་ཞིང་མཆོད་པ་དང། སྡིག་པ་བཤག་པ་དང། རྗེས་སུ་ཡིད་རང་བ་དང། ཆོས ་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང། མྱ་ངན་ལས་མི་འདའ་བར་ཞུ་བ་དང། ལུས་དབུལ་བ་དང། བསྔོ་བ་བྱ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། སྡོམ་པ་བཟུང་བ་དང། གཟུགས་བརྙན་གྱི་ལྷར་བསྐྱེད་ནས ་སྙམ་པའི་ཐལ་མོ་དང། རྡོ་རྗེའི་ཐལ་མོ་དང། རྡོ་རྗེ་སྡམས་པའི་ཐལ་མོ་དང། བསྔམ་པ་དྲལ་བ་དང། ཡེ་ཤེས་དབབ་པ་དང། དབབ་པ་ཉེ་བར་བསྡུ་བ་དང། ངན་སོང་དགུག་ཅིང་སྡིག་པ་དྲལ་བ་དང། དལ་སྙིང ་ཁར་བསྡུ་བ་དང། མངོན་པར་བྱང་ཆུབ་པ་ལྔས་ལྷར་སྐྱེད་ལ་བྱིན་གྱིས་བརླབ་པ་དང། ཏིང་ངེ་འཛིན་གྱིས་བསྒོམ་པ་དང། སྙིང་ཁར་དབང་བསྐུར་བ་དང། རྡོ་རྗེ་བརྟུལ་ཞུགས་བླང་བ་དང། རྣལ་འབྱོར ་ཆེན་པོ་བསྐྱེད་པ་དང། རྗེས་སུ་རྣལ་འབྱོར་དེ་བཞིན་གཤེགས་པའི་ཁམས་ལ་བཞུགས་པ་དང། བྱིན་བརླབས་དང་དབང་བསྐུར་བ་དང། མཆོད་པ་དང་བསྟོད་པ་བྱས་ལ། བདག་ཉིད་ཐབས་ཀྱི་འཁོར་ལོ་རྫོགས་པར་བྱ་བ་སྟེ། ་ཡེ་ཤེས་ཀྱི་སས་སྦྱོང་སྟོང་པ་ཉིད་བསྒོམས་པ་དང། རྡོ་རྗེའི་སས་སྦྱོང་འབྱུང་བ་རིམ་རྩེག་གཞལ་ཡས་ཁང་གདན་དང་བཅས་པར་བསྐྱེད་པ་དང། འཆི་བའི་སྲིད་པ་ལུས་རི་རབ་ཀྱི་ཁར་བཞག་པ་དང། སྲིད་པ་པར་མེ་དང ་བསམ་གཏན་དང་གཟུགས་མེད་པ་བསྒོམ་པ་དང། སྐྱེ་བའི་རྣལ་འབྱོར་བྱང་ཆུབ་སེམས་དཔའ་དོན་གྲུབ་དུ་བསྐྱེད་པའི་མི་གཡོ་བའི་ཏིང་ངེ་འཛིན་ལ་སླབས་ནས་དང་པོ་སྦྱོར་བ་དང་དལ་རྒྱལ་མཆོག་སྐྱེད་པ་ནི། གླིང་དང་ཉེ ་བའི་གླིང་བྲན་དང། རི་དང་མཚོ་ལས་བསྐོར་བའི་རི་རབ་ཀྱི་སྟེང་དུ་གཞལ་ཡས་ཁང། དེའི་དབུས་སུ་སེང་གེའི་སྟེང་དུ་སྣ་ཚོགས་པདྨའི་སྟེང་དུ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེའི་སྐྱིལ་ཀྲུངས་ཀྱིས་གནས་ལ ་དཀར་པོ་ཉི་མའི་རྒྱབ་ཡོལ་ཅན། ཞལ་བཞི་པ། དཀར་པོ་དང། སེར་པོ་དང། དམར་པོ་དང། ལྗང་ཁུའི་ཞལ་ལ་སངས་རྒྱས་ལྔ་དང། རིན་པོ་ཆེའི་བརྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ལ། ཨ་བྷཡའི་བཞེད་ཀྱིས། ཕྱག ་བརྒྱད་པ་ལ། འདིར་ནི་ཕྱག་གཉིས་པ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་འཁོར་ལོ་འཛིན་པའོ། །ཕྱོགས་བཞིར་རྡོ་རྗེ་སེམས་མ་དང། པདྨའི་སེམས་མ་དང། ལས་ཀྱི་སེམས་མ་དང་བཞི། རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། སྣ་ཚོགས ་རྡོ་རྗེ་ཐོགས་པའོ། །ཤར་དུ་གླང་པོ་ཆེའི་སྟེང་དུ་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་རྩེ་ལྔ་པས་གནོན་གྱི་ཚུལ་དུ་འཛིན་པ། འཁོར་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་འཛིན་པ། རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་ཐོགས་པ། རྡོ་རྗེ་ཆགས་པ་དམར ་པོ་མདའ་ཐོགས་པ། ལེགས་པ་ལྗང་ཁུ་རྡོ་རྗེ་དང་བཅས་པས་ཐུགས་ཁར་ལེགས་སོ་སྦྱིན་པའོ། །ལྷོ་ཕྱོགས་སུ་རྟའི་སྟེང་དུ་རིན་ཆེན་འབྱུང་ལྡན་སེར་པོ་རྡོ་རྗེ་སྐྱིལ་ཀྲུངས་རིན་པོ་ཆེ་སེར་པོ་གུང་མས་བཟུང་སྟེ་མཆོད་སྦྱིན་གྱི་ཚུལ་དུ ་བྱེད་པའོ། །འཁོར་ལྷོར་རྡོ་རྗེ་རིན་པོ་ཆེ་སེར་པོ་རིན་པོ་ཆེ་ཐོགས་པ། གཟི་བརྗིད་དམར་སེར་ཉི་མ་བསྣམས་པ། དཔལ་འབར་སྔོན་པོ་རྒྱལ་མཚན་བསྣམས་པ། བཞད་པ་དཀར་པོ་ཕྲེང་བ་བསྣམས་པའོ། །ནུབ་དུ་རྨ་བྱའི་སྟེང་དུ ་སྣང་བ་མཛའ་ཡས་དམར་པོ་མཉམ་བཞག་གི་འཐིལ་ན། པདྨ་བསྣམས་པ་ལ། འཁོར་རྡོ་རྗེ་ཆོས་རབ་དཀར་དམར་ཉི་མ་བསྣམས་པ། རྣོན་པོ་མདོག་སྔོ་བ་ལ་རལ་གྲི་འཛིན་པ། རྡོ་རྗེ་རྒྱུ་མདོག་སེར་པོ་འཁོར་ལོ་བསྣམས ་པ། སྨུ་བ་དམར་པོ་རྡོ་རྗེའི་ལྕེ་བསྣམས་པའོ། །བྱང་དུ་ཤར་ཤང་གི་སྟེང་དུ་དོན་ཡོད་གྲུབ་པ་ལྗང་ཁུ་སྐྱབས་སྦྱིན་གྱི་ཕྱག་རྒྱའི་མཐིལ་ན་སྣ་ཚོགས་རྡོ་རྗེ་འཛིན་པ་ལ། འཁོར་རྡོ་རྗེ་ལས་རབ་འཇའ་མདོག་ལྟར་བཀྲ་བ་ལ་སྔ ་ཚོགས་རྡོ་རྗེ་ཐོགས་པ། བསྲུད་བ་སེར་པོ་གོ་ཁྲབ་ཐོགས་པ། གནོད་སྦྱིན་མཐིང་ནག་རྡོ་རྗེ་མཆེ་བ་ཐོགས་པོ། ཁུ་ཚུར་སེར་པོ་རྡོ་རྗེའི་ཁུ་ཚུར་བཅིངས་པའོ། །ལྷར་བསྒེགས་མོ་དཀར་མོ་རྡོ་རྗེ་དང་དྲིལ་བུ་ཐབས་པ། ལྷོ་ནུབ་སུ་ཕྲེང་བ་མ ་སེར་མོ་མེ་ཏོག་གི་ཕྲེང་བ་ཐོགས་པ། ནུབ་བྱང་དུ་གླུ་མཁན་མ་དམར་མོ་པི་ཝཾ་ཐོགས་པ། བྱང་ཤར་དུ་གར་མ་ལྗང་ཁུ། རྡོ་རྗེ་དང་དྲིལ་བུས་གང་བསྒྱུར་བ། ཁྱམས་ཀྱི་ཤར་ལྷོར་བདུག་སྤོས་མ་དཀར་མོ་བདུག་སྤོས་ཐོགས་པ། ལྷོ ་ནུབ་ཏུ་མེ་ཏོག་མ་སེར་མོ་མེ་ཏོག་ཐོགས་པ། ནུབ་བྱང་དུ་མར་མེ་མ་དམར་མོ་མར་མེ་ཐོགས་པ། བྱང་ཤར་དུ་དྲི་ཆབ་མ་ལྗང་ཁུ་དྲིའི་དུང་ཆོས་ཐོགས་པའོ། །འཁྱམས་ལ་ཤར་དུ། བྱམས་པ། མཐོང་བ་དོན ་ཡོད། ངན་སོང་ཀུན་འདྲེན་མྱ་ངན་མུན་འཇོམས་རྣམས་མི་བསྐྱོད་པ་ལྟ་བུའོ། །ལྷོ་ཕྱོགས་སུ་སྤོས་ཀྱི་གླང་པོ། །དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་རྟོག་རྣམས་རིན་འབྱུང་ལྟ་བུའོ། །ནུབ་ཏུ་འོད་དཔག་མེད་ཟླ་འོད་གཞོན་ནུ ་བཟང་སྐྱོད། དྲ་བ་ཅན་གྱི་འོད་རྣམས་ནི་སྣང་བ་མཛའ་ཡས་ལྟ་བུའོ། །བྱང་དུ་རྡོ་རྗེ་སྙིང་པོ། བློ་གྲོས་མི་བཟད་པ། སྤོབས་པ་བརྩེགས་པ་དང་།ཀུན་ཏུ་བཟང་པོ་རྣམས་ནི། དོན་གྲུབ་ལྟར་རོ། །ཡང་ན་བསྐལ་པ་བཟང་པོའི་སངས ་རྒྱས་སྟོང་བྱམས་པ་མན་ཆོད་དུ་སྟོང་དུ་བཞིས་མ་ཚང་པ་བསྒོམ་པར་བྱའོ། །སྒོ་བཞིན་ལྕགས་ཀྱུ་མ་དང། ཞགས་པ་མ་དང། ལྕགས་སྒྲོག་མ་དང། འབེབས་མ་རྣམས་དཀར་མོ་དང། སེར་མོ་དང། དམར་མོ། ལྗང་ཁུར ་བསྒོམ་པར་བྱའོ། །རིགས་ཀྱི་བདག་པོས་དབུ་མཚན་པ་ནི། རྣམ་སྣང་ལ་སོགས་པ་ལྔ་ལ་ནི་རྣམ་སྣང་གིས་སོ། །ཤར་ཕྱོགས་པ་རྣམས་ལ་ནི་མི་བསྐྱོད་པས་སོ། །ལྷོ་ཕྱོགས་པ་རྣམས་ལ་ནི་རིན་འབྱུང་གིས་སོ། །ནུབ་ཕྱོགས་པ་རྣམS ་ལ་ནི་སྣང་བ་མཛའ་ཡས་ཀྱིས་སོ། །བྱང་ཕྱོགས་པ་རྣམས་སེ་ལ་ནི་དོན་གྲུབ་ཀྱིས་སོ། །དེར་དལ་རྒྱལ་མི་ཆོ་ག་བསྒོམས་ནས་ལས་རྒྱལ་མཆོག་ཡང་བསྒོམས་ལ། ཡེ་ཤེས་པ་གཞུག་།རྒྱས་གདབ། དབང་བསྐུར་ཇི་ལྟ་བཞིན་པ་བསྒོམས ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧ་ཡོ་གོ་ཤྭ་རི་ཧཱུཾ་ཞེས་པ་ནི་སྙིང་པོའོ། །ོཾ་བཛྲ་ཡཀྵ་ཧཱུཾ། ཞེས་པ་ནི་ལས་ཐམས་ཅད་པའི་སྔགས་སོ། །དེ་ནས་བསྟོད་པ་བྱས་ལ། དལ་དུ་བཞུགས་པ་དབང་བསྐུར་བ་ནི་རྡོ་རྗེ་དབྱིངས་ཀྱི་ཆོ་གའི་ཁྱད ་པར་རོ། །དཔལ་མཆོག་དང་པོའི་དལ་གྱི་མངོན་ར?་རྟོགས་པ་ནི། ཚོགས་གསག?་པ་དང་འབྱུང་བ་རིམ་རྩ་བསྐྱེད་ནས། བྲུཾ་ལས་གཞལ་ཡས་ཁང་ནང་གླིང་དགུ་གྲུ་ཆད་ལ་སྒོ་ཏོད་པའི་ཕྱི་ལ་ཁྱམས་དང་སྒོ་རྟ་བབས་དང་?? ་དབུས་དཀར་བ། ཤར་དམར་པ་ལྷོ་སེར། ནུབ་སྔོ་བ། བྱང་དང?་?།། །དེ་ཏར་བསྐྱེད་པའི་དབུས་སུ་བཅོམ་ལྡན་དཱ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་ཐུས་ཀར་འཛིན་ཅིང་དྲིལ་བུ་དཀུར་བརྟན་པ། རྣོན་མོ ་ཆེའི་བརྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །དེའི་མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བ་སྐུ་མདོག་དམར་སྐྱ་མངའ་གཞུ་ཐོགས་པའོ། །གཡས་སུ་རྡོ་རྗེ་ཀི་ལ་ཡ་དམར་སྐྱ་རྡོ་རྗེ་རྩེ་ལྔ་འཛིན་པ། ནུབ་དུ་རྡོ་རྗེ་དྲག་པོ་སྔོ་སྐྱ་རྒྱལ་མཚན་འཛིན ་པའོ། །གཡོན་དུ་རྡོ་རྗེ་སྙེམས་པ་སེར་པོ་ཕྱག་གཉིས་ན་རྡོ་རྗེ་རྩེ་ལྔ་པ་རེ་རེ་བསྣམས་པའོ། །དེའི་ནང་གི་གྲུ་བཞིར། ཤར་ལྷོར་རབ་ཏུ་དགའ་བ་དམར་སྐྱུ་སྤོས་ཁང་ཅན། ལྷོ་ནུབ་ཏུ་རབ་ཏུ་དགའ་བ་དམར་སྐྱུ་མ་ཏོག་གི་སོང།། ་ནུབ་བྱང་དུ་རྡོ་རྗེ་སྤྱན་སྔོ་སྐྱ་མར་མེའི་སྡོང་བུ། བྱང་ཤར་དུ་དཔལ་ཆེན་མོ་སེར་མོ་དྲིའི་དུར་ཆོས་སོ། །དེའི་ཤར་དམར་པོ་ལ་མི་བསྱོད་པ་དཀར་པོ་རྡོ་རྗེ་རྩེ་ལྔ་དང་ས་གནོན་བྱས་པའི་གཡས་གཡོན་དུ་འཇམ་དཔལ་དང་ཕྱག། །རྡོ་?་? ་གྲི་དང་རྡོ་རྗེ་འཛིན་པ། ལྷོ་སེར་པོ་ལ་རིན་ཆེན་འབྱུང་ལྡན་སྔོན་པོ་རིན་པོ་ཆེ་དང་མཆོག་སྦྱིན་མཛད་པའི་གཡས་སུ་ནམ་མཁའ་ཨི་སྙིང་པོ་ལྗང་གུ་རང་གི་དབུ་ལ་ཕྲེང་བ་གཉིས་དབང་བསྐུར་བའི་ཚུལ་དུ་འཆིང་བ་དང། གཡོན་དུ་ནམ་མཁའ་མཛོད ་སྣ་ཚོགས་མདོག་ཅན་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །ནུབ་ཏུ་སྔོན་པོ་ལ་འོད་དཔག་མེད་པ་སེར་པོ་ཆོས་ཀྱི་ཕྱག་རྒྱའི་སྟེར་ན་པད་མ་བསྣམས་པའོ། །གཡས་སུ་ལོ་ག་དབང་ཕྱུག་དམར་སྐྱ་གཡོན་གྱིས་པདྨའི་སྡོང་བུ་ཐུགས་ཁར ་བཟུང་བ་གཡས་ཀྱིས་ཁ་འབྱེད་པ་ལྟ་བུ་བྱེད་པ། གཡོན་ཏུ་རྡོ་རྗེ་འཁོར་ལོ་སེར་པོ་འཁོར་ལོ་འཛིན་པའོ། །བྱང་ལྗང་གུ་ལ་དོན་ཡོད་གྲུབ་པ་སྣ་ཚོགས་པའི་མདོག་ཅན། གཡས་པ་མི་འཇིགས་པའི་ཕྱག་རྒྱས ་སྣ་ཚོགས་རྡོ་རྗེ་བསྣམས་པ། དེའི་ཤར་ལྷོར་གཡས་སུ་རྡོ་རྗེ་ཁུ་ཚུར་སེར་པོ་རྡོ་རྗེ་རྩེ་ལྔ་བསྣམས་པ། གཡོན་དུ་རྡོ་རྗེ་གནོད་སྦྱིན་སྔོན་པོ། མཆེ་བ་གཙོགས་པའི་རྡོ་རྗེའི་གཉིས་ཟུར་དུ་འཛིན་པའོ། །ཕྱིའི་གྲུ་ཆད་བཞི་ལ་སྒྱེག་མོ་དམར་སྐྱ ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་འཛིན་པ། ལྷོ་ནུབ་ཏུ་རྡོ་རྗེ་བཞད་པ་དམར་སྐྱ། མེ་ཏོག་གི་ཕྲེང་བ་འཛིན་པ། ནུབ་བྱང་དུ་རྡོ་རྗེ་ཀླུ་ཆེན་མོ་སྔོ་སྐྱ་པི་ཝཾ་འཛིན་པ། བྱང་ཤར་དུ་རྡོ་རྗེ་གར་སེར་བ་རྡོ་རྗེ་དྲིལ་བུས་གར་བྱེད་པ། ཕྱི་ནང་གི་སྒོ་བརྒྱད ་ཀྱི་ཤར་སྒོ་གཉིས་སུ། །རྡོ་རྗེ་གཟུགས་དམར་སྐྱ་མེ་ལོང་ཐོགས་པ། ལྷོའི་སྒོ་གཉིས་སུ་རྡོ་རྗེ་སྒྲ་སེར་སྐྱ་བོ་ཝང་བསྡུད་པ། ནུབ་སྒོ་གཉིས་སུ་རྡོ་རྗེ་དྲི་སྔོ་སྐྱ་དུད་ཆོས་ཐོགས་པ། བྱང་སྒོ་གཉིས་སུ་རྡོ་རྗེ་རོ་རོ་མཆོག་གི་སྣོད་ཐོགས ་བའོ། །ལྷ་དེ་རྣམས་ཀྱང་ཞི་ཞིང་སྒྱེག་པའི་ཉམས་དང་ལྡན་པ་བྲི་བར་བྱའོ། །ཕྱིའི་ལྷ་རྣམས་ལ་ཤར་དུ་དབང་ཕྱུག་ཆེན་པོ། ཚངས་པ། ལྷ་ཆེན་པོ་ཁྱབ་འཇུག་།ཀར་ཏིཀ། བརྒྱ་སྦྱིན། གཞོན་ནུ་གཉིས་སུ་རྡོ་རྗེ་རོ་རོ་མཆོག་གི་སྣོད་ཐོགས ་ཟླ་བ། སྤན་པ། མིག་དམར། ལག་པ། ཕུར་བུ། པ་བ་སངས་བདུན་རིན་ཆེན་ཐོགས་པའོ། །ནུབ་ཏུ་ཀུན་ཏུ་རྒྱུ། སྟོབས་ཀྱི་རྒྱུ། སྤྱིད་ཀྱི་ལྷན་ང་རྒྱལ་བ་རབ་ཏུ་རྒྱལ་བ། གནོད་སྦྱིན། སྲིན་པོ་རྣམས་པད་མ་ཐོགས་པ། བྱང་དུ་གཤིན་རྗེ ་ཚོགས་ཀྱི་བདག་པོ། ཆུ་བདག། མེ་ལྷ། རིགས་འཛིན། ས་བདག། ལྷ་མིན་རྣམས་རྒྱ་གྲམ་ཐོགས་པ། བསྐྱེད་པའི་ས་བོན་ནི་ཡི་གེ་ཧཱུཾ་ངོ། །རིགས་ཀྱི་བདག་པོས་དབུ་མཚན་པ་ནི། གཙོ་བོ་ལ་ནི་མི་བསྐྱོད་པས་མཚན ་པའོ། །ཕྱོགས་བཞིའི་འཁོར་རྣམས་ལ་རིགས་བཞིའོ། །སྤྱན་དྲང་ཞིང་མཆོད་པ་བྱས་པ། རྩ་བའི་སྔགས་ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་ཅི་རིགས་པར་བཟླས་ལ་བསྟོད་པ་བྱས་ཏེ་དབང་བསྐུར་བ་ནི། དཔལ་མཆོག་དང་པོའི་ཆོ་གའོ། །ཀུན་རིག ་རྩ་བའི་དལ་གྱི་ལྷ་བསྒོམ་པའི་མངོན་པར་རྟོགས་པ་ནི། ཚོགས་བསག་པ་སྔོན་དུ་སོང་ནས་འབྱུང་བ་རིམ་བརྩེག་བསྐྱེད་ལ། དལ་བསྐྱེད་པ་ནི་བྲུཾ?་ལས་གཞལ་ཡས་ཁང་སྒོ་ནང་མ་ལ་གླིང་དགུ། རྩིབས་བཅུ་དྲུག་།གྲུ་ཆད་ལ་སྒོ་བྱེད་པ ་འཁྱམས་ཕྱི་མ་ལ་རིམ་པ་གསུམ་སྒོ་སྒོ་བརྒྱན་འཁོར་ཡུག་དང་བཅས་པ་བསྐྱེད་ལ། ནང་དུ་ལྷ་བསྒོམ་པ་ནི། དབུས་སུ་རྣམ་པར་སྣང་མཛད་དཀར་པོ་ཆོས་འཆད་མཛད་པ། ཤར་དུ་ངན་སོང་སྤྱོད་པའི་རྒྱལ་པོ་མཐིང། ས་གནོན ་མཛོད་པ། ལྷོད་རྒྱལ་མཆོག་རིན་ཆེན་སེར་པོ་མཆོག་སྦྱིན་མཛད་པ། ནུབ་དུ་ཤཱཀྱ་རིགས་དབང་དམར་པོ་མཉམ་བཞག་མཛད་པ། བྱང་དུ་མེ་ཏོག་ཆེར་རྒྱས་ལྗང་གུ་སྐྱབས་སྦྱིན་མཛད་པ། ཟུར་བཞི་སངས་རྒྱས་སྤྱན་མ་ལ་སོགས་པ ་ཡུམ་བཞི། རྩིབས་བཅུ་དྲུག་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་བཅུ་དྲུག་གྲུ་ཆད་བཞི་ལ་སྒྱེག་མོ་ལ་སོགས་པ་བཞི་སྒོ་བཞིར་སྒོ་མ་བཞིའོ། །ཁྱམས་ནད་མ་ལ་བྱམས་པ་ལ་སོགས་པ་བཅུ་དྲུག་།ཁྱམས་པར་མ་ལ་ཉོན ་མོངས་མུན་སེལ་ལ་སོགས་པ་དཔེ་བྲལ་གྱི་སེམས་དཔའ་བཅུ་དྲུག་སྐུ་མདོག་དཀར་པོ་དང། སྔོན་པོ་དང། དམར་པོ་དང། ལྗང་གུ་དང། ཕྱག་མཚན་རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། རྒྱ་གྲམ་འཛིན་པའོ། །འཁྱམས་ཕྱི་མ ་ལ་ཤ་རིའི?་བུ་ལ་སོགས་པ་ཉན་ཐོས་བཅུ་དྲུག་།ཉན་ཐོས་ཀྱི་ཆ་བྱང་ལ་བོ་ཏི་འཛིན་པ་དང། ཉོན་མོངས་འཇོམས་བྱེད་ལ་སོགས་པ་རང་རྒྱལ་བཅུ་གཉིས་ལྷུང་བཟེད་དང་བསིལ་བྱེད་འཛིན་པའོ། །འཚམས་བཞི་རུ་བདུག་སོགས ་བཞིའོ། །སྒོ་བཞི་གྲུ་བརྒྱད་དུ། ལོག་གསུམ་སྣང་ལ་སོགས་པ་ཁྲོ་བོ་བརྒྱད་སྐུ་མདོག་དཀར་བ་དང། སྔོ་བ་དང། དམར་བ་དང། ལྗང་གུ་ཕྱག་མཚན་ཕྲིན་ལས་འཛིན་པ་མཚོན་སྣ་ཚོགས་འཛིན་པར་བྱེད་པ ་སྐྱེད་ལ། རིགས་ཀྱི་བདག་པོ་རྣམས་ཀྱིས་དབུ་ལ་བརྒྱན་པ་དང། སྤྱན་དྲང་བ་དད་མཆོད་པས་མཆོད་ལ། ཨོཾ་སརྦ་འདི་སོགས་དང། དུར་ཀ་ཏི་ཅི་རིགས་པར་བཟླས་ལ་བསྟོན་པ་བྱས་ལ་དབང་བསྐུར་བ་ནི་ཀུན་རིག་རྩ་བའི་ཆ་གོའོ།། ་གཙུག་ཏོར་དགུའི་ལྷ་ཚོགས་ཀྱི་དལ་བསྒོམ་པའི་མངོན་པར་རྟོགས་པ་ནི། ཚོགས་བསག་པ་སྔོན་དུ་སོང་ནས་འབྱུང་བ་རིམ་རྩེགས་བསྐྱེད་ལ། ལྷའི་ངལ་བསྒོམ་པ་ནི་བྲུཾ་ལས་གཞལ་ཡས་ཁང། ནང་འཁོར་ལོ་རྩིབས་བརྒྱད། ?་? ་རྣམས་མུ་ཁྱུད་དང་བཅས་པ་བསྐྱེད་ནས། ལྷ་བསྐྱེད་པ་ནི་མུཾ་ལས་འཁོར་ལོའི་དབུས་སུ་བཅོམ་ལྡན་འདས་ཤཱཀྱ་སེང་གེ་སེར་པོ་འཁོར་ལོ་བསྒྱུར་བའི་ཆ་བྱང་ཆོས་འཆད་བྱས་པ། ཤར་དུ་རྡོ་རྗེ་གཙུག་ཏོར་དཀར་པོ་ས་གནོན་མཛད་པ། ལྷོ ་ཕྱོགས་སུ་རིན་ཆེན་གཙུག་ཏོར་སྔོན་པོ་མཆོད་སྦྱིན་གྱི་ཕྱག་རྒྱ་མཛད་པ། ནུབ་དུ་པདྨའི་གཙུག་ཏོར་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། །བྱང་དུ་སྣ་ཚོགས་གཙུག་གཏོར་ལྗང་གུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན། ཤར་ལྷོར་གཙུག་ཏོར ་གཟི་བརྗིད་སྐུ་མདོག་དཀར་བ་ལ་དམར་བའི་མདོག་ཡོད་པ། ཉི་མ་བསྣམས་པ། ལྷོ་ནུབ་དུ་གཙུག་ཏོར་རྒྱལ་མཚན་དམར་ནག་རྒྱལ་མཚན་ཐོགS་པ། ནུབ་བྱང་དུ་གཙུག་ཏོར་རྣོན་པོ་སྔོན་པོ་རལ་གྲི་ཐོགས་པ། བྱང་ཤར་དུ་ཙུགས ་ཏོར་གདུགས་དཀར་དཀར་པོ་གདུགས་ཐོགས་པ། སྒྱེག་སོགས་བཞི་དང། བདུག་སོགས་བཞི་དང། སྐལ་བཟངས་བཅུ་དྲུག་དང། སྒོ་བཞི་ནི་སྔར་ལྟར་ད། །ཡེ་ཤེས་པ་གཞུག་པ་དང། མཆོད་པ་དང། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ ་ཡེ་སྭཱཧཱ། ཞེས་ཅི་རིགས་པར་བཟླས་ནས་སྟོང་པ་བྱས་ནས་དབང་བསྐུར་བ་ནི། གཙུག་ཏོར་ཆེན་པོ་དགུའི་ཆོ་གའོ། །དོན་ཐམས་ཅད་གྲུབ་པའི་དལ་གྱི་མངོན་བའི་རྟོགས་པ་ནི། ཚོགས་བསགས་པར་འབྱུང་བ་རིམ་རྩེག་སྐྱེད་པ་སྔོན་དུ ་སོང་ནས། འདིར་བྲུཾ་ལས་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་འདྲ་བ་བསྐྱེད་ལ། ལྷ་བསྐྱེད་པ་ནི་ཧྲི་ལས་པདྨ། དེ་ལ་དོན་གྲུབ་འོད་དཔག་མེད་པའི་རང་བཞིན་ཅན་དམར་པོ་ལ་རིགས་བཞིའི་འཁོར་ལོ་སྒྱུར་བ་བཞིག་བསྐོར་ལ། ཤར་གྱི་ལོ་སྐྱེ་ལ་དོན ་གྲུབ་མི་བསྐྱོད་པའི་རིགས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་བཞིས་བསྐོར་བ། ལྷོར་དོན་གྲུབ་རིན་ཆེན་འབྱུང་ལྡན་གྱི་རིགས་ལ། རིན་ཆེན་སེམས་དཔའ་བཞིས་བསྐོར་བ། ནུབ་ཏུ་དོན་གྲུབ་སྣང་པ་མཛའ་ཡས་ལ་པདྨའི་སེམས ་དགའ་ལ་སོགས་པ་བཞིས་བསྐོར་བ། །བྱང་དུ་དོན་ཡོད་གྲུབ་པ་ལ་ལས་ཀྱི་སེམས་དཔའ་བཞིས་བསྐོར་བ། ཟུར་བཞི་ལ་ཡུམ་བཞི། ལྷ་མོ་བཅུ་གཉིས་དང་བསྐལ་བཟང་བཅུ་དྲུག་བསྐྱེད་པ་རྡོ་རྗེ་དབྱིངས་ལྟ་བུའོ། །སྤྱན་དང་ཞིང ་མཆོད་པ་དང། ཨོཾ་པདྨ་དྷ་མ་ཧྲི་ཞེས་པའི་སྔགས་བཟླས་ལ་བསྟོད་པ་བྱས་ནས་དབང་བསྐུར་བ་ནི་དོན་ཐམས་ཅད་གྲུབ་པའི་ཆོ་གའོ། །འགྲོ་བ་འདུལ་བའི་དལ་གྱི་མངོན་པར་རྟོགས་པ་ནི། ཚོགས་བསག་པ་དོད་ལ་བསྐྱེད་པ་རྡོ་རྗེ་དབྱིངས་ལྟར ་ལ། ལྷ་བསྐྱེད་པ་ནི། འགྲོ་བ་འདུལ་བའི་རྣམ་སྣང། རིན་འབྱུང་གི་ཆ་ལུགས་ཡུམ་བཞིའི་རང་བཞིན་འཁོར་ལོ་བསྒྱུར་བ་བཞིས་བསྐོར་བ། ཕྱོགས་བཞིའི་དེ་བཞིན་གཤེགས་པ་བཞི་ལ་ཕྱོགས་ཕྱོགས་ཀྱི་སེམས་དབའ་བཅུ་དྲུག་གིས ་བསྐོར་བ་དང། གྲུ་བཞིར་ཡུམ་བཞི་དང། ལྷ་མོ་བཅུ་གཉིས་དང། སྐལ་བཟངས་བཅུ་དྲུག་གོང་ལྟར་རོ། །སྤྱན་དྲང་བ་དང། མཆོད་པ་དང་ཨོཾ་རད་ན་བྷ་ཛི་ནི་ཏྲཾ། ཞེས་ཟླས་ལ། བསྟོད་ནས། དབང་བསྐུར་བ་ནི་འགྲོ་བ་འདུལ་པའི ་དལ་གྱི་ཆོ་གའོ་།ཁམས་གསུམ་རྣམ་པར་རྒྱལ་བའི་དལ་གྱི་ཆོ་གའི་མངོན་པར་རྟོགས་པ་ནི། ཚོགས་བསག་པ་དང་དལ་བསྐྱེད་པ་རྡོ་རྗེ་དབྱངས་ལྟར་ལ། འདི་ལྟར་བསྐྱེད་པ་ནི། དབུས་སུ་ཧཱུཾ་ལས་ཁྲོ་བོ་ཁ་ནས ་གསུམ་རྣམ་པར་རྒྱལ་བ་སྐུ་མདོག་ནམ་མཁའ་ལྟར་སྔོ་བ་ཞལ་ཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་འཕྱང་བ། ཞབས་གཉིས་གཡས་སྐུམ་ལས་དབང་ཕྱུག་ཆེན་པོ་ཁ་བུབ་དུ་མནན་པ། གཡོན་སྐྱད་པས་ཨུ་མ་དེ་བའི་དུ་མར་?་? ་པའི་ཕྱོགས་བཞིན་ཡུཾ་བཞི་ཕོ་ཆས་སུ་བསྒྱུར་བའི་འཁོར་ལོ་བསྒྱུར་བ་བཞི་དང། གྲུ་བཞིར་ཡུམ་བཞི་དང། དེའི་ཤར་ཕྱོགས་སུ་མི་བསྱོད་པའི་ཁྲོ་བོ་ཧཱུཾ་མཛད་ལ། རྡོ་རྗེ་སེམས་དཔལ་ལ་སོགས་པའི་ཁྲོ་བོ་སེམས་དཔའ་བཞེས་བསྐོར ་བ། ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་ཧཱུཾ་མཛད་ཀྱི་ཁྲོ་བོ་ལ། རྡོ་རྗེ་རིན་ཆེན་ལ་སོགས་ཁྲོ་བོར་གྱུར་པ་བཞིས་སྐོར་བ་དང། ནུབ་ཀྱི་ལེ་རྩེ་ལ་འོད་དཔག་མེད་ཧཱུཾ་མཛད་ཀྱི་ཁྲོ་བོ་ལ། པདྨའི་སེམས་དཔའ་ཨི་ཁྲོ་བོ་བཞི་དང། དེའི་ཕྱིར ་དུ་དོན་ཡོད་གྲུབ་ལ་ཁྲོ་བོ་ཧཱུཾ་མཛད་ལ་ལས་ཀྱི་ཧཱུཾ་མཛད་ལ་སོགས་པའི་ཁྲོ་བོ་བཞིས་བསྐོར་བའོ། །མཆོད་པའི་ལྷ་མོ་བཅུ་གཉིས་དང། སེམས་དཔའ་བཅུ་དྲུག་གོང་དང་འཐུན། འདི་རྒྱུད་ཀྱང་གི་ལྷ་དགོད་པ་ཡིན། །འགྲེལ ་པ་ལྟར་ན་ལོ་ག་ལས་འདས་པའི་ལྷ་བརྒྱ་བཅུ་རྩ་ལྔ་ལ་སོགས་པའི་ལྷ་བཞི་བཅུ་ཞེ་བཞི་སྟེ་བརྒྱ་ཉི་ཤུ་རྩ་དགུ་ཡོད། སྤྱན་དྲང་མཆོད་པ་དབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་རི་བ་ཛཱ་པཱ་ན་ཧཱུཾ། ཞེས་ཅི་རིགས་བར་ཟླས་ལ། ་བསྟོད་བ་བྱས་ནས་དབང་བསྐུར་བ་ནི་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་ཆོ་ག་བྱ་བའི་རིམ་པའོ། །ཚེ་དཔག་ཏུ་མེད་པ་གསུང་གི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་ནི། ཚོགས་བསགས་པ་དང་འབྱུང་བ་རེ་མ་རྩེག་བསྐྱེད་པ་སྔར་བརྟན ་བ་བཞིན་ལ། འདིར་བྲུཾ་ལས་འཁོར་ལོ་རྩིབས་བཞི་གྲུ་ཆད་སྒོ་དང་བཅས་པ་བསྐྱེད་ལ། ལྷ་བསྐྱེད་པ་ནི། དབུས་སུ་ཧྲི་ལས་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཕྱག་གཉིས་མཉམ་གཞག་བྲས་པའི་ཕྱག་མཐིལ་དུ་ཚེའི་བུམ་པ་? ་པ་ལ། རྩིབས་བཞི་ལ་རྣམ་སྣང་ནུབ་ཏུ་བྱས་པའི་རིགས་བཞིས་བསྐོར་བ། མཆོད་པའི་ལྷ་མོ་བཞི་དང་སྒོ་མ་བཞི་སྟེ་བཅུ་གསུམ་མོ། །སྤྱན་དྲང་མཆོད་པ་བྱས་ལ། ཨོཾ་བུ་ནི་བུ་ནེ་ཨོ་པུ་ནྱཻ་མཧཱ་སྐྱེས་པར་མི་ཏེ་ཨ་ཡུ་བུ?་?་ཛཱ་ན་གགྷ ་དོ་བྷ་ཙིཏྟ་སྭཱཧཱ། ཞེས་པའི་ཟླས་པ་བྱས་ལ་བསྟོད་པ་བྱས་ནས་དབང་བསྐུར་བ་ནི་ཚེ་དཔག་ཏུ་མེད་པའོ། །བདེ་བ་ཆེན་པོའི་ཡོན་ཏན་གྱི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་ནི། ཚོགས་སྩག་པ་དང་འབྱུང་བ་རིམ་རྩེག་སྐྱེས་སྔར་བལྟར་ལ། ་འདིའི་ཕོ་བྲང་བསྐྱེད་པ་ནི། བྷྲུཾ་ལས་འཁོར་ལོ་རྩིབས་བཞི་འཁྱམས་རིམ་པ་བརྒྱད། སྒོ་དང་བཅས་པ་བསྐྱེད་ལ། ལྷ་བསྐྱེད་པ་ནི་དབུས་སུ་ཧཱུཾ་ལས་བཛྲ་པཱ་ཎི། རྩིབས་བཞི་ལ་རིགས་བཞི། གྲུ་ཆད་བཞི་ལ་ལྷ་མོ་བཞི། འཁྱམས ་དང་པོ་ལ་སངས་རྒྱས་རབས་བདུན། གཉིས་པ་ལ་སེམས་དཔའ་བཅུ་དྲུག་།གསུམ་པ་ལ་བསྐལ་བཟང་བཅུ་དྲུག་།བཞི་པ་ལ་ཉན་ཐོས་བཅུ་དྲུག་དང་རང་རྒྱལ་བཅུ་གཉིས་། ལྔ་པ་ལ་ལྟ་བརྒྱད་ཆུང་མ་དང་བཅས་པ། དྲུག་པ་ལ་གཟའ ་བརྒྱད་རྒྱུ་སྐུར་དང་བཅས་པ། བདུན་པ་ལ་རྒྱལ་པོ་བཞི། ཕྱོགས་སྐྱོད་དང་བཅས་པ། །བརྒྱད་པ་ལ་རིགས་དྲུག་གམ་བཞི། སྒོ་བཞིར་སྐོ་བ་བཞིའི། །རིགས་ཀྱི་བདག་པོ་ལྔས་དབུ་ལ་མཚན་པ་དང། སྤྱན་དྲངས། མཆོད་པ་བྱས ་ལ། ཨོཾ་བཛྲ་ཙན་དྷ་མ་ཧཱ་རོ་ཤ་ན་ཧཱུཾ་ཕཊ། ཞེས་བསྟེན་པ་བསྐྱལ་ལ། བསྟོད་པ་བྱས་ནས་དབང་བསྐུར་བ་ནི། བདེ་བ་ཆེན་པོ་ཡོན་ཏན་གྱི་དཀྱིལ་འཁོར་གྱི་ཆོ་གའོ། །དཔལ་གསང་བ་འདུས་པ་ལྷ་སུམ་ཙུགས་གཉིས་འཕགས་པ ་ཡབ་སྲས་ཀྱི་ལུགས་ཀྱི་མངོན་པར་རྟོགས་བ་བསྒོམ་པ་ནི། ཚོགས་སྩོག་སྔོན་དུ་སོང་ནས་འབྱུང་བ་རིམ་རྩེག་བསྐྱེད་ལ། བྲུཾ་ལས་ཕོ་བྲང་རེ་མིག་དགུ་པ་ལས། ཁྱམས་སྒོ་ཁྱུད་དང་བཅས་པ་བསམས་ལ། ཉི ་ཟླ་པདྨའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དེ་ལས་མི་བསྐྱོད་པ་སྐུ་མདོག་མཐིང་ཁ་ནམ་མཁའ་ལྟ་བུ། ཞལ་གསུམ་གྱི་གཡས་དཀར་བ། གཡོན་དམར་བ། ཕྱག་དྲུག་གི་གཡས་དང་པོ་ན་རྡོ་རྗེ། བར་མ་ན་འཁོར་ལོ། ཐ་མ་ན་པདྨ། གཡོན་གྱི ་དད་པ་ན་དྲིལ་བུ། བར་མ་ན་ནོར་བུ། ཐ་མ་ན་རལ་གྲི་།རང་དང་འདྲ་བའི་རིག་བྱ་རྡོ་རྗེ་མ་ལ་འཁྱུད་པའོ། །ཤར་ཕྱོགས་སུ་རྣམ་པར་སྣང་མཛད་དཀར་པོ། ནག་པོ་དང་དམར་བའི་ཞལ། །འཁོར་ལོ་རྡོ་རྗེ་པདྨ་དང། དྲིལ་བུ་ནོར ་བུ་རལ་གྲི་འཛིན་པའོ། །ལྷོར་རིན་ཆེན་འབྱུང་ལྡན་སེར་བ་དང་ནག་པ་དང་དཀར་བའི་ཞལ་གཡས་ཀྱིས་རིན་པོ་ཆེ་རྡོ་རྗེ་འཁོར་ལོ། །གཡོན་པས་དྲིལ་བུ་དང་པདྨ་རལ་གྲི་།ནུབ་ཏུ་འོད་དཔག་མེད་དམར་པོ་གཡས་ནག་པ་གཡོན་བཀར ་བ། ཕྱག་གཡོན་པ་དྲིལ་བུ་དང་བཅས་པའི་པདྨ་དམར་པོ་ཐུགས་ཁར་ཡུ་བ་བཟུང་བ། གཡས་པས་ཁ་འབྱེད་པ། གཡས་གཡོན་གཞན་བཞི་པོས་རྡོ་རྗེ་དང། འཁོར་ལོ་དང། རལ་གྲི་དང་རིན་པོ་ཆེ་འཛིན་པའོ། །བྱང་དུ་དོན ་གྲུབ་ལྗང་གུ་གཡས་ནག་།གཡོན་དམར་བ། སྣ་ཚོགས་རྡོ་རྗེ་དང་རལ་གྲི་དང་འཁོར་ལོ། དྲིལ་བུ་དང་པདྨ་ནོར་བུའོ། །ཡུམ་བཞི་ལ་ཤར་ལྷོ་མཚམས་ཀྱི་སངས་རྒྱས་སྤྱན་ནི། དཀར་མོ་གཡས་ནག་ཅིང་གཡོན་དམར་པ། ་ཕྱག་དྲུག་གི་དང་པོ་གཉིས་ན་འཁོར་ལོ་དང་དྲིལ་བུ། བར་མ་གཉིས་ན་རྡོ་རྗེ་དང་རིན་པོ་ཆེ། འོག་མ་གཉིས་ནི་ཨུད་བ་ལ་དང་རལ་གྲི། ལྷོ་ནུབ་ཏུ་མ་མ་ཀི་སྐུ་མདོག་སེར་མོ་གཡས་དཀར་གཡོན་དམར་ཕྱག་དང་པོ་གཉིས་ཀྱིས་རིན་པོ ་ཚེ་དང་དྲིལ་བུ། བར་ཡ་གཉིས་ཀྱིས་འཁོར་ལོ་དང་རིན་པོ་ཆེ་ཐ་མ་གཉིས་ཨུད་བལ་དང་རལ་གྲི་།ནུབ་བྱང་གི་གོས་དཀར་མོ་དམར་མོ་ཞལ་གཡས་ནག་གཡོན་དཀར་བའོ། །ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཨུང་བ་ལ་པང་དྲིལ་བུ ་གཉིས་པ་ན་ནོར་བུ་དང་རྡོ་རྗེ། གསུམ་པ་ན་འཁོར་ལོ་དང་རལ་གྲིའོ། །བྱང་ཤར་མཚམས་ཀྱི་སྒྲོལ་ཨ་ནི་ལྗང་ཁུ་གཡས་ནག་གཡོན་དཀར་པོ། ཕྱག་དྲུག་གི་དང་པོ་གཉིས་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ། གཉིས་བ་?་འཁོར་བའི ་དང་རིན་པོ་ཆེ། གསུམ་པ་ན་ཨུད་པ་ལ་དད་རལ་གྲིའོ། །ཤར་ལྷོའི་གྲུ་ཆད་ལ་ལྷ་མོ་གཟུགས་རྡོ་རྗེ་མ་སྐུ་མདོག་དཀར་མོ་ཞལ་གཡས་ནག་གཡོན་དམར། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མེ་ལོང། ལྷག་མ་བཞི་སངས ་རྒྱས་སྤྱན་དང་མཚུངས་སོ། །ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ་སེར་མོ་གཡས་ནག་གཡོན་དམར་མོ། །ཕྱག་དད་པོ་གཉིས་པི་ཝ་འཛིན་པ། ལྷག་མ་བཞི་མ་མ་ཀཾ་དང་མཚུངས་སོ། །ནུབ་བྱང་གི་དྲི་རྡོ་རྗེ་མ་ཁ་དོག་དམར་མོ་གཡས་ནག ་གཡོན་དཀར། ཕྱག་དང་པོ་གཉིས་ཀྱིས་དུང་ཆོས་འཛིན་པ། ལྷག་མ་བཞི་གོས་དཀར་མོ་དང་མཚུངས་སོ། །བྱང་ཤར་དུ་རོ་རྡོ་རྗེ་མ་ལྗང་ཁུ་གཡས་དཀར་གཡོན་དམར། ཕྱག་དད་པོ་གཉིས་རོ་མཆོག་གི་སྣོད་ལ། ཕྱག ་ལྷག་མ་བཞི། སྒྲོལ་མ་དང་མཚུངས་སོ། ལྷ་མོ་རེག་བྱ་རྡོ་རྗེ་ནི་གཞལ་ཡས་ཁང་གི་དབུས་ན་གཙོ་བོ་ལ་འཁྲུལ་ཞིང་ཕྱག་མཚན་སྐུ་མདོག་གཅིག་པའོ། །རིམ་པ་གསུམ་ལ་ལྷ་རྣམ་ལ་བྱང་ཆུབ་སེམས་དཔའ་བརྒྱད་བསམ་པ་ནི། ཤར་ལ ་?་?་དང་སའི་སྙིང་པོ། ལྔ་ཕྱོགས་རྡོ་རྗེ་ཅན་མཁའ་ཨི་སྙིང་པོ། ནུབ་ཏུ་སྤྱན་རས་གཟིགས་དང་འཇམ་དཔལ། བྱང་དུ་སྒྲིབ་སེལ་དང་ཀུན་བཟང། བརྒྱད་པོ་སྐུ་མདོག་ཕྱག་མཚན་རིགས་བཞི་དང་འཐུན་པའོ། །ཁྱམས་ཀྱི་སྒོ་བཞི་དང་ཟུར་བཞི ་སྟེ། སྟེང་འོག་ཤར་ནུབ་ཏུ། ཁྲོ་བོ་བཅུ་བསྒོམ་པ་ནི། ཤར་སྒོར་གཤིན་རྗེ་གཤེད་སྐུ་མདོག་ནག་པོ། གཡས་དཀར་གཡོན་དམར་བ་ཕྱག་དྲུག་གི་དང་པོ་ན་ཐེ་བ་དང་སྡིགས་མཛུབ་བར་མ་ན་འཁོར་ལོ་དང་དྲིལ་བུ། ཝ ་མ་རྡོ་རྗེ་དང་རལ་གྲི། ལྷོར་གཞན་གྱིས་མི་ཐུབ་པ་དཀར་པོ། གཡས་ནག་གཡོན་དམར་པོ། ཕྱག་དྲུག་གི་དང་པོ་གཉིས་རིན་པོ་ཆེ་དང་སྡིགས་མཛུབ་ཀྱིས་ཞགས་པ། བར་མ་གཉིས་དབྱུག་པ་དང་དྲིལ་བུ། ཐ་མ་གཉིས་རལ་གྲི་དང་དགྲ་སྟེ། ་ནུབ་ཀྱི་རྟ་མགྲིན་མདོག་དམར་པོ་གཡས་ནག་གཡོན་དཀར་པོ། ཕྱག་དྲུག་གི་དང་པོ་གཉིས་པདྨ་དང་དྲིལ་བུ་རྣམ?་གཉིས་རལ་རི་དང་དགྲ་སྟེ། ཐ་མ་གཉིས་ན་གཏུན་ཤིང་དང་ཞུགས་པའོ། །བྱང་གི་བདུད་རྩི་འཁྱིལ་པ་ཁ་དོག་ལྗང་ཁུ། ཞལ་གཡས་དམར་གཡོན་དཀར ་པོ། ཕྱག་དྲུག་གི་དང་པོ་གཉིས་སྣ་ཚོགས་རྡོ་རྗེ་དང་སྡིགས་མཛུབ། གཉིས་པ་ན་འཁོར་ལོ་དང་ཞགས་པ། ཐ་མ་གཉིས་ནི་གཏུན་ཤིང་དང་དགྲ་སྟེ། ཤར་ལྷོ་མཚེམས་ཀྱི་མི་གཡོ་བ་སྔོ་ནག་གཡས་དམར་གཡོན་དཀར། ཕྱག་དྲུག་གི་དང་པོ ་གཉིས་རལ་གྲི་དང་སྡིགས་མཛུབ། གཉིས་པ་ན་རྡོ་རྗེ་དང་དགྲ་སྟེ། གསུམ་པ་ནི་འཁོར་ལོ་དང་ཞགས་པའོ། །ལྷོ་ནུབ་མཚམས་སུ་འདོད་པའི་རྒྱལ་པོ་ནག་པོ་གཡས་དམར་གཡོན་དཀར་པོའོ། །ཕྱག་དྲུག་གི་དང་པོ་གཉིས་ནི་ཐེའུ་ཆུང་བསྒྲེང་ཞིང་མཛུབ ་མོ་བསྒྲེང་བའོ། །བར་མ་གཉིས་རྡོ་རྗེ་དང་ཞགས་པ། འོག་མན་རལ་གྲི་དང་ལྕགས་ཀྱུ། ནུབ་བྱང་གི་དབྱུག་སྔོན་ཅན་སྔོན་པོ་གཡས་དམར་གཡོན་དཀར་པོ་།ཕྱག་དྲུག་གི་དང་པོ་གཉིས་ན་དབྱུག་པ་དང་སྡིགས་མཛུབ་བར་མ་གཉིས་ན་རལ་གྲི་དང་དྲིལ་བུ ་འོག་མ་གཉིས་ན་འཁོར་ལོ་དང་དགྲ་སྟེ། བྱང་ཤར་གྱི་སྟོབས་པོ་ཆེ་ནི། ཨུང་པ་ལ་སྔོན་པོའི་མདོག་འདྲ་བ། གཡས་དམར་གཡོན་དཀར་བ། ཕྱག་དྲུག་གི་དང་པོ་གཉིས་ན་དབྱུག་པ་དང་སྡིགས་མཛུབ། གཉིས་པ་ན་རལ་གྲི་དང་ཞགས་པ། གསུམ་པ་ནི ་འཁོར་ལོ་དང་དགྲ་སྟེ། སྟེང་གི་གཙུག་ཏོར་འཁོར་ལོ་བསྒྱུར་བ་སྐུ་མདོག་སྔོ་ནག་གཡས་དཀར་གཡོན་དམར་བ། ཕྱག་དྲུག་གི་དང་པོ་གཉིས་སྤྱི་བོར་གཙུག་ཏོར་འཛིན་པ། པར་མ་རྡོ་རྗེ་དང་སྡིགས་མཛུབ། ཐ་མ་པདྨ་དང་རལ་གྲི། འོག་གི་གནོད་མཛེས ་ནག་པོ་གཡས་དམར་གཡོན་དཀར་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་རང་ཞགས་པ། བར་མ་གཉིས་ན་འཁོར་ལོ་དང་པདྨ། གསུམ་པ་ན་རིན་ཆེན་དང་རལ་གྲི། ཞལ་དབུས་མ་ཐཾས་ཅད་མཆེ་བ་བརྩིགས་པ། གཡས་པ་ཐམས་ཅད་ཧཱུཾ་གི་སྒྲ་སྒྲོགས ་གཡོན་པ་ཐམས་ཅད་ལྕེ་འདྲིལ་ཞིང་འཇིགས་སུ་རུང་བའི་མཚན་ཉིད་ཅན་ནོ། །ཐོད་པའི་དབུ་རྒྱན་དང། སྟག་གི་ཤམ་ཐབས་དང། ཡན་ལག་རྣམས་སྤྲུལ་གྱིས་བརྒྱན་པར་བསམ་མོ། །ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བ་ལ། སོ་སོའི་རིགས་ཀྱི་དགུ ་བརྒྱན་པར་བསམ་མོ། །དེ་ནས་སྤྱན་དྲངས་ལ་མཆོད་པ་དང་བཟླས་པ་བྱ་བ་ནི། མི་བསྐྱོད་པའི་ཐུགས་ཁར་ཡེ་ཤེས་སེམས་དཔའ་ཕྱག་གཉིས་པ་དམར་པོ་ཡུམ་དང་བཅས་པའོ། །དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་རྩེ་ལྔ་པ། དེའི་ལྟེ་བར་ཕྲ་མོའི ་ཏིང་འཛིན་ཧཱུཾ་མཐིང་ཁ་།དེ་བཞིན་དུ་རིགས་བཞི་ལ་ཨོཾ་སྭ་ཨོཾ་ཧའོ། ཡུམ་བཞི་ལ་མཾ?་ལཾ་ཏཾ་བཱ?་བཞིའོ། །རེག་རྡོ་རྗེ་མ་ལ་མུམ་དང་གཞན་བཞི་ལ་ཛ་ཧཱུཾ་བཾ་ཧོ་བཞིའོ། །བྱམས་པ་ལ་སོགས་པ་བརྒྱད་ལ་མEེ་ཐལིཾ་ཨཱཾ་ས་ཨཾ་བརྒྱད་དོ། །ཁྲོ་བོ་བཅུ་ནི་ཧཱུཾ་ངོ ་དེ་ནས་ལྷ་སོ་སོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་དེ་རྣམས་ཀྱི་སྡིག་པ་བྱང། དེ་བྱང་ཆུབ་སེམས་དཔའ་དང་འདྲ་བར་བྱས་ནས་གཞལ་ཡས་ཁང་གི་ནང་དུ་བཅུག་པས། ལྷ་རྣམས་ཀྱི་ཞལ་མཐོང་བས་རྒྱུད་དག་པར་བསམ་པ ་ནི། ལྷག་པར་མོས་པའི་ཏིང་ངེ་འཛིན་ནོ། །སྙིང་པོའི་སྔགས་ཨོཾ་བཛྲ་དྷྲིཀ་སྭཱཧཱ། ཞེས་ཅི་རིགས་པར་བཟླས་པ་ནི་བསྙེན་པ་དང་བསྟོད་པ་བྱས་ནས་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བ་ནི། གསང་འདུས་འཕགས་པ་ཡབ་སྲས་ཀྱི་དབུས་ལ་སོགས ་གཉིས་པའོ། །ཡེ་ཤེས་ཞབས་ཀྱི་ལྷ་བཅུ་དགུའི་མངོན་པར་རྟོགས་པ་ནི། སྔོན་འགྲོ་ཚོགས་བསག་པ་ནས། །དངོས་གཞི་འབྱུང་བ་རིམ་རྩེག་བསྐྱེད་པ་སྔར་ལྟར་ལ། འདིར་གཞལ་ཡས་ཁང་བསྐྱེད་པ་ནི་།བྲུ་ལས་ནང་ལེ་རྩེ་དགུ་ལ་ཕྱི ་ཁྱམས་སྒོ་དང་བཅས་པ་སྐྱེད་ལ། ནང་དུ་ལྷ་བསྐྱེད་པ་ནི། དབུས་སུ་ཧཱུཾ་ལས་རྡོ་རྗེ། དེ་ལ་རྡོ་རྗེ་སེམས་དཔའ་འཇམ་དབྱངས་ཀྱི་ཚུལ་ཅན་སྐུ་མདོག་གུང་གུམ་ལྟ་བུ་དམར་སེར་གཡས་དང་གཡོན་གྱི་ཞལ་ནག་པོ་དང་དམར་པོ་རྩ་བའི་ཕྱག་གཉིས་ཀྱིས་རྡོ ་རྗེ་དང་དྲིལ་བུ་ཐོགས་ནས་རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། འོག་མ་བཞི་མངའ་གཞུ་དང་རལ་གྲི་ཨུད་པ་ལ་འཛིན་པའོ། །རིན་པོ་ཆེའི་ཅོད་པན་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དེའི་ཤར་ཕྱོགས་སུ་རྣམ་པར་སྣང་མཛད་དཀར་པོ་གཡས ་གཡོན་ཞལ་ནག་པ་དང་དམར་པོ། ཕྱག་གཡས་གཡོན་འཁོར་ལོ་དང་རྡོ་རྗེ་དང་རལ་གྲི་དང་།དྲིལ་བུ་དང། ནོར་བུ་ཁང་པདྨ་འཛིན་པའོ། །ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང། རྡོ་རྗེ་དང། རལ་གྲི་དང། དྲིལ་བུ་དང། འཁོར་ལོ་དེ ་པདྨ་འཛིན་པའོ། །ནུབ་ཏུ་སྣང་བ་མཛའ་ཡས་དམར་པོ་པདྨ་དང་རྡོ་རྗེ་དང་།རལ་གྲི། དྲིལ་བུ། ནོར་བུ། འཁོར་ལོ་འཛིན་པའོ། །བྱང་དུ་དོན་ཡོད་གྲུབ་པ་ལྗང་ཁུ་རྒྱ་གྲམ། རལ་གྲི། འཁོར་ལོ། དྲིལ་བུ་།ནོར་བུ། པདྨ་འཛིན་པའོ། །རྣམ་པ་གསུམ་པོ་འདི་དག ་ནི་ཞལ་གཡས་གཡོན་ནག་པ་དང་དཀར་པོའོ། །རིན་པོ་ཆེའི་རྒྱན་ནི་སྔར་ལྟར་རོ། །ཤར་ལྷོ་རུ་སངས་རྒྱས་སྤྱན་རྣམ་སྣང་དང་འདྲ་བ། །སྲིན་པོར་མ་མ་ཀི་མི་བསྐྱོད་པ་འདྲ་བ་།རླུང་མཆེམས་སུ་གོས་དཀར་མོ་སྣང་བ་མཛའ་ཡས་ལྟ་བུའོ། །དབང་ལྡན་དུ་སྒྲོལ་མ་རིན? ་འབྱུང་ལྟ་བུའོ། །ཕྱག་དང་པོ་ན་རང་དང་འདྲ་བའི་ཨུད་པ་ལ་དང་ནོར་བུ་དང། །བར་མ་ན་རྡོ་རྗེ་དྲིལ་བུ་དང། ཐ་མ་ནི་ནོར་བུ་དང་པདྨ་འཛིན་པའོ། །དེ་ལྟར་བསྒོམ་པ་ནི་བསྒྲུབ་ཐབས་ལས་དེ་ལྟར་བཤད་པའི་ཕྱིར་རོ། །ཤར་ལྷོར་གཟུགས་རྡོ་རྗེ་མ་དཀར་མོ། །རྡོ་རྗེ་དང་དྲིལ ་བུ་དང་ཨུད་པ་ལ་དང། རལ་གྲི་དང་།ནོར་བུ་དང། པདྨ་འཛིན་པའོ། །ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ་མཐིང་ཁ་རྡོ་རྗེ་དང་དྲིལ་བུ་དང་པི་ཝང་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །ནུབ་བྱང་དུ་རྡོ་རྗེ་མ་སེར་མོ། །རྡོ་རྗེ་དྲིལ་བུ་དང་དུང་ཆོས་དང་རལ་གྲི་འཁོར་ལོ་དང་།པདྨའི་འཛིན ་པའོ། །བྱང་ཤར་དུ་རོ་རྡོ་རྗེ་མ་དམར་མོ་རྡོ་རྗེ་དང་དྲིལ་བུ་ཞལ་ཟས་རལ་གྲི་ནོར་བུ་འཁོར་ལོ་འཛིན་པའོ། །ཤར་ནུབ་གཉིས་སུ་རེག་རྡོ་རྗེ་མ་ལྗང་།བུ་རྡོ་རྗེ་དྲིལ་བུ་དང་གོས་སྣ་ཚོགས་དང། རལ་གྲི་དང་ནོར་བུ་དང། པདྨ་འཛིན་པའོ། །ཆོས་དབྱིངས་རྡོ་རྗེ་མ་དཀར་མོ ་ཆོས་འབྱུང་དང་རྡོ་རྗེ་དྲིལ་བུ་རལ་གྲི་ནོར་བུ་པདྨ་འཛིན་པའོ། །ལྷ་བཅོ་ལྔ་པ་འདི་ནི་དཀྱིལ་ཀྲུང་གིས་བཞུགས་པ་ལ་ཕྱག་དྲུག་གི་དང་པོ་གཉིས་ཐུགས་ཁར་ཡུམ་ལ་འཁྱུད་པའི་ཚུལ་དེ། དེ་ཡང་ཕོ་རྣམས་མོ་ལ་འཁྱུད་པ། མ་རྣམས་ཕོ་ལ་འཁྱུད ་པའི་ཚུལ་ལོ། །སྒོ་བཞིར་གཤིན་རྗེ་གཤེད་དང་ཤེས་རབ་མཐར་བྱེད། བགེགས་མཐར་བྱེད། །བཞི་ནི་གཞེངས་ནས། གཡས་བསྐུམ། གཡོན་བསྐྱེད་པའོ། །རིགས་ཀྱི་བདག་པོས་དབུལ་མཚན་པ་ནི། །འཇམ་པའི་རྡོ་རྗེ་ལ་མི་བསྐྱེད ་པས་སོ། །གཞན་འཁོར་རྣམས་ལ་ཤར་ནས་བརྩམས་ཏེ་རིགས་གཞིས་སོ། །སྤྱན་དྲངས་ལ་མཆོད་པ་དང་བཟོས་པ་བྱ་བ་ནི། འཇམ་པའི་རྡོ་རྗེའི་ཐུགས་ཀར་རང་དང་འདྲ་བའི་སེམས་དཔའ་། དེའི་ཐུགས་ཁར་རལ་གྲིའི་ཡུ་བ་ལ་ས་བོན་མུཾ(རྒྱུད་འགྲེལ་བཞི་ལ་ཐུགས་ཁར་བྲུཾ་ཨཾ་ཛིཾ་ཁཾ་ལས་ཟླ་བ་།དེའི་ཐུགས་ཁར་རང་འདྲ་བའི་སེམས་དཔའ་ལྷ་མོ་རྣམས་ལ་ནི། ལཾ་མཾ་པཾ་ཏཾ་ཛ་ཧཱུཾ་བཾ་ཧོ་ཁཾ་རཾ་རྣམས་སོ། །ཁྲོ་བོ་བཞི་ལ་ཧཱུཾ་ངོ་།སྙིང་པོའི་སྔགས་ནི། ཨོཾ་ཨཱ་མུཾ་ཧཱུཾ་ཞེས་སོ། །འཁོར་གྱི་སྙིང་པོ་འདིར་མ་བྲིས་སོ།། ་སྔགས་ཅི་རིགས་པར་བཟླས་ལ་བསྟོད་པ་བྱས་ལ་དབང་བསྐུར་བ་ནི། ཡེ་ཤེས་ཞབས་ཀྱིའོ། །རྡོ་རྗེ་ཧཱུཾ་མཛད་གསང་འདུས་ཁྲོ་བོ་བཅས་སྐོར་བའི་དཀྱིལ་འཁོར་ནི། ཚོགས་སྩོག་པ་དང་འབྱུང་བ་ལྔའི་དཀྱིལ་འཁོར་བསྐྱེད་པ་སྔར་ལྟར་ལ་།འདིར་བྲུཾ་ལས་འཁོར་ལོ ་རྩིབས་བཅུ་པ་སྒོ་དང་བཅས་པ་བསྐྱེད་ལ་།དེའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་འཇིགས་བྱེད་དང་དུས་མཚན་གཡས་བསྐུམ་ཞིང་གཡོན་བརྐྱང་བ། སྐུ་མདོག་མཐིང་ཁ། ཞལ་གཡས་དཀར་བ། གཡོན་དམར་བ་།ཕྱག ་དྲུག་གིས་རྡོ་རྗེ་འཁོར་ལོ། རིན་པོ་ཆེ་།དྲིལ་བུ་པད་མ་རལ་གྲི་འཛིན་པའོ། །རང་འོད་ཀྱི་རིག་མ་རང་ཅི་འདྲ་བར་ལ་འཁྱུད་པ། འཁོར་ལོ་རྩིབས་བཅུ་པའི་སྟེང་དུ་ཕྱོགས་སྐྱོང་ཆེན་པོ་བཅུ་བསྒྱེལ་བའི་གདན་སྟེངས་སུ་ཤ་དུ་གཤིན་རྗེ་གཤེད་པོ། །ལྷོར་གཞན ་མི་ཐུབ་པ། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་པ། ཤར་ལྷོར་མི་གཡོ་བ། ལྷོ་ནུབ་ཏུ་འདོད་པའི་རྒྱལ་པོ། ནུབ་བྱང་དུ་དབྱུག་སྔོན་ཅན་།བྱང་ཤར་དུ་སྟོབས་པོ་ཆེ། སྟེང་དུ་གཙུག་ཏོར་འཁོར་ལོ་བསྒྱུར་བ་།འོག་ཏུ་གནོད་མཛེས་འཕགས་སྐོར ་ལྷར་རོ། །ལྷ་མོ་བཞི་དང་སྒོ་མ་བཞིན་ཁྲོ་མོའི་ཚུགས་ཅན་ནོ། །ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ། སྤྱན་དྲངས་ལ་མཆོད་པ་བྱ་བ་ནི། བཟླས་པ་བྱ་བ་ནི་།ོཾ་བཛྲ་དྷྲིཀ་བཛྲ་ཧཱུཾ་ཀ་ར་བཛྲ་ཧཱུཾ་ཕཊ། ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྙིང་པོའི་སྔགས་སོ། །ལས་ཐམS ་ཅད་པའི་སྔགས་ནི། འདི་བརྒྱད?་འགལ་བ་མེད། ཨོཾ་བཛྲ་ཀུན་དྷ་ལི་ཧཱུཾ་ཕཊ་ཞེས་སོ། །བསྟོད་པ་བྱས་ལ་དབང་བསྐུར་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱིའོ། །འཇམ་དཔལ་དགྲ་ནག་ལྷ་བཅུ་གསུམ་མའི་མངོན་པར་རྟོགས་པ་ནི་ཚིགས་བསག་པ་དང་འབྱུང་བ་ལྔའི་དཀྱིལ ་འཁོར་བསྐྱེད་པ་?་ལྟར་ལ། འདིར་བྲུཾ་ལས་ཕོ་བྲང་གླིང་དགུ་གྲུ་ཆད་ལ་སྒོ་བཏོད་བཅན་བྱས་ལ། བརྟེན་པ་ལྷ་བསྐྱེད་པ་ནི། ཉི་ཟླ་པདྨའི་སྟེང་དུ་དུ་གཤིན་རྗེ་ཁྱབ་འཇུག་པོ་མ་བསྐྱེལ་བའི་སྟེང་དུ་མ་ཧེ་དེའི་སྟེང་དུ་ཐིག་ལེ། དེ་ཡོངས་སུ་གྱུར་པ་ལས་? ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འཇམ་དཔལ་དགྲ་ནག་སྐུ་མདོག་དང་རྩ་ཞལ་མཐིང་ཁ་གཡས་དཀར་བ། གཡོན་དམར་བ། གཡས་དང་པོ་རྡོ་རྗེ། གཉིས་པ་ན་རལ་གྲི་།གསུམ་པ་ན་གྲི་གུག་གོ་།གཡོན་དང་པོ་ན་འཁོར་ལོ་གཉིས་ལན་པདྨ། ་གསུམ་པ་མཐོད་པ་ཐོགས་པས་རང་འོད་ལ་འཁྱུད་པ། ཞབས་གཡས་བསྐུམ་པས་གཤིན་རྗེ་ཕོ་མོ་དང་མ་ཧེའི་མགོ་གནང་པའོ། །གཡོན་བརྐྱང་པས་མ་ཧེའི་ཚང་སྟེགས་སུ་མནན་པ་།ཞབས་བསྒྲང་པ། མཆེ་བ་གཙིགས་པ། སྤྱན་དགུ་དམར་བ། སྟག ་གི་ལྤགས་པས་སྨད་དཀྲིས་པ། ཞིང་ལྤགས་སེར་ལ་ཁར་བཅིངས་པ། གླང་པོའི་སྐོ་རློན། ཐོད་པའི་ཕྲེང་བ་དང། སྐམ་པོའི་དབུ་རྒྱན་བྱས་པ། སྤྲུལ་རིགས་ལྔས་དབུལ་བརྒྱན་པའོ། །ཤར་དུ་ཨཾ་ཛིན་ཛིཀ། །ཞེས་པས་གཏི་མུག་གི་ཤིན་རྗེ་གཤེད་དཀར་པོ། ་གཡས་སཕོ?་གཡོན་དམར་བ་།ཕྱག་གཡས་གསུམ་ན་རྡོ་རྗེ་འཁོར་ལོ། རལ་གྲི་།གཡོན་ན་ཐོད་པ་དང་།རིན་པོ་ཆེ་དང་པདྨ། ལྷོ་ཕྱོགས་སུ་རང་ན་དྷྲིཀ་ཅེས་པས་སེར་སྣ་གཤིན་རྗེ་གཤེད་སེར་པོ། གཡས་སྔོ། གཡོན་དཀར་པོའོ། །ཕྱག་གཡས་ན་རྡོ་རྗེ ་དང་རིན་པོ་ཆེ་དང་རལ་གྲི་དང། གཡོན་ན་ཐོད་པ་དང་འཁོར་ལོ་པདྨ་།ནུབ་ཏུ་ཨ་རོ་ལིཀ་ཅེས། འདོད་ཆགས་གཤིན་རྗེ་གཤེད་སྐུ་དང་རྩ་ཞལ་དམར་པོ། གཡས་སྔོ་བ་གཡོན་དཀར་པ། ཕྱག་གཡས་ན་རྡོ་རྗེ་དང་པདྨ་རལ་གྲི་།གཡོན་ན་ཐོད་པ་འཁོར་ལོ་རིན ་པོ་ཆེའོ། །བྱང་དུ་དྲཛཧ་དྷྲིཀ་ཅེས་པས་ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ། གཡས་སྔོ་།གཡོན་དཀར་བ། གཡས་ན་རྡོ་རྗེ། རལ་གྲི་རྒྱ་གྲམ་།གཡོན་ན་ཐོད་པ་འཁོར་ལོ་པདྨ་བསྣམས་པའོ། །ཟུར་བཞི་ལ་ཐོད་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་བཞིའོ། །མུད? ་ཀར་དྷྲིཀ་ཅེས་པས་ཤར་སྒོར་ཐོ་བ། གཤིན་རྗེ་གཤེད་སྔོན་པོ། གཡས་དཀར་བ། གཡོན་དམར་བ། རྡོ་རྗེ་ཐོ་བ་རལ་གྲི། གཡོན་ཐོད་པ་འཁོར་ལོ་པདྨ་བསྣམས་པའོ། །ོཾ་དྷ་དྷ་དྷྲིཀ་ཅེས་པས་ལྷོ་སྒོར་བེ་ཅོན་གཤིན་རྗེ་གཤེད་།དཀར་པོ་གཡས་སྔོ། ་གཡོན་དམར་བ། རྡོ་རྗེ་བེ་ཅོན་རལ་གྲི་དང། ཐོད་པ་འཁོར་ལོ་པདྨའོ། །ོཾ་པདྨ་དྷྲིཀ་ཅེས་པས་།ནུབ་སྒོར་པདྨ་གཤིན་རྗེ་གཤེད་དམར་པོ། །གཡས་དཀར་གཡོན་སྔོ་བ། ཕྱག་ན་རྡོ་རྗེ་པདྨ་རལ་གྲི་དང། ཐོད་པ་འཁོར་ལོ་རིན་ཆེན་ནོ། །འོཾ་ཁང་ཁ་དྷྲིག་ཅེས་པ་ས ་བྱང་སྒོར་རལ་གྲི་གཤིན་རྗེ་གཤེད་ལྗང་ཁུ་།གཡས་སྔོ། གཡོན་དཀར་བ་།རྡོ་རྗེ་རལ་གྲི་རྒྱ་གྲམ་ཐོད་པ་འཁོར་ལོ་པདྨའོ། །འོཾ་མ་ཧ་ར་ཏི་ཞེས་ཤར་ལྷོར་རྡོ་རྗེ་ཙར་ཙི་ཀ་དཀར་མོ་གཡས་སྔོ། གཡོན་དམར་བ། གྲི་གུག་འཁོར་ལོ། རལ ་གྲི་ཐོད་པ། རིན་ཆེན་པདྨ། ཨོཾ་ཏེ་ཁར་ཏི་ཅེས་པས་ཕག་མོ་སྔོན་མོ་དཀར་པོ་དང་དམར་བ། གྲི་གུག་རིན་ཆེན་།རལ་གྲི་ཐོད་པ་འཁོར་ལོ། །པདྨ་གར་ཏེ་ཅེས་པས་།ནུབ་བྱང་དུ་དབྱངས་ཅན་མ། དམར་མོ་གཡས་སྔོ་གཡོན་དཀར་བ། གྲི་གུག ་པད་མ་རལ་གྲི། ཐོད་བ་འཁོར་ལོ་རིན་པོ་ཆེ། བཛྲ་ཏེ་ཅེས་པས་བྱང་ཤར་དུ་མཛོད་ལྡན་མ་སྐུ་དང་རྩ་ཞལ་ལྗང་ཁུ་།གཡས་སྔོ་གཡོན་དཀར་བ་།གྲི་གུག་།ུད་པ་ལ་རྡོ་རྗེ། ཐོད་པ་འཁོར་ལོ་པདྨ་།རྩ་ཕྱག་ཐམས་ཅད་དང་འདྲ་བའི་རིག་མ་ལ་འཁྱུད ་པ། ཁྲོ་བོའི་རྒྱན་གྱིས་བརྒྱན་པའོ། །ཐུགས་ཁར་ཡེ་ཤེས་སེམས་དཔའ་དང་དང་འདྲ་བ་རི་རེ། དེའི་ཐུགས་ཁར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ། རྡོ་རྗེ་ལྟེ་བ་ལ་ཕྲ་མོའི་ཏིང་ངེ་འཛིན་ཧཱུཾ་རི་རེ་།དེ་ལ་ཧྲཱིཥྚི་བསྐོར་བར་བསམ་ཞིང། སྤྱན་དྲང་བ་དང། ་མཆོད་པ་དང་བཟླས་པ་དང་བསྟོན་པ་བྱས་ནས་དབང་བསྐུར་བ་ནི་གཤིན་རྗེ་གཤེད་དགྲ་ནག་གི་རིམ་པའོ། །འཇམ་དཔལ་གདོང་དྲུག་གི་མངོན་པར་རྟོགས་པ་ནི། །ཚོགས་སྩོག་པ་དང་འབྱུང་བ་ལྔའི་དཀྱིལ་ཨོཾ་ཧྲི:?་འཁོར ་བསྐྱེད་པ་སྔོན་དུ་སོང་ནས། དཀྱིལ་འཁོར་བསྐྱེད་པ་ནི་བྲུཾ་ལས་འཁོར་ལོ་རྩིབས་བརྒྱད་པ་བསྐྱེད་ལ་།དེར་བརྟེན་པ་ལྟ་བསྐྱེད་པ་ནི། ཉི་ཟླ་པདྨའི་སྟེང་དུ་ཡ་ལས་གཤིན་རྗེ་དང་ཙ་མུན་ཏྲི་གཉིས་བསྣོལ་བའི་སྟེང་དུ་།དུ་ལས་མ་ཧེ་།དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། དེ་ལས ་འཇམ་དཔལ་གཤིན་རྗེ་གདོད་དྲུག་པ་།ཞབས་དྲུག་པ། སྐུ་མདོག་དུག་ཧ་ལ་ཧ་ལའི་མདོག་ལྟར་ནག་པ། རྩ་ཞལ་དེ་དང་མཚུངས་པ་ལ་ཞལ་གཞན་ནི། དཀར་བ་དང་སེར་བ་དང་དམར་པ་དང་ལྗང་ཁུ་དང་སྟེང་ཞལ་ནམ་མཁའ་སྟོང་སྔོ་བའོ། ཕྱག་དྲུག་གིས ་གཡས་དང་པོ་ན་རྡོ་རྗེ་ཐོ་བ། བར་མ་ན་རལ་གྲི། ཐ་མ་ན་རྡོ་རྗེ། གཡོན་གྱི་དང་པོ་ན་ཞགས་པ་སྡིགས་མཛུབ། གཉིས་པ་ན་གཏུན་ཤིང་གསུམ་པ་ན་དྲིལ་བུ། ཞབས་དྲུག་གི་གཉིས་པ་རྡོ་རྗེའི་དཀྱིལ་དཀྲུངས་གཉིས་ཐབས་དང་ཤེས་རབ་ཀྱི་བརྐྱང་བསྐུམ་གཉིས་ཀྱང་ཀྱི ་དོར་ཐབས་སོ། །སེང་གེའི་སྟོང་གཡོགས་དང་།སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ། དབུ་སྐྲ་གྱེན་དུ་འབར་ཞིང་ཐོད་པའི་ཕྲེང་བས་བརྒྱན་པ། ཀླུ་རིགས་བཞིས་ཡན་ལག་བརྒྱན་པའོ། །ཤར་གྱི་རྩིབས་ལ་གཏི་མུག་གཤིན་རྗེ་གཤེད་དཀར་པོ། འཁོར ་ལོ་དང་དྲིལ་བུ་འཛིན་པའོ། །ལྷོར་སེར་སྣ་གཤིན་རྗེ་གཤེད། སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པའོ། །ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་པདྨ་དང་དྲིལ་བུ་འཛིན་པ་དམར་པོ། །བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་དང་དྲིལ ་བུ་འཛིན་པ། མཚམས་བཞིར་ས་རྡོ་རྗེ་མ་དཀར་མོ། །མེ་རྡོ་རྗེ་མ་སེར་མོ། ཆུ་རྡོ་རྗེ་མ་དམར་མོ། རླུང་རྡོ་རྗེ་མ་ལྗང་ཁུའོ། །འཁོར་ལོ་དང་རིན་པོ་ཆེ་དང། པདྨ་དང་སྣ་ཚོགས་རྡོ་རྗེ་ཐོད་པ་འཛིན་པའོ། །གྲུ་བཞིར་སྒེག་མོ་དཀར་མོ་དང་ཕྲེང་བ་མ་སེར་མོ་དང་གླུ་མ་དམར ་མོ་དང། ཀར་མ་ལྗང་ཁུའོ། །གྲུ་ཆད་བཞིར་བདུག་སྤོས་མ་དཀར་མོ་དང་།མེ་ཏོག་མ་སེར་མོ་དང་།དྲི་ཆབ་མ་ལྗང་ཁུའོ། །སྒོ་བཞིར་ཐོ་བ་གཤིན་རྗེ་གཤེད་དཀར་པོ་དང། བེ་ཅོན་གཤིན་རྗེ་གཤེད་སེར་པོ་དང་།པདྨ་གཤིན་རྗེ་གཤེད་དམར་པོ་དང། རལ་གྲི ་གཤིན་རྗེ་གཤེད་ལྗང་ཁུའོ། །ཐུགས་ཁའི་ས་བོན་ནི་ཧྲིའོ། །སྙིང་པོའི་སྔགས་ནི་ཤྲིཥྚིའོ། །སྤྱན་དྲངས་མཆོད་པ་ཕུལ་ནས་བཟླས་པ་བྱས་ནས་བསྟོད་ཅིང་དབང་བསྐུར་བ་ནི་འཇམ་དཔལ་གདོང་དྲུག་གི་ཆོ་ག་ཡིན་ནོ།། །།འཇམ་དཔལ་གཤིན་རྗེ ་གཤེད་དམར་པོའི་མངོན་པར་རྟོགས་པ་ནི་།ཚོགས་བསག་པ་དང་འབྱུང་བ་ལྔའི་བཅུ་བཞི་པ། དཀྱིལ་འཁོར་བསྐྱེད་པ་སྔར་ལྟར་ལ། དེའི་སྟེང་དུ་བྲུཾ་ལས་གཞལ་ཡས་འཁོར་ལོ་རྩིབས་བཞི་པའི་ཕྱོགས་ལ་སྣ་ཚོགས་རྡོ་རྗེས་མཚན་པ། གྲུ་ཆད་ལ་སྒོ་བཏོད་པ་ ་བསྒོམས་ལ། དེ་ལ་ལྷ་བསྐྱེད་པ་ནི་བཾ་ལས་པདྨའི་སྟེང་དུ་མ་ཏེ་གླང་དགོད། །དེའི་སྟེང་དུ་ཧཱུཾ་དམར་པོ་ལས་དབྱུག་ཏོ་ཧཱུཾ་གིས་མཚན་པ། དེ་ལས་ཁྲོ་བོ་གཤིན་རྗེ་གཤེད་དམར་པོ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་པོ ་བྱི་རུ་བཅག་པ་འདྲ་བ། ཕྱག་གཡས་ན་ཁམས་གསུམ་འཇོམས་པའི་དབྱུག་ཏོ་དཀར་དམར་པོ། ཕྱག་གཡོན་ན་བདུད་ཀྱི་ཁྲག་གིས་བཀང་བའི་ཐོད་པ། ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་པ། ལྗགས་འདྲིལ་བ། སྤྱན་གསུམ་དམར་བ། མཆེ་བ་གཙིགས ་བ། སྐུ་ཤ་རྒྱས་པ། སྟག་གི་ཤམ་ཐབས་ཅན་།གླང་པོ་ཆེའི་ཀོ་རློན་གསོལ་བ་།ཐོད་པ་ལྔ་བཅུའི་ཕྲེང་བ་བྱས་པ། ཡུམ་རྡོ་རྗེ་རོ་ལངས་མ་ཞལ་གཅིག་ཕྱག་གཉིས་མ་གཡས་ཀྱིས་གྲི་གུག་བཟུང་ནས་སྐུ་ལ་འཁྱུད་པ། གཡོན་གྱིས་ཐོད་པ་ཁྲག་གིས ་བསྐད་བ་ཞལ་དུ་སྟོབས་པ། ཤར་དུ་གཏི་མུག་གཤིན་རྗེ་གཤེད་དཀར་པོ། འཁོར་ལོ་དང་དྲིལ་བུ་བསྣམས་པ་ལ་ཡུམ་བཛྲ་ཙར་ཙིཀ་བ?་འཁྱུད་པའི་ཕྱག་གིས་གྲི་གུག་དང་ཐོད་པ་འཛིན་པ་ལྷོར་སེར་སྣ་གཤིན་རྗེ་གཤེད་སེར་པོ་རིན་པོ་ཆེ་དང་དྲིལ་བུ་ཐོག ་པ། ཡུམ་ཕག་མོ་གྲི་གུག་དང་ཐོད་པ་ཐོགས་པ་།ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་པདྨ་དང་དྲིལ་བུ་ཐོགས་པ་ལ། །དག་ཡུཾ་དབྱངས་ཅན་མ་གྲི་གུག་དང་ཐོད་པ་ཐོགས་པ། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ ་?་པ་ལ་ཡུམ་གྷོ་ར་མ་ལྗང་ཁུ་གྲི་གུག་དང་ཐོད་པ་འཛིན་པའོ། །གྲུ་ཆད་བཞི་ལ་བུམ་པ་བཞིའི་སྟེང་དུ་ཐོད་པས་མཚན་པ། སྒོ་བཞི་ལ་ཤར་དུ་ཡ་མ་ར་ཙ་དཀར་པོ་གཡས་ན་རྡོ་རྗེ་ཐོ་བ། ལྷོ་རུ་ཡ་མེ་དོ་ཙ་སེར་པོ་དབྱུག་ཏེ་ཐོགས་པ་།ནུབ་ཏུ་ཡ་ད་ཡོ ་ནི་དམར་པོ་དགྲ་སྟེ་ཐོགས་པ། བྱང་དུ་ཡཀྵི་ཡ་ཙ་ལྗང་ཁུ་རལ་གྲི་ཐོགས་པ་ལ་གཡོན་ཐམས་ཅད་སྡིགས་མཛུབ་གདེངས་པའོ། །དེ་དག་ཐམས་ཅད་ཀྱི་ཐུགས་ཁར་ཕྱག་མཚན་དེའི་ལྟེ་བ་ལ་ཧཱུཾ་།དེ་ལ་ཧྲི:ཥྚིས?་སཾ་བསྐོར་བར་བསམས་ལ་།བཅུ་བཞི་པ་སྤྱན? ་དྲང་བ་དང་མཆོད་པ་དང། བཟླས་པ་དང་བསྟོད་པ་བྱས་ནས་དབང་བསྐུར་བ་ནི། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོའི་མངོན་པར་རྟོགས་པའི་ཆོ་གའོ། །རྡོ་རྗེ་འཇིགས་བྱེད་ཀྱི་མངོན་པར་རྟོགས་པ་ནི། བསྲུང་པའི་འཁོར་ལོ་དང་།ཚོགས་བསགས་དང་? ་ལྔའི་དཀྱིལ་འཁོར་བསྐྱེད་པ་སྔོན་དུ་སོང་ནས། འདིར་བྲུཾ་ལས་ཕོ་བྲང་གླིང་དགུ་གཉིས་བཅོ་བརྒྱད་སྒོ་རྟ་བབས་དུར་ཁྲོད་རྡོ་རྗེ་མེ་རི་དང་བཅས་པ་བསྐྱེད་ལ། །ལྷ་བསྐྱེད་པ་ནི་ཉི་ཟླ་པདྨའི་སྟེང་དུ་བྱོལ་སོང་ཆེན་པོ་བཅུ་དྲུག་བསྣོལ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། བཅོམ་ལྡན ་འདས་བྷཻ་ར་བ་ཆེན་པོ་ཞལ་དགུ་ཕྱག་སུམ་ཅུ་སོ་གཉིས་ཞབས་བཅུ་དྲུག་པ་མི་མགོའི་ཕྲེང་བ་དང། གཅེར་བུ་མཚན་མ་གྱེན་དུ་འགྲེང་བ། ཞལ་དགུ་ནི་རྩ་ཞལ་མ་ཧེ་གཡས་པ་གསུམ་དཀར་པོ་དང་མཐིང་ཁ་ལྗང་ཁུ། གཡོན་གྱི་གསུམ་ན་དམར་པོ་ནག ་པོ་དུང་ཁའོ། །རྭ་བར་གྱི་ཞལ་དམར་པ་སྟེང་ཞལ་སེར་པོའོ། །ཕྱག་སུམ་ཅུ་སོ་གཉིས་ཀྱི་དང་པོ་གཉིས་ཀྱིས་གླང་པོ་ཆེའི་ལྤགས་པ་འཛིན་པ། དེ་ནས་གཡས་ཀྱི་བཅོ་ལྔའི་དང་པོ་ནི་གྲི་གུག་།གཉིས་པ་ན་མཚོན་རྩི་གཅིག་པ། གསུམ་པ་ན་གཏུན་ཤིང། ་བཞི་ཕན་ཆུ་གྲི། ལྔ་པ་ན་ཅུག་གཟང་ཅེས་བྱ་རྡོ་རྗེ་རྩེ་གཅིག་པའོ། །དྲུག་པ་ན་སྟ་རེ། བདུན་བན་མདུང། བརྒྱད་པ་ན་མདའ། དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་དབྱུག་ཏོ། །བཅུ་ཅིག་པན་ཁ་ཊཝཱ་ཁ། བཅུ་གཉིས་པན་འཁོར་ལོ། བཅུ་གསུམ་པ་ན་རྡོ་རྗེ་ཐོ་བ། བཅུ ་བཞི་པ་ན་རལ་གྲི། བཅོ་ལྔ་པ་ན་རྗེ་ཆུང་ངོ། །གཡོན་གྱི་བཅོ་ལྔའི་དང་པོ་?་པཱ་ལ་།གཉིས་ཕན་ཚངས་མགོ་།གསུམ་པ་ན་ཕུབ་།བཞི་པ་ན་མི་རྐང་།ལྔ་པན་ཞགས་པ། དྲུག་པ་ན་རྒྱུ་མ། བདུན་པ་ན་དྲིལ་བུ། བརྒྱད་པ་ན་ལག་པ། དགུ་པ་ན་དུར་ཁྲོད་ཀྱི་རས་།བཅུ ་བན་སྐྱེས་བུ་གསལ་ཤིང་ལ་བཙུགས?་པ། བཅུ་གཅིག་པ་ན་མོ་ཐབ། བཅུ་གཉིས་པ་ན་ཐོད་ཚལ། བཅུ་གསུམ་པ་ན་སྡིགས་མཛུབ། བཅུ་བཞི་བི་ན་འཕན་རྩེ་གསུམ་།བཅོ་ལྔ་པ་ན་རླུང་གིས་རས་སོ། །ཞབས་གཡས་བརྒྱད་ཀྱིས་མེ་དང་མ་ཧེ་དང་གླང་དང ་བུང་བུ་དང། རྔ་མོ་དང། ཁྱི་དང་།ལུག་དང་ཐ་རྣམས་བརྫིས་པའོ། །གཡོན་པ་བརྒྱད་ཀྱིས་བྱ་རྒོད་དང་།འུག་པ་དང། བྱ་རོག་དང། ནེ་ཚོ་དང། ཁྲ་དང་།ཁྱུད་དང་།རི་སྐེགས་།བཞད་རྣམས་བརྫིས་པའོ། །སྒོ་བཞིར་ཤར་ཕྱོགས ་གཤིན་རྗེ་ལྕགས་ཀྱུ་མ་མཐིང་ནག། གྲི་དང་ཐོད་པ་འཛིན་ཅིང་རྨ་བྱ་ལ་ཅིབས་པ། ལྷོ་སྒོར་གཤིན་རྗེ་ཞགས་པ་མ་གྲི་དང་ཐོད་པ་ཐོགས་པ་སྤྲུལ་ལ་ཆིབས་པ། ནུབ་དུ་གཤིན་རྗེ་ལྕགས་སྒྲོག་མ་གྲི་དང་ཐོད་པ་འཛིན་ཅིང་མཐིང་རིལ་ལ་ཆིབས་པ། བྱང་? ་སུ་གཤིན་རྗེ་འབེབས་མ་ནག་མོ་གྲི་དང་ཐོད་པ་ཐོགས་ནས་ཀང་ཀ་མཆུ་རིངས་ལ་ཆིབས་པའོ། །ཤར་ལྷོར་གཤིན་རྗེ་དུས་མཚན་མ་ནག་མོ་གྲི་དང་ཐོད་པ་།ཆིབས་སུ་བྱ་རོག་ཆིབས་པའོ། །ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་ནག་མོ་གྲི་དང་ཐོད་པ་བྱ་རྒོད་ཆིབས ་པའོ། །ནུབ་བྱང་དུ་མཆེ་བ་ཅན་གྲི་དང་ཐོད་པ་འུག་པ་ལ་ཆིབས་པའོ། །བྱང་ཤར་དུ་གཤིན་རྗེ་བེ་ཅོན་མ་གྲི་དང་ཐོད་པ་གསོད་བྱེད་ཆེན་མོ་ཁྲལ་ཆིབས་པ། དེ་ལྟར་བསམས་པའི་ཐུགས་ཁར་ཨ་ལས་ཉི་མའི་དལ་གྱི་སྟེང་དུ་བཟླས་པའི་ཡི་གེ་བསྒོམས་ལ་།དེ ་ལས་འོད་འཕྲོས་བས་ཡེ་ཤེས་པ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ་ལ་བཟླས་པ་བྱས་ནས་བསྟོད་པ་བྱས་པའི་དབང་བསྐུར་བ་ནི་འཇིགས་བྱེད་ཀྱི་ཆོ་གའོ། །བཻ་རོ་ཙ་ན་རཀྵི་ཏའི་འཇིགས་བྱེད་ཡབ་ཡུམ་ལྷ་བཅོ་བརྒྱད་ཀྱི་མངོན་པར་རྟོགས་པ་ནི། ཚོགས་བསལ ་པ་དང་འབྱུང་བ་ལྔའི་དཀྱིལ་འཁོར་བསྐྱེད་པ་སྔར་ལྟར་ལ། འདིར་གཞལ་ཡས་?་ཧཱུཾ་ཕཊ། བཅུ་?་ཁང་བསྐྱེད་པ་ནི། བྲུཾ་ལས་ཕོ་བྲང་གྲུ་བཞི་སྒོ་བཞི་འཁོར་ལོ་རྩིབས་བརྒྱད་པ་བསྐྱེད་ལ། དེ་ལྟར་བསྐྱེད་པ་ནི་ཉི་ཟླ་པདྨ་སེམས་ཅན་གྱི་སྟེང ་ཏུ?་ཧཱུཾ་ལས་རྡོ་རྗེ། དེ་ལས་འཇིགས་བྱེད་བཛྲ་བEེ་ར་བ། ?་ཕྱག་སུམ་ཅུ་སོ་བཞི་ཞབས་བཅུ་དྲུག་།སྐུ་མདོག་ནག་པོ་ལ་རྩ་ཞལ་མ་ཧེའི་ཞལ་ནག་པོ། སྟེང་གི་ཞལ་སྲིན་པོའི་ཞལ་དམར་པོ་ཁྲག་འཛག་པ་ལ། གསུམ་པ་འཇམ་པའི་རྡོ་རྗེའི་ཞལ་སེར་པོ་ཡིད་ཙམ་ཁྲོ ་པའོ། །རྭའི་གཡས་ཕྱོགས་ཀྱི་ཞལ་གསུམ་དང་པོ་སྔོན་པོ། །གཉིས་པ་དམར་པོ། གསུམ་པ་སེར་པོའོ། །གཡོན་གྱི་ཞལ་གསུམ་གྱི་དང་པོ་དཀར་པོ། གཉིས་པ་དུང་ཁ་།གསུམ་པ་ལྗང་ཁུའོ། །ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ་།རལ་པ་ཐམས་ཅད ་འཇམ་པའི་རྡོ་རྗེའི་དབུའི་སྟེང་ན་ཐོད་ཅོག་བྱས་པའོ། །ཕྱག་སུམ་ཅུ་སོ་བཞིའི་དང་པོ་ནི། རྟོག་པ་བཞི་པར་རྡོ་རྗེ་བཤད། རྟོག་པ་ལྔ་པ་ན་བསྒྲུབ་ཐབས་སྦྱིན་སྲེག་ནས་གྲི་གུག་བཤད་དེ། དེ་མི་འགལ་བླ་མ་པཎྜི་ཏས་བླ་མ་ཆེ་པོ་ལ་དྲིས་པས་དེ་མི་འགལ་ཏེ ་སློབ་དཔོན་པདྨའི་ཐར་སྐུ་ལ་རྡོ་རྗེ་ཡོད་པས་རྡོ་རྗེ་ཡང་ཡིན་གསུངས་ཏེ། རིགས་པའི་དབང་དུ་བྱས་ན་གཡོན་གྱི་དང་པོ་ན་ཐོད་པ་ཡོད་པས། གཡས་དང་པོ་ན་གྲི་གུག་བསྣམས་པར་རིགས་གསུང་བས། གཡོས་གཡོན་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད ་བསྣམས་ནས་ཡུམ་ལ་འཁྱུད་པ། གཉིས་པ་གླང་པོ་ཆེའི་ལྤགས་པ་བརྒྱངས་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་མཚོན་རྩེ་གཅིག་པ། བཞི་པ་ན་གཏུན་ཤིང་།ལྔ་པ་ན་རྡོ་རྗེ། དྲུག་པ་ན་རྡོ་རྗེ་རྩེ་གཅིག་།བདུན་པ་ན་སྟ་རེ་བརྒྱད་པ་ན་མདུང་ཐུང། དབུ ་ཕན་མདའ། བཅུ་པ་ན་ལྕགས་ཀྱུ། བཅུ་གཅིག་པ་ན་དབྱུག་པོ་།བཅུ་གཉིས་པ་ན་ཁ་ཊཝཾ་ཁ། བཅུ་གསུམ་པ་ན་འཁོར་ལོ། བཅུ་བཞི་པ་ན་རྡོ་རྗེ། བཅོ་ལྔ་པ་ན་ཐོ་བ། བཅུ་དྲུག་པ་ན་རལ་གྲི་།བཅུ་བདུན་པ་ན་ཅར་ཏེའུ་བསམས་པའོ། །གཡོན་གྱི་གསུམ་པ་ན ་ཚངས་མགོ་།བཞི་པ་ན་ཕུག་ལྔ་པ་ན་རྐང་པ། དྲུག་པ་ན་ཞགས་པ། བདུན་པ་ན་གཞུ། བརྒྱད་པས་རྒྱུ་མ། དགུ་པས་དྲིལ་བུ་།བཅུ་པས་ལག་པ། བཅུ་གཅིག་པ་དུར་ཁྲོད་ཀྱི་རས། བཅུ་གཉིས་པ་གསལ་ཤིང་ལ་བཙུགས་པ། བཅུ་གསུམ་པས་མེ་ཐབ། བཅུ་བཞི་པས ་ཐོད་ཚལ། བཅོ་ལྔ་པས་སྡིགས་འཛུབ། བཅུ་དྲུག་པས་འཕན་རྩེ་གསུམ་པ། བཅུ་བདུན་པས་རླུང་གིས་འཕྱང་བའི་རས་བསྣས་པའོ། །ཞབས་བཅུ་དྲུག་གི་གཡས་བརྐྱང་བསྐུམས་པའི་དང་པོས་མི། གཉིས་པས་མ་ཧེ། གསུམ་པས་གླང་།བཞི་པས་བུང་བུ་། ་ལྔ་པས་རྔ་མོ། དྲུག་པས་ཁྱི། བདུན་པས་ལུག་།བརྒྱད་པས་ཝ་གནན་པའོ། །གཡོན་བརྒྱད་བརྐྱང་བའི་དང་པོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག་།བཞི་པས་ནེ་ཚོ་།ལྔ་པས་ཁྲ་།དྲུག་པས་ཁྱུང། བདུན་པས་ཀཾ་ཀ་།བརྒྱད ་པས་བཞད་མནན་པའོ། །ཞབས་གཡས་ཀྱི་བྱོལ་སོང་བརྒྱད་ཀྱིས་བརྒྱ་བྱིན་དང་ཚངས་པ་གནན་པ། གཡོན་གྱི་འདབ་ཆགས་བརྒྱད་ཀྱིས་དབང་ཕྱུག་ཆེན་པོ་དང་གཞོན་ནུ་ཁྱབ་འཇུག་གནན་པའོ། །ཡུམ་རྡོ་རྗེ་བདག་མེད་མས་གྲི་གུག་དང་ཐོད་པ་ཐོགས་པས་? ་འཁྲིལ་བ། དུར་ཁྲོད་ཀྱི་ཆས་དང་སྤྲུལ་གྱིས་བརྒྱན་པ། འཁོར་ལོ་རྩིབས་བརྒྱད་ལ་ཤར་དུ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མདོག་ནག་པོ་དབྱུག་ཐོ་དང་རྒྱུ་ཞགས་འཛིན་པ། མགོ་དགུ་རྐང་ཅིག་མ་ཡབ་དང་སྐུ་མདོག་ཕྱག་མཚན་འཐུན་པ་སྐུ་ལ་འཁྲིལ་བ། ? ་པོ་ལ་ཆིབས་པའོ། །ཤར་ལྷོར་རྟེལ་པ་ནག་པོ། འབྱུག་ཐོ་དང་ཐོད་པ་ཐོགས་པ། །ཁྲོ་མོ་ཕག་མོ་སྐུ་མདོག་རང་དང་འདྲ་བ་སྐུལ་བ་འཁྲིལ་བ་།རྔ་མོ་ནག་མོ་ལ་ཆིབས་པའོ། །ལྷོར་ཨ་བོ་གླང་མགོ་།དུང་ཁ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་།གཤིན་རྗེ་? ་ལ་འཁྲིལ་བ་དྲེ་རྟ་རྐང་གསུམ་ཆིབས་པ། ལྷོ་ནུབ་ཏུ་ཡ་ཝ་ཏི་ནག་པོ་རལ་གྲི་དང་ཞགས་པ་ཐོགས་པ། ནག་མོ་ཆེན་མོ་ཤེལ་མིག་མ་སྐུ་ལ་འཁྲིལ་བ་ཆུ་གླང་སྔོན་པོ་ལ་ཆིབས་པའོ། །ནུབ་ཏུ་གཤིན་རྗེ་མིག་དམར་དམར་པོ་རལ་གྲི་དང་ཐོད་བ་ཐོགས་པ་ལ? ་རྒྱ་ཆེན་མོ་སྐུ་ལ་འཁྲིལ་བ་ལུག་ལ་ཆིབས་པའོ། །ནུབ་བྱང་དུ་ཕྱ་སངས་དཀར་པོ་ལ་ནག་པའི་མདངས་ཡོད་པ་ཏྲི་ཤུ་ལ་དང་ཞགས་པ་ཐོགས་པ་ཨ་ཤམ་མ་སྐུ་ལ་འཁྲིལ་བ་བདུད་ཤ་ནག་མོ་ཆིབས་པའོ། །བྱད་དུ་རྨིག་པ་ལྗང་ནག་ཐོད་དབྱུག་དང་ཞགས་པ། ་ནག་མོ་ཆེན་མོ་སྐུ་ལ་འཁྲིལ་བ་བྲ་ནག་རྟིང་དཀར་ལ་ཆིབས་པའོ། །བྱང་ཤར་དུ་རལ་པ་ཚད་དགུ་ནག་པོ་ཐོད་དབྱུག་དང་ཞགས་པ་དམར་བོ་བསྣམས་པའོ། །མ་མོ་ནག་མོ་སྤྲུལ་ལ་འཁྲིལ་བ། མ་ཧེ་སྔོ་ནག་ལ་ཆིབས་པའོ། །གྲུ་ཆད་བཞི་དང་སྒོ་བཞིར་སྒེག་སོགས་བཞི་དང་སྒོམ? ་བཞི་ཁྲོ་མོའི་ཆི་ལུགས་ཅན་ནོ། །སྤྱན་དྲང་བ་དང་བཟླས་པ་བྱ་བ་ནི་ཧྲི་ཏྲིའོ། །བསྟོད་པ་བྱས་ནས་དབང་བསྐུར་བ་ནི་འཇིགས་ཡེད་བྷཻ་ར་བའི་ཆོ་གའོ།། །།འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་མངོན་པར་རྟོགས་པ་ནི། ཚོགས་བསག་པ་དང་འབྱུང་བ་ལྔའི་དཀྱིལ ་འཁོར་བསྐྱེད་པ་སྔོན་དུ་སོང་ནས་།འདིར་བྲུཾ་ལས་?་ཞི་བ་།མཐིང་ནག་གྲུ་གསུམ་རྩིབས་བརྒྱད་པ་བསྐྱེད་ལ། ལྷ་བསྐྱེད་པ་ནི་ཉི་ཟླ་པདྨའི་སྟེང་དུ་པཾ་ལས་རོ་ལངས་མ་ལས་མ་ཧེ། ཧཱུཾ་ལས་གྲི་གུག་དེ་ལས་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་བ་སྐུ་མདོག་དུ་? ་ལ་ཧ་ལ་ལྟར་ནག་པ། མ་ཧེའི་ཞལ་མཆེ་བ་གཙིགས་ཤིང་གདངས་པ་རྭའི་ཕྲག་དུ་འཇམ་དཔལ་གཞན་ནུའི་ཞལ་གྱིས་བརྒྱན་པ། གཡས་ཀྱིས་གྲི་གུག་།གཡོན་གྱིས་ཐོད་པ་ཁྲག་གིས་བསྐར?་བ་བསྣམས་པ། ཞབས་གཉིས་བརྒྱད་བསྐུམ་ལ་དུར་ཁྲོད་ཀྱི་ཆོས་ཀྱི་? ་སྙིང་ཁར་ཉི་མའི་སྟེང་དུ་ཧཱུཾ་ཡིག་གོ་།འཁོར་བསྐྱེད་པ་ནི། ཤར་སྒོར་གཤིན་རྗེ་ཡབ་བཏི་དཀར་པོ་ལྕགས་ཀྱུ་འཛིན་པའོ། །ལྷོའི་སྒོར་ཆོས་རྒྱལ་སེར་པོ་ཞགས་པ་འཛིན་པའོ། །ནུབ་སྒོར་རྟེ་ལ་པ་དམར་པོ་ལྕགས་སྒྲོག་ཐོགས་པའོ། །བྱང་སྒེར་ཨ་བ་གླང་མ་ལོ?་ལྗང་ཁུ་དྲིལ? ་དུ་ཐོགས་པའོ།། །ཤར་ལྷར་གཤིན་རྗེ་རྨིག་པ་དཀར་སེར་ཞིང་གི་དབྱུག་པ་ཐོགས་པའོ། །ལྷོ་ནུབ་དུ་ཕྱ་སངས་དམར་པོ་རྡོ་རྗེ་རྩེ་གསུམ་ཐོགས་པའོ། །ནུབ་བྱང་དུ་མིག་དམར་?་སྤུ་གྲི་ཐོགས་པའོ། །བྱང་ཤར་དུ་རལ་པ་ཚར་དགུ་ལྗང་དཀར་འཁོར་ལོ་ཐོགས་པའོ།། ་དེ་ལྟར་བསྐྱེད་ནས། སྤྱན་དྲང་བ་དང་མཆོད་པ་བྱ་བ་དང་བཟླས་པ་བྱས་ནས་དབང་བསྐུར་བ་ནི་འཇིགས་ཆུང་གི་ཆོ་གའོ། །བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པའི་མངོན་པར་རྟོགས་པ་བསྒོམ་པ་ནི་།ཚོགས་བསག་པ་དང་འབྱུང་བ་ལྔའི་དཀྱིལ ་འཁོར་བསྐྱོད་པ་སྔར་ལྟར་ལ། འདིར་བྲུཾ་ལS་པདྨ་འདབ་བརྒྱད་?་སྒོ་ཁྱུད་དང་པད་དུར་ཁྲོད་རྡོ་རྗེ། ?་མེའི་དང་བཅས་པ་བསྐྱེད་ལ། དེའི་སྟེང་དུ་ཉི་ཟླ་པདྨའི་སྟེང་དུ་ཚངས་པ་དང་ཁྱབ་འཇུག་།དབང་ཕྱུག་དང་ལྷའི་དབང་པོ་སྟེ། བདུད་བཞི་བསྐྱེལ་བའི་སྙིང་ཁར་ཧེ་རུ་ཀ་ཞལ ་བརྒྱད་ཕྱག་བཅུ་དྲུག་པ་སྐུ་མདོག་མཐིང་ནག་།རྩ་ཞལ་ནག་པོའི་གཡས་གསུམ་དཀར་པོ་དང་ནག་པོ་དང་ནག་པོའོ། །གཡོན་གསུམ་དམར་པོ་དང་ནག་པོ་ནག་པོའོ། །སྟེང་ཞལ་དུ་བའི་མདོག་ཅན་ནོ། །ཕྱག་བཅུ་དྲུག་གི་གཡས་བརྒྱད་ན་ཐོད ་ནང་ན་གླང་པོ། །རྟ་དང་བོང་བུ་དང་།གླང་དང་།རྔ་མོ་དང་།མི་དང་ཤར་ན་དང། སེང་གེ་དང་།བྱིལ་རྣམས་འཛིན་པའོ། །གཡོན་གྱི་ཐོད་ལ་བརྒྱད་ན་ས་དང་ཆུ་དང་རླུང་དང་མེ་དང། ཟླ་བ་ཉི་མ་གཤིན་རྗེ་དང་ནོར་སྦྱིན་རྣམས་སོ། །རུས་པའི་རྒྱན་དྲུག་དང་ཐོད་པ་ལྔ་བཅུའི ་ཕྲེང་བ་བྱས་པ། ཡུམ་རྡོ་རྗེ་བདག་མེད་མ་ནག་མོ་གཅེར་བུ་གྲི་གུག་དང་ཐོད་པ་འཛིན་པས་སྐུ་ལ་འཁྲིལ་བ་།ཡབ་ཡུམ་གྱི་དགུ་ཐམས་ཅད་སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་གཙིགས་ཤིང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཐོད་པའི་དབུ་རྒྱན་དང་ཕྲེང་བས ་བརྒྱན་པའོ། །པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཤར་ནས་གོ་རིམས་བཞིན་དུ་ཚངས་པའི་སྟེང་དུ་ཀྟོ་རི་ནག་མོ་གྲི་གུག་དང་ཉ་འཛིན་པའོ། །དབང་པོའི་སྟེང་དུ་ཙཽ་རེ་དམར་མོ་ཌ་མ་རུ་དང་ཕག་འཛིན་བའོ། །ཉེ་དབང་གི་སྟེང་དུ་རོ་ལངས་མ་སེར་མོ་རུས་སྤལ་དང་པདྨ་འཛིན་པའོ། །དྲག ་པའི་སྟེང་དུ་གྷས་མ་རི་ལྷུང་ཁུ་སྤྲུལ་དང་དགང་གཟར་འཛིན་པའོ། །བྱེད་ཤར་ནས་ལུས་ངན་གྱི་སྟེང་དུ་དུ་ཀ་སི་སྔོན་མོ་སེང་གེ་དང་དགྲ་སྟ་འཛིན་པའོ། །གཤིན་རྗེའི་སྟེང་དུ་ཤ་བ་རི་དཀར་མོ། །དགེ་སློང་དང་བསིལ་བྱེད་འཛིན་པའོ། །སྲིན་པོའི་སྟེང་དུ་ཙན་དྷ་ལི་ནམ ་མཁའ་ལྟར་སྔོ་བ། འཁོར་ལོ་དང་བཤོལ་འཛིན་པའོ། །ཐག་བཟངས་རིགས་ཀྱི་སྟེང་དུ་ཊ་བྷི་ནི་ཁྲ་མོ་རྡོ་རྗེ་དད་སྡིགས་མཛུབ་བྱས་པ། ཐམས་ཅད་སྐྱིལ་ཀྲུངས་ཕྱེད་པའི་གར་གྱིས་བཞུགས་པ། རུས་པའི་རྒྱན་ཡང་བདག་མེད་མ་ལྟ་བུའོ། །རིགས་ཀྱི་བདག ་བོ་མི་བསྐྱོད་པས་དགུ་ལ་བརྒྱན་པའོ། །སྤྱན་དྲང་ཞིང་མཆོད་པ་བྱས་ལ་བཟླས་པ་བྱ་བ་ནི་ཐུགས་ཁར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་དེ་ལ་ཨཤཊ?་ནས་བསྐོར་བར་བསམས་ལ་བཟླས་པ་ནི་།ོཾ་བྷེ་བ་བི? ་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཅི་རིགས་པར་བཟླས་ལ་བསྟོད་པ་བྱས་ནས་དབང་བསྐུར་བ་ནི་ཕྱག་བཅུ་དྲུག་པའིའོ།། །།ཕྱག་དྲུག་པའི་མངོན་པར་རྟོགས་པ་ནི། དཀྱིལ་འཁོར་བསྐྱེད་པ་ནི་སྔར་དང་འདྲ་བ་ལས། འདིར་ལྷ་བསྐྱེད་པའི་ཧཱུཾ་ལས་རྡོ་རྗེ། ་དེ་ལས་མི་བསྐྱོད་པ་མཐིང་ཁ། ཞལ་གསུམ་ཕྱག་དྲུག་པ་ཞལ་གཡས་དཀར་བ་གཡོན་དམར་བ། ཕྱག་དྲུག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། བར་མ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ། ཐ་མ་གཉིས་ན་གྲི་གུག་དང་རྩེ་གསུམ་པ་བསྣམས་པ། ཞབས ་གཉིས་རོའི་གདན་ལ་དཀྱིལ་དཀྲུངས་ཕྱེད་པས་བཞུགས་པ་།ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་ནི་བདག་མེད་མ་ལྟ་བུའོ། །རྒྱན་རྣམས་ནི་ཕྱག་བཅུ་དྲུག་པ་ལྟ་བུའོ། །འཁོར་གྱི་ལྷ་མོ་བརྒྱད་ནི་སྔ་མ་ལྟར་རོ། །ཐུགས་ཀའི་བསྐྱེད་རིམ་ནི་གོང་བཞིན་ནོ། །བཟླས་པའི ་སྔགས་ནི་ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་བཟླས་ལ་དབང་བསྐུར་བར་བྱའོ།། །།ཕྱག་བཞི་བའི་མངོན་བར་རྟོགས་བ་ནི། དལ་སྔར་ལྟར་ལ། ལྷ་བསྐྱེད་པ་ནི་ཕྱག་བཞི་པ་མཐིང་ཁ། ཕྱག་གཡས་པ་རྡོ་རྗེ་འཛིན་པ། གཡོན་པ་ཁྲག་གི་ཐོད་པ ་འཛིན་པ། གཞན་གཉིས་ཀྱིས་བདག་ཉིད་དང་མཚུངས་པའི་རྡོ་རྗེ་ཕག་མོ་ལ་འཁྱུད་པའོ། །འཁོར་གྱི་ལྷ་མོ་ནི་སྔར་ལྟར་རོ། །བཟླས་པའི་སྔགས་ནི་ཨོཾ་ཛཝ་ལ་ཛཝ་ལ་བྷཡོ?་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླས་ནས་དབང་བསྐུར་བར་བྱའོ།། །།ཕྱག་གཉིས ་བའི་མངོན་པར་རྟོགས་པ་ནི། དལ་སྔ་མ་ལྟར་ལ། ལྷ་སྐྱེད་པ་ནི། གཙོ་བོ་ཞལ་གཅིག་གི་ཕྱག་གཉིས་པ་མཐིང་ཁ། ཕྱག་གཡས་པ་རྡོ་རྗེ་གྱེན་དུ་འཕྱར་བ། གཡོན་པ་ཐོད་པ་འཛིན་པའོ། །རྡོ་རྗེ་བདག་མེད་མས་འཁྱུད་པ། །ཁ་ཊཝཱཾ་ཁ་མཚན་?་གཡོན་གྱིས ་འཛིན་པའོ། །འཁོར་བརྒྱད་པོ་ནི་རང་དང་འཐུན་ནོ། །བཟླས་བའི་སྔགས་ནི་ཨོཾ་ཏྲཻ་ལོག་ཀྱ་ཀྵེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་།ཞེས་བཟླས་ལ་དབང་བསྐུར་བར་བྱའོ།། །།བདག་མེད་མ་ལྷ་མོ་བཅོ་ལྔའི་མངོན་པར་རྟོགས་བ་ནི་།ཚོགས་སོག་པ་དང་འབྱུང་བ་ལྔའི ་དལ་བསྐྱེད་པ་སྔར་ལྟར་ལ། འདིར་བྲུཾ་ལས་ཕོ་བྲང་པདྨ་འདབ་མ་བཞི་པ་དང། བརྒྱད་པ་སྒོ་དང་བཅས་པ་བསྐྱེད་ལ། ལྷ་བསྐྱེད་པ་ནི། དབུས་སུ་ལྷ་མོ་བདག་མེད་མ་།ཡང་མ་འདབ་མ་བཅུ་གཉིས་ལ། ལྷ་མོ་བཅུ་གཉིས་སོ། ཤར་? ་གཉིས་སུ་མཁའ་སྤྱོད་མ་དང་སྤྱོད་མ་གཉིས་སྟེ་བཅོ་ལྔ་པོ་སྐུ་མདོག་ནག་མོ་གྲི་གུག་དང་ཐོད་པ། ཁ་ཊཝཱཾ་ཁ་མཆན་ཁུང་དུ་དྲངས་བའོ། །སྤྱན་དྲངས་ཞིང་མཆོད་ལ། སྔགས་ནི། ཨའོཾ་ཨ་ཨཱ་ཨི་ཨའི། ཨུ་ཨའུ། རི་རཱི། ལི་ལཱི། ཨེ་ཨི། ཨོ་ཨཽ། ཨོཾ་ཧཱུཾ་ཕཊ་སྭཱཧཱ། ཞེས ་བཟླས་ལ་བསྟོད་པ་བྱས་ནས་དབང་བསྐུར་བ་ནི། བདག་མེད་མ་ལྷ་མོ་བཅོ་ལྔའི་ཆོ་གའོ།། །།ས་བུ་ཊའི་དགྱེས་པ་རྡོ་རྗེ་ལྷ་བཅོ་བརྒྱད་ཀྱི་མངོན་པར་རྟོགས་པ་བཞི་ལས་དང་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ན་ཚོགས་སོས་པ་སྔོན་དུ་སོང་ནས། འབྱུང་བ་ལྔ་དང ་བསྐྱེད་ལ། འདིར་བྲུ་ལས་གཞལ་ཡས་ཁང་པདྨ་འདབ་བརྒྱད། གྲུ་ཆད་ལ་སྒོ་བཏོང་པ་བསྐྱེད་ལ། དེ་ལྟར་ལྷ་བསྐྱེད་པ་ནི། དབུས་སུ་ཉི་ཟླ་པདྨའི་སྟེང་དུ་བདུད་བཞི་པོ་བསྒྱེལ་བ་ནི། ཕུན་པོའི་བདུད་ཚངས་པ་དམར་པོ་།ཉོན་མོངས་པའི་བདུད་ཁྱབ་འཇུག་ནག་པོ། འཆི ་བདག་གི་བདུད་དབང་ཕྱུག་ཆེན་པོ་དཀར་པོ། ལྷའི་བུའི་བདུད་མ་ཧ་དེ་བ་སེར་པོ། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། དེ་ལས་བཅོམ་ལྡན་འདས་ཞལ་བརྒྱད་པ་ཕྱག་བཅུ་དྲུག་པ། ཞབས་བཞི་པ་སྐུ་མདོག་འཐིང་ནག་།ཞལ་བརྒྱད་པ་རྩ་ཞལ་འཐིང་ཁ་གཡས་དཀར ་བ། གཡོན་དམར་བ། ལྷག་མ་བཞི་ནག་པོའི་སྟེང་ཞལ་དུང་ཁ། མཆེ་བ་གཙིགས་པ། གཡས་ཀྱི་ཕྱག་བརྒྱད་ན་རྡོ་རྗེ་དང་རལ་གྲི་དང་མངའ་དང། འཁོར་ལོ་དང། ཀ་བཱ་ལ་དད། དབྱུག་པ་དང། རྩེ་གསུམ་པ་དང་།ལྕགས་ཀྱུ་བསྣམས་པའོ། །གཡོན ་གྱི་བརྒྱད་ན་དྲིལ་བུ་དང། པདྨ་དང་།གཞུ་དང་ཁ་ཊཾ་ཁ་དང། ཐོད་པ་དང། རིན་པོ་ཆེ་དང། སྡིགས་འཛུབ་དང་ཞགས་པའོ། །ཞབས་བཞི་བརྐྱང་སྐུམ་བདུད་བཞི་བརྫིས་པའོ། །ཡུམ་བདག་མེད་མ་རྡོ་རྗེ་དང་དྲིལ་བུ་བཟུང་བས་སྐུ་ལ་འཁྲིལ་བའོ། །པདྨའི ་འདབ་མ་བརྒྱད་ལ་ཤར་དུ་གྷཽ་རི་དཀར་མོ་ཕྱག་བཞི་གྲི་གུག་དང་ཉ་དང་མདའ་གཞུ་འཛིན་པའོ། །ལྷོར་ཙི་རིམ་དམར་མོ་ཕྱག་བཞི་ཡིས་རྡོ་རྗེ་ཌ་མ་རུ་དང་ལྕགས་ཀྱུ་ཕག་འཛིན་པའོ། །ནུབ་ཏུ་རོ་ལངས་མ་སྐུ་མདོག་དཀར་སེར་རལ་རི་དང་རུས་སྤལ་དང་ཁྲག་དང་།? ་གིས་བསྐད་པའི་ཐོད་པ་གཉིས་འཛིན་པའོ། །ཁྱད་དུ་གྷས་མ་རི་ལྗང་སེར་ཞུན་གྱིས་བསྐང་བའི་ཐོད་བ་དང་སྤྲུལ་དང། །མེ་ཐབ་དང། དགྲ་སྟ་འཛིན་བའོ། །དབང་ལྡན་དུ་བུ་ཀ་སི་སེར་མོ་ཐོད་པ་དང་སེང་གེ་དང། ཤིང་དང་རིན་པོ་ཆེ་འཛིན་པའོ། །མོའི་མཚམས་? ་བ་རི་དཀར་མོ། །བྱང་ཆུབ་ཀྱི་སེམས་ཀྱིས་བཀང་བའི་ཐོད་པ་དང་།དགེ་སློང་དང་ཁ་ཊེ་ཁ་དང་ཞགས་པའོ། །སྲིན་པོའི་འཚམས་སུ་ཙན་དྷ་ལི་སྔོན་མོ་གྲི་གུག་ཁྲག་གིས་བསྐང་བའི་ཐོད་པ་དང་མེ་ཏོག་དང་གོས་སོ། །རླུང་གི་འཚམས་སུ་ཌོ་དྷི་ནི་ཁྲ་མོ་ཆང་གི་ཐོད་པ་དང་།? ་སྤྱད་དང་ཁ་ཊཾ་ཁ་དང་བཤོལ་ལོ། །ཤར་ལྷོར་གླིང་བུམ་དཀར་མོ། །གླིང་གུ་དང་ཐོད་པ་དང། ཁ་ཊཾ་ཁ་དང་།ཞགས་པ་འཛིན་པའོ། །ལྷོ་ནུབ་ཏུ་པི་ཝང་མ་སྔོན་མོ་པི་ཝང་དང་ཐོད་པ་དང། མ་ཏོག་དང་རེར་སོ། །ནུབ་བྱང་དུ་ཆ་ཡང་མ་དམར་མོ་ཆང་?་དང་པོ་དབང་? ་ཊའོ། །བྱང་ཤར་དུ་རྫ་རྔ་མ་ལྗང་སེར་རྫ་རྔ་དང་ཐོད་པ་དང་རིན་པོ་ཆེའོ། །ཤར་སྒོར་རྟ་གདོང་མ་ནག་མོ་ཞལ་གཡས་དཀར་བ་གཡོན་སེར་བ། སྟེང་དུ་རྟའི་གདོང་པ་ལྗང་ཁུའོ། །ལྷོར་ཕག་གདོང་མ་སེར་མོ་ནག་པ་དང་དཀར་བའི་ཞལ། སྟེང་དུ་ཕག་པའི་ཐལ་དམར་པོའི?།། ་ནུབ་ཏུ་ཁྱི་གདོང་མ་དམར་མོ་ནག་པ་དམར་བའི་ཞལ། །སྟེང་དུ་ཁྱིའི་གདོང་པ་སེར་པོའོ། །བྱང་དུ་སེང་གདོང་མ་ལྗང་ཁུ་ནག་པ་དང་དཀར་བའི་ཞལ་།སྟེང་དུ་སེང་གདོང་དམར་པོའོ། །ཕྱག་མཚན་ན་དང་པོ་ན་གྲི་གུག་དང་ཐོད་པ། འོ་གམན་ལྕགས་ཀྱུ་ཞགས་པ་ལྕགས་སོ།? ་སྒྲོག་དྲིལ་བུ་མའོ། །ཐམས་ཅད་ཀྱང་ཁྲོ་བོའི་སྤྱན་གསུམ་གསུམ་དང་ལྡན་པ། རུས་པའི་རྒྱན་དྲུག་དང་ལྡན་པའོ། །ཡེ་ཤེས་པ་སྤྱན་དྲང་ཞིང་མཆོད་ལ། སྔགས་ནི་དྷེ་བའི་ཙུའོ། །བསྟོད་བ་བྱས་ནས་དབང་བསྐུར་བ་ནི། དགྱེས་རྡོར་མཚོན་ཆ་?་བཅོ་བརྒྱད་ལྷའི་ཆོ་གའོ? ་ཕྱག་དྲུག་པའི་མངོན་པར་རྟོགས་པ་ནི། ཕྱིའི་དཀྱིལ་འཁོར་སྔར་ལྟར་བསྐྱེད་ལ། འདི་ལྟར་ལྷ་བསྒོམ་བ་ནི་རྡོ་རྗེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་།དེ་ལས་ཞལ་གསུམ་ཕྱག་དྲུག་པ། ཞལ་གསུམ་ནག་པ་དང། དཀར་བ་དང། དམར་བ་ལ་སྤྱན ་གསུམ་གསུམ་ཡོད་པ། ཕྱག་གཡས་ཀྱིས་རྡོ་རྗེ་དང་མདའ་དང་རྩེ་གསུམ་པ་འཛིན་པ་གཡོན་པ་གསུམ་གྱིས་དྲིལ་བུ་དང། གཞུ་དང་ཐོད་པའོ། །རྡོ་རྗེ་ལུ་གུ་རྒྱུད་མ་གྲི་གུག་དང་ཐོད་པ་ཐོགས་པས་སྐུ་ལ་འཁྱུད་པ། འཁོར་གྱི་ལྷ་མོ་བཅུ་དྲུག་ནི་གོང་དང་? ་སྤྱན་དྲངས་མཆོད་བ་བྱས་ནས་བཟླས་པ་ནི། ཨོཾ་ཀི་ཊི་ཀི་ཊི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་བཟླས་ལ་བསྟོད་ཅིང་དབང་བསྐུར་བ་ནི་ཕྱག་དྲུག་པའིའོ།། །།ཕྱག་བཞི་པོའི་མངོན་བར་རྟོགས་པ་ནི་?་དང་ལྷ་མོ་རྣམས་སྔར་དང་འདྲ་བ་ལས། གཙོ་བོ་ཞལ?་ཅིག་ཕྱག ་བཞི་པ། ནག་པོ་ཕྱག་དང་པོ་གཉིས་ཀྱི་རྡོ་རྗེ་དང་ཐོད་པ་ཐུགས་ཀར་འཛིན་པ། འོག་མ་གཉིས་ནི་མདའ་གཞུའོ། །ཡུམ་བདག་མེད་མ་སྐུ་ལ་འཁྲིལ་བ། སྔགས་ནི་ཨོཾ་ཛཝ་ལ་ཛཝ་ལ་བྷཡོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་དབང་བསྐུར་བར་བྱའོ།། །།ཕྱག་གཉིས་པའི ་མངོན་བར་རྟོགས་པ་ནི་དལ་དང་འཁོར་རྣམས་སྔར་དང་ཅིག་པ་ལས། འདིར་གཙོ་བོ་འཕོ་བའོ། །རོའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། དེ་ལས་ཧེ་བཛྲ་ཞལ་ཅིག་ཕྱག་གཉིས་བ་རྡོ་རྗེ་དང་ཐོད་པ་འཛིན་པས་ཡུམ་བདག་མེད་མ་ལ་འཁྱུད་པ། འཁོར་བཅུ་དྲུག་པོ་སྔར་ལྟར ་ལ། སྔགས་ཨོཾ་ཏྲེ་ལོག་ཀྱ་ཀྵེ་བ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླས་ལ་བསྟོད་པ་བྱས་ནས་དབང་བསྐུར་བ་ནི། དགྱེས་རྡོར་མཚོན་ཆ་ཅན་རྣམས་བཞིའི་ཆོ་གའོ།། །།བཅོམ་ལྡན་འདས་བདེ་མཆོག་འཁོར་ལོ་ལྷ་དྲུག་ཅུ་རྩ་གཉིས་མའི་མངོན་པར ་རྟོགས་པ་ནི། ཚོགས་སོག་པ་དང་འབྱུང་བ་ལྔའི་དལ་བསྐྱེད་པ་སྔར་ལྟར་ལ་།འདིར་བྲུཾ་ལས་གཞལ་ཡས་ཁང་འཁོར་ལོ་རིམ་པ་བཞི་གྲུ་ཆད་ལ་སྒོ་བཏོད་པ་རྟ་བབས་དང་པདྨ་།དུར་ཁྲོད་རྡོ་རྗེར་བས་བསྐོར་བ་བསྐྱེད་ལ།། ལྷ་བསྐྱེད་པ་ནི་།པདྨ་དང་ཟླ་བའི་སྟེང་དུ ་དུ་འཇིགས་བྱེད་དང་དུས་མཚན་གཉིས་བརྣོལ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། དེ་ལས་བདེ་མཆོག་འཁོར་ལོ་སྐུ་མདོག་ནག་པོ་ཞལ་བཞི་ནི། ནག་པོ་དང་ལྗང་ཁུ་དང་།དམར་པོ་དང་སེར་པོ་ལས་སྤྱན་གསུམ་གསུམ་པའོ། །ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་ཀྱིས་རྡོ་རྗེ ་དང་དྲིལ་བུ་བསྣམས་པས་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་བསྣམས་པ་ལ་འཁྱུད་པ། ཕྱག་གཉིས་ཀྱིས་གླང་པོ་ཆེའི་ལྤགས?་བ་བརྒྱངས་ནས་འཛིན་པ། དེ་ནས་གཡས་བཞིས་ཌ་མ་རུ་དང་དགྲ་སྟ་དང་གྲི་གུག་དང་རྩེ་གསུམ་འཛིན་པ། གཡོན་པ་རྣམས་ཀྱིས ་ཁ་ཊཾ་ཁ་དང་ཐོད་པ་དང་ཞགས་པ་དང་ཚངས་པའི་མགོ་བསྣམས་པ། ཁྲོ་ཞིང་འཇིགས་པ་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱོགས་བཞིས་པདྨ་ལ་མཁའ་འགྲོ་མ་དང་ལམ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་རྣམ་པ་ནི་ནག་མོ་དང་ལྗང་ཁུ་དམར་མོ་དང་སེར་མོ? ་ལ?་ཞལ་ཅིག་པ་སྤྱན་གསུམ་པ་ཕྱག་བཞིའི་གཡས་རྣམས་ཀྱིས་ཌ་མ་རུ་དང། གྲི་གུག་འཛིན་པ། གཡོན་རྣམས་ན་ཁ་ཊི་ཁ་དང་ཐོད་པ་བསྣམས་པ་།གཡས་བརྐྱང་ཞིང་གཡོན་བསྐུམ་པའོ། །མཚམས་བཞིར་ཤ་ལྔ་བདུད་རྩི་ལྔ་ཐོད་པ་བཞི་།ཐུགས་ཀྱི་འཁོར་ལོ ་རྩིབས་བརྒྱད་ལ་ཤར་དུ་ཐོད་པའི་དུམ་བུ་དང་རབ་གཏུམ་མ་དང་།བྱང་དུ་ཀེཾ་རུས་ཆེན་པོ་དང་གཏུམ་དམིག་མ། ནུབ་ཏུ་ཀེང་རུས་དང་འོད་ལྡན་མའོ། །ལྷོར་མཆེ་བ་བཙིགས་པ་དང་སྣ་ཆེན་མ། ཤར་ལྷོར་ཆང་གྲ་དང་བློ་གྲོས་བྱང་ཤར་དུ་རྡོ་རྗེ་ལུས་དང་ཤིང་གྲིབ་མ་ནུབ ་བྱང་དུ་རྡོ་རྗེ་འོད་དང་ལཾ་ཀའི་དབང་ཕྱུག་མ་།ལྷོ་ནུབ་ཏུ་འོད་དཔག་མེད་དང་མེའུ་ཐུང་མ་རྣམས་སོ། །དེ་རྣམས་ནི་མཐིང་ཁའོ། །གསུང་གི་འཁོར་ལོ་ལ་མྱུ་གུ་ཅན་དང་ས་བསྲུངས་མ། རལ་པ་ཅན་དང་འཇིགས་བྱེད་མ་དཔའ་ཚོན་དང་རླུང་ཤུགས་མ་།ཧཱུཾ་མཛད་དང ་ཆང་འཐུང་མ། བཟང་པོ་དང་སྔོ་བསངས་མ་།རྡོ་རྗེ་འོད་དང་ཤིན་ཏུ་བཟང་མོ། འཇིགས་བྱེད་དང་རྟ་རྣམ། མིག་བཟངས་དང་བྱ་གདོང་མ་རྣམས་ནི་དམར་མོའོ། །སྐུའི་འཁོར་ལོ་སྟོབས་པོ་ཆེ་དང་ཤུགས་ཅན་མ། རིན་ཆེན་རྡོ་རྗེ་དང་དུ་མ་སྐྱེས་མ། རྟ་མགྲིན་དང་ཆང་འཚོང་མ། ་ནམ་སྙིང་དང་གོ་ཆམ། ཧེ་རུ་ཀ་དང་བཟང་པོ། གར་གྱི་དབང་ཕྱུག་དང་སྟོབས་ཆེན་མོ། །རྣམ་སྣང་དང་འཁོར་ལོ་བསྒྱུར་མ། སེམས་དཔའ་དང་བརྩོན་འགྲུས་མ་རྣམས་ནི་དཀར་བོའོ། །དཔའ་བོ་ཉི་ཤུ་རྩ་བཞི་ནི་ཞལ་ཅིག་ཕྱག་བཞི་པ་ལ། ་དང་པོ་རྡོ་རྗེ་དང་དྲིལ་བུ་རིག་མ་ལ་འཁྱུད་པ། ཐ་མ་ན་ཁ་ཊཾ་ཁ་དང་ཌ་མ་རུ་བསྣམས་པ། ཞབས་གཡས་བརྐྱང་བ་གཡོན་སྐུམ་པ། དཔའ་མོ་ཉི་ཤུ་རྩ་བཞི་ནི་ཞལ་ཅིག་པ། ཕྱག་གཉིས་པ་འཁྱུད་པའི་ཕྱག་གིས་ཐོད་པ་འཛིན་ཅིང་གཡས་པ་གདུག་པ་ཅན ་སྡིགས་པའི་གྲི་གུག་གདེངས་པ། སྒོ་རྣམས་སུ། ཐ་གདོང་མ་དཀར་མོ་དང་འུག་གདོང་མེ་སེར་མོ་དང། ཁྱི་གདོང་མ་དམར་མོ་དང་ཕག་གདོང་མ་ལྗང་ཁུ་གྲི་གུག་དང་ཐོད་པ་ཐོགས་པའོ། །འཚམས་སུ་གཤིན་རྗེ་བརྟན་མ་དཀར་སེར་དང། ཕོ་ཉ་མ་དམར་སེར་དང། ་མཆེ་བ་དམར་ལྗང་དང། འཇོམས་མ་དཀར་ལྗང་རྣམས་ནི་མིའི་གདོང་པ་ལ། བརྒྱད་པོ་འདི་རོའི་གདན་ལ་བཞུགས་པའོ། །རིགས་ཀྱི་བདག་པོ་ནི་གཙོ་བོ་ལ་མི་བསྐྱོད་པའོ། །འཁོར་རྣམས་ལ་ཕྱོགས་ཕྱོགས་ཀྱི་རིགས་བཞིའོ། །ཐུགས་ཁར་ཡེ་ཤེས་སེད? ་རང་འདྲ་བའི་ཐུགས་ཀར་རྡོ་རྗེ་ཧཱུཾ་གིས་མཚན་པ་ལ། ཡེ་ཤེས་པ་སྤྱན་དྲང་ཞིང་མཆོད་པ་དང་བཟླས་པ་ནི། ཨོཾ་ཤྲི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཌཱ་ཀི་ནི་ཛཝཱ་ལ་སཾ་བྷ་རཾ་སྭཱཧཱ། སྙིང་པོའི་སྔགས་སོ་།བསྟོད་པ་བྱས་ནས་དབང་བསྐུར་བ་ནི་དྲུག་ཅུ་རྩ་གཉིས ་མའོ།། །།དྲུག་ཅུ་རྩ་གཉིས་མ་སེར་མོའི་མངོན་པར་རྟོགས་པ་ནི། ཚོགས་སོག་པ་དང་འབྱུང་བ་ལྔ་བསྐྱེད་པ་སྔར་ལྟར་ལ། འདིར་བྲུཾ་ལས་ཕོ་བྲང་སྔར་ལྟར་བསྐྱེད་ལ། ལྷ་བསྐྱེད་པ་ནི་འཇིགས་བྱེད་དུས་མཚན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། ? ་ལུས་བཅོམ་ལྡན་འདས་བདེ་མཆོག་འཁོར་ལོ་སྐུ་མདོག་སེར་པོ་ཞལ་ཅིག་ཕྱག་གཉིས་པ་དཔའ་བོ་ཉི་ཤུ་རྩ་ལྔ་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཁར་བསྣོལ་བའོ། །དཔའ་མོ་སུམ་ཅུ་སོ་བདུན་གྲི་གུག་དང་ཐོད་པ་ཐོགས་པའོ། །ཐུགས་ཁའི་ས་བོན་ཧཱུཾ་པོ། ། ་སྙིང་པོའི་སྔཌ་ནི་ཨོཾ་ཧྲི་ཧ་ཧ་ཧུཾ་ཧཱུཾ་ཕཊ། དེ་ནས་དབང་བསྐུར་བ་ནི། དྲུག་ཅུ་རྩ་གཉིས་མ་སེར་མོའི་ཆོ་གའོ།། །།དྲུག་ཅུ་རྩ་གཉིས་མ་སྔོན་པོའི་མངོན་པར་རྟོགས་པ་ནི། དལ་བསྒོམ་པ་ནི་བྲུཾ་ལས་སྔར་ལྟར་ལ། ལྷ་བསྐྱེད་ནི་འཇིགས་བྱེད་དང་དུས ་མཚན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། དེ་ལས་བདེ་མཆོག་ལྗང་ཁུ་ཞལ་ཅིག་ཕྱག་གཉིས་བ་རྡོ་རྗེ་དང་དྲིལ་བུ་ཐོགས་པ་ཉེར་ལྔ་དཔའ་མོ་སོ་བདུན་ཁ་ཊཾ་ཁ་དང་ཐོད་པ་ཐོགས་པ་བསྐྱེད་ལ་བསྒོམ། དེ་ནས་སྔགས་ནི་སྔར་ལྟར་རོ་དབང་བསྐུར་བར་བྱའོ།། །། ་བདེ་མཆོག་ཡབ་ཀ་དཀར་པོའི་མངོན་པར་རྟོགས་པ་ནི། དཀྱིལ་འཁོར་བསྐྱེད་པ་བྲུཾ་ལས་སྔར་ལྟར་ལ། ལྷ་བསྐྱེད་པ་ནི་འཇིགས་བྱེད་དང་དུས་མཚན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དེ་ལས་བདེ་མཆོག་ཧེ་རུ་ཀ་རྣམ་པ་ལྔ་དང། དཔའ་པོ་ཉི་ཤུ་རྩ་བཞི་སྐུ་མདོག ་དཀར་པོ་རྡོ་རྗེ་དང་དྲིལ་བུ་ཐོགས་པའོ། །ཐུགས་ཁའི་ས་བོན་ནི་ཧཱུཾ་ངོ། །སྔགས་ནི་ཡི་གེ་བདུན་པོའོ། །དེ་ནས་དབང་བསྐུར་བར་བྱའོ།། །།བདེ་མཆོག་ཡུམ་བཀའ་སོ་བདུན་གྱི་བདག་ཉིད་ཀྱི་དལ་བསྐྱེད་པ་སྔར་ལྟར་ལ། ལྷ་བསྐྱེད་པཾ?་ལས་གྲི་གུག ་དེ་ལས་དཔའ་མོ་སོ་བདུན་དམར་མོ་ཞལ་ཅིག་ཕྱག་གཉིས་མ། ཌ་མ་རུ་དང་ཐོད་བ་ཐོགས་པའོ། །ཐུགས་ཁའི་ས་བོན་ནི་བཾ་མོ། །ོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་ཞེས་པ་ནི་སྙིང་པོའོ། །དེ་ནས་བསྟོད་པ་བྱས་ལ་དབང་བསྐུར་བ་ནི་བདེ་མཆོག་ཡུལ་དཀའ་ཨོ།། ་བདེ་མཆོག་བཅུ་གསུམ་པའི་མངོན་པར་རྟོགས་པ་ནི་།ཚོགས་སོགས་པ་དང་འབྱུང་བ་ལྔའི་དལ་བསྐྱེད་པ་སྔོན་དུ་སོང་ནས་།སྐད་ཅིག་གིས་སྣ་ཚོགས་རྡོ་རྗེའི་ལྟེ་བར་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་སྟེང་དུ། བདེ་མཆོག་བཅུ་གསུམ་མ་མེ་ལོང་ལ་བྲིས་སྐུའི ་གཟུགས་བརྙན་ཤར་བ་ལྟར་ཝ་ལེ། ཧྲི་གེ་གསལ་བར་བསྒོམ་པ་ནི་བྲུཾ་ལས་གཞལ་ཡས་ཁང་པདྨ་འདབ་མ་བརྒྱད་པ་གྲུ་ཆད་ལ་སྒོ་བཏོད་པ་ཅན་དུ་བསྐྱེད་ལ། དེའི་ནང་དུ་འཇིགས་བྱེད་དང་དུས་མཚན་གྱི་སྟེང་དུ། དཔལ་བདེ་མཆོག་འཁོར་ལོ་སྐུ་མདོག ་སྔོན་པོ་ཞལ་བཞི་བ་རྩ་ཞལ་སྔོན་པོ་ལྗང་ཁུ་དང། དམར་པོ་སེར་བོའོ། །སྤྱན་གསུམ་གསུམ་པ་ཐོད་པའི་དབུ་རྒྱན་དང་རུས་པའི་རྒྱན་དྲུག་གསོལ་བ། སྟག་གི་ཤམ་ཐབས་དང་མི་མགོ་ལྔ་བཅུའི་དོ་ཞལ་བྱས་བ་ཕྱག་བཅུ ་གཉིས་ཀྱི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །དེ་འོག་གཉིས་ཀྱིས་གླང་པོ་མེའི་ལྤགས་བ་བཟུང་བ། གཡས་གསུམ་ན་ཅང་ཏེའུ་།བཞི་བ་ནི་དགྲ་སྟ?། ལྔ་པ་ནི་གྲི་གུག་།དྲུག་པ་?་མདུང་རྩེ་གསུམ་བསྣམས་པའོ། །གཡོན་གྱི་གསུམ ་པ་ན་ཁ?་ཊཾ་ཁ། བཞི་པ་ན་ཐོད་པ་ལྔ་བ་ན་ཞགས་པ། དྲུག་བ་ན་ཚངས་པའི་མགོའོ། །ཡུམ་ཕག་མོ་དམར་མ་ཞལ་ཅིག་པ་སྦྱིན་གསུམ་པ། ཕྱག་གཉིས་ཀྱིས་རྡོ་རྗེས?་གྲི་དང་ཐོད་པ་འཛིན་པ། དབང?་གྱི་འདབ་མ་ལ་མཁ་འགྲོ་མ་ནག་མོ། །བྱང་དུ་གང? ་ཁུ། ནུབ་ཏུ་དམར་མོ། ལྷོར་སེར་མོ། མཚམས་བཞི་ལ་བུམ་པ་བཞིའི་སྟེང་དུ་ཐོད་པ། ཤར་སྒོར་ཁྭ་གདོང་མ། བྱང་སྒོར་འུག་གདོང་མ། ནུབ་སྒོར་ཁྱི་གདོང་མ། ལྷོ་སྒོར་ཕག་གདོང་མ་།སྐུ་མདོག་ནད་མ་དང་འཐུན། ཤར་ལྷོར་གཤིན་རྗེ་བརྟེན་ལ? ་བྱང་ཤར་དུ་འཇོམས་མ་ནུབ་བྱང་དུ་མཆེ་བ་མོ། །ལྷོ་ནུབ་ཏུ་ཕོ་ཉ་མོ། །སྐུ་མདོག་ཕྱེད་གཟུགས་མ། མཁའ་འགྲོ་བཅུ་གཉིས་པ་དེ་ཞལ་ཅིག་པ་ལ་སྤྱན་གསུམ་པ། ཕྱག་བཞི་པ་ལ་གཡས་གཉིས་ན་གྲི་གུག་དང་ཌཱ་མ་རུ་།གཡོན་གཉིས་ན་ཐོད་པ་དང་ཁ ་ཊཾ་ཁ་།གཡོན་བརྐྱང་བའི་སྟབས་ཀྱིས་རོའི་གདན་ལ་བཞུགས་པའོ། །ཡེ་ཤེས་པ་སྤྱན་དྲང་ཞིང་མཆོད་ནས། བཟླས་པ་ནི། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་།ཊཱ་ཀི་ནི་ཛཝ་ལ་སཾ་བྷ་རཱ་སྭཱཧཱ། ཞེས་བཟླས་ལ་དབང་བསྐུར་བ་ནི་བཅུ་གསུམ་མའོ།། །། ་ལྷན་སྐྱེས་ལྷ་ལྔའི་མངོན་པར་རྟོགས་པ་ནི། ཚོཌ་སོག་པ་དང་འབྱུང་?་མ་རྩེག་བསྐྱེད་པ་སྔར་ལྟར་ལ། འདིར་བྲུཾ་ལས་ཕོ་བྲང་འདབ་བརྒྱད་ཀྲུ་ཆད་ལ་སྒོ་བཏོང་པ་བསྐྱེད་ལ་དེར་འཇིགས་བྱེད་དང་དུས་མཚན་གྱི་སྟེང་དུ་ཧེ་རུ་ཀ་ཞལ་ཅིག་ཕྱག་གཉིས་པ། ་རྡོ་རྗེ་དང་དྲིལ་བུ་ཐུགས་ཁར་འཛིན་པ་།ཡུམ་དམར་མོ་གཡོན་པ་ཐོད་པ་གཙོ་བོ་ལ་འཁྱུད་པ། གཡས་གྲི་གུག་ནམ་མཁའ་ལ་འཕྱར་བ། ཕྱོགས་ཀྱི་འདབ་མ་བཞི་ལ་རྡོ་རྗེ་ཌ་ཀི་མ་དཀར་མོ་ལྗང་ཁུ། པདྨ་ཌ་ཀི་མ་དམར་མོ། །རིན་ཆེན་ཌ་ཀི ་མ་སེར་མོ། །གཡས་གྲི་གུག་གཡོན་ཐོད་པ་བཟུང་ནས་རོའི་གདན་ལ་ཕྱེད་དཀྱིལ་གྱིས་བཞུགས་པའོ། །སྤྱན་དྲང་ཞིང་མཆོད་པ་བྱས་ནས་བཟླས་པ་ནི། །ོཾ་ཧྲི་ཧ་ཧ་ཧུཾ་ཧཱུཾ་ཕཊ་ཞེས་བཟླས་ལ་དབང་བསྐུར་བ་ནི་ལྷ་ལྔ་པའོ།། །།བདེ་མཆོག་ཏེ་ལོ ་པའི་ལྷ་དགུའི་མངོན་པར་རྟོགས་པ་ནི། ཚོག་སོགས་པ་ལས་སོགས་པ་སྔར་བསྟན་ནས། འདིར་བྲུཾ་ལས་པད་མ་འདབ་མ་བརྒྱད་པ་བསྐྱེད་ལ། དེའི་ནང་དུ་འཇིགས་བྱེད་དང་དུས་མཚན་གྱི་སྟེང་དུ་བཅོམ་ལྡན་འདས་སྐུ་མདོག་དཀར་པོ་ཞལ་བཞིའི ་གཡས་དཀར་པོ། གཡོན་དམར་བ་སྟེང་ཞལ་སེར་བ། སྤྱན་གསུམ་གསུམ་བ་གཡས་ཀྱི་ཕྱག་བརྒྱད་རྣམས་ཀྱི་སྡིགས་འཛུབ་དང་རྡོ་རྗེ་དང་དྲིལ་བུ་དང་།ཞགས་པ་དང་དྲིའི་བུམ་པ་དང། རལ་གྲི་དང། མདུང་དང། དགྲ་སྟའོ། །གཡོན་གྱི་བརྒྱད་ན་ཐོད ་པ་དང་ལྟགས་ཀྱུ་དང་གཞུ་དང་ཁ་ཊཾ་ཁ་དང་མདའ་དང་འཁོར་ལོ་དང་སྐྱབ་སྦྱིན་དང་ཐོད་པའོ། །ནམ་བཟའ་དཀར་པོ་གསོལ་བ་ཞི་ཞིང་བཞད་པའི་ཞལ་།པདྨ་འདབ་བརྒྱད་ལ་གཤིན་རྗེ་བསྟན་མ་ལ་སྭོ་པ་བརྒྱད་ཚོའི་བུམ་པ་ཐོགས་པའོ། །སྤྱན་དྲང་ཞིང་མཆོད ་ལ་བཟླས་པ་བྱ་བ་ནི། སྙིང་ཁར་ཟླ་བའི་དལ་ལ་སྔགས་ཀྱི་འཁོར་ལོ་གསལ་བར་དམིགས་ཏེ། འཆི་བ་ལ་སྐྱོབ་བར་བྱེད་པའི་རིགས་སྔགས་འདི་བཟླས་ཏེ། ཨོཾ་ཨ་མྲི་ཏ་བན་ཙ་བ་ནི། མ་ཧཱ་ཨ་རྨརི་ཏ་པུ་མུ་ཁེ་འཛིམ་པཾ་།སྤྲ་པེ་ཤ་ཡ་སྤྲ་པེ་ཤ་ཡ་སརྦ་བཛྲ ་པདྨ་ས་མ་ཡོ་གེ་མ་ཡ་བྷོ་དྷེ་ཙི་ཏ་པ་ཏི་སི་ཏ་མུར་ཏེ་ཧཱུཾ་ཧཱུཾ་ཨ་ཨ་ཨཾ་ཨ་སྭཱཧཱ། ཞེས་བཟླས་པས་འཆི་བ་ཐམས་ཅད་ལས་ཐར་པར་བྱེད་དོ། །དེ་ནས་དབང་བསྐུར་བར་བྱའོ།། །།གཉིས་མེད་རྡོ་རྗེས་མཛད་པའི་བདེ་མཆོག་ལྷ་བརྒྱད་མའི་མངོན་བར ་རྟོགས་པ་ནི། ཚོགས་སོག་པ་སྔོན་དུ་སོང་ནས་འདིར་བྲུཾ་ལས་གཞལ་ཡས་ཁང་རྩིབས་དྲུག་བསྐྱེད་ལ། དེའི་ནང་དུ་འཇིགས་བྱེད་དང་དུས་མཚན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། དེ་ལས་ཧེ་རུ་ཀ་ཞལ་གསུམ་པ་སྐུ་དང་རྩ་ཞལ་ནག་པ། གཡས ་སེར་གཡོན་ལྗང་ཁུ་སྤྱན་གསུམ་པ། ཕྱག་དྲུག་པའི་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་ཅིང། རྡོ་རྗེ་དྲིལ་བུ་འཛིན་པ། བར་མ་གཉིས་ཀྱིས་མིའི་ལྤགས་བ་དང་ཁ་ཊཾ་ཁ་འཛིན་པ། ཐ་མ་གཉིས་ཀྱིས་མདུང་རྩེ་གསུམ་པ་དང། ཐོད་ཁྲག་འཛིན་པ། ཁྲོ ་བོའི་ཆས་ཀྱིས་བརྒྱན་པ། ཡུམ་སྐུ་མདོག་དང་ཞལ་ཕྱག་མཚན་རང་འདྲ་བ་ལ་ཁྱད་པར་དུ་བར་མ་གཉིས་ཀྱིས་མངའ་གཞུ་འཛིན་པའོ། །བཅོམ་ལྡན་འདས་དང་སྙོམས་ཞུགས་བྱས་པས་མཆོག་དང་དགའ་བས་མྱང་བར་བསམ་མོ། །རྩིབས་དྲུག་ལས ་ཤར་དུ་ཕཊ་ལས་བྱུང་བའི་ཁྲག་འཐུང་མ་སྔོན་མོ། །དེ་ནས་རིམ་པས་རྩིབས་ལ་ཧཱུཾ་ལས་འཇིགས་བྱེད་མ་སེར་མོ། །ཧ་ལས་དྲག་གཏུམ་མ་དམར་མོ། །ཧ་ལས་སྣང་བྱེད་མ་ལྗང་ཁུ་།ཧྲི་ལས་རྡོ་རྗེ་དྲག་མོ། དུ་བའི་མདོག་།ོཾ་ལས་རྡོ་རྗེ་མཁའ་འགྲོ་དཀར་མོ། །ལྷ ་མོ་དེ་དག་ཞལ་ཅིག་མ་ལ་ཕྱག་བཞི་མ། གཉིས་ཀྱིས་ཌ་མ་རུ་དང་དྲིལ་བུ་སྒྲ་སྒྲོག་ཅིང་འཛིན་པ། ཐ་མ་གཉིས་ཀྱིས་ཁ་ཊཾ་ཁ་དང་ཐོད་པ་འཛིན་པ། ཁྲོ་མོའི་ཆ་ལུགས་ཀྱིས་བཞུགས་པའོ། །ཡེ་ཤེས་བ་སྤྱན་དྲང་ཞིང་མཆོད་ནས་ཡི་གེ་བདུན་པ་བཟླས་ཏེ་དབང ་བསྐུར་བ་ནི་ཡི་གེ་བདུན་པའི་ཆོ་ག་གཉིས་མེད་རྡོ་རྗེས་མཛད་པ་ལྷ་བརྒྱད་མའི་མངོན་པར་རྟོགས་པའོ།། །།རྡོ་རྗེ་གུར་རིགས་ལྔའི་དཀྱིལ་འཁོར་ལྔའི་མངོན་པར་རྟོགས་པ་ནི། བྲུཾ་ལས་གཞལ་ཡས་ཁང་བསྐྱེད་པ་སྔར་ལྟར་ལ། འདིར་རྡོ་རྗེ་མཁའ་ ་འགྲོ་ནི། སྐུ་མདོག་འཐིང་ཁ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་།ཡུམ་རྡོ་རྗེ་བདག་མེད་མས་འཁྱུད་པ་།ཕྱག་གི་ཐོད་པའི་ནང་ན་སེམས་ཅན་ཆེན་པོ་བརྐྱང་དང་ལྷ་མོ་བརྒྱད་ཐོགས་པའོ། །འཁོར་བརྒྱད་ནི་གཽ?་རི་ལ་སོགས་པའི་ལྷ་མོ་བརྒྱད་དོ། །སྔགས་ནི་ཨའོཾ་དྷ་ར་དྷ་ར་། ་དྷ་ར་ཡ་དྷ་ར་ཡ། མར་དྷར་མར་དྷ་ར། བཛྲ་དྷྲིཀ་ཕཊ་སྭཱཧཱ་ཞེས་བཟླས་ནས་དབང་བསྐུར་རོ།། །།སངས་རྒྱས་མཁའ་འགྲོའི་མངོན་པར་རྟོགས་པ་ནི། སངས་རྒྱས་མཁའ་འགྲོ་དཀར་པོ་གཡས་གཡོན་དམར་བ་གཞན་རྣམས་སྔོ་བའོ། །གཡས་པའི ་ཕྱག་བརྒྱད་ཀྱི་ཐོད་པ་ན་རྨ་བྱ་དང། མ་ཧེ་དང། ཆུ་སྲིན་དང། ཉ་དང། ཉ་ཁྲབ་ཅན་དང། རྒྱལ་པོ་དང། དུས་སྦལ་དང། ཀླུ་དང་དང་པ་རྣམས་སོ། །གཡོན་གྱི་ཕྱག་བརྒྱད་ན་སྤྲུལ་དང། སྦལ་ནག་དང་།སྦྲུལ་ནག་པོ་དང། སྦྲུལ་དཀར་པོ་དང། བྲ་བ་བྱི་བ ་དང། གཡག་དང་།སྲེ་མོ་དང་།བྱ་རྒོད་དང། ཙོ?་ག་རྣམས་སོ། །ཡུམ་སངས་རྒྱས་སྤྱན་མ་སྐུ་ལ་འཁྲིལ་བའོ། །ལྷ་མོ་བརྒྱད་ནི་ཤར་ནས་རིམ་པ་བཞིན་དུ། སྐམ་བ་མ་སྔོན་མོ་སྐམ་པ་འཛིན་པ། མེ་ཏོག་དཀར་མོ་མེ་ཏོག་འཛིན་པ། ཞགས་པ་མ ་སེར་མོ་ཞགས་པ་འཛིན་པ། བདུག་སྤོས་མ་ནག་མོ་སྤོས་ཕོར་འཛིན་པ་།དྲ་བ་ཅན་མ་དམར་མོ་དྲ་བ་འཛིན་པ། མར་མེ་མ་དམར་མོ་མར་མེ་འཛིན་པ་།ལྕགས་ཀྱུ་མ་ལྗང་ཁུ་ལྕགས་ཀྱུའི་འཛིན་པ་།དྲི་ཆབ་མ་སེར་མོ་དུང་ཆོས་འཛིན་པའོ། །སྔགས་ནི་ཨོཾ་ཤ་? ་ཏ་བ་ར་མ་ཤ་ཤྭ་ཏ་ཨེ་ཧཡ་ཧི་ཛི་ན་ཛིཀ་ཕཊ་སྭཱཧཱ། ཞེས་བཟླས་ལ་དབང་བསྐུར་རོ། །རིན་མཁའ་འགྲོའི་མངོན་པར་རྟོཌ་པ་ནི། རིན་ཆེན་མཁའ་འགྲོ་སེར་བོ་གཡS་གཡོན་དཀར་བ་དང་ལྷག་མ་རྣམས་སྔོ་བའོ། །ཕྱག་གཡས་པ་བརྒྱད་ན། བྱ་ཀར་ན་ཏ་དང། དུར་པ་དང། འུག་པ་དང། ཐི་བ་དང། ་ཁྲ་དང་།ཀྱུང་ག་དང་།འུག་པ་དང་གཞད་རྣམས་སོ། །གཡོན་ན་ཀླུ་བརྒྱད་དོ། །ཡུམ་མ་མ་ཀི་དང་འཁྲིལ་པའོ། །པདྨ་བརྒྱད་ལ་ཉི་འཆག་མ་དཀར་མོ་ཉི་མ་འཛིན་པ་།སྒེག་མོ་དཀར་མོ་བསྒྱེག་པའི་ཆ་ལུགས་ཅན། མེ་འཆག་མ་སྔོན་མོ་མེ་འཛིན་པ་།ཕྲེང་བ ་མ་དམར་མེ་ཕྲེང་བ་འཛིན་པ། རིན་ཆེན་དཀར་མདའ་མ་སེར་མོ་རིན་ཆེན་འཛིན་པ། ཀླུ་མ་དམར་སྐྱ་ཏིང་ཤགས་འཛིན་པ། གློག་འཆག་མ་ལྗང་ཁུ་གློག་ཁྲི་འཛིན་པའོ། །གར་མ་ལྗང་ཁུ་གར་བྱེད་པ། སྔགས་ནི་ཨོཾ་བཛྲ་པུདྱ་ཧ་མོ་བྷི་ཏྲ་མ་ན་ས་མ་ཡ་སྟཾ་ཧཱུཾ་རད་ན?་ ་དྷྲིཀ་ཕཊ་སྭཱཧཱ་།ཞེས་པས་དབང་བསྐུར་རོ།། །།པདྨ་མཁའ་འགྲོ་དམར་པོའི་མངོན་པར་རྟོགས་པ་ནི། གཞལ་ཡས་ཁང་གི་དབུས་སུ་པདྨའི་མཁའ་འགྲོ་དམར་པོ་སྟེ། ཞལ་གཡས་གཡོན་དཀར་བ་ལྷག་མ་རྣམས་ནག ་བའོ། །ཕྱག་གཡས་བརྒྱད་ན་ཐོད་པའི་ནད་ན། དྲེད་དང། དོམ་དང། སྤྲེའུ་དང། བ་མེན་དང་།སྟག་དང་།སྤྲེ་དང་།ཆུ་སྲིན་དང་།ལྕེ་སྤྱད་རྣམས་སོ། །གཡོན་རྣམས་ན་ཁྲ་དང་།འུག་པ་དང། སོ་བྱ་དང། ཆུ་བྱ་།རྒོད་དང་།ཐི་བ་དང་།ནེ་ཚོ་དང་།བྱ་པོའོ། ་ཡུམ་གོས་དཀར་མོ་དང་འཁྲིལ་བའོ། །ལྷ་མོ་རྣམས་ཤར་ནས་པདྨ་ཅན་དཀར་མོ་པདྨ་ཐོགས་པའོ། །གླིང་བུ་མ་དམར་མོ་གླིང་བུ་འབུད་པ། ཆོས་འབྱུང་མ་སེར་མོ་ཆོས་འབྱུང་འཛིན་པ། བི?་ཝཾ་མ་སེར་མོ་པི་ཝཾ་འཛིན་པ། ལྕགས་སྒྲོག་མ་ནག་མོ་ལྕཌ ་སྒོག་འཛིན་པ། མུ་གུ་ཏ་དཀར་མོ་རྔ་བོ་ཆེ་བརྡུང་བ། ཐོད་པ་མ་ལྗང་ཁུ་ཐོད་པ་འཛིན་པ། རྫ་རྔ་མ་དུད་ཁ་རྫ་རྔ་བརྡུང་བའོ། །སྔགས་ནི། ཨོཾ་བཛྲ་དྷརྨ་ས་མ་ཡ་སྟོཾ་ཧུ་ལུ་ཧུ་ལུ་ཨ་རོ་ལིག་ཕཊ་སྭཱཧཱ། ཞེས་བཟླས་ལ་དབང་བསྐུར་རོ། །རྟ་མཆོག་དོན་ཡོད་གྲུབ ་པ་ལྗང་ཁུའི་མངོན་པར་རྟོགས་བ་ནི། དལ་གྱི་ནང་དུ་རྟ་མཆོག་དོན་ཡོད་གྲུབ་པ་ལྗང་ཁུ་ཞལ་དབུས་མ། རྟ་གདོང་ལྗང་ཁུ་འམ། ཡང་ན་ལྷའི་ཞལ་ལྗང་ཁུ་རང་ངོ། །གཡས་གཡོན་དཀར་བ་ལ་ལྷག་མ་ནག་པའོ། །ཕྱག་གཡས་ཀྱི་ཐོད་པ་བརྒྱད་ན། གཟའ་ཆེན ་བརྒྱད་དོ། །གཡོན་བརྒྱད་ན། ལྷ་ཆེན་པོ་བརྒྱད་དོ། །ཡུམ་སྒྲོལ་མ་སྐུ་ལ་འཁྲིལ་བའོ། །ཡུམ་ལྔའི་ཕྱག་མཚན་ནི། །གྲི་གུག་ཐོད་པའོ། །ལྷ་མོ་བརྒྱད་ནི་སྒོ་ལྕགས་མ་དཀར་མོ་སྒོ་ལྕགས་འཛིན་པའོ། །འཁོར་ལོ་མ་དཀར་མོ་འཁོར་ལོ་འཛིན་པའོ། །ལྡེ་མིག་མ་སེར ་མོ་ལྡེ་མིག་འཛིན་པ། རྡོ་རྗེ་མ་སྔོན་མོ་རྡོ་རྗེ་འཛིན་པ། །སྒོ་འཛིན་པ་དམར་མོ་སྒོ་འཛིན་པ། པདྨ་དམར་མོ་པདྨ་འཛིན་པ། ཡོལ་བམ་ལྗང་ཁུ་ཡོལ་བ་འཛིན་པ། ཨུད་པལ་མ་སྔོན་མོ་ཡུད་པ་ལ་འཛིན་པའོ། །སྔགS ་ནི། ཨོཾ་ཕུ་ཕུ་ཧ་ཧི་བྲཛྙ?་དྷྲིཀ་ཕཊ་སྭཱཧཱ། ཞེས་བཟླས་ལ་དབང་བསྐུར་རོ། །བདེ་མཆོག་འཁོར་ལོ་སྒྱུར་བ་དྲུག་གི་མངོན་པར་རྟོགས་བ་དྲུག་ལ། དང་པོ་རྡོ་རྗེ་སེམས་དཔའ་ཨི་མངོན་པར་རྟོགས་པ་ནི། འཁོར་ལོ་རྩིབས་བཞི་པའི་ནང་དུ། ཧཱུཾ་ལས་རྡོ་རྗེ་།དེ་ལྷག? ་འཇིགས་བྱེད་དང་དུས་མཚན་གྱི་སྟེང་དུ་།རྡོ་རྗེ་སེམས་དཔའ་སྔོ་སྐྱ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་བདག་མེད་མ་ཐོང་བ་དང་གྲི་བཟུང་བ་ལ་འཁྱུད་པའོ། །འཁོར་ལོ་རྩིབས་བཞི་ལ་ཤར་དུ། དུ?་རི་དམར་ཐོད་པའི་དུམ་བུ་དང་རབ་གཏུམ་མ། ? ་ལན་དྷ་རར་ཀཾཱུ་ཆེན་མོ་དང་གཏུམ་མིག་མ། ནུབ་ཨུ་རྒྱན་དུ་ཀེང་རུས་མ་དང་འོད་ལྡན་མ། ལྷོ་ཨར་བུ་ཏར་མཆེ་བ་རྣམ་པར་བརྩིགས་པ་དང་སྣ་ཆེན་མ། བརྒྱད་ཀ་སྔོ་སྐྱའོ། །སྒོ་འཚམས་བརྒྱད་དུ་ཁྭ་གདོང་མ་ལ་སོགས་བརྒྱད་དོ། །སྙིང་པོའི་སྔགས་ནི་ཨོཾ? ་ཧཱ་སུརྐ་བཛྲ་སཏྭ་པཾ། ཨ་ཧཱུཾ་ཌཱ་ཀི་ནི་ཛཝ་ལ་སཾ་བྷ་ར་ཨཱ་ཧཱུཾ་ཕཊ་སྭཱཧཱ། ཐུགས་ཀྱི་ས་བོན་ནི་ཧཱུཾ་ངོ། །སྔགས་བཟླས་ལ་དབང་བསྐུར་བར་བྱའོ།། །།ཡང་རྣམ་པར་སྣང་མཛད་ཀྱི་མངོན་པར་རྟོགས་བ་ནི། བྲུཾ་ལས་ཚངས་པའི་སྙིང་ཁར་རྣམ་པར་སྣང་མཛད ་དཀར་པོ་འཁོར་ལོ་དང་དྲིལ་བུ་ཐོགས་པས་ཡུམ་སངས་རྒྱས་མཁའ་འགྲོ་ལ་འཁྱུད་པ། ཕྱོགS་བཞིའི་ཤར་དུ་གྷོ་ཏབ་རིར་ཆངས་སྒྲ་དང་དཔའ་བོའི་བློ་གྲོས་མ། བྱང་ཚ་མ་ལར་རྡོ་རྗེ་ལུས་དང་ཤིང་གྲིབ་མ་།ནུབ་དེ་བི་ཀོ་ཏྲར་རྡོ་རྗེ་ཧཱུཾ་ཀ་ར་དང་ལང་ཀའི་དབང་ཕྱུག་ཨ?།། ་ལྷོར་མེ་ཤོ་རང་སྣང་བ་དཔག་མེད་མ་དང་།མི་ཐུང་མ་།ཐམས་ཅད་དཀར་མོ་།ཚམས་མ་བརྒྱད་ནི་གོང་ལྟར་རོ། །ཐུགས་ཀའི་ས་བོན། བྲུཾ་མོ། སྙིང་པོའི་སྔགས་ནི། ཨོཾ་ཤྲི་བྷུདྷ་ཌ་ཀི་ནི་ཨ་པ་ལ་།བྷྲུཾ་ཨ་ཧཱུཾ་དྷ་ཀི་ནི་ཛཝ་ལ་སི་བྷ་ར་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླས་ལ་དབང ་བསྐུར་རོ། །རིན་ཆེན་མཁའ་འགྲོའི་མངོན་བར་རྟོགས་པ་ནི། ལྷའི་བུ་ཉི་མའི་སྙིང་ཁར་།ོཾ་ལས་རིན་ཆེན་འབྱུང་ལྡན་སེར་པོ་རིན་ཆེན་དང་དྲིལ་བུ་བཟུང་བས་ཡུམ་རིན་ཆེན་མཁའ་འགྲོ་མ་ལ་འཁྱུད་པ། རྩིབས་བཞིར་ཤར་དུ་ཀ་མ་རུང་མྱུ་གུ་ཅན་དང་ས་བསྲུངS? ་མད་བྱང་ཨོ་དྷར་རྡོ་རྗེའི་རལ་བ་ཅན་དང་འཇིགས་བྱེད་མ་།ནུབ་ཏྲི་ཤ་ཀུ་ནིར་།དཔའ་བོ་ཆེན་པོ་དང་རླུང་ཤུགས་མ། ལྷོ་ཀོ་ས་ལར་རྡོ་རྗེ་རཱ་ཧཱུཾ་བྱེད་དང་ཆང་འཐུང་མ། ཐམས་ཅད་སྐུ་མདོག་སེར་མོ། །སྒོ་འཚམས་མ་བརྒྱད་སྔར ་ལྟར་རོ། །ཐུགས་ཀྱི་ས་བོན་ཨ་དོ། །སྔགས་ནི་།ོཾ་ཤྲི་རང་ན་ཏ་ཀི་ཏྲཾ་། ཧཱུཾ་དྷ་ཀི་ནི། ཛ་ལ་སཾ་བྷ་ར་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླས་ལ་དབང་བསྐུར་བར་བྱའོ། །པདྨ་མཁའ་འགྲོའི་མངོན་པར་རྟོགས་པ་ནི། དབང་ཕྱུག་ཆེན་པོའི་སྙིང་ཁར་ཧྲི་ལས་པད་མའི ་མཁའ་འགྲོ་དམར་མོ་པད་མ་དང་དྲིལ་བུ་ཐོགས་པའི་ཕྱག་གཉིས་ཀྱིས་པདྨའི་མཁའ་འགྲོ་ལ་འཁྱུད་པ།། རྩིབས་བཞིའི་ཤར་ཀ་ལིང་ཀ་རུ་རབ་ཏུ་བཟང་མོ་དང་སྔོ་བཟངས?་མ་དང་ཉི་མ་ལར་མིག་མི་བཟང་དང་མཁའ་འགྲོའི་གདོང། ? ་འཇིགས་བྱེད་ཆེན་མོ་དང་རྟ་རྣམ། ལྷོ་ལམ་པ་ཀར་རྡོ་རྗེ་བཟང་མོ་དང། ཤིན་ཏུ་བཟང་མོ་རྣམས་དམར་པའོ། །སྒོ་མཚམས་མ་རྣམས་ནི་སྔར་ལྟར་རོ། །ཐུགས་ཁའི་ས་བོན་ནི་ཧྲིའོ། །སྔགས་ནི་ཨོཾ་ཥྲི?་པདྨ་ཌཱ?་ཧྭི(རྒྱུད་འགྲེལ་ཕཊ་སྭཱཧཱ། ཞེས་བཟླས་ལ་དབང་བསྐུར་བར་བྱའོ། །མི་བསྐྱོད་རྡོ་རྗེ་མཁའ་འགྲོའི་མངོན་པར་རྟོགས་པ་ནི། ཁྱབ་འཇུག་གི་སྙིང་ཁར་ཧཱུཾ་ལས་རྡོ་རྗེ་མཁའ་འགྲོ་ནག་པོ། །རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་མཁའ་འགྲོ་ལ་འཁྱུད་པ་།རྩིབས ་བཞི། ཤར་སྒྲེ་ཏ་པུ་རིང་སྟོབས་པོ་ཆེ་དང་འཁོར་ལོའི་ཤུ་བསམ། བྱང་གྷྲི་ཧ་དྷེ་བར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། ནུབ་ཏུ་རཏྲར?་རྟ་མགྲིན་དང་ཆད་འཚོད་མ། ལྷོ་རྣ་དྷྲི་པར་ནམ་མཁའ་སྙིང་པོ་དང་འཁོར་ལོའི་གོ་ཆ་རྣམས་ནི་མཐིང་ཁ། སྒོ་མཚམས་མ ་བརྒྱད་ནི་གོང་ལྟར་རོ། །ཐུགས་ཀྱི་ས་བོན་ནི་ཧཱུཾ་དོ། །སྔགས་ནི། ཨོཾ་ཤྲི་བཛྲ་ཌཱ?་ཀི་ནི་ཨཱ་ཧཱུཾ་དྷ་ཀི་ནི་ཛཝ་ལ་སཾ་བྷ་ར་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་དབང་བསྐུར་རོ། །དོན་གྲུབ་སྣ་ཚོགས་མཁའ་འགྲོའི་མངོན་པར་རྟོགས་པ་ནི། ཁམ་ལས་ལྷའི་པུ་ཟླ་བའི་སྙིང ་ཁང་རྡོ་རྗེ་དཀྱིལ་ཀྲུང་ཀྱིས་བཞུགས་པ། ལྗང་ཁུའི་ཕྱག་གཉིས་ན་སྣ་ཚོགས་རྡོ་རྗེ་དང་།དྲིལ་བུ་འཛིན་པས་ཡུམ་སྣ་ཚོགས་མཁའ་འགྲོ་མ་ལ་འཁྱུད་པ། འཁོར་རྣམས་ཤར་དུ་ན་ག་རང་ཁྲག་འཐུང་དང་ཤིན་ཏུ་དཔའ་?་མོ། །བྱང་ཀུ་ལུ་?་རྡོ་རྗེ་སེམས་དཔའ་ ་དང། བརྩོན་འགྲུས་ཆེན་མོ། ནུབ་མ་རུ་རྩེར་རྣམ་བར་སྣང་བྱེད་དང། འཁོར་ལོ་བསྒྱུར་མ། ལྷོ་སིན་དུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་རྣམས་ནི་ལྗང་ཁུའོ། །སྒོ་མཚམས་ཀྱི་ལྷ་མོ་བརྒྱད་ནི་གོང་ལྟར་ཤེས་པར་བྱའོ། །ཐུགས་ཀྱི་ས་བོན་ནི?་ལཾ་ངོ?། ། ་སྔགས་ནི་ཨོཾ་བྷ་ཤ་ཏ་ཀ་ཧོ། །ཁཾ་ཨ་ཧཱུཾ་ཌཱ་ཀི་ནི་ཛཝ་ལ་སཾ་བྷ་ར་ཧཱུཾ་ཕཊ་སྭཱཧཱ་།ཞེས་བརྗོད་ལ་བསྟོད་པ་བྱས་ལ་དབང་བསྐུར་བ་ནི། བདེ་མཆོག་འཁོར་ལོ་སྒྱུར་བ་རྣམ་པ་དྲུག་ལས་དོན་གྲུབ་པའི་ཧེ་རུ་ཀའོ། །སཾ་དྷུ་ཏའི་ལྷ་མོ་ཉེར་གསུམ་གྱི་མངོན་པར་རྟོགས་བྱ་ནི ་ཚོགས་བསག་པ་དང་གཞལ་ཡས་ཁང་བསྐྱེད་པ་སྔོན་བཞིན་བྱས་ལ། འདི་ལྟར་ལྷ་བསྐྱེད་པ་ནི། དེའི?་སྟེང་དུ་ཨོཾ་ལས་བདག་མེད་མ་མཐིང་ཁ། ཞལ་ཅིག་པ། ཕྱག་བཞི་པ་།གཡས་གཉིས་ཀྱིས་རྡོ་རྗེ་དང་གྲི་གུག། གཡོན་གཉིས་ཀྱིས་ཐོར་ལངས་ཁ་ཊཾ་ཁ་འཛིན་པ ་འཁོར་རྣམས་ཀྱང་ཕྱག་བཞིས་དེ་ལྟར་བྱའོ། །པད་མ་འདབ་མ་བཞི་ལ་ཕྲིན་ལས་བཞིའི་མཁའ་འགྲོ་མ་བཞི། །སྟེང་དུ་མཁའ་སྤྱོད་མ་དཀར་མོ་ནམ་མཁའ་ལ་གཟིགས་པ་དང། འོག་ནས་སྤྱོད་མ་མཐིང་ཁ་ཐུང་ལ་གཟིགས་པ་དང། པདྨ་འདབ་མ་བརྒྱད་ལ ་གྷོ་རི་དཀར་མོ་དང་།ཙོ་རི་དམར་སེར་དང་།རོ་ལངས་མ་དཀར་སེར་དང་།གཏསྨ་རི་ལྗང་ཁུ་དང། པུ་ཀ་སི་སེར་མོ་དང། ཤ་བི་རོ་དཀར་མོ་དང། ཙན་དྷ་ལི་སྔོན་མོ་དང། ཌོཾ་བྷཾ་ནི་ལྗང་སེར་དང། ཟུར་ལ་གླིང་བུ་མ་དཀར་མོ་དང་།འཁར་རྔ་མ་སེར་མོ་དང། ་པི་ཝཾ་མ་དམར་མོ་དང། རྫ་རྔ་མ་ལྗང་ཁུ་དང། ཤར་དུ་རྟ་གདོང་མ་དཀར་མོ་དང། ལྷོར་ཕག་གདོང་མ་སེར་མོ་དང། ནུབ་ཏུ་ཁྱི་གདོང་མ་དམར་མོ་དང། བྱང་དུ་སེང་གདོང་མ་ལྗང་ཁུ་དང། ཐམས་ཅད་ཞལ་ཅིག་པ་ཕྱག་བཞི། གཙོ་མོ་དང་ཕྱག་མཚན་ཅིག་པའོ། ་མི་བསྐྱོད་པ་ལ་སོགས་པས་དབུ་བརྒྱན་ཅིང་ཐུགས་ཁའི་ས་བོན་ནི་ཨཾ་མོ། སྙིང་བོ་ནི་ཨོཾ་ཨཾ་སྭཱཧཱ་ཞེས་བཟླས་ལ་དབང་བསྐུར་བ་ནི་།བདག་མེད་པའོ།། །།མ་ཧ་མ་ཡེ་ལྷ་དྲུག་གི་མངོན་པར་རྟོགས་པ་ནི། ཚོགས་སོག་པ? ་དང་འབྱུང་བ་ལྔའི་དཀྱིལ་འཁོར་བསྐྱེད་པ་སྔར་ལྟར་བྱས་ལ། འདིར་བྷྲུཾ་ལས་ཕོ་བྲང་འདབ་མ་བརྒྱད་པ་སྒོ་དང་བཅས་པ་བསྐྱེད་ལ། དེར་ལྷ་བསྐྱེད་པ་ནི། ཉི་ཟླ་པདྨའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། དེ་ལས་མཧཱ་མ་ཡ་ཞལ་བཞི་ཕྱག་བཞི་ཞབས་གཉིས་དང ་ལྡན་པ། སྐུ་མདོག་མཐིང། གཞལ་བཞི་ནི་རྩ་ཞལ་ནག་པའོ། །གཡས་སེར་བ། གཡོན་ལྗང་བ། རྒྱབ་ཞལ་ལྗང་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་ཡང་བ། དབུ་སྐྲ་ཁམ་པ་གྱེན་དུ་འབར་བ། ཐོད་པའི་དབུ་རྒྱན་དང་།རུས་བའི་རྒྱན་དྲུག་གིས ་བརྒྱན་པ། ཕྱག་བཞིའི་གཡས་གཉིས་ན་ཐོད་བ་དང་མདའ།གཡོན་ཁ་ཊཾ་ཁ་དང་གཞུ་འཛིན་པ། ཞབས་སྐྱིལ་ཀྲུང་ཕྱེད་བའི་གར་གྱིས་བཞུགས་པ། ཡུམ་སངས་རྒྱས་མཁའ་འགྲོ་མ་གཙོ་བོ་དང་ཞལ་ཕྱག་ཁ་དོག་འདྲ་བ། སྐུ་ལ་འཁྲིལ་བ། ་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་སེར་མོ་དང། ལྗང་ཁུ་དང་དཀར་བའི་ཞལ། ཕྱག་བཞིས་རྡོ་རྗེ་དང་ཐོད་པ་དང། དྲིལ་བུ་དང་ཁ་ཊཾ་ཁ་འཛིན་པའོ། །ལྷོར་རིན་ཆེན་མཁའ་འགྲོ་སེར་མོ་དང་སྔོན་མོ་དང་དཀར་མོ་དང་ལྗང་ཁུའི་ཞལ། ཕྱག་བཞིས་རྒྱལ ་མཚན་དང་ཏྲི་ཤུ་ལ་དང། ལྕེ་སྤྱང་དང་ཀ་བཱ་ལ་འཛིན་པའོ། །ནུབ་ཏུ་པདྨའི་མཁའ་འགྲོ་མ་དཀར་དམར་ཞིང་སེར་པོ་དང་སྔོན་པོ་དང་ལྗང་ཁུའི་ཞལ་ལོ། །ཕྱག་བཞིས་པདྨ་དང་མདའ་དང་ཀ་པཱ་ལ་དང་གཞུའོ། བྱང་ཕྱོགས་སུ་སྣ་ཚོགས་མཁའ་འགྲོ་མ ་ལྗང་ཁུ་དང་སེར་པོ་དང་དཀར་པོ་དང་སྔོན་བོའི་ཞལ་ལ་ཕྱག་བཞིས་རལ་གྲི་དང་ཌ་མ་རུ་དང་ཀ་པཱ་ལ་དང་ཞཌ་པ་ཐོཌ་པའོ། །སྤྱན་དྲངས་པ་དང་མཆོད་པ་དང། ཐུགས་ཀྱི་ས་བོན་ནི་ཧཱུཾ་ངོ། །ོཾ་ཨཱ་ཧྲི་ཧཱུཾ་།ཞེས་བཟླས་ལ་བསྟད་ཅིང་དབང་བསྐུར་བ་ནི་མ་ཧེ་? ་ཡཱི་ཆོ་གའོ། །སྒྱུ་མ་ཆེན་མོའི་མངོན་པར་རྟོགས་པ་འབྲིང་པོ་དཀྱིལ་འཁོར་བསྐྱེད་པ་སྔར་ལྟར་ལ། པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། དེ་ལས་སྒྱུ་མ་ཆེན་མོ་སྐུ་མདོག་མཐིང་ཁ་ཞལ་ཅིག་ཕྱག་གཉིས་པ་ཁ་ཊཾ་ཁ་དང་ཐོད་པ་འཛིན་པ། རང་དང་འདྲ་བའི་ཤེས་རབས ་ལ་འཁྱུད་པ། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ་ཞལ་ཅིག་ཕྱག་གཉིས་པ། ཁ་ཏྲཾ་ཁ་དང་ཐོད་པ་འཛིན་བའོ། །སྣ་ཚོགས་མཁའ་འགྲོ་མ་ལྗང་ཁུ་ཞལ་ཅིག་ཕྱག་གཉིས་པ་ཁ་ཊཾ་ཁ་དང་ཐོད་པ་འཛིན་པའོ། །པདྨའི་མཁའ་འགྲོ་དམར་མོ་ཁ་ཊཾ་ཁ་དང ་ཐོད་པ་འཛིན་པ། ལྷོར་རིན་ཆེན་མཁའ་འགྲོ་སེར་མོ་ཁ་ཏྲཾ་ཁ་དང་ཐོད་པ་འཛིན་པ། ཨོཾ་ཨཱ་ཧྲི་ཧཱུཾ་སྭཱཧཱ། ཞེས་བཟླས་ལ་དབང་བསྐུར་བར་བྱའོ། །མ་ཧཱ་མ་ཡ་དཔའ་བོ་ཅིག་པའི་བཟླས་པ་ནི། དཀྱིལ་འཁོར་པདྨ་འདབ་བཞིའི་དཀར་པོར་བསྐྱེད་ལ། དེར་ཧཱུཾ་ལས་རྡོ ་རྗེ། དེ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་ཐུགས་ཁར་བསྣོལ་བ་ཡུམ་ལ་འཁྱུད་པ་ལ་ཡུམ་ཡང་ཡབ་དང་འདྲ་བའོ། །པདྨའི་སྟེང་དུ་ཐོད་པ་བཞི་སྔགས་ནི་གོང་མས་སོ། །དེ་ནས་དབང་བསྐུར་བ་ནི་ལུགས་ཆུང་ངོ། །དྲང་སྲོང་བརྒྱད་ཀྱི ་མངོན་པར་རྟོགས་པ་ནི། བྷྲུཾ་ལས་ཕོ་བྲང་གླིང་དགུ་གྲུ་ཆད་ལ་སྒོ་བཏོད་པ་ཅན་བསྐྱེད་ལ་།ནང་དུ་ལྷ་བསྐྱེད་པ་ནི་དབུས་སུ་ཧཱུཾ་ལས་བཛྲ་པ་ནི། སྐུ་མདོག་མཐིང་ནག་གཡས་རྡོ་རྗེ། གཡོན་དྲིལ་བུ་དཀུར་བརྟེན་མ་ཅན་བསྐྱེད་ལ། ཤར་དུ་སོ་ལས་དྲང་སྲོང ་ཟླ་བ་དཀར་པོ་པདྨ་བསྣམས་པ། གཡོན་དང་སྲོང་བརྒྱད་ཀ་ཐུགས་ཁར་ཕྱེད་ཕྱག་བྱེད་པ་ཞབས་རྒྱལ་པོ་ཆེན་པོ་རོལ་བའི་སྟབས་ཀྱིས་བཞུགས་པའོ། ཤར་ལྷོར་ཨ་དམར་པོ་ལས་དྲང་སྲོང་ཉི་མ་དམར་པོ་འབུང་དུང་བསྣམས་པ། ལྷོ་ཕྱོགས་སུ་ས་སེར ་པོ་ལས་དྲང་སྲོང་སྤེན་པ་སེར་པོ་བེ་ཅོན་བསྣམས་པ། ལྷོ་ནུབ་ཏུ་ར་དུད་ཁ་ལས་།ར་ཧུ་ལ་དུད་ཁ་རའི་མདའ་གཞུ་ཐོགས་པ། ནུབ་ཏུ་ཨ་དམར་པོ་ལས་དམག་དཔོན་དམར་པོ་མེ་སྒྲོན་འཛིན་པ། ནུབ་བྱང་དུ་ཤུ་ལྕགས་ཁ་ལས་པ་སངས་མེ་ཏོག་ཐོགས་པ། ་བྱང་དུ་བྷི་ལྗང་ཁུ་འོང་དུ་ཞུ་བ་ལས། ཕུར་བུ་ལྗང་ཁུ་པོ་ཏི་བསྣམས་པ། བྱང་ཤར་དུ་བུ་ནག་པོ་འོད་དུ་ཞུ་བ་ལས། དྲང་སྲོང་ལག་པ་ལྗང་ཁུ་ཨུད་པལ་བསྣམས་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ནི། ཤར་ཕྱོགས་པ་བདུན་དཀར་པོ་ལ ་སྨིན་དྲུག་ཕྲེང་བ་འཛིན་པ། སྣར་མ་མེ་ཏོག་འཛིན་པ། མགོ་ཨུད་པལ་འཛིན་པ། ལག་མེ་ཏོག་འཛིན་པ། ནམ་སོ་ཕྲེང་བ་འཛིན་པ། རྒྱལ་པདྨ་འཛིན་པ། སྐག་གྷན?་དྷ་ཐོགས་པ། ལྷོ་ཕྱོགས་པ་བདུན་སེར་པོ་ལ། ཝཾ་བུཾ་པ་འཛིན་པ། རྟ་ཆེན་རལ་གྲི ་འཛིན་པ། རྟ་ཆུང་ཞགས་པ་འཛིན་པ། བྱ་ཁྲ་ཤིང་ཐོག་འཛིན་པ། བྱ་མ་མར་མེ་འཛིན་པ། བྱའུ་ཞགས་པ་འཛིན་པ། ས་རི་ཞགས་བ་འཛིན་པ། ས་ག་བེ་ཅོན་འཛིན་པའོ། །ནུབ་ཕྱོགས་པ་བདུན་དམར་པོ་ལག་སོར་མེ་ཏོག་འཛིན་པ། སྡུ་གུ་དུང་ཕོར་འཛིན་པ ་སོག་པ་ཀུ་མུ་ཏ་འཛིན་པ། པྲེ་པད་མ་འཛིན་པ། ཕུལ་རིན་ཆེན་འཛིན་པ། གྲོ་ཞུན་མེ་ཏོག་འཛིན་པ། བྱི་ཞུན་པདྨ་འཛིན་པའོ། །བྱང་གི་བདུན་ལྗང་ཁུ་ལ་།མོན་དྲེ་མདའ་གཞུ་འཛིན་པ། མོན་གྲུ་དམར་པོ་ནང་ཚང?་ཅན་ལ་འདུག་པ། ཁྲུམས་སྟོད་རལ ་གྲི་འཛིན་པ། ཁྲུམས་སྨད་སྤྲུལ་ཞགས་འཛིན་པ། ནཾ་གྲུ་པད་མ་འཛིན་པ། ཐ་སྐར་རྡོ་རྗེ་འཛིན་པ། བྲ་ཉེ་ལྕགས་ཀྱུ་འཛིན་པའོ། །གྲུ་ཅད་ལ་བདུག་སོགས་བཞི་དང་སྒོ་བ་བསྐྱེད་པ་ལ་གསང་བའི་བདག་པོའི་བཟླས་བ་བྱ་སྟེ། དབང་བསྐུར་བ་ནི་དྲང ་སྲོང་བརྒྱད་ཀྱིས་ཆོ་གའོ། །ཕྱོགས་སྐྱོང་བཅུ་དང་རྒྱལ་བོ་བཞིའི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་པདྨ་འདབ་མ་བཞི་འཁོར་ལོ་རྩིབས་བཅུ་སྒོ་དང་བཅས་པ་བསྐྱེད་ལ། ལྷ་བསྐྱེད་པ་ནི་དབུས་སུ་བཛྲ་པཱ་ནི་སྐུ་མདོག་མཐིང་ནག་རྡོ་རྗེ་སྡིགས་ཤིང་དྲིལ་བུ་འཕྱར་བ ་སྤྲུལ་རིགས་བཞིས་སྐུ་ལ་བརྒྱན་པ་བསྐྱེད་ལ། པདྨ་འདབ་བཞི་ལ་ཡུལ་འཁོར་བསྲུང་དཀར་པོ་ལི་ཝཾ་ཐོགས་པ། འཕགས་སྐྱེས་བོ་སྔོན་པོ་རལ་གྲི་ཐོགས་པ་།སྤྱན་མི་བཟང་དམར་པོ་མཆོད་རྟེན་ཐོགས་པ་།རྣམ་སྲས་སེར་པོ་རྒྱལ་མཚན་ཐོགས་པའོ། །རྩིབS ་བཅུ་ལ་བརྒྱ་བྱིན་སེར་པོ་རྡོ་རྗེ་རྩེ་གསུམ་ཐོགས་པ། མེ་ལྷ་དམར་པོ་མེ་ཐབ་ཐོགས་པའོ། །གཤིན་རྗེ་ནག་པོ་དབྱུག་ཏོ་ཐོགས་པ་སྲིན་པོ་མཐིང་ཁ་རལ་གྲི་ཐོགས་པ། ཆུ་ལྷ་དཀར་པོ་ཞགས་པ་ཐོགས་པ་།རླུང་ལྷ་དུང་ཁ་བ་དན་ཐོགས་པ། གནོད་སྦྱིན་ལྗང་ཁུ ་དབྱུག་ཏོ་ཐོག་པ། དབང་ལྡན་དཀར་པོ་ཏྲི་ཤུལ་ཐོགས་བ། ཚངས་པ་དཀར་དམར་ཉི་ཟླ་ཐོགས་པ། ས་བདག་སེར་པོ་བུམ་པ་ཐོགས་པའོ། །ལྷ་མོ་བཞི་དང་སྒོ་བ་བཞི་ཡང་བསྐྱེད་ལ། སྔགས་ཅི་རིགས་པར་བཟླས་ལ་དབང་བསྐུར་བ་ནི་རྒྱལ་ཆེན་ཕྱོགས་སྐྱོང ་གི་ཆོ་གའོ། །ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་ནི། བྲུཾ་ལས་ཕོ་བྲང་འདབ་བརྒྱད་སྒོ་འཁྱམས་དང་བཅས་པ་བསྐྱེད་ལ། ཧཱུཾ་ལས་བཛྲ་པཱ་ནི། ཕུ་ལས་ཀླུ་ཆེན་པོ་བརྒྱད། ཕྱོགས་མཚོན་དུ་ཐལ་མོ་སྦྱར་བ་བསྐྱེད་ལ། སྒོ་བཞིར་དགོས ་བཞི་ཡང་བསྐྱེད་དེ། ཡི་གེ་དྲུག་བ་དང་བཅུ་གསུམ་པ་དང། གཟུངས་རིངས་བཟླས་ལ་།དབང་བསྐུར་བར་བྱ་བ་ནི་།ཀླུ་བརྒྱད་ཀྱི་ཆོ་གའོ། །གདན་བཞི་ནམ་མཁའ་རྣལ་འབྱོར་གྱི་མངོན་པར་རྟོགས་པ་ནི། ཚོགས་སོག་པ་དང། འབྱུང་བ་ལྷའི་དཀྱིལ་འཁོར་བསྐྱེད ་པ་སྔོན་དུ་སོང་ནས། འདི་རྣམས་ཀྱི་སྙིང་པོ། ཨོཾ་བཛྲ་?་ཧཱུཾ། འདིར་བྲུཾ་ལས་རེ་དམིག་དགུ་པ་ལ་པདྨ་འདབ་མ་བརྒྱད་པ་དང། འདབ་མ་བཅུ་དྲུག་པ་དང་ཁྱམས་སྒོ་དང་བཅས་པ་བསྐྱེད་ལ། དེར་ལྷ་བསྐྱེད་པ་ནི། དབུས་སུ་སེང་གེའི་སྟེང་དུ་ནམ་མཁའ་རྣལ་འབྱོར་མདོག་ནག་པོ ་ཞལ་གཡས་གཡོན་དཀར་བ་དང་དམར་བའི། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་བཟུང་ནས་ཡུམ་ཡེ་ཤེས་མཁའ་འགྲོ་མ་སྐུ་མདོག་ཞལ་ཕྱག་ཡབ་དང་འདྲ་བ་ལ་འཁྱུད་པ་།གཡས་ཀྱི་བར་མས་ཡུམ་གྱི་ནུ་མ་ཉེད་ཅིང་འོག་མས་མདའའཛིན་པའོ། །ཕྱག ་གཡོན་པ་གཉིས་ཀྱིས་པད་སྡོང་དང་གཞུ་འཛིན་པའོ། །དབུ་སྐྲ་ཁམ་པ་གྱེན་དུ་འབད་པ། རུས་པའི་རྒྱན་དྲུག་སྟག་གི་ཤམ་ཐབས་གསོལ་པའོ།། ཤར་གྱི་རེ་དམིག་ལ་གླང་པོ་ཆེའི་སྟེང་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། །བྱང་དུ་རྨ་བྱའི་སྟེང་དུ་འཇིགས་བྱེད་མ་སེར་ ་མོ། ནུབ་ཏུ་སྦྲུལ་གྱི་སྟེང་དུ་རོ་ལངས་མ་དམར་མོ། །ལྷོར་བྱའི་སྟེང་དུ་གཏུམ་མོ་སྔོན་མོ། །གཙོ་མོ་དང་ལྔ་ནི། ཁ་ཏྲཾ་ཁ་དང་ཐོད་པ་འཛིན་པའོ། །ཤར་ལྷོར་ནམ་མཁའ་ལྡིང་གི་སྟེང་དུ་སྟག་གི་གདོང་ཅན། དཀར་བ་དང་ནག་པོའི་མདོག་ཅན ་ལྕགས་ཀྱུ་དང་ཞགས་པ་འཛིན་པ། བྱང་ཤར་དུ་སེང་གེའི་སྟེང་དུ་སེང་གདོང་མ་དཀར་སེར་ཁ་ཏྲཾ་ཁ་དང་ཞགས་པ་འཛིན་པ། ནུབ་བྱང་དུ་ལྕེ་སྤྱད་གི་སྟེང་དུ་ཁྱི་གདོང་མ་དམར་སེར་འུག་པའི་གདོང་ཅན་དབྱུག་པ་དང་ཞགས་པ་འཛིན་པ། ལྷོ་ནུབ་ཏུ་མ་ཏེའི་སྟེང་དུ ་ལྕེ་སྦྱང་མ་དམར་ནག་དགྲ་སྟ་དང་ཞགས་པ་འཛིན་པ། པདྨ་འདབ་མ་བརྒྱད་ཀྱི་ཤར་དུ་ལྕེ་འཛིན་མ་དཀར་མོ་ལྕེ་ཁར་བཅུག་པ། བྱང་དུ་ཐལ་མོ་སྦྱར་མ་སེར་མོ་སྤྱི་བོར་ཐལ་མོ་སྦྱར་བ། ནུབ་ཏུ་འཇིགས་བྱེད་མ་ལྗང་ཁུ་ཁྲག་གི་ཕོར་པ་གསོལ་བ། ལྷོར ་ཀཾ་འཛིན་མ་ནག་མོ་གཏུན་ཤིང་འཛིན་པ། བྱང་ཤར་སྒེག་མོ་བསྒྲེག་པ། ནུབ་བྱང་དུ་གར་མ་གར་བྱེད་པ། ལྷོ་ནུབ་ཏུ་གླུ་མ་ཁའི་ཐད་ཀར་སྡིགས་མཛུབ་གཡོབ་པ། ཤར་ལྷོ་རི་བོ་ཝཾ། མ་པད་འདབ་བཅུ་དྲུག་ལ་ཤར་ལྷོར་མེ་ཏོག་མ་དཀར་མོ། ལྷོ་ནུབ་ཏུ ་བདུག་ལམ?་སེར་མོ། །ནུབ་བྱང་དུ་མར་མེ་མ་དམར་མོ། །བྱང་ཤར་དུ་དྲི་ཆབ་མ་ལྗང་ཁུ་ཤར་གྱི་འདབ་མ་གསུམ་ལ། པུ་ཀ་སི་དང་གྷསྨ་རི་གཏུམ་མོ་གསུམ་བདུད་རྩིའི་སྣོད་འཛིན་པའོ། །བྱང་དུ་འཇིགས་བྱེད་མ་དང། འཁྲོ་མོ་དང་ཤ་ཟ་མ་གསུམ་ཤ་ལྔས ་བསྐང་བའི་སྣོད་འཛིན་པའོ། །ནུབ་ཏུ་དྲག་ཤུལ་མ་དང་འབར་མ་དང། མི་སྡུག་མ་གསུམ་གཏོར་མའི་སྣོད་འཛིན་པའོ། །ལྷོ་རུ་ཐོད་པ་མ་དང། རྡོ་རྗེ་མ་དང་བུམ་པ་མ་རྣམས་གཏུང་བའི་སྣོད་འཛིན་པའོ། །ཤར་སྒོར་ཁྱབ་འཇུག་ནག་པོ། །བྱང་དུ་ཚངས་པ་སེར ་པོ། ནུབ་ཏུ་དབང་ཕྱུག་དཀར་པོ། །ལྷོར་གདོང་དྲུག་དམར་པོ། །དབང་ལྡན་དུ་དབང་པོ་སེར་པོ། །ནུབ་བྱང་དུ་ཆུ་ལྷ་དཀར་པོ། །ལྷོ་ནུབ་ཏུ་གཤིན་རྗེ་ནག་པོ་ཤར་ལྷོར་ལུས་ངན་སེར་པོ། །ཤར་གྱི་སྣམ་བུ་ལ་ཐོད་པའི་འཇིགས་བྱེད་དང། ཁ་ཏྲཾ་ཁའི་སྲིན་པོ་ཚོགས་ཀྱི་དབང ་ཕྱུག་དང་དྲིལ་བུའི་རྣ་བ་ཅན་རྣམས་དཀར་པོ། །བྱང་དུ་གཏུམ་པོའི་དབང་ཕྱུག། མྱུན་པའི་ལྷ། རིགས་ཀྱི་དབང་ཕྱུག། འཇིགས་སུ་རུང་བ་རྣམས་སེར་པོ། །ནུབ་ཏུ་དྲག་པོའི་འདོད་པས་ས་རི་དབང་ཕྱུག། ཏ་རུ་འདུ་བྱེད། རྔ་སྒྲ་འཇིགས་བྱེད་རྣམས་དམར་པོ། །ལྷོར་གཏུམ་པོ ་དབང་ཕྱུག། ཐ་ར་གྷ་དྲོ་དབང་ཕྱུག་མཆེ་བ་བཙིགས་པ། གཞུ་འཛིན་རྣམས་ནག་པོ། །ཁྱབ་འཇུག་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་འདི་དག་ནི། ཞལ་ཅིག་པ། སྤྱན་གསུམ་པ། ཕྱག་བཞིའི་གཡས་གཉིས་ཀྱིས་རྡོ་རྗེ་དང་ཁ་ཏྲཾ་ཁ་འཛིན་པ། གཡོན་གཉིས་ཀྱིས ་དྲིལ་བུ་དང་ཐོད་པ་འཛིན་པའོ། །རང་འོད་ཀྱི་རིག་མ་ལ་འཁྱུད་པ། མི་བསྐྱོད་པ་ལ་སོགས་པ་རིགས་ཀྱི་བདག་པོ་རྣམས་ཀྱིས་མཚན་པའོ། །སྙིང་ཁའི་ས་བོན་ནི་ཧཱུཾ་ངོ། །སྤྱན་དྲངས་མཆོད་ལ། སྔགས་ནི། ཨོཾ་ཧཱུཾ་ཧ་སྭཱཧཱ། ཞེས་བཟླས་ལ་དབང་བསྐུར་བ་ནི ་གདན་བཞི་ནམ་མཁའ་ཨི་རྣལ་འབྱོར་ཡབ་བཀའ་ཨོ། །གདན་བཞི་ཡེ་ཤེས་མཁའ་འགྲོའི་མངོན་པར་རྟོགས་པ་ནི། ཚོགས་སོག་པ་དང་འབྱུང་པ་ལྔའི་དཀྱིལ་འཁོར་བསྐྱེད་པ་སྔར་ལྟར་ལ། འདིར་བྷྲུཾ་ལས་པད་མ་འདབ་མ་བརྒྱད་པ། གྲུ་ཆང་ལ་སྒོ་བཏོང་པ་ཅན ་དུ་བསྐྱེད་ལ། ཉི་ཟླ་པདྨ་དང་སེང་གེའི་སྟེང་དུ། ཡེ་ཤེས་མཁའ་འགྲོ་མ་སྔོན་མོ་ཞལ་གསུམ་གཡས་དཀར་བ། གཡོན་དམར་བ། སྤྱན་གསུམ་གསུམ་པ། ཕྱག་དྲུག་གི་གཡས་གསུམ་ན་ཁ་ཏྲཾ་ཁ་དང། དགྲ་སྟ་དང། རྡོ་རྗེ། གཡོན་གསུམ་ན་དྲིལ་བུ ་དང་ཞགས་པ་དང་ཁྲག་གིས་བཀང་པའི་ཐོད་པ་བསྣམས་པའོ། །ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ། །བྱང་དུ་འཇིགས་བྱེད་མཁའ་འགྲོ་སེར་མོ། །ནུབ་ཏུ་རོ་ལངས་མ་དམར་མོ། །ལྷོར་གཏུམ་མོ་སྔོན་མོ་སེང་གེའི་གདན་ལ་ཁ་ཊཾ་ཁ་དང་ཐོད་པ་བསྣམས ་པའོ། །བྱང་ཤར་དུ་སེང་གེ་གདོང་མ་དཀར་མདངས་སེར་བའི་ལུས་ཕྱེད་མ་གླང་པོ་ལ་བཞུགས་པ། ནུབ་བྱང་དུ་འུག་གདོང་མ་དམར་སེར་ཀླུའི་གདན་ལ་བཞུགས་པ། ལྷོ་ནུབ་ཏུ་ལྕེ་སྤྱད་གདོང་དམར་ནག་མ་ཧེ་ལ་བཞུགས་པ། ཤར་ལྷོར་སྟག་གདོང་མ་དཀར ་སྔོ་རིན་པོ་ཆེའི་གདན་ལ་བཞུགས་པ། རྡོ་རྗེ་ཞགས་པ་དང་པདྨ་འཛིན་པའོ། །ཤར་སྒོར་རྒྱལ་བའི་དབང་ཕྱུག་མ་དཀར་མོ་ཕྱག་ཁར་བཅུག་པ། བྱང་དུ་ཐལ་མོ་སྦྱར་བ། ནུབ་ཏུ་འཇིགས་བྱེད་དམར་མོ་ཁྲག་བཟུང་བ། ལྷོར་ཀཾ་འཛིན ་ནག་མོ་སྡིགས་མཛུབ་གསང་གནས་སུ་བཙུགས་ལྷ་མོ་བཅུ་གསུམ་པོ་ཟོད་པ་དང་ཏུས་པའི་བརྒྱན་བྱས་པ། རིགས་ལྔས་སོ་སོར་དབུལ་མཚན་པ། ཐུགས་ཁའི་ས་བོན་ནི་ཧཱུཾ་དོ། །སྔགས་ནི། ཨོཾ་ཏྲཾ་སྭཱཧཱ་ཞེས་པའོ། །དེ་ནས་དབང་བསྐུར་བ་ནི་རྡོ་རྗེ ་གདན་བཞིའི་ཡུམ་བཀའ་ཨོ། །སངས་རྒྱས་ཐོད་པའི་མངོན་པར་རྟོགས་པ་ནི། ཆོགས་སོག་པ་སྔོན་དུ་སོང་ནས་འདིར་བྷྲུཾ་ལས་གཞལ་ཡས་ཁང། རྩིབས་བརྒྱད་པ་གསུམ་ལ་སྒོ?་བཏོད་པ། ལྷ་བསྐྱེད་པ་ནི་མི་རོའི་སྟེང་དུ་སངས་རྒྱས་ཐོད་པ། ཞལ་ཅིག ་ཕྱག་བཞི་པ། སྐུ་མདོག་མཐིང་ཁ། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། ཕྱག་གཡས་གཉིས་ན་གྲི་གུག་དང་ཌཱ་མ་རུ། གཡོན་ན་ཐོད་པ་དང་ཁ་ཊཾ་ཁ་འཛིན་པ། སྟག་གི་ཤམ་ཐབས་དང་གླང་པོ་ཆེའི་སྟོད་གཡོགས་དང ་རུས་པའི་རྒྱན་དྲུག་གསོལ་བ། མངའ་བདག་གི་བཅུན་མོ་ནི་སྣ་ཚོགས་རྡོ་རྗེ་མ་དམར་མོ་ཞལ་ཅིག་ཕྱག་གཉིས་མ་ཡབ་ཀྱི་མགྲིན་པ་ལ་ཆགས་པའི་ཕྱག་གཡོན་པས་ཁྲག་གི་རྒྱུན་འཛིན་པའི་ཐོད་པ་སྟོབ་པ། གཡས་གྲི་གུག་གདེངས་པའོ། ་རྩིབས་ཀྱི་ཤར་ནས་ནག་པོ་ལ་ལེགས་པའི་ཕྲེང་བ་ཅན་མ། བྱང་དུ་ཐོད་པ་ཅན་མ། ནུབ་ཏུ་འཇིགས་ཅན་མ། ལྷོར་གཞན་གྱིས་མི་ཐུབ་མའོ། །མཚམས་བཞིར་འདོད་ཡོན་གྱིས་བསྐྲད?་གའི་ཐོད་པ་བཞིའོ། །པདྨ་འདབ་མ་དམར་པོ་ལ་ཤར་ནས་དགེ་བའི ་སྐེ་རེགས་མ། བྱང་དུ་གཟུགས་ཅན་མ། ནུབ་ཏུ་རྣམ་པར་རྒྱལ་མ། ལྷོར་འདོད་བྱེད་མ། བྱང་ཤར་ནག་མོ། །ནུབ་བྱང་སྡོད་མ། ལྷོ་ནུབ་ཏུ་འཕྲོག་མ། ཤར་ལྷོར་རྒྱ་མཚོ་ཆེན་མོ། རྩིབས་དཀར་མོ་བརྒྱད་པ་ལ། ཤར་དུ་སྒྲོལ་མ། བྱང་དུ་ལོ་ག་མ། ནུབ་ཏུ་ལེཌ ་མདའ་དང། མདུད་འཛིན་པའོ། །ུད་པ་ལ་དང། གཞུ་དང། ལྕགས་ཀྱུ་དང། སྡིགས་མཛུབ་པོ། ཤིང་དུ་མེ་ཏོག་སྒྲོལ་མ་དཀར་མོ་མེ་ཏོག་འཛིན་པ། ལྷོར་སྤོས་ཀྱི་སྒྲོལ་མ་སེར་མོ་སྤོས་འཛིན་པ། ནུབ་ཏུ་མར་མེའི་སྒྲོལ ་མ་དམར་མོ་མར་མེ་འཛིན་པའོ། །བྱང་དུ་དྲི་མཆོག་སྒྲོལ་མ་ལྗང་ཁུ་དྲིའི་སྣོད་འཛིན་པའོ། །གྲུ་བཞི་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྡོ་རྗེ་དང། འཁོར་ལོ་དང། པདྨ་དང། རལ་གྲིའོ། །སྒོ་བཞི་ལ་ནི་སྒོ་མ་བཞིའོ། །གྲཝ་བཞི་ལ་ནི་ཡུམ་བཞིའི ་བུམ་པ་བཞིའོ། །སྟེང་དུ་གཙུག་ཏོར་རྣམ་པར་རྒྱལ་མ་དཀར་མོ་འཁོར་ལོ་འཛིན་པའོ། །འོག་ཏུ་གནོད་མཛེས་མ་སྔོན་མོ་ཀླུའི་ཞགས་པ་འཛིན་པའོ། །ཕྱག་གཡོན་ཐམས་ཅད་ནི་སྡིགས་མཛུབ་མཛད་པའོ། །ཐམས་ཅད་རྡོ་རྗེའི་དཀྱིལ་? ་བཞུགས་པའོ། །རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ལ། གཙོ་མོ་ལ་ནི་རིན་ཆེན་འབྱུང་ལྡན་གྱིས་སོ། །འཁོར་རྣམས་ལ་ནི་གཞན་རིགས་བཞིའོ། །སྙིང་ཁའི་ས་བོན་ཏཾ་ངོ། །ོཾ་ཏཱ་རེ་ཏུ་ད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཞས་བཟླས་ལ་དབང་བསྐུར་བར་བྱའོ། །ལྷ་མོ་དུ་རུ ་ཀུལླེ་ལྷ་བཅུ་གསུམ་གྱི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་པདྨ་འདབ་བཞི་སྒོ་དང་བཅས་པ་བསྐྱེད་ལ། དབུས་སུ་ཀུ་རུ་ཀུལླེ་དམར་མོ་ཞལ་ཅིག་སྤྱན་གསུམ་པ། ཕྱག་བཞིས་མདའ་དང་ལྕགས་ཀྱུ་དང་གཞུ་དང། ཨུད་པལ་དམར་པོ་འཛིན་པའོ།། ་ཕྱོགས་བཞིར་ཡུམ་བཞིའོ། །གྲུ་བཞིར་སྒེག་སོགས་བཞིའོ། །སྒོ་བཞིར་སྒོ་མ་བཞིའོ། །ཐམས་ཅད་ཀྱང་སྐུ་མདོག་དམར་མོ་མདའ་གཞུ་འཛིན་པ་རོའི་གདན་ལ་ཕྱེད་དཀྱིལ་གྱིས་བཞུགས་པའོ། །སྙིང་ཁའི་ས་བོན་ནི་ཧྲིའོ། །ོཾ་ཀུ་རུ་ཀུལླེ་ཧྲི་སྭཱཧཱ། ་ཞེས་བཟླས་ལ་དབང་བསྐུར་བར་བྱའོ། །ལྷ་མོ་འོད་ཟེར་ཅན་གྱི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་པདྨ་འདབ་མ་བརྒྱད་པ་སྒོ་འཁྱམས་དང་བཅས་པ་བསྐྱེད་ལ། དེའི་དབུས་སུ་ཉི་ཟླ་པདྨའི་སྟེང་དུ་ལྷ་མོ་འོད་ཟེར་ཅན་སེར་མོ་ཞལ་གསུམ་སེར་པ ་དང། དཀར་བ་དང། སྔོ་བ་དང། སྤྱན་གསུམ་པ། དབུ་རྒྱན་མཆོད་རྟེན་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་དྲུག་གི་གཡས་རྣམས་ཀྱིས་མདའ་དང། རྡོ་རྗེ་དང། ཁབ་འཛིན་པ། གཡོན་རྣམས་ཀྱིས་གཞུ་དང། སྐུད་པ་དང། མྱ་ངན་མེད་པའི་ཤིང ་འཛིན་པ། སྟོང་གཡོགས་དང་སྨད་གཡོགས་སྔོན་པོ་གསོལ་བ། ཐམས་ཅད་ཀྱང་ཕག་གི་གདན་ལ་བཞུགས་པ། ཤར་དུ་ཉི་མ་ཡིན་མ་དཀར་མོ་ཁབ་དང་སྐུད་པ་འཛིན་པ། ལྷོར་མ་བསི་སེར་མོ་ཁབ་དང་སྐུད་པ་འཛིན་པ། ནུབ་ཏུ་གཟི་བརྗིད་མ་དམར་མོ་མངར? ་གཞུ་འཛིན་པ། བྱང་དུ་མི་ངན་ཡིན་པ་ལྗང་ཁུ། མྱ་ངན་མེད་པའི་ཤིང་སྡིགས་མཛུབ་བྱས་པ། མཚམས་བཞིར་ཨུ་ཏྲ་ཡ་མ་དང། ཁུ་ལུ་མ་སི་དང། བྷ་ན་མ་སི་དང། རྩིར་མ་སི་རྣམས་སྔ་མ་བཞིན་དུ་སྐུ་མདོག་ཕྱག་མཚན་ཅིག་པའོ། །ཤར་དུ་? ་ར་མ་སི་ནག་མོ་དང། ཕག་མོ་ཕག་ཞལ་ནག་མོ་ཅན་ནོ། །ལྕགས་ཀྱུ་དང་ཞགས་པ་འཛིན་པའོ། །ལྷོར་རྐང་གནོན་མ་དང་ཚོགས་འཕྲེང་མ་སེར་མོ་མྱ་ངན་མེད་པའི་ཤིང་དང་རྡོ་རྗེ་འཛིན་པའོ། །ནུབ་ཏུ་ཕ་རོལ་གནོན་མ་དང་ཚིག་གི་ཕྲེད་མ་དམར་མོ་མངའ་གཞུ་འདས?འ ་པའོ། །བྱང་དུ་སླབ་བྱིན་མ་དང་མཆོག་འཕྲེང་མ་ལྗང་ཁུ་ཁབ་སྐུད་འཛིན་པ། ཤར་ལྷོར་བྷ་ན་དྷ་ལ་དམར་མོ་ཁབ་སྐུད་འཛིན་པ། ལྷོ་ནུབ་ཏུ་རྨ་འཕྲེང་མ་སེར་མོ་ཁབ་སྐུད་འཛིན་ཨ། ནུབ་བྱང་དུ་མཆོག་མ་དཀར་མོ་ཤིང་དང་ཞགས་པ་འཛིན་པ། བྱང་ཤར་དུ་ཕག་ཞལ ་མ་དམར་མོ་མདའ་དང་གཞུ་འཛིན་པའོ། །སྒོར་ཨ་ལོ་དང་ཏ་ལོ་དང། ཀ་ལོ་དང་ཚ་ལོ་རྣམས་ནི་དཀར་མོ་དང། སེར་མོ་དང། དམར་མོ་དང། ལྗང་ཁུ་རྣམས་ལྕགས་ཀྱུ་དང། ཞགས་པ་དང། ལྕགས་སྒྲོག་དང་དྲིལ་བུ་རྣམས་འཛིན་པའོ། །ལྷ་མོ་ཉིད ་བཞི་པོ་རྣམས་སྤྱན་དང། རྒྱན་དང། ཆ་ལུགས་གཙོ་བོ་དང་འཐུན་པའོ། །རྣམ་སྣང་ལ་སོགས་པ་རིགས་ཀྱི་བདག་པོས་དབུ་ལ་མཚན་པའོ། །ཐུགས་ཀའི་ས་བོན་ནི་མཾ་ངོ། །ོཾ་མ་རི་ཙཡཻ་སྭཱཧཱ། ཞེས་པའི་སྔགས་བཟླས་ལ་དབང་བསྐུར་བ་ནི་འོད་ཟེར་ཅན་གྱིའོ ་ལྷ་མོ་དབྱངས་ཅན་མ་དཀར་མོའི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་ཕོ་བྲང་རྩིབས་བཞི་གྲུ་ཆད་སྒོ་དང་བཅས་པ་བསྐྱེད་ལ། དབུས་སུ་ལྷ་མོ་དབྱངས་ཅན་མ་དཀར་མོ་འཁོར་ལོ་དང་པི་ཝཾ་འཛིན་པ། རྡོ་རྗེ་སེམས་མ་ལ་སོགས་པ ་ཡུམ་བཞི་དང། བདུག་སོགས་བཞི་དང། སྒོ་བ་བཞིས་སྐོར་བ། ཐུགས་ཁའི་ས་བོན་ཧྲིའོ། །ོཾ་བི་ཏི་ཏི་ཝི་ཧྲི་ཨ་ཨཱ་ཨི་ཨའི་ཨུ་ཨའུ། རི་རཱི། ལི་ལཱི། ཨེ་ཨི། ཨོ་ཨཽ། ཨཾ་ཨ:། ཞེས་བརྒྱ་རྩ་བརྒྱད་བཟླས་ལ་དབང་བསྐུར་བ་ནི་ལྷ་མོ་དབྱངས་ཅན ་མ་དཀར་མོའོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་ཕོ་བྲང་གླིང་བཅུ་གཅིག་བསྐྱེད་ལ། དབུས་སུ་ཕོ་བྲང་འདབ་མ་བརྒྱད་པ་ལ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞལ་ཅིག་ཕྱག་བཞི་དང་པོ ་གཉིས་ཀྱིས་པོ་ཏི་དང་ཆོས་འཆད་མཛད་པ། འོག་མ་གཉིས་ཀྱིས་རྡོ་རྗེ། གཡོན་དཀུར་བརྟེན་པ་མདོག་སེར་མོའོ། །པདྨ་འདབ་མ་བརྒྱད་ལ་ཤར་དུ་སངས་རྒྱས་སྤྱན་དཀར་མོ། །གཡོན་པོ་ཏི་བཀུར་བརྟེན་པ། རིན་ཆེན་སྒྲོལ་མ་སེར་མོ་དང། མ་མ་ཀི ་སྔོན་མོ་པོ་ཏི་ཐོགས་པ་སྒྲོལ་མ་ལྗང་ཁུ་པོ་ཏི་ཐོགས་པའོ། །ཤར་ལྷོར་རྡོ་རྗེ་སེམས་མ་དཀར་མོ། །ལྷོ་ནུབ་རིན་ཆེན་སེམས་མ་སེར་མོ། །ནུབ་བྱང་པད་མའི་སེམས་མ་དམར་མོ་།བྱང་ཤར་ལས་ཀྱི་སེམས་མ་ལྗང་ཁུ། ཤར་ཕྱོགས་སུ་མྱ་ངན་མེད ་པའི་དཔལ་དཀར་པོ་མཆོག་སྦྱིན་མཛད་པ་ལ། འཁོར་ཆོས་ཀྱི་རྒྱལ་མཚན་དཀར་པོ་རྒྱལ་མཚན་ཐོགས་པ། དབང་ཕྱུག་རྒྱལ་པོ་སྔོན་པོ་ལྕགས་ཀྱུ་ཐོགས་པ། བཀོད་པའི་རྒྱན་དམར་པོ་པོ་ཏི་ཐོགས་པ། རིན་ཆེན་འོང་འཕྲོ་ལྗང་ཁུ་རིན་པོ་ཆེ ་ཐོགས་པའོ། །ལྷོ་ཕྱོགས་སུ་འཁོར་བ་རྒྱུན་གཅོད་སྔོན་པོ་པོ་ཏི་བསྣམས་པ་ལ་འཁོར་སྣང་བའི་མཆོག་དཀར་པོ་རིན་པོ་ཆེ་ཐོགས་པ། ཕྱག་རྒྱའི་རྒྱལ་པོ་སྔོན་པོ་མདའ་གཞུ་ཐོགས་པ། སྤོབས་པའི་རྒྱལ་པོ་དམར་པོ་ཐ་མ་ཏོག་ཐོགས་པ། སྤོབས་པ ་བརྩེགས་པ་ལྗང་ཁུ་གདུགས་ཐོགས་པའོ། །ནུབ་ཏུ་འགྲོ་བའི་དཔལ་དམར་པོ་མཆེ་བ་བསྣམས་བ། འཁོར་པདྨའི་རྒྱལ་པོ་དཀར་པོ་པདྨ་ཐོགས་པ། པདྨའི་འདབ་མ་སྔོན་པོ་པདྨའི་སྡོང་བུ་འཛིན་པའོ། །རྡོ་རྗེ་མི་གཡོ་བ་དམར་པོ་པོ་ཏི་འཛིན་པ། ཐོགས་མེད་རྒྱལ ་པོ་ལྗང་ཁུ་ལྕགས་ཀྱུ་འཛིན་པའོ། །བྱང་ཕྱོགས་སུ་ཐམས་ཅད་དབང་བསྒྱུར་ལྗང་ཁུ་ཉི་མའི་སྟེང་ན་པད་མ་འཛིན་པ་ལ། འཁོར་རིན་ཆེན་དབང་ཕྱུག་དཀར་པོ་རིན་པོ་ཆེ་འཛིན་པ། སེམས་དཔའ་གྲུབ་པ་སྔོན་པོ་རྒྱ་གྲམ་འཛིན་པ། དགའ་སྟོན་དམར་པོ་མེ་ལོང ་འཛིན་པ། མི་གཡོའི་ཚུལ་ལྗང་ཁུ་ཕྱག་མཉམ་བཞག་མཛད་པའོ། །བྱང་ཤར་དུ་ཤཱཀྱ་?་ནེ་སེར་པོ་ཆོས་འཆད་མཛད་པ་ལ། འཁོར་ཕྱག་དོར་དཀར་པོ་རྡོ་རྗེ་བསྣམས་པ། སྤྱན་རས་གཟིགས་སྔོན་པོ་པདྨ་བསྣམས་པ། ནམ་མཁའ་སྙིང་པོ་དམར་པོ་? ་བསྣེམས་པ། མའི་སྙིང་པོ་ལྗང་ཁུ་རིན་པོ་ཆེའི་མྱུ་གུ་བསྣམས་པ། ཤར་ལྷོར་མ་ཆགས་པདྨ་ཅན་སྔོ་སྐྱ་པོ་ཏི་འཛིན་པ་ལ། འཁོར་ཀུན་བཟང་དཀར་པོ་རིན་པོ་ཆེའི་སྡོང་བུ་འཛིན་པ། འཇམ་དཔལ་སྨོད?་པོ་ཨུད་པ་ལ་འཛིན་པ། སྒྲོལ་པ་རྣམས་ལ་དམར ་པོ་རལ་གྲི་འཛིན་པ། བྱམས་པ་ལྗང་སེར་ཀླུ་ཤིང་ཐོགས་པའོ། །ལྷོ་ནུབ་ཏུ་བདག་དོན་རྣམ་གྲོལ་དམར་སེར་པོS་མན་མཛད་པ་ལ། འཁོར་མཐུ་ཆེན་ཐོབ་དཀར་པོ་རྡོ་རྗེ་ཐོགས་པ། སྨན་གྱི་རྒྱལ་པོ་སྔོན་པོ་ཨ་རུ་ར་བསྣམས་པ། ཡོན་ཏན་སྙིང་པོ་དམར་པོ་རིན་པོ་ཆེའི ་སྙེ་མ་བསྣམས་པ། མཐོང་ན་དགའ་བ་ལྗང་ཁུ་ཀླུ་ཤིང་ཀུན་དྷེ་བསྣམས་པའོ། །ནུབ་བྱང་འཁོར་བ་བདུད་འཇོམས་སེར་པོ་མཉམ་གཞག་མཛད་པ་ལ། འཁོར་སེམས་དཔའ་གཞོན་ནུ་དཀར་པོ་མེ་ཏོག་འཛིན་པ། སྐྱེས་བུ་དམ་པ་སྔོན་པོ་རལ་གྲི་འཛིན་པ། ་སེང་གེ་སྒྲ་དམར་པོ་?་ཡབ་འཛིན་པ། སེམས་དཔའ་ལྗང་ཁུ་སྡིག་མཛུབ་བྱས་པའོ། །སྟེང་དུ་དགའ་བ་སྒྱུར་པའི་དཔལ་སྔོན་པོ་ཉི་ཟླ་འཛིན་པ་ལ། འཁོར་བཟང་སྐྱོང་དཀར་པོ་བུམ་པ་འཛིན་པ། འབྱུང་གནས་སྔོན་པོ་རིན་པོ་ཆེ་འཛིན་པ། དཔའ་བར་འགྲོ ་པ་དམར་པོ་རལ་གྲི་འཛིན་པ། ཟླ་འོད་གཞོན་ནུ་ལྗང་ཁུ་ཟླ་བ་འཛིན་པའོ། །འོག་ཏུ་འདམ་སྐྱེས་པདྨ་སེར་པོ་ས་གནོན་མཛད་པ་ལ། འཁོར་ཡེ་ཤེས་ཏོག་དཀར་པོ་ཨུད་པལ་འཛིན་པ། མྱ་ངན་ཀུན་འཇོམས་དཀར་པོ་རལ་གྲི ་འཛིན་པ། བློ་གྲོས་མི་བཟང་པ་དམར་པོ་པོ་ཏི་བསྣམས་པ། ཡེ་ཤེས་འོད་ལྗང་ཁུ་རྡོ་རྗེ་རྩེ་གསུམ་པ་བསྣམས་པའོ། །དེ་ལྟར་ལྷ་བསྐྱེད་ནས་སྔགས་ནི་འདི་ལྟ་སྟེ། ཏད་ཡཱ་ཐཱ། ཨོཾ་པྲོཛྙ་པྲོཛྙ་པྲཛྙ་ཨ་ལཾ་ཀ་ཀ་ནི། ཨ་ཛྙཱ་ན་བྷ་དྷ་དྷ་ནི། སཱི་དྷ་པུ་སཱི་དྷི ་སི་ཏ་ཡན་བྷ་ག་པ་ཏི་བྷད་ས་ལེ། པྲ་ས་རི། དྷ་ཧ་ཧོ། སྠ་མ་ཤཱ་ས་ཀཱ་རི། ཏི་ཧ་ཏི་ཏ། ཀཾ་པཱ་ཀཾ་པཱ་།ཙ་ལ་ཙ་ལ། བྷ་ར་བྷ་ར། གྷརྫ་གྷརྫ། ཨ་གྷད་ཛཧ། ཨ་གྷད་ཛྙ་བྷ་བྷ་བ་ཏི། མརྣཱ་མརྣཱ། བི་ལ་བྷཱརྦ་སྭཱཧཱ། ཞེས་བཟླས་པས་དབང་བསྐུར་བ་ནི་ཡུམ་ཆེན ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བའི་ཆོ་གའོ།། །།དཔལ་དུས་ཀྱི་འཁོར་ལོའི་མངོན་པར་རྟོགས་པ་ནི། ཚོགས་སོག་པ་དང་འབྱུང་བ་ལྔའི་དཀྱིལ་འཁོར་བསྐྱེད་པ་སྔོན་དུ་སོང་ནས། འདིར་བྷྲུཾ ་ལས་ནང?་རེ་དམིག་དགུ་པའམ་རྩིབས་བརྒྱད་པ། ཕྱི་འཁྱམས་རིམ་པ་གསུམ་ཡོད་པ་ཅིག་དུ་བསྐྱེད་ལ། ནང་དུ་ལྷ་བསྐྱེད་པ་ནི། ཐུགས་ཀྱི་འཁོར་ལོའི་དབུས་སུ་ཉི་ཟླ་པདྨའི་སྟེང་དུ་གཡས་སུ་དྲག་པོ་དམར་པོ་ཕྱག་བཞི་ན་མདའ་གཞུ་དང། ལྕགས་? ་ཞགས་པ་ཐོགས་པ། གཡོན་དུ་བདུང་དགའ་རབ་དབང་ཕྱུག་དཀར་པོ་ཕྱག་བཞིན་ཁ་ཏྲཾ་ཁ་དང་ཅང་ཏེའུ། ཕྱག་གཉིས་གྱིས་ཐོ་བ་དང་རྡོ་རྗེ་རྩེ་གསུམ་པ་འཛིན་པ། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། དེ་ལས་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་མཐིང་ཁ་ཞལ ་བཞི་ཕྱག་ཉི་ཤུ་རྩ་བཞི་པ། ཞལ་བཞིའི་དབུས་མཐིང། གཡས་དམར་གཡོན་དཀར། རྒྱབ་སེར་པོ་ལ་ཕྱག་ཉི་ཤུ་རྩ་བཞི་ནི། དང་པོ་བརྒྱད་མཐིང་ཁ། བར་པ་བརྒྱད་དམར་པོ། ཐ་མ་བརྒྱད་དཀར་པོ་ལ། དང་པོ་གཉིས་ཐུགས་ཁར་རྡོ་རྗེ་དྲིལ་བུ་འཛིན་པ། ་གཡས་རྣམས་ནི་གོ་རིམས་བཞིན་དུ་རྡོ་རྗེ་དང་རལ་གྲི་དང། ཁ་ཏྲཾ་ཁ་དང། གྲི་གུག་དང། མངའ་དང། ལྕགས་ཀྱུ་དང། ཅང་ཏེའུ་དང། སྟ་རི་དང། འཁོར་ལོ་དང། མདུང་དང། དབྱུག་པ་དང། ཐོ་བ་འཛིན་པ། གཡོན་རྣམས་ནི་གོ་རིམས་བཞིན་དུ། དྲིལ་བུ། ་ཕུབ?་དང། ཏྲི་ཤུལ་དང། ཐོད་པ་དང། གཞུ་དང། ཞགས་པ་དང། ནོར་བུ་དང། པདྨ་དང། དུང་དང། མེ་མོང?་དང། ལྕགས་སྒྲོག་ཚངས་པའི་མགོ་པོའོ། །ཞབས་གཉིས་ནི། གཡས་དམར་པོ?། གཡོན་དཀར་པོའོ། །ཡུམ་སར་མོ་ཞལ་? ་བ། གཡས་དཀར་གཡོན་དམར་བ། རྒྱབ་ནག་པ། ཕྱག་བརྒྱད་ཀྱིས་གཡས་དང་པོ་གྲི་གུག་།འོག་མ་ལྕགས་ཀྱུ། གསུམ་པ་ཅང་ཏེའུ། བཞི་པ་ཕྲེང་བ། གཡོན་པ་ཟོད་པ། ཞགས་པ། པད?་མ?། ནོར་བུའོ། །ཤར་དུ་འབར?་མ་ནག་མོ་ཞལ་བཞི་པ། ? ་བརྒྱད་ཀྱིས་སྤོས་དང་ཙན་དན་གུར་གུམ་གླ་རྩིའི་སྣོད་ཐོགས་པ། གཡོན་དྲིལ་བུ་པདྨ་ལྗོན་ཤིང་ཕྲེང་བའོ། །ལྷོར་འབར་མ་དམར་མོ་ཞལ་བཞི། ཕྱག་བརྒྱད་ཀྱིས་མར་མེ་དང། དོ་ཤལ་དང། ཅོད་བན་དང། ལག་རྡུབ?། གོས་དང་སྐེགས་རེགས་དང། རིན་པོ ་ཆེ་དང། བརྒྱན་དང་རྐང་དུང་འཛིན་པའོ། །ནུབ་འབར་མ་སེར་མོ་ཞལ་བཞི་ཕྱག་བརྒྱད་མ། དུང་དང་གླིང་བུ་དང། ནོར་བུ་དང་ཅང་ཏེའུ་དང། པི་ཝཾ་དང། རྔ་དང་འཁར་རྔ་དང་དུང་འཛིན་པའོ། །བྱང་དུ་འབར་མ་དཀར་མོ་ཞལ་བཞི་ཕྱག་བརྒྱད་མ་འོ་མ་དང ་ཆུ་དང་སྨན་དང་ཆང་དང། བདུད་རྩི་དང་ཤ་དང་ཤིང་ཐོག་དང་ཟན་ནོ། །མཚམས་རྣམས་སུ་དུ་བ་མ་ནག་མོ་དང། དམིག་རྒྱུ་མ་དམར་མོ་དང། མར་མེ་སེར་མོ་དང། མཁའ་གསལ་མ་དཀར་མོ་རྣམས་ཞལ་བཞི་ཕྱག་བརྒྱད་ཀྱིས་རང་གི་མདོག་དང ་མཚུངས་པའི་རྔ་ཡབ་འཛིན་པའོ། །ཤར་གྱི་རྩིབས་ལ་དོན་ཡོད་གྲུབ་པ་ཞལ་གསུམ་ནག་པོ་དང་དམར་བ་དང་དཀར་བའི་ཞལ་ལོ། །ཕྱག་བྲུག་གིས་རལ་གྲི་དང་གྲི་གུག་དང་རྩེ་གསུམ་པ། གཡོན་གྱིས་ཕུབ་དང་ཐོད་པ་དང་ཁ་ཏྲཾ་ཁ་འཛིན་པའོ། །ལྷོར་རིན ་འབྱུང་དམར་པོ་དཀར་བ་དང་ནག་པའི་ཞལ། ཕྱག་དྲུག་གིས་མེའི་མདའ་དང་ལྕགས་ཀྱུ་དང་ཅང་ཏེའུ་དང། གཞུ་དང། ཞགས་པ་འཛིན་པའོ། །ནུབ་ཏུ་རྣམ་སྣང་སེར་པོ་དཀར་བ་དང་ནག་པའི་ཞལ་ལ། ཕྱག་གིས་འཁོར་ལོ ་དང་དབྱུག་པ་དང། རྡོ་རྗེ་འཛིན་པ། དུང་དང་ལྕགས་སྒྲོག་དང་དྲིལ་བུ་འཛིན་པའོ། །བྱང་དུ་སྣང་བ་མཛའ་ཡས་དཀར་པོ་ནག་པ་དང་དམར་པའི་ཞལ་ལ་ཕྱག་གཡས་པས་ཐོ་བ་དང་མདུང་དང། རྩེ་གསུམ་པ། པདྨ་དང་མེ་ལོང་བགྲང་ཕྲེང་འཛིན ་པའོ། །མཚམས་རྣམས་སུ་སྒྲོལ་མ་དང་གོས་དཀར་མོ་དང་སངས་རྒྱས་སྤྱན་དང། མ་མ་ཀི་རྣམས་སྐུ་མདོག་དང་ཞལ་དང་ཕྱག་མཚན་རང་རང་གི་ཡབ་དང་འཐུན་པའོ། །ཤར་སྟོད་དུ་ཀུན་ཏུ་བཟང་པོ་སྔོན་པོ་ཞལ་གསུམ་ཕྱག་དྲུག་གིས་རྡོ་རྗེ་དང ་གྲི་གུག་དང་དགྲ་སྟ་དང། དྲིལ་བུ་དང་ཐོད་པ་དང་ཚངས་པའི་མགོ་འཛིན་པའོ། །ཤར་སྨད་དུ་ནམ་མཁའ་ཨི་སྙིང་པོ་དོན་གྲུབ་ལྟ་བུའོ། །ལྷོ་སྟོད་དུ་ཕྱག་ན་རྡོ་རྗེ་ལྗང་ཁུ་ཕྱག་དྲུག་གིས་ཀུན་ཏུ་བཟང་པོ་ལྟ་བུ་འཛིན་པ། ལྷོ་སྨད་དུས་སྙིང་རིན་འབྱུང་ལྟ ་བུའོ། །ནུབ་སྟོང་དུ་རྡོ་རྗེ་ཆོས་ཀུན་ཏུ་བཟང་པོ་ལྟ་བུ། ནུབ་སྨད་སྒྲིབ་པ་རྣམ་སེལ་རྣམ་སྣང་ལྟ་བུའོ། །བྱང་སྟོད་དུ་ཡེ་ཤེས་རྡོ་རྗེ་ཀུན་བཟང་ལྟ་བུའོ། །བྱང་སྨད་དུ་སྤྱན་རས་གཟིགས་སྣང་བ་མཛའ་ཡས་དང་མཚུངས་པའོ། །ཟུར་བཞིར་རེག་རྡོ་རྗེ་མ་དང ་དྲི་རྡོ་རྗེ་མི་དང་པོ་རྡོ་རྗེ་མོ་དང། གཟུགས་རྡོ་རྗེ་མ་རྣམས་ནི་ཡུམ་བཞི་དང་མཚུངས་པའོ། །ཤར་སྒོར་ཁྲོ་བོ་རབ་རྟོག་།ལྷོར་སྐུགས་བྱེད། ནུབ་རེངས་བྱང་བྱང་ང་རྒྱལ་ཅན། བཞི་ནི་རིགས་བཞི་དང་མཚུངས་པའོ། །ཐུགས་འཁོར་གྱི་དལ་ལྷ་སོ་བཞིའོ། ། ་གསུང་གི་དལ་རྣམ་པ་བརྒྱད་ལ་ཤར་དུ་ཙ་ར་ཙི?་ཀ། དམར་པོ་ཞལ་ཅིག་པ་སྤྱན་གསུམ་བ་གཡས་གྲི་གུག་དང་ཏྲི་ཤུལ། གཡོན་གྱིས་ཐོད་པ་དང་ཁ་ཏྲཾ་ཁ་འཛིན་པ། ཞབས་བརྐྱང་སྐུམ་དུ་བཞུགས་པ། འཁོར་ལྷ་མོ་བརྒྱད་ནི་འཇིགས་བྱེད་མ་དང། ་དྲག་མོ་དང། མཆེ་བ་ནག་མོ་དང། མེ་འབར་མ་དང། རླུང་ཤུགས་མ་དང། རབ་གཏུམ་མ་དང། དྲག་དམིག་མ་དང། སྤོས་མོ་བརྒྱད་ནི་སྐུ་མདོག་ཕྱག་མཚན་གཙོ་མོ་དང་འཐུན་ནོ། །ཤར་ལྷོར་ཁྱབ་འཇུག་མ་ནག་མོ་འཁོར་ལོ་དང་དབྱུག་ཐོ་དང་པདྨ་དང ་མདུང་འཛིན་པ་ལ། འཁོར་དཔལ་མོ་དང་སྒྱུ་མོ་དང། གྲང་མོ་དང་ཕུན་སུམ་ཚོགས་མ་དང་རྣམ་པར་རྒྱལ་མ་དང། རྒྱལ་བྱེད་མ་དང། འཁོར་ལོ་མ་རྣམས་སྐུ་མདོག་ཕྱག་མཚན་གཙོ་མོ་དང་འཐུན་ནོ། །ལྷོར་ཕག་གདོང་མ་དམར་མོ་དབྱུག་པ་དང་རལ་གྲི་རང? ་ལྕགས་སྒྲོག་དང། ཕུབ་འཛིན་པ་ལ། འཁོར་ཀེང་རུས་མ་དང། དུས་མཚན་མ་དང། ཁྲོ་བོ་མ་དང། ལྕེ་ནག་མ་དང། མཆེར་བཙིགས་མ་དང། ནག་མོ་དང་འཇིགས་མ་དང། གཟུགས་ཅན་མ་རྣམས་སོ། །ལྷོ་ནུབ་ཏུ་གཞོན་ནུ་མ་དམར་མོ་ཕྱག་ན་ཤག་ཏི ་དང་ལྕགས་ཀྱུ་བསྣམས་པ། རིན་ཆེན་དང་ཞགས་པ་འཁོར་པདྨ་དང་ཡན་ལག་མ་དང། གཞོན་ནུ་མ་དང། རི་དགས་མ་དང། བུར་འགྲོ་མ་དང། རིན་ཆེན་ཕྲེང་བ་མ་དང། སྤྱན་མ་དང་གདུག་མ་དང་བཟང་མོའོ། །ནུབ་ཏུ་དབང་མོ་དམར་མོ་རྡོ་རྗེ་དང་མངའ་དང། ་དྲིལ་བུ་དང་གཞུ་འཛིན་པ་ལ་འཁོར་རྡོ་རྗེ་འོད་དང་ལུགས་ཅན་མ་དང་གསེར་ལྡན་མ་དང་ལས་དབང་མ་དང། རྣ་ཚོགས་མ་དང་ཆུ་ཤིང་མ་དང་ཨ་ཧ་ལ་དང། མིག་འབྲས་མ་རྣམས་སོ། ནུབ་བྱང་འཚམས་སུ་ཚངས་པ་མ་སེར་མོ་པདྨ་དང་དབྱུག་པ་དང་བུམ ་པ་དང་ཆུའི་སྣོད་འཛིན་པ། འཁོར་པད་ཅན་དང་ཆུ་སྐྱེས་ཅན་དང་གོ་ལམ་དང། དབང་ཕྱུག་མ་དང་དག་དྲི་མ་དང་གླག་འགྲོལ་མ་དང། དྲན་མ་རྣམས་སོ། །བྱང་དུ་དྲག་མོ་དཀར་མོ་རྩེ་གསུམ་དང་ཅང་ཏེའུ་དང་ཁ་ཏྲཾ?་ཁ་དང་སྤྲུལ་འཛིན་པ་ལ། འཁོར་གོ་རི་དང་ཀཾ་ཀ་མ་དང ་སྟན་མ་དང། མྱུར་མ་དང། དོད་མ་དང། མཚན་ཅན་མ་དམར་སེར་དང་ནག་མོ་རྣམས་སོ། །དཔང་ལྡན་དུ་སེང་གེའི་སྟེང་དུ་པདྨའི་ཟེ་འབྲུ་ལ་གནས་པ་ཕུན་སུམ་ཚོགས་མ་དཀར་མོ་གཡས་གཉིས་ན་པད་མ་བགྲང་ཕྲེང་པ་དང་རྡོ་རྗེ་མེ་ཏོག་དང་རིན་པོ་ཆེ་འཛིན་པ ་ལ་འཁོར་པདམོ་དང་ཟླ་བའི་རི་མོ་དང་རི་འོང་འཛིན་མ་དང་དང་མའི་མདོག་དང། དགའ་མ་དང་པད་དབང་དང་སྤྱན་རིངས་དང། དྲི་མེད་མའོ། །ལྷ་མོ་བརྒྱད་པོ་ཐམས་ཅད་ཞལ་རང་རང་གི་གཙོ་མོ་ལ་གཟིགས་པ། སྐུ་མདོག་ཕྱག་མཚན ་གཙོ་མོ་དང་འདྲ་བ། སྤྱན་གསུམ་བ་འགྱིང་བའི་ཚུལ་གྱིས་བཞེངས་ནས་བཞུགས་པ་ནི་གསུང་གི་དལ་ལོ། དེ་ནས་སྐུའི་དལ་བཅུ་གཉིས་ནི། གཙོ་བོ་ལ་ཞག་སུམ་ཅུས་གཙོ་བྱས་པའི་ལྷ་སུམ་བརྒྱ་བདུན་ཅུ་རྩ་གཉིས་ལ་དལ་བཅུ་གཉིས་སྟོན་ཏེ། ཟླ་བ་དང ་པོའི་སྤྱིད་ཟླ་ར་བའི་ལྷ་ཤར་སྟོད་དུ་པདྨ་དམར་པོ་བཞི་བརྒྱད་ཅུ་དྲུག་གི་སྟེང་དུ་དབུས་དེར་སྤྱིད་ཟླ་ར་བའི་ལྷ་སྲིན་པོ་ནག་པོ་རལ་གྲི་དང་གྲི་གུག་དང་ཕུབ་དང་ཐོད་པ་ཐོགས་པ་ལ་ཉ་སྟོང་གཉིས་ཀྱི་ལྷ་ནི། གཙོ་བོའི་གཡས་གཡོན་ལ་གཞན་ནི་པདྨ་ཉི་ཤུ་རྩ ་བརྒྱད་ལའོ། །དལ་བཅུ་གཉིས་ཀྱི་འཁོར་སྐུ་མདོག་ཕྱག་མཚན་ཐམས་ཅད་གཙོ་བོ་དང་འཐུན་པའོ། །ཤར་སྨད་དུ་སྤྱིད་ཟླ་འབྲིང་པོའི་ལྷ་ཁྱབ་འཇུག་ནག་པོ་འཁོར་ལོ་དང་པདྨ་དང་དབྱུག་ཐོ་དང་དུང་འཛིན་པ་ལ་ཞིག་ས་ལྷ་སུམ་ཅུས་བསྐོར་བའོ། །ཤར ་ལྷོར་སྤྱིད་ཟླ་ཐ་ཆུངས་ཀྱི་ལྷ་རླུང་ལྷ་ནག་པོ་ཤིང་དང་མེ་ཏོག་དང་རིན་པོ་ཆེ་དང་ཨུད་པ་ལ་འཛིན་པ་ལ་འཁོར་སུམ་ཅུས་བསྐོར་བའོ། །ལྷོ་སྟོད་དུ་གཤིན་རྗེ་དམར་པོ་རལ་གྲི་དང་དབྱུག་པ་དང་ལྕགས་སྒྲོག་དང་ཞགས་པ་ཐོགས་པ་ལ་རང་འདྲ་བ་སུམ ་ཅུས་སྐོར་པ་ནི་དབྱར་ཟླ་ར་བའི་ལྷའོ། །ལྷོ་སྨད་དུ་དབྱར་ཟླ་འབྲིང་པོའི་ལྷ་མེ་ལྷད་མར་པོ་ཤག་ཏི་དང་དབྱུག་ཏོ་དང་པདྨ་དང་སྤྱི་བླུགས་འཛིན་པ་ལ་འཁོར་སུམ་ཅུས་སྐོར་བའོ། །ལྷོ་ནུབ་ཏུ་དབྱར་ཟླ་ཐ་ཆུངས་ཀྱི་ལྷ་གདོང་དྲུག་དམར་པོ་ཤག་ཏི་དང་བདུང ་དང་རིན་པོ་ཆེ་དང་མེ་ལོང་འཛིན་པ་ཞིག་གི་ལྷ་སུམ་ཅུས་བསྐོར་བའོ། །ནུབ་སྟོད་དུ་སྟོན་ཟླ་ར་བའི་ལྷ་ལུས་ངན་སེར་པོ་ནོར་བུ་དང་དབྱུག་ཏོ་དང་ནེ་ལེ་དང་པདྨ་འཛིན་པ་ལ་འཁོར་སུམ་ཅུས་སྐོར་བའོ། །ནུབ་སྨད་དུ་སྟོན་ཟླ་འབྲིང་པོའི་ལྷ་དབང་པོ་སར?་པོ་རྡོ་རྗེ ་དང་མེའི་མངའ་དྲིལ་བུ་དང་གཞུའོ། །དེ་འཁོར་གསུམ་ཅུས་བསྐོར་པའོ། །ནུབ་བྱང་དུ་སྟོན་ཟླ་ཐ་ཆུངས་ཀྱི་ལྷ་ཚངས་པ་སེར་པོ་ཁབ་དང་བགྲང་ཕྲེང་དང་པདྨ་དང་རྫས་སྣོད་འཛིན་པའོ། །འཁོར་སུམ་ཅུས་བསྐོར་བའོ། །བྱང་སྟོད་དུ་དགུན་ཟླ་ར་པའི་ལྷ་དྲག་པོ་དཀར་པོ་རྩེ ་གསུམ་དང་མངའ་དང་སྦྲུལ་དང་གཞུ་འཛིན་པ་ལ་འཁོར་སུམ་ཅུས་བསྐོར་བའོ། །བྱང་སྨད་དུ་དགུན་ཟླ་འབྲིང་བོའི་ལྷ་རྒྱ་མཚོའི་ལྷ་དཀར་པོ། །ཞགས་པ་དང་རིན་པོ་ཆེ་དང་ཆུ་ཤེལ་དང་ནོར་བུ་འཛིན་པ་ལ་འཁོར་སུམ་ཅུས་བསྐོར་པའོ། །བྱང་ཤར་དུ་དགུན་ཟླ་ཐ་ཆུངས་ཀྱི? ་ལྷ་ཚོགས་ཀྱི་བདག་པོ་དཀར་པོ་དགྲ་སྟ་དང་རྡོ་རྗེ་དང་ཞགས་པ་དང་རིན་ཆེན་འཛིན་པ་ལ་འཁོར་སུམ་ཅུས་སྐོར་བའོ། །ཤར་སྟོད་དུ་དཔྱིད་ཟླ་ར་བའི་ལྷ་ཁྱབ་འཇུག་ནག་པོ་འཁོར་ལོ་དང། དབྱུག་ཏོ་དང། པད་མ་དང། དུང་འཛིན་པ་ལ། རང་དང་འདྲ་བའི་འཁོར ་སུམ་ཅུས་སྐོར་བ་ནི་ཐམས་ཅད་གཅིག་གོ། ཤར་སྒོར་ཁྲོ་བོ་དབྱུག་པ་སྔོན་པོ་དོན་ཡོད་གྲུབ་པ་ལྟ་བུའོ། །ལྷོར་འདོད་པའི་རྒྱལ་པོ་རིན་འབྱུང་ལྟ་བུའོ། །ནུབ་ཏུ་སྟོབས་པོ་ཆེ་རྣམ་པར་སྣང་མཛད་ལྟ་བུའོ། །བྱང་དུ་མི་གཡོ་བ་སྣང་བ་མཛའ་ཡས་ལྟ་བུའོ། །སྟེང་དུ ་གཙུག་ཏོར་འཁོར་ལོ་སྒྱུར་བ་ཕྱག་ན་རྡོ་རྗེ་ལྟ་བུའོ། །འོག་ཏུ་ཁྲོ་བོ་གནོད་མཛེས་ཀུན་ཏུ་བཟང་པོ་ལྟ་བུའོ། །དེ་ལྟར་ལྷ་བསྐྱེད་ནས་སྤྱན་དྲངས་མཆོད་པ་བྱས་ཐུགས་ཁར་ས་བོན་ཧཱུཾ་བཀོད་དེ། ཨའོཾ་ཤྲི་ཀ་ལ་ཙག་ཀྲ་ཡེ་ཧཱུཾ་སྭཱཧཱ། ཞེས་བཟླས་ནས་བསྟོད་དེ་དབང་བསྐུར ་བིན་དཔལ་དུས་ཀྱི་འཁོར་ལོའོ། །འཇམ་པའི་རྡོ་རྗེ་བཞི་བཅུ་རྩ་གཉིས་ཀྱི་མངོན་པར་རྟོགས་པ་ནི། ཚོགས་བསག་པ་དང་འབྱུང་བ་ལྔའི་དལ་གྱི་སྟེང་དུ་བྷྲུཾ་ལས་གཞལ་ཡས་ཁང་ནད་རེ་དམིག་དགུ་ལ་པདྨ་འདབ་མ་བརྒྱད་པས་སྐོར་བ་འཁྱམས་སྒོ་དང་བཅས་པ ་བསྐྱེད་ལ་ཉི་ཟླ་པད་མའི་སྟེང་དུ་འཇམ་པའི་རྡོ་རྗེ་སྐུ་མདོག་སེར་པོ་རྣམ་པར་སྣང་མཛད་ཀྱི་ངོ་བོ་མཛེས་ཤིང་ཡིད་དུ་འོང་བ་ཞལ་གཡས་སྔོ། གཡོན་དཀར་བ། ཕྱག་དྲུག་གཡས་ཀྱིས་རལ་གྲི་དང་མཆོག་སྦྱིན་དང་མངའ་། གཡོན་གྱིས་པོ་ཏི་དང་ཨུད་པ་ལ་དང་གཞུ ་བསྣམས་པས་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་རང་ལྟ་བུ་ལ་འཁྱུད་པ། ཤར་དུ་མི་བསྐྱོད་པ་འཐིང་ཁ་དཀར་བ་དང་དམར་བའི་ཞལ། ཕྱག་དྲུག་གིས་རྡོ་རྗེ་དང་ལྕགས་ཀྱུ་དང་མངའ་དང་གཞུ་དྲིལ་བུ་དང་ནུ་མ་འཛིན་པའོ། །ལྷོར་རིན་འབྱུང ་སེར་པོ་སྔོ་བ་དང་དཀར་བའི་ཞལ། ཕྱག་དང་པོ་གཉིས་རིན་ཆེན་དང་མཆོག་སྦྱིན་མཛད་པ། འོག་མ་ཐམས་ཅད་མི་བསྐྱོད་པ་ལྟ་བུའོ། །ནུབ་ཏུ་འོད་དཔག་མེད་དམར་པོ་ཞལ་གཡས་དཀར་གཡོན་སྔོ་བའོ། །ཕྱག་དང་པོ་གཉིས་པདྨ་ཁ་འབྱེད་པ་འོག་མ ་བཞི་འདྲེའོ། །བྱང་དོན་ཡོད་གྲུབ་པ་ལྗང་ཁུ་ཞལ་དམར་བ་དང་དཀར་བའོ། །ཕྱག་དང་པོ་གཉིས་རྒྱ་གྲམ་དང་རལ་གྲི་འཛིན་པ། འོག་མ་བཞི་འདྲ། ཟུར་བཞིར་སངས་རྒྱས་སྤྱན་དང་མ་མ་ཀི་དང་གོས་དཀར་མོ་དང་སྒྲོལ་མ་བཞི་རིགས་བཞི་དང་སྐུ་མདོག ་དང་ཞལ་དང་ཕྱག་མཚན་འཐུན་པའོ། །པདྨ་བརྒྱད་ལ་སེམS་མ་རྡོ་རྗེ་མ་དང། རིན་ཆེན་རྡོ་རྗེ་མ་དང། ཆོས་ཀྱི་རྡོ་རྗེ་མ་དང། ལས་ཀྱི་རྡོ་རྗེ་མ་དང། ཙུན་དྷ་མ་དང། རིན་ཆེན་སྐར་མངའ་མ་དང། ཁྲོ་གཉེར་མ་དང། རྡོ་རྗེ་ལུ་གུ་རྒྱུད་མ་རྣམས་སྐུ་མདོག་ཕྱག ་མཚན་རིགས་བཞི་དང་འཐུན་པ་ལས་ཁྱད་པར་ཕྱག་གཡོན་གྱི་འོག་མ་སྡིགས་མཛུབ་བྱས་པའོ། །ཁྱམས་ལ་སྐལ་བཟངས་བཅུ་དྲུག། ཞལ་ཅིག་ཕྱག་གཉིས་པའོ། །སྒོ་བཞི་དང་ཟུར་བཞི་སྟེང་འོག་གཉིས་ཁྲོ་བོ་བཅུ་འཕགས་སྐོར་ལྟ་བུའོ། །རིགས ་ཀྱི་བདག་པོ་རྣམས་ཀྱིས་དབུ་ལ་མཚན་པའོ། །སྤྱན་དྲངས་མཆོད་ནས་ཐུགས་ཁར་མུཾ་བཀོར་ནས། ཨོཾ་བཱ་གི་ཤྭ་རི་མུཾ་ཞེས་པ་ནི་སྙིང་པོའི་སྔགས་སོ། །སྒྱེགས་པའི་རྡོ་རྗེས་མཛད་པའི་རྡོ་རྗེ། །པའི་རྡོ་རྗེའོ། །སློབ་དཔོན་འཇམ་དཔལ་གྲགས་པའི་བཞེད་ཀྱིས་ཆོས ་དབྱིངས་ངག་དབང་མཚན་བརྗོད་ཀྱི་མངོན་པར་རྟོགས་པ་བསྒོམ་པ་ནི། ཚོགས་སོག་པ་དང་འབྱུང་བ་ལྔའི་ངལ་བསྐྱེད་པ་སྔོན་དུ་སོང་ནས། འདིར་བྲུཾ་ལས་གཞལ་ཡས་ཁང་ནང་རེ་དམིག་དགུ་པ་ལ་ཁྱམས་རིམ་པ་གསུམ་པ་སྒོ་དང་བཅས་པ་བསྐྱེད ་ལ་ལྷ་བསྐྱེད་པ་ནི་ཉི་ཟླ་པདྨའི་སྟེང་དུ་འཐམ་པའི་དབྱངས་སྐུ་མདོག་སེར་པོ་ཞལ་བཞི་བ། སེར་བ་དང་སྔོ་བ་དར?་དམར་བ་དང་དཀར་པའི་ཞལ་བཞི་པ་ལ་ཕྱག་བརྒྱད་ཀྱི་དང་པོ་གཉིས་ཆོས་ཀྱི་འཁོར་ལོ་འཛིན་པ། གཞན་དྲུག་ནི་རལ་གྲི་དང་རྡོ་རྗེ་རིང་མངའ་ ་དང་པོ་ཏི་དང། དྲིལ་བུ་དང་གཞུ་བསྣམས་པའོ། །རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ལ་འཁོར་གཙུག་ཏོར་བརྒྱད་སྐུ་མདོག་སེར་པོ་གཡས་འཁོར་ལོ་དང་གཡོན་བས་རང་གི་གདན་གནན་པའོ། །ཤར་གྱི་རེ་དམིག་ལ་མི་བསྐྱོད་པ་མི་ཟང་ཁ་ཞལ ་སྔོན་དང་དཀར་པོ་དང་སེར་པོའི་དང་དམར་བའི་ཞལ་ལོ། ལྟོར་རིན་ཆེན་འབྱུང་ལྡན་སེར་པོ་ནག་པོ་དང་དཀར་བ་དང་དམར་བའི་ཞལ། བྱང་དུ་དོན་ཡོད་གྲུབ་པ་ལྗང་ཁུ་སེར་བ་དང་དཀར་པ་དང་དམར་བའི་ཞལ་ལོ། །ནུབ་ཏུ་འོད་དཔག་མེད་དམར་པོ་ནག་པ་? ་དཀར་བའི་དད་སེར་བའི་ཞལ་ལོ། །ཟུར་བཞི་ལ་སྤྱན་མ་དང་མ་མ་ཀི་དང་གོས་དཀར་མོ་དང་སྒྲོལ་མ་དང་བཞི་སྐུ་མདོག་ཞལ་ཕྱག་རིགས་བཞི་དང་འདྲ་པ་ལ། ཡུམ་བརྒྱད་ཀྱི་ཕྱག་ན་རལ་གྲི་དང་མངའ་དང་ལྕགས་ཀྱུ་དང་འཛིན་པ་སྡིགས་མཛུབ་དང་ཞགས ་པ་དང་དྲིལ་བུ་འཛིན་པའོ། །རིགས་བཞི་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་བཅུ་དྲུག་གིས་རྡོ་རྗེ་འབྱུང་བ་ལྟར་བསྐོར། སྒོ་བཞི་ལ་ལྕགས་ཀྱུ་མ་ལ་སོགས་པ་སྒོ་མ་བཞིའོ། །གྲུ་ཆད་བཞི་ལ་གཟུགས་རྡོ་རྗེ་མ་དཀར་མོ་མེ་ལོང་འཛིན་པ། རོ་རྡོ་རྗེ ་མ་དམར་མོ་ཞལ་ཟས་འཛིན་པ། སྒྲ་རྡོ་རྗེ་མ་ལྗང་ཁུ་པི་ཝཾ?་འཛིན་པ། རེག་རྡོ་རྗེ་མ་སྣ་ཚོགས་མདོག་ཅན་གོས་འཛིན་པ། ཁྱམས་པར་མ་ལ་ཤར་དུ་ས་བཅུ་ལྷ་མོ་བཅུ་ནི་ལྷག་པར་མོས་པ་དང། རབ་ཏུ་དགའ་བ་མ་དང། དྲི་མ་མེད་པ་དང། འོད་བྱེད་མ ་དང། འོད་འཕྲོ་མ་དང། སྤྱད་དཀའ་མ་དང། མངོན་དུ་གྱུར་མ་དང། རིང་དུ་སོང་མ་དང། མི་གཡོ་མ་དང། ལེགས་པའི་བློ་གྲོས་མ་དང། ཆོས་ཀྱི་སྤྲིན་མའོ། །ལྷོར་ཕ་རོལ་ཕྱིན་མ་བཅུའི་ལྷ་མོ་ནི། ཤེས་རབ་མ་དང། སྦྱིན་བ་དང། ཚུལ་ཁྲིམས་དང། བཟོད་པ་དང ་བརྩོན་འགྲུས་དང། བསམ་གཏན་དང། ཐབས་དང། སྨོན་ལམ་དང། སྟོབས་དང། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་མ་བཅུའོ། །ནུབ་ཏུ་དབང་བཅུའི་ལྷ་མོ་ནི། ཚེ་ལ་དབང་མ་དང། སེམས་ལ། ཡོ་བྱང་ལ། ལས་ལ། སྐྱེ་བ་ལ། རྫུ་འཕྲུལ་ལ། ་མོས་པ་ལ། སྨོན་ལམ་ལ། ཡེ་ཤེས་ལ། ཆོས་ལ་དབང་མའོ། །བྱང་དུ་གཟུགས་མ། བཅུའི་ལྷ་ནི། ནོར་རྒྱུན་མ་དང། རིན་ཆེན་སྐར་མངའ་མ་དང། རྣམ་བར་རྒྱལ་མ་དང། འོད་ཟེར་ཅན་མ་དང། རི་ཁྲོད་མ་དང། དུག་སེལ་མ་དང། སྒོ་མཛའ་ཡས་མ ་དང། ཙུན་དྷ་མ་དང། ཤེས་རབ་འཕེལ་མ་དང། སྒྲིབ་སེལ་མའོ། །ལྷ་མོ་བཞི་བཅུ་བོ་འདི་རྣམས་ནི། ཤར་དུ་དཀར་མོ་རྡོ་རྗེ་ཐོགས་པ། ལྷོར་སེར་མོ་རིན་པོ་ཆེ་ཐོགས་པ། ནུབ་ཏུ་དམར་མོ་པདྨ་ཐོགས་བའོ། །བྱང་ལྗང་ཁུ་རྒྱ་ཁྲམ་ཐོགས་པའོ། །སྒོ ་བཞིར་ཆོས་དང། དོན་དང། ངེས་པ་དང། སྤོབས་པ་རྣམས་ཡང་དག་པར་རིག་པའི་ལྷ་མོ་བཞི་ལྕགས་ཀྱུ་ལ་སོགས་པ་ཐེགས་པའོ། །ཁྱམས་ཕྱི་མ་ལ་སྐལ་བཟངས་བཅུ་དྲུག་དང། སྒོའི་གཡས་གཡོན་དུ་སྒེག་སོགས་བཞི་དང། བདུག་སོགས ་བཞི་བསྐྱེད་བར་བྱའོ། །སྒོ་བཞི་དང་ཟུར་བཞི་སྟེང་འོག་གཉིས་སུ་ཁྲོ་བོ་བཅུ་གསང་འདུས་ལྟར་བསྐྱེད་པར་བྱའོ། །རིགས་ཀྱི་བདག་པོས་སོ་སོའི་དབུ་ལ་མཚན་པ་ནི་སྔར་ལྟར་རོ། །ཐུགས་ཁའི་ས་བོན་ནི་མུཾ་ངོ། །སྙིང་པོའི་སྔགས་ནི་ཨ་ཨཱ་སརྦ་ཏ་ཐཱ ་ག་ཏ་ཧྲི་ཏ་ཡ་ཧ་ར་ཧ་ར་ཨོཾ་ཧཱུཾ་ཧྲི་བྷ་ག་བཱ་ན་ཛྙ་ན་མུར་ཏཱི་བཱ་གི་ཤྭ་ར་མཧཱ་པ་ཙ་སརྦ་དྷརྨ་ག་ག་ན་ཡ་མ་ལཱ་སུ་པ་རི་ཤུདྷ་དྷརྨཱ་དྷ་དུ་ཛྙ་ན་གར་བ་ཨཱ། ཞེས་བཟླས་ལ་དབང་བསྐུར་བ་ནི། ངག་གི་དབང་ཕྱུག་གིའོ། །མཚན་བརྗོད་ཟབ་པ་གང་བདག་ཅན་གྱི་མངོན ་པར་རྟོགས་པ་ནི། ཚོགས་སོག་པ་དང་འབྱུང་བ་ལྔའི་དལ་བསྐྱེད་པ་སྔར་ལྟར་ལ། འདིར་བྷྲུཾ་ལས་པདྨ་འདབ་བཞི་རྩིབས་བརྒྱད་གྲུ་ཆད་ལ་སྒོ་བཏོད་པ་ཅན་དུ་བསྐྱེད་ལ་ནང་དུ་ལྷ་བསྐྱེད་པ་ནི་ཨ་ལས་ཡེ་ཤེས་སེམས་དཔའ་སེར་པོ་ཞལ་ཅིག་ཕྱག་བཞི་པ་རྩིབS ་བཞི་པ་ལྷ་མོ་བཞི། རྩིབས་བརྒྱད་སྒོ་གྲུ་ཆང་རྣམས་ལ་སེམས་དཔའ་བཅུ་དྲུག་བསྐྱེད་ལ། སྤྱན་དྲང་བ་དང་ཕྱག་འཚལ་བ་དང། མཆོད་པ་དང། སྔགས་ནི། ཨོཾ་བཱ་གི་ཤྭ་རི་མུཾ་བཟླས་ལ་དབང་བསྐུར་བ་ནི། མཚན་བརྗོད་ཟབ་པའི་ཆོ་གའི་རིམ་པའོ། །པདྨ་གར ་གྱི་དབང་ཕྱུག་གི་མངོན་པར་རྟོགས་པ་ནི། ཚོགས་བསག་པ་དང་འབྱུང་བ་ལྔའི་ངལ་བསྐྱེད་པ་སྔོན་དུ་སོང་ནས། འདིར་པྲུཾ་ལས་ཕོ་བྲང་འདབ་བརྒྱད་གྲུ་ཆང་ལ་སྒོ་བཏོད་པ་ཅན་དུ་བསྐྱེད་ལ། ལྷ་བསྐྱེད་པ་ནི་ཉི་ཟླ་པདྨའི་སྟེང་དུ་ཧྲི་ལས་ཁྲོ་བོ་རྟ་མགྲིན་སྐུ? ་མདོག་དམར་པོ་ཞལ་གསུམ་གཡས་སྔོ་གཡོན་དཀར་བ་སྤྱན་གསུམ་གསུམ་མོ། །ཕྱག་བརྒྱད་པ་གཡས་ཀྱི་རྡོ་རྗེ་དང། དབྱུག་པ་སྡིགས་མཛུབ་དང་མངའ་འཕྱར་བའོ། །གཡོན་ན་ཁྱུད་དང་ཡུམ་གྱི་ནུ་མ་འཛིན་པ། པདྨ་དང་གཞུ་འཕྱར་བའོ། །ཡུལ་གོས་དཀར་མོ ་དམར་མོ་ཡང་ཀྱི་སྐུ་ལ་འཁྲིལ་ཅིང་གཡས་ཀྱིས་གྲི་གུག་གིས་ཡབ་ལ་འཁྱུད་ཅིང་གཡོན་དུད་དམར་གཙོ་ལ་སྟོབས་པ་དུར་ཁྲོད་ཀྱི་ཆས་ཁྲོ་བོའི་བརྒྱན་གྱིས། བརྒྱན་པའོ། །འཁོར་གྱི་ལྷ་མོ་བརྒྱད་ནི་ཤར་ནས་བརྩམས་ནས། རྣམ་བར་གཟིགས་དཀར་མོ ་དང། རྡོ་རྗེ་སེམས་མ་དཀར་སེར་དང། དབང་ཕྱུག་མ་སེར་མོ་དང། རིན་ཆེན་སེམས་མ་སེར་སྔོ་དང་ཁྲོ་གཉེར་ཅན་སྔོན་མོ་དང། པདྨའི་སེམས་མ་སྔོ་ལྗང་དང། སྒྲོལ་མ་ལྗང་ཁུ་དང། སྣ་ཚོགས་མ་ལྗང་དཀར་རྣམས་གཡས་པདྨ་དང་གཡོན་ཐོད་པ་སྣམས ་པའོ། །གྲུ་ཆད་བཞི་ལ་བདུག་སོགས་བཞིའོ། །སྒོ་བཞིར་སྒོ་མ་བཞིའོ། །ཐུགས་ཁའི་ས་བོན་ཧྲིའོ། །ོཾ་ཧ་ཡ་གྷི་བ་སྭཱཧཱ་ཞེས་ཟླས་ལ་དབང་བསྐུར་བ་ནི་རྟ་འགྲིན་པདྨ་གར་གྱི་དབང་ཕྱུག་གི་ཡིན་ནོ། །ཡི་གེ་བརྒྱ་པའི་ལྷ་རྡོ་རྗེ་སེམས་དཔའ་ཨི་མངོན་པར་རྟོགས་པ་ནི། ་འཁོར་ལ་རྩིབས་བརྒྱད་གྲུ་ཆང་ལ་སྒོ་བཏོད་པ་ཅན་དུ་བསྐྱེད་ལ། ལྷ་བསྐྱེད་པ་ནི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་ཕྱག་གཡས་རྡོ་རྗེ་ཐུགས་ཁར། གཡོན་དྲིལ་བུ་དཀུར་རྟེན་པ། ཞབས་གཡས་བརྐྱང་བ་བསྐྱེད་ལ། རྩིབས་བརྒྱད་ལ་རིགས་བཞི ་དང་ཡུམ་བཞི་དང། བདུག་སོགས་བཞི་དང། སྒོ་བ་བཞི་བསྐྱེད་ལ། ཐུགས་ཁའི་ས་བོན་ནི་ཧཱུཾ་ལ་ཡི་གེ་བརྒྱ་པས་བསྐོར་ལ་ཟླས་པ་བྱས་ནས་དབང་བསྐུར་བ་ནི་རྡོ་རྗེ་སེམས་དཔའ་ཨི་ཡི་གེ་བརྒྱ་པའིའོ། ཤེས་རབ་འཁོར་ལོ་ཨ་ར་པ་ཙ་ནའི ་མངོན་པར་རྟགས་པ་ནི། བྲུཾ་ལས་པདྨ་འདབ་བཞི་བའི་བསྐྱེད་ལ། དེར་ཨ་ལས་འཇམ་དཔལ་ཨ་པ་ར་ཙ་སྐུ་མདོག་དཀར་པོ་ཕྱག་གིས་རལ་གྲི་དང་པོ་ཏི་འཛིན་པ། ཤར་དུ་ར་ལས་དྲ་བ་ཅན་དཀར་མོ། །ལྷོར་པ་ལས་རྫོགས་པའི་ཟླ་བ་མ་དཀར་པོ། ནུབ་ཏུ ་ཙ་ལས་རྫོགས་པའི་སྒྲ་ཅན་མ་དཀར་མོ། །བྱང་དུ་ན་ལས་ཉེ་བའི་སྒྲ་ཅན་མ་དཀར་མོ། །སྐུ་མདོག་ཕྱག་མཚན་གཙོ་བོ་ལྟ་བུའོ། །འོཾ་ཨཱ་ར་པ་ཙ་ན་ཡེ་སྭཱཧཱ་ཞེས་བཟླས་ལ་དབང་བསྐུར་བ་ནི་ཨ་ར་པ་ཙའོ། །གཟུངས་དྲལ་ལྔའི་མངོན་པར་རྟོགས་པ་ནི། བྷྲུཾ ་ལས་ལྟེ་བ་རེ་མིག་དགུ་པ་གྲུ་ཆད་ལ་སྒོ་བཏོད་པར་བསྐྱེད་ལ། དབུས་སུ་སོ་སོ་འབྲང་མོ་སེར་མོ་ཞལ་བཞི་དཀར་བ་དང་དམར་བ་དང་སྔོ་བའི་མདོག་ཅན། ཕྱག་བཅུ་ན་འཁོར་ལོ་དང། མཆོད་སྦྱིན་དང་ལྕགས་ཀྱུ་དང། མངའ་དང་རལ་གྲི་འཛིན ་པ། གཡོན་དུ་རྡོ་རྗེ་དང་སྡིགས་མཛུབ་དང། ཞགས་པ་དང། གཞུ་དང། དགྲ་སྟ་འཛིན་པ། ཤར་དུ་སྟོང་ཆེན་མོ་དཀར་མོ་ཞལ་བཞི་སྔོན་པོ་དང་སེར་པོ་དང་ལྗང་ཁུའོ། ཕྱག་བཅུ་ན་འཁོར་ལོ་དང་མཆོག་སྦྱིན་དང་ལྕགས་ཀྱུ་དང་མངའ་དང་རལ་གྲིའོ ་གཡོན་རྡོ་རྗེ་སྡིགས་འཛུབ། ཞགས་པ་གཞུ་དགྲ་སྟ་རྣམས་སོ། །ལྷོར་གསང་སྔགས་རྗེས་སུ་འཛིན་མ་ནག་མོ་དཀར་བ་དང་དམར་བ་དང་སེར་བའི་ཞལ་ལོ། །ཕྱག་བཅུ་གཉིས་ནི་དང་པོ་གཉིས་ཆོས་འཆད་འོག་མ་གཉིས་མཉམ་བཞག་།དེ་འོག་བརྒྱད ་ཀྱིས་རྡོ་རྗེ་དང་མདའ་དང། མཆོག་བྱིན་དང་མི་འཇིགས་པའི་ཕྱག་རྒྱ་དང། ཞགས་པ་དང་གཞུ་དང། པདྨ་དང་བུམ་པ་འཛིན་པའོ། །ནུབ་ཏུ་བསིལ་བའི་ཚལ་དམར་མོ་དཀར་བ་དང་ནག་པ་དང་སེར་པའི་ཞལ་ལོ། །ཕྱག་བརྒྱད་ཀྱིས་པདྨ་དང་མངའ་དང་རྡོ་རྗེ ་དང་རལ་གྲི་དང་ཞགས་པ་དང་གཞུ་དང་རྒྱལ་མཚན་དང་པོ་ཏི་དང། བྱང་དུ་རྨ་བྱ་ཆེན་པོ་ལྗང་ཁུ་ནག་པོ་དང་དཀར་བ་དང་སེར་བའི་ཞལ། ཕྱག་ན་རྨ་བྱ་དང་མངའ་དང་མཆོག་སྦྱིན་དང། རལ་གྲི་དང། ལྷུང་བཟེད་དང། གཞུ་དང་བུམ་པ་དང། སྣ་ཚོགས་རྡོ་རྗེ་འཛིན ་པའོ། །ཟུར་བཞིར་རྒྱལ་པོ་ཆེན་པོ་བཞི། གྲུ་ཆད་ལ་བདུག་སོགས་བཞི། སྒོ་བ་བཞིའོ། །ལྷ་མོ་ལྔའི་ས་བོན་ནི་དྲཾ་བྲུཾ་ཧཱུཾ་ཛཱཾ་མཾ་ངོ?། །ོཾ་མ་ནི་དྷ་རི་བཛྲི་ནི་མ་ཧཱ་པྲ་ཏི་སྭཱ་རི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླས་ལ་དབང་བསྐུར་བ་ནི་གྲལ་ལྔའོ། །ཁྲོ་བོའི་རྒྱལ་པོ་མི་གཡོ ་མགོན་གྱི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་འཁོར་ལོ་རྩིབས་བཅུ་པ་བསྐྱེད་ལ། ཉི་ཟླ་པདྨའི་སྟེང་དུ་བགེགས་ཀྱི་རྒྱལ་པོ་དགྱེལ་བའི་སྟེང་དུ་ཧཱུཾ་ལས་རལ་གྲི། དེ་ལས་མི་གཡོ་བ་སྐུ་མདོག་མཐིང་ནག་ཞལ་ཅིག་ཕྱག་གཉིས་གཡས་ཀྱིས་ཤེལ་གྱི་རལ་གྲི ་འདེབས་བའི་ཚུལ། གཡོན་པས་སྡིགས་འཛུབ་ལ་རྡོ་རྗེའི་ཞགས་པ་དཀྲིས་པ། ཞབས་གཉིས་བསྐྱང་སྐུམ་དུ་བཞུགས་པ། རྩི་བས་བཙུལ་རང་དང་འདྲ་བའི་ཁྲོ་བོ་བཅུ་གནས་པའོ། །ཐུགས་ཁའི་ས་བོན་ནི་ཧཱུཾ་ངོ། །ོཾ་བཛྲ་ཙན་དྷ་མ་ཧ་རོ་ཤ་ན་ཧཱུཾ་ཕཊ། ཞེས། ་བཟླས་ནས་དབང་བསྐུར་བ་ནི་མི་གཡོ་བའོ། །ཕྱག་ན་རྡོ་རྗེ་ཛ་ཛཱ་པ་རི་པ་འཁོར་ལོ་ཆེན་པོའི་མངོན་པར་རྟོགས་པ་ནི། ཚོགས་བསག་པ་དང་སྡིག་པ་བཤགས་པ་དང་འབྱུང་བ་ལྔའི་ངལ་བསྐྱེད་པ་སྔོན་དུ་སོང་ནས། འདིར་བྷྲུཾ་ལས་གཞལ་ཡས་ཁན་འཁོར ་ལོ་རྩིབས་བཞི་གྲུ་ཆང་ལ་སྒོ་བཏོད་པ་ཅན་དུ་བསྐྱེད་ལ། ལྷ་བསྐྱེད་པ་ནི་ཉི་ཟླ་པདྨའི་སྟེང་དུ་དབུས་སུ་ཚངས་པ་དང་བརྒྱ་བྱིན། ཤར་དྲི་ཟ་ལྷོ་གཤིན་རྗེ། ནུབ་ཆུ་བདག་།བྱང་གནོད་སྦྱིན། དེའི་སྟེང་དུ་ཧཱུཾ་ལས་ཐོད་པ་དང་རྡོ་རྗེ་དང། དེ་ལས་སངས་རྒྱས་གོས་སྔོན ་པོ་ཅན། ཞལ་གསུམ་ཕྱག་དྲུག་པ་ཞལ་གཡས་དཀར་པ། གཡོན་དམར་མ། སྤྱན་གསུམ་འཇིགས་སུ་རུང་བ། ཕྱག་དྲུག་གི་དང་པོ་གཉིས་ན་རྡོ་རྗེ་དང་སྡིགས་མཛུབ་འཕྱར་བ། བར་མ་གཉིས་ཡུམ་ལ་འཁྱུད་པ། ཐ་མ་གཉིས་སྤྲུལ་སྐེད་པ་ནས་བཟུང་ནས་ཟ་བ། ་ཞབས་གཡས་སྐུམ་པ། གཡོན་རྐྱང་བ། ཡུམ་ལྷ་མོ་མཛེས་ལྡན་མ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་བ་འཛིན་པ་སྐུ་ལ་འཁྲིལ་བའོ། །ཤར་དུ་ཁྲོ་བོ་བདུད་ལས་རྒྱལ་དཀར་པོ་ཞལ་ཅིག་ཕྱག་བཞི་དང་པོ་གཉིས་རྡོ་རྗེ་དང་ཁ ་ཏྲཾ་ཁ་འཕྱར་བ། འོག་མ་གཉིས་སྡིགས་འཛུབ་བསྣོལ་བ་ཡུམ་ལ་འཁྱུད་པ། ཡུམ་འོད་ཟེར་ཅན་དཀར་མོ་ལྷོར་རྡོ་རྗེ་གཟི་བརྗིད་སེར་པོ་ཞལ་གཅིག་ཕྱག་བཞི་བ་དང་པོ་གཉིས་རྡོ་རྗེ་དང་དབྱུག་བ་འཛིན་པ། འོག་མ་སྡིགས་འཛུབ་བསྣོལ་བས་ཡུམ་མདངས ་ཅན་མ་སེར་མོ་ལ་འཁྱུད་པའོ། །ནུབ་ཏུ་རྔམ་པ་སྒྲ་སྒྲོགས་དམར་པོ་ཞལ་ཅིག་ཕྱག་བཞི་པ་དང་པོས་རྡོ་རྗེ་དང་སྤྲུལ་ཞགས་འཛིན་པ་འོག་མ་གཉིས་ཀྱིས་ཡུམ་སྒྲ་ཅན་མ་དམར་མོ་ལ་འཁྱུད་པ། བྱང་དུ་བདུད་རྩི་འཁྱིལ་པ་ལྗང་ཁུ་ཞལ་གཅིག་ཕྱག ་བཞི་པ་དང་པོ་གཉིས་རྡོ་རྗེ་དང་བེ་ཅོན་འཛིན་པ། ཐ་མ་གཉིས་སྡིགས་འཛུབ་ཀྱིས་ཡུམ་རླུང་འབྱིན་མ་ལ་འཁྱུད་པ། ཡུམ་བཞིའི་ཕྱག་མཚན་གཙོ་མོ་དང་འདྲ། །སྒོ་བཞིར་སྒོ་མ་བཞི་བསྐྱེད་པར་བྱའོ། །ཐུགས་ཁའི་ས་བོན་ནི་ཧཱུཾ་ངོ། །ཡེ་ཤེས་པ་སྤྱན ་དྲངས་མཆོད་ལ། །ོཾ་ནི་ལཾ་བྷ་ར་དྷ་ར་བཛྲ་པ་ནི་ཧྲི་དྷ་ཡ་མ་ཧཱ་ཀྲོ་ཏ་ས་ཏ་ཧཱུཾ་ཕཊ། ཞེས་བཟླས་ལ་དབང་བསྐུར་བ་ནི་འཁོར་ལོ་ཆེན་པོའི་ཆོ་གའོ། །བདུད་རྩི་ཐིགས་པའི་མངོན་པར་རྟོགས་པ་ནི། པདྨ་འདབ་བཞི་སྒོ་དང་བཅས་པ་བསྐྱེད་ལ། ལྷ་བསྐྱེད་པ་ནི ་ཉི་ཟླ་པདྨ་དང་ཚངས་བ་བརྒྱ་བྱིན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསམས་ལ། དེ་ཡོངས་སུ་གྱུར་བ་ལས་སངས་རྒྱས་གོས་སྔོན་པོ་ཅན། ཞལ་གསུམ་ཕྱག་དྲུག་པ་གཡས་དཀར་གཡོན་དམར་བ། ཕྱག་དྲུག་གི་དང་པོ་རྡོ་རྗེ་དང་སྡིགས་འཛུབ། བར་མ་ཐལ ་མོ་སྡེབས་པ། ཐ་མ་གཉིས་སྤྲུལ་གདུག་བ་བཟུང་ནས་ཞལ་དུ་ཟ་བ། ཞབས་གཡས་སྐྱང་གཡོན་སྐུམ་ནས་གདུག་པ་ཅན་གནན་པ། སྤྲུལ་དང་སྟག་གིས་བརྒྱན་པ། ཕྱོགས་བཞི་ནས་ཡེ་ཤེས་ལྔ་མཚོན་བའི་རྡོ་རྗེ་བཞི་བསྐྱེད་ལ། ཐུགས་ཁའི་ས་བོན་ནི་ཧཱུཾ ་ངོ། ཨོཾ་བཛྲ་བ་ནི་ནི་ལཾ་བྷ་ར་དྷ་ར་ཧྲི་ཏ་ཡ་མ་ཧ་ཏྲོ་ཀ་ཏ་སད་ཏ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླས་ལ་དབང་བསྐུར་བ་ནི། བདུད་རྩི་ཐིགས་པའོ། །མདོར་བསྡུས་པའི་མངོན་པར་རྟོགས་པ་ནི། པདྨ་འདབ་མ་བཞི་སྒོ་དང་བཅེས་བ་བསྐྱེད་ལ། ཉི་ཟླ་པདྨའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། དེ ་ལས་གོས་སྔོན་པོ་ཅན་ཞལ་ཅིག་ཕྱག་གཉིས་པ་རྡོ་རྗེ་དང་སྡིགས་འཛུབ་བྱས་པ། སྐུ་མདོག་འཐིང་ནག་ཅན་མེ་དཔུང་འབར་བའི་ཀླུ་རིགས་བརྒྱད་ཀྱིས་སྐུ་ལ་བརྒྱན་པ། པདྨ་བརྒྱད་ལ་ཧཱུཾ་བརྒྱད་ཡོད་པ། ཐུགས་ཁར་རྡོ་རྗེ་དང་ཧཱུཾ་བཀོད་པ། ཨའོཾ་ནི་ལཾ་བྷ་ར་དྷ་ར་བཛྲ་པ་ནི། ་མཧཱ་ཀྲོ་ཏ་སཏྭ་ཧཱུཾ། ཞེས་བཟླས་ལ་དབང་བསྐུར་བ་ནི་མདོར་བསྡུས་པའིའོ། །མཆོད་རྟེན་སྔོན་པོའི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་པདྨ་འདབ་མ་བཞི་པའི་སྟེང་དུ་མཆོད་རྟེན་ལྔ་དང་བཅས་པ་བསྐྱེད་ལ། དེར་ཧཱུཾ་ལས་རྡོ་རྗེ། དེ་ལས་དཔལ་ཕྱག་ན་རྡོ་རྗེ་མདོག་སྔོན ་པོ་ཞབས་གཡས་སྐུམ་གཡོན་བརྐྱང་བའི་མཆན་ཁུང་ན་ལྷའི་དབང་པོ་བརྒྱ་བྱིན་མདོག་དཀར་པོ་གླང་པོ་ཆེའི་སྟེང་ན་རྡོ་རྗེ་ཐོགས་བའི་སྟེང་ན་བཅོམ་ལྡན་འདས་ཕྱག་གཡས་ཀྱིས་རྡོ་རྗེ་ནམ་མཁའ་ལ་འཕྱར་བ། གཡོན་གྱི་མཆན་ཁུང་ན་ལྷའི་བུ་ཉི་མ་སྐུ་མདོག ་དམར་པོ་རྟ་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་ན་རྡོ་རྗེ་པདྨའི་རྣམས་པའི་སྟེང་ན་རྗེ་བཙུན་གྱི་ཕྱག་གཡོན་པ་དྲིལ་བུ་དང་སྡིགས་འཛུབ་མཛད་པ་རྟེག་པ་ཉི་ཟླ་པདྨའི་གདན་ལ་བཞུགས་པའོ། །ཤར་དུ་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལྷོ་རིན་ཆེན ་འབྱུང་ལྡན་མཆོག་སྦྱིན། ནུབ་སྣང་བ་མཛའ་ཡས། མཉམ་བཞག་བྱང་དོན་ཡོད་གྲུབ་པ། སྐྱབས་སྦྱིན་ཐུགས་ཁའི་ས་བོན་ནི་མཆོད་རྟེན་དང་ཧཱུཾ་ངོ། །སྔགས་ནི་གཟུངས་རིངས་སོ། །རྗེས་ལ་དབང་བསྐུར་བར་བྱའོ། །རྡོ་རྗེ་གཏུམ་པོ་ཁྱུད་གཤམ་ཅན་གྱི་མངོན་པར ་རྟོགས་པ་ནི། བྷཾ་ལས་འཁོར་ལོ་རྩིབས་བཞི་གྲུ་ཆང་ལ་སྒོ་བཏོད་པ་ཅན་བསྐྱེད་ལ། ཨ་ལས་ཟླ་བའི་སྟེང་དུ་དབང་ཕྱུག་ཆེན་པོ་དང་ཨུ་མ་དྷེ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་གཏུམ་པོ་སྐུ་མདོག་ནག་པོ་ཞལ་ཅིག་ཕྱག་གཉིས་པ་རྡོ་རྗེ་འཕྱང་ཞིང་སྡིགས་འཛུབ་གདེངས་པ། སྡིགས ་འཛུབ་སྟེང་ན་ཁྱུད་རྣམ་པར་འཕྲོ་བ། ཐོད་པ་སྐམ་པོའི་དབུ་རྒྱན་དང་བརློན་པའི་དོ་ཤལ་བྱས་པ་སྟག་གི་ཤམ་ཐབས་དང་སྤྲུལ་རིགས་བཞིས་སྐུ་ལ་བརྒྱན་པ། ཤར་དུ་རྣམ་རྒྱལ་དཀར་པོ་རྡོ་རྗེ་དང་སྡིགས་འཛུབ་བྱས་པ། ལྷོར་གཤིན་རྗེ ་སེར་པོ་ཐོད་བ་བྱུག་དང་སྡིགས་འཛུབ་བྱས་པ། ནུབ་ཏུ་རྟ་མགྲིན་དམར་པོ་ཁྱབ་ཤིང་དང་སྡིགས་འཛུབ་བྱས་པ། བྱང་དུ་བདུད་རྩི་འཁྱིལ་པ་ལྗང་ཁུ་དབྱུག་ཏོ་དང་སྡིགས་འཛུབ་བྱས་པའོ། །ཐུགས་ཁའི་ས་བོན་ནི་ཧཱུཾ་ངོ། །ོཾ་བཛྲ་ཙན་དྷ་མ་ཧ་རོ་ཤ་ན་ཧཱུཾ་ཕཊ་ཞེས ་བཟླས?་ལ་དབང་བསྐུར་བ་ནི་རྡོ་རྗེ་གཏུམ་པོའོ། །རྡོ་རྗེ་ཁྱུད་གི་མངོན་པར་རྟོགས་བ་ནི། བྷྲུཾ་ལས་འཁོར་ལོ་རྩིབས་བརྒྱད་སྒོ་དང་བཅས་བ་བསྐྱེད་ལ། དེང་ཉི་ཟླ་པདྨའི་སྟེང་དུ་ཁྲོམ་པས་རྡོ་རྗེ། དེ་ལས་འདབ་ཆགས་ཀྱི་རྒྱལ་པོ་ཁྱད་སེམས་ཅན་རྣམས་དྲུག ་ལས་གྲུབ་ཏེ། རུ་འབྲི། མིག་སྤལ་པ། འཚུལ་པ་ལུག་།ལག་བ་མི་བཤོག་པ་བྱ། རྐད་པ་གཅན་ཟན་གྱི་སྡེར་མོ། །སྤྲུལ་ཟ་ཞིང་སྐུ་མདོག་ནག་པོའོ། །རྩིབས་བརྒྱད་ལ་རྡོ་རྗེའི་ཁྱུད་དང་དབྱུག་ཏོ་དང། རིན་ཆེན་དང། ཐོ་བ་དང། པདྨ་དང་རལ་གྲི་དང། རྒྱ་གྲམ?་? ་གུག་དང། ཁྱུད་ནག་ཅིང་འཇིགས་པ་བསྐྱེད་པར་བྱའོ། །ོཾ་ཀ་རུ་ན་ནན་སྤང་ལུས་བཏུལ། ན་ག་མ་ར་ན་ཡ་རཾ་དཾ་ཛཝ?་ལ་ཤི་ཤི་ཏུལ་ཏུལ། འཕུང་སྦར?་སྭཱཧཱ་ཞེས་བཟླས་ལ་དབང་བསྐུར་བ་ནི་ཁྱུད་གིའོ། །ཇོ་བོ་སྤྱན་རས་གཟིགས་ཡབ་ཡུམ་གྱི་མངོན་པར་རྟོགས?་པའི? ་བྷྲུཾ་ལས་ཕྱོགས་ལ་བདམ?་ཟུར་ལ་འཁོར་ལོའི་རྩིབས་ཏེ་འདབ་མ་བརྒྱད་པ་བསྐྱེད་ལ། ཉི་ཟླ་པདྨའི་སྟེང་དུ་ཧྲི་ལ་ངོ་བོ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་ཤིན་ཏུ་དམར་བ། ཞལ་ཅིག་པ་སྤྱན་གསུམ་པ་འཛུམ?་པའི་གསེབ་ན་ཅུང་ཟད་ཁྲ་བ། དབུ་སྐྲ་ཡལ་ཐོར? ་ཚུགས་དང་མར་ལ་སཾ?་ལམ་ཡོང་པ། ཞབས་གཡས་ཅུང་ཟད་སྐྱང་ཞིང་གཡོན་སྐུམ་པ། ཕྱག་གཉིས་གཡས་མུ་ཏིག་གི་ཕྲེང་བ་འདྲེན་པ། གཡོན་ཨུང་པ་ལ་འཛིན་པ་ཡུམ་ལ་འཁྱུད་པ། ཡུམ་གསང་བ་ཡེ་ཤེས་མཁའ་འགྲོ་མ་དམར་མོ་ཕྱག་གཡས་གསེར ་གྱི་ཌ་མ་རུ་སྐྲོལ་བ། གཡོན་ཐོད་ཁྲག་གཙོ་ལ་སྟོབ་པ་སྐུ་ལ་འཁྲིལ་བའོ། །ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། །ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། །ནུབ་པདྨའི་མཁའ་འགྲོ་མ་དམར་མོ། །བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་ཁུའོ། །གྲི་གུག་དང་ཐོད་པ་ཐོགས ་ནས་ཞབས་ཕྱེད་དཀྱིལ་མཛད་པ། ཤར་ལྷོར་རྡོ་རྗེ་རིགས་ཀྱི་གིང་དཀར་པོ་རྡོ་རྗེ་དང་ཐོད་པ་ཐོགས་པ། ལྷོ་ནུབ་རིན་ཆེན་རིགས་ཀྱི་གིང་སེར་པོ་རིན་པོ་ཆེ་ཐོགས་པ་ནུབ?་བྱང་པདྨ་རིགས་ཀྱི་གིང་དམར་པོ་པདྨ་ཐོགས་པ། བྱང་ཤར་དུ་ལས་ཀྱི་གིང་ལྗང་ཁུ་རྒྱ་གྲམ་ཐོགས ་པའོ། །གཡོན་ཨུད་པ་ལ་ཐོགས་པའོ། །ཐུགས་ཁའི་ས་བོན་ནི་ཧྲིའོ། །ོཾ་མ་ཎི་པར་མེ་ཧཱུཾ་རུ་མ་གྷ་ཡེ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སྭཱཧཱ་ཞེས་བཟླས་ལ་དབང་བསྐུར་བར་བྱའོ། །འཕགས་པ་སེང་གེ་སྒྲ་སྒྲོགས་ཀྱི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་པདྨ་འདབ?་མ་? ་དབུས་སུ་ཧྲི་ལས་སེང་གེའི་སྟེང་དུ་འཕགས་པ་སེང་གེ་སྒྲ་སྐུ་མདོག་དཀར་པོ་ཞལ་ཅིག་ཕྱག་གཉིས་པ། ནང་པའི་རྟགས་སུ་སྤྱན་གསུམ་པ། ཕྱག་གཡོན་ན་པདྨ་དཀར་པོའི་དཀྱིལ་མ་རལ་གྲི་འབར་བ་དང་པདྨ་དཀར་པོའི་སྟེང་ནི་ཐོད་པ་དཀར་པོ་མ་ཏོག་? ་ཕྱག་གཡས་ན་ཏྲི་ཤུ་ལ་རྩེ་གསུམ་སྤྲུལ་གྱིས་བརྒྱན་པའི་ཁ་ནས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སྐྱུག་པའོ། །པདྨ་བཞི་ལ་སྣང་བ་མཛའ་ཡས་ཀྱི་གནས་སུ་རྣམ་པར་སྣང་མཛད་བྱས་པའི་རིགས་བཞིའོ། །ཐུགས་ཁའི་ས་བོན་ནི་ཏྲིའོ། །ོཾ་ཨ་སིད་ཏ? ་ན་དྷ་ཧཱུཾ་ཕཊ་ཞེས་བཟླས་ལ་དབང་བསྐུར་བ་ནི་སེང་གེ་སྒྲའི་ཆོ་གའོ། །དེ་ན་ཡོད་ཞག་པའི་མདོན་པར་རྟོགས་པ་ནི། བྷྲུཾ་ལས་འཁོར་ལོ་རྩིབས་བཞི་པ་ཅན་ཅིག་ཏུ་བསྐྱེད་ལ། ལྷ་བསྒོམ་བ་ནི་དབུས་སུ་ཇོ་བོ་ཁར་ས་པ་ནི་སྐུ་མདོག་དཀར་པོ་ཞལ་ཅིག་ཕྱག ་གཉིས་གཡས་སྐྱབས་སྦྱིན། གཡོན་པ་པདྨ་ཐོགས་པ། ཤར་དུ་ངོན་ཡོད་ཞགས་པ་དམར་པོ་ཞལ་ཅིག་ཕྱག་བཞི་པ། གཡས་ཞགས་པ་དང་རྡོ་རྗེ། གཡོན་ལྕགས་ཀྱུ་ངད་བགྲང་ཕྲེང་བསྣམས་པའོ། །ལྟོར་ཁྲོ་གཉེར་ཅན་སྔོ་སྐྱ་ཕྱག་བཞི་གཡས་ན་དབྱུག་ཐོ་དང ་པདྨ། གཡོན་བུམ་བ་དང་ཕྲེང་བ་ཐོགས་པའོ། །ནུབ་རྟ་མགྲིན་དམར་པོ་བེ་ཅོན་སྡིགས་འཛུབ་གཡོན་འཁོར་ལོ་པདྨ་ཐོགས་པའོ། །བྱང་དུ་ཨེ་ཀ་ཛ་ཏི་མཐིང་ནག་ཕྱག་བརྒྱད་གཡས་ན་རལ་གྲི་ཞགས་པ་པདྨ་མངའ་ཨོ། །གཡོན་འཁོར་ལོ ་དབྱུག་ཏོ་རྩེ་གསུམ་གཞུ་ཐོགས་པ། ཨོཾ་ན་མ་ས་མན་ཏ་འབུ་ཏ་ནན་སརྦ་ཏ་ཐཱ་གཱ་ཏ་ཨ་བ་ལ་ཀི་ཏེ་ཀ་རུ་ན་ས་མ་ཡ་ས་མན་ཏ་མུར་ཏེ་ཨེ་ཧཱུཾ་ཛ་སྭཱཧཱ་ཞེས་སྤྱན་དྲངས་བཟླས་བ་བྱས་མཆོད་ནས་དབང་བསྐུར་བ་ནི་དོན་ཡོད་ཞགས་པའོ། །རྡོ་རྗེ་ཕག་མོ་ཞལ ་གསུམ་ཕྱག་དྲུག་མའི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་ཕག་མོའི་ངལ་ཐམས་ཅད་འདབ་མ་བརྒྱད་པ་བསྐྱེད་པའི་དབུས་སུ་བཾ་ལས་གྲི་གུག་དེ་ལས་རྡོ་རྗེ་ཕག་མོ་དམར་མོ་ཞལ་གསུམ་གཡས་སྔོ། །གཡོན་དཀར་བ། སྤྱན་གསུམ་པ། སྐྲ་གྲོལ་ཞིང་ཐོད་པའི ་དབུ་བརྒྱན་དང་མི་མགོའི་ཕྲེང་བ་བྱས་བ། ཕྱག་དྲུག་གིས་རྡོ་རྗེ་དང། དྲིལ་བུ་དང། མངའ་གཞུ་དང། ལྕགས་ཀྱུ་དང། ཐོད་པ་དང། ཁ་ཏྲཾ་ཁ་བཅས་པ། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། ཕྱོགས་ཀྱི་འདབ་མ་ལ་མཁའ་འགྲོ་མ་དཀར་མོ་ལ་མ ་ལྗང་ཁུ། དུམ་སྐྱེས་མ་དམར་མོ། །གཟུགས་ཅན་མ་སེར་མོ། །རོའི་སྟེང་ན་ཉི་མ་ལ་དཀྱིལ་ཀྲུངས་ཕྱེད་པའི་གར་གྱིས་བཞུགས་པ་གྲི་གུག་དང་ཐོད་པ་འཛིན་པའོ། །ཟུར་བཞི་ལ་ཐོད་པ་བཞིའོ། །སྒོ་བཞིར་ཁྭ་གདོད་མ་དང། འུག་གདོང་མ་དང། ཁྱི་གདོང ་མ་དང། ཕག་གདོང་མ་དང། ཟུར་བཞིར་གཤིན་རྗེ་བསྲེག་མ་དང། ཕོ་ཉ་མ་དང། མཆེ་བ་མ་དང། འཇོམས་མ་རྣམས་བསྐྱེད་ལ། ཨའོཾ་ཤྲི་བཛྲ་བྷ་ར་ཧི་ཨ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ནི་ཏེ་ལོ་པའི་ཕག་མོའོ། །རྗེ་ན་རོ་པའི་ཕག་མོའི་མངོན་པར་རྟོཌ་པ་ནི། བྷྲུཾ? ་ལས་པདྨ་འདབ་མ་བརྒྱད?་ཀྱི་སྟེང་དུ་རོའི་སྟེང་དུ་པཾ་ལས་རྡོ་རྗེ་ཕག་མོ་ཞལ་ཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་ཁ་ཏྲཾ་ཁ་འཛིན་པའོ། །སྐུ་མདོག་དམར་མོ་ཕྱེད་?་གྱིས་བཞུགས་པ་འཁོར་གྱི་ལྷ་མོ་བཅུ་གཉིས་སྔར་ལྟར་རོ། །ོཾ་སརྦ་བུད་དྷ་ཌཱ་ཀི་ནི་ཡེ་བཛྲ ་ཝརྣ་ནི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ནི་ན་རོ་པའི་འོ། །ཡང་བྷྲུཾ་ལས་རྡོ་རྗེ་རྣལ་འབྱོར་མ་དམར་མོ་ཞལ་གཉིས་གཡས་ན་ཕག་ཞལ་སྔོན་མོས་མཚན་པ། ཕྱག་གཉིས་གྲི་གུག་ཐོད་པ་ཁ་ཏྲཾ་ཁ་འཛིན་པ། འཁོར་ལྷ་མོ་བཅུ་གཉིས་སྔར་ལྟར་རོ། །ོཾ ་ཨོཾ་ཨོཾ་སརྦ་བྷུད་དྷ་ཌཱ་ཀཱི་ནི་ཡེ་བཛྲ་ཝརྣ་ནི་ཡེ་བཛྲ་བཻ་རོ་ཙ་ན་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་བཟླས་ལ་དབང་བསྐུར་བ་ནི་ཞལ་གཉིས་མའ།། །།དོན་ཐམས་ཅད་གྲུབ་པའི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་ཕོ་བྲང་བཾ་ལས་རོའི་སྟེང་དུ་དོན་གྲུབ་མ་དམར་མོ་ཞལ ་ཅིག་ཕྱག་བཞི་མ་རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཐོད་པ་ཁ་ཏྲཾ་ཁ་འཛིན་པ། འཁོར་ནི་ལྡར་རོ། །ོཾ་བཛྲ་བ་ར་ཧི་ཨ་བྷེ་ཤ་ཡ་སརྦ་དུཥཌ་ཏྲི་སྭཱཧཱ། ཞེས་པ་ནི་དོན་གྲུབ་མའོ། །དབུ་བཅད་མའི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་ཕོ་བྲན་བཾ་ལས་གྲི་གུག་།དེ་ལས་དབུ་བཅད་མ ་དམར་སེར་ལ་དེའི་གཡས་སུ་ལྗང?་ཁུ་གཡོན་དུ་སེར་མོ་ཕྱག་གིས་གྲི་གུག་དང་ཉིད་ཀྱི་ཐོད་པ་འཛིན་པ། དབུ་སྐྲ་གྲོལ་ཞིང་གཅེར་བུ་སྤྱན་གསུམ་དང་ལྡན་པ་ཞབས་གཡས་སྐྱང་བ། གཡོན་སྐུམ་པ། གྲི་གུག་གིས་རང་གི་སྐེ་བཅད་ནས་ཁྲག་གསོལ་བ། འཁོར ་བཅུ་གཉིས་ནི་གོང་ལྟར་རོ། །ོཾ་སརྦ་བྷུད་དྷ་ཌཱ་ཀི་ནི་ཡེ། ཨོཾ་བཛྲ་ཝརྣ་ནི་ཡེ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་བཟླས་ནས་དབང་བསྐུར་བ་ནི་དབུ་བཅད་མི་ཆོ་གའོ། །ཕག་མོ་ནག་མོའི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་ཕོ་བྲང་སྐྱེད་ལ། ་དེར་ཧཱུཾ་ལས་གྲི་གུག་དེ་ལས་རྡོ་རྗེ་ཕག་མོ་མཐིང་ནག་ཞལ་ཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ། ཕག་ཞལ་སྟེང་ན་ནོར་བུའི་སྤྱན་གསུམ་ཡོད་པ། ཤར་རོ་ཧིའི་དཀར་མོ་འཁོར་ལོ་དང་ཏྲི་ཤུལ་འཛིན་པ། ལྷོར་ཁནདྷ་ཏོ་ཏི་སེར་མོ་ཌ་མ་རུ་དང ་ཐོད་པ་འཛིན་པ། ནུབ་ཏུ་ས་སྤྱོད་མ་དམར་མོ་ལྕགས་ཀྱུ་ཞགས་པ་འཛིན་པ། བྱང་དུ་མཁའ་སྤྱོད་ལྗང་ཁུ་རྡོ་རྗེ་འཁོར་ལོ་ཐོད་པ་འཛིན་པའོ། །ཐུགས་ཁའི་ས་བོན་ནི། ཧཱུཾ་ཧེ་དྷ་ཏི་ཨའོ?། །ོཾ་སརྦ་བྷུད་དྷ་ཌཱ་ཀི་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་བཟླས་པ་དབང་བསྐུར ་བ་ནི་ཕག་མོ་ནག་མོའི་ཆོ་གའོ། །མི་ཏྲི་པའི་མཁའ་སྤྱོད་མའི་མངོན་བར་རྟོགས་པ་ནི། བྷྲུཾ་ལས་དལ་བསྐྱེད་ལ་དེའི་ནང་དུ་ལྷ་བསྐྱེད་པ་ནི་བཾ་ལས་རྡོ་རྗེ་དེ་ལས་རྗེ་བཙུན་མ་དམར་མོ་མཁའ་སྤྱོད་མ་ཁ་གྱེན་ལ་ལྟ་ཞིང་རྐང་པ་གཡས་པ ་ནམ་མཁའ་ལ་གཏད་པའི་ཕྱག་གཡས་པ་བསྒྱིད། བུད་ནས་གཏེག་ནས་རྡོ་རྗེ་ནམ་མཁའ་ལ་གཏད་པ། ཞབས་གཡོན་པ་ལ་འཁྱུད་པའི་ཕྱག་གིས་ཐོད་པ་འཛིན་པ། རྒྱན་ཐམས་ཅད་སྤངས་པའོ། །རྩིབས་བརྒྱད་ལ་རྡོ་རྗེ་མཁའ་འགྲོ་དང། གཤིན་རྗེ་མོ་དང། ་ཡིད་བཞིན་མོ་དང། སྨོངས་བྱེད་མོ་དང། དབང་བསྡུད་མ་དང། ཀུན་སྐྱོད་མ་དང། ཀུན་གྲགས་མ་དང་གཏུམ་མོ་སྟེ་བརྒྱད་བསྐྱེད་ལ། ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་མོཾ?་ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་བཟླས་ལ་དབང་བསྐུར་བ་ནི་མཾ་ཏྲི་མཁའ་སྤྱོད་དོ། །ཕག་མོ་ཞལ་བཞིའི ་མངོན་བར་རྟོགས་པ་ནི། བྷྲུཾ་ལས་ཕོ་བྲང་བདེ་མཆོག་གི་དལ་ལྟར་བསྐྱེད་ལ། ལྷ་བསྐྱེད་པ་ནི་གྲི་གུག་དེ་ལས་ཕག་མོ་ཞལ་བཞི་དམར་བ་དང་སེར་བ་སྔོ་བ་དང་ལྗང་ཁུའོ། །ཕྱག་བཅུ་གཉིས་ནི་དང་པོ་གྲི་གུག་།གཡོན་པ་ཐེང་ཁྲག་།དེ་འོག་གཉིས་ཀྱིས་ཞིང ་བགས་བསྣམས་པ། ཅང་ཏེའུ། རྡོ་རྗེ་དགྲ་སྟ་སྦེ་ཧ་གཡས། ཁ་ཏྲཾ། ཐོད་པ་ཞགས་པ་ཚངས་པའི་མགོ་།ཞགS་གཉིས་ཕྱེད་དཀྱིལ་གྱིས་བཞུགས་པའོ། །འཁོར་གྱི་ལྷ་མོ་སུམ་ཅུ་རྩ་དྲུག་ནི་གཙོ་མོ་ལྟར་ཕྱག་བཞི་བཞིའོ། །སྔགས་ནི། ཨོཾ་གསུམ་མའོ། །དེ་ནས ་དབང་བསྐུར་བར་བྱ་བ་ནི་ཞལ་བཞི་མའོ། །སྒྲོལ་མ་ཉི་ཤུ་རྩ་ཅིག་མའི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་པདྨ་འདབ་བཞི་དང་འདབ་བརྒྱད་གྲུ་ཆད་ལ་སྒོ་བཏོང་པ་ཅན་བསྐྱེད་ལ། དེར་ལྷ་བསྐྱེད་པ་ནི་དབུས་སུ་སྒྲོལ་མ་དམར་མོ་ཞལ་གཅིག་སྤྱན་གསུམ་ཕྱག ་བརྒྱད་མ་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་སྤྱི་བོར་འཛིན་པ། དེ་འོག་གཉིས་མངའ་གཞུ་འགེངས་པ། དེ་འོག་གཉིས་འཁོར་ལོ་དང་མདུང་འཛིན་པ། དེ་འོག་གཉིས་རལ་གྲི་དང་ཞགས་པ་བསྣམས་བའོ། །རྩིབས་བཞིའི་ཤར་ནས་སྒྲོལ་མ་དཀར་མོ ་ཞལ་གསུམ་པ། གཡས་སྔོ། གཡོན་སེར་བའོ། །ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་མཉམ་བཞག་།གཉིས་པ་ཁ་ཏྲཾ་ཁ་དང་རིལ་བ། གསུམ་པ་འཁོར་ལོ་དང་ཨུད་པ་ལ། བཞི་པ་ནི་རིན་པོ་ཆེ་དང་དྲིལ་བུ། ལྔ་པ་གཉིས་རྡོ་རྗེ་དང་བུམ་པ། དྲུག་པ་གཉིས ་མེ་ཏོག་དང་པོ་ཏི། ཞབས་སྐྱིལ་མོ་ཀྲུང། ལྷོར་སྒྲོལ་མ་གསེར་གྱི་མདོག་ཅན་ཞལ་གཅིག་མ། ཕྱག་བཅུ་མ་དང་པོ་གཉིས་ཕྲེང་བ་དང། དར་སྦྱངས། གཉིས་པ་རལ་གྲི་དང་ཞགས་པ། གསུམ་པ་གཉིས་མངའ་དང་གཞུ། བཞི་པ་གཉིས་རྡོ་རྗེ་དང ་དྲིལ་བུ། ལྔ་པ་གཉིས་དབྱུག་གུ་དང་པད་མའོ། །ནུབ་ཏུ་སྒྲོལ་མ་དམར་མོ་ཞལ་ཅིག་ཕྱག་བཞི་མ་དང་པོ་གཉིས་མཆོག་སྦྱིན་དང་སྤྱི་བླུགས། གཉིས་པ་གཉིས་ཕྲེང་བ་དང་དབྱུག་གུའོ། །བྱང་དུ་སྒྲོལ་མ་སེར་མོ་ཞལ་ཅིག་ཕྱག་གཉིས་མ་སྐྱབས་སྦྱིན་པདྨ ་སེར་བོ་བསྣམས་པའོ། །འདབ་མ་བརྒྱད་ཀྱི་ཤར་ནས་རིམ་པ་བཞིན་དུ་དམར་མོ་ཞལ་ཅིག་ཕྱག་བཞི་རྡོ་རྗེ་དང་སྡིགས་མཛུབ་དང། རལ་གྲི?་དང་ཞགས་པ་བསྣམས་པའོ། །ནག་མོ་ཞལ་ཅིག་ཕྱག་བཞི་མ་འཁོར་ལོ་དང་ཞགས་པ་དང་རལ་གྲི་དང་སྡིགས ་འཛུབ་པོ། །སེར་མོ་ཞལ་ཅིག་ཕྱག་བཞི་མ་མྱ་ངན་མེད་པའི་ཤིང་དང་པདྨ་དང་རིན་པོ་ཆེ་དང་བུམ་པ་བསྣམས་པའོ། །དམར་མོ་ཞལ་ཅིག་ཕྱག་བཞི་མ་སྤྱི་བོར་ཐལ་མོ་སྦྱར་བ་མྱ་ངན་མེད་པའི་ཤིང་དང་རལ་གྲི་འཛིན་པའོ། །རྗེ་བཙུན་པ་ནག་མོ་ཞལ་ཅིག ་ཕྱག་གཉིས་མ་ལྕགས་ཀྱུ་དང་ཞགས་པ་བསྣམས་པའོ། །སེར་མོ་ཞལ་ཅིག་ཕྱག་བརྒྱད་མའི་དང་པོ་གཉིས་ན་ཁ་ཏྲཾ་ཁ་དང་རིན་པོ་ཆེ། གཉིས་པ་ན་ལྕགས་ཀྱུ་དང་ཞགས་པ། གསུམ་པ་ན་རྡོ་རྗེ་དབྱུག་པ། བཞི་པ་ན་རལ་གྲི་དང་བུམ་པའོ། །དམར?་པོ་ཞལ་ཅིག ་ཕྱག་བཞི་མ་རལ་གྲི་དང་འཁོར་ལོ་མངའ་གཞུ་བསྣམས་པའོ། །ནག་མོ་ཞལ་གསུམ་གཡས་དཀར་གཡོན་དམར་བ། ཕྱག་དྲུག་གིས་རལ་གྲི་དང་ལྕཌ་གྱུ་དང་དབྱུག་གུ་དང་ཐོད་པ་དང། ཞགས་པ་དང། མགོ་བོ་ཐོགས་པའོ། །གྲུ་ཆད་བཞིས་སྒྲོལ་མ་དཀར ་མོ་ཞལ་ཅིག་ཕྱག་དྲུག་མ་ཕྲེད་བ་དང་མཆོག་སྦྱིན་དང་དབྱུག་གུ་དང་པདྨ་དང་སྤྱི་བླུགས་དང་མགོ་བོ། །དམར་མོ་ཞལ་ཅིག་ཕྱག་གཉིས་མ་ཁ་ཏྲཾ་ཁ་དང་སྡིགས་འཛུབ་མཛད་པའོ། །དམར་སེར་ཞལ་གཅིག་ཕྱག་གཉིས་མ་ཐུགས ་ཁར་ཟླ་བ་བསྣམས་པའོ། །དཀར་མོ་ཞལ་གཅིག་ཕྱག་བཞི་མ་ལྕགས་ཀྱུ་དང་ཨ་དུ་རུ། གཉིས་མཆོག་སྦྱིན་མཛད་པའོ། །སྒོ་བཞིར་ནི། དམར་མོ་ཞལ་ཙིག་ཕྱག་གཉིས་ཐུགས་ཁར་མར་མེ་འཛིན་པའོ། །དམར་སེར་ཞལ་གཅིག་ཕྱག་གཉིས་མ་ཐུགས་ཁར ་བུམ་པ་འཛིན་པའོ། །དཀར་མོ་ཞལ་གཅིག་ཕྱག་གཉིས་མ་ཕྲེང་བ་དང་མདུང་བསྣམས་པའོ། །ལྗང་ཁུ་ཞལ་ཅིག་ཕྱག་གཉིས་མ་མཆོག་སྦྱིན་དང་ཨུད་པལ་བསྣམས་པའོ། །ོཾ་ཏཱ་རེ་ཏུ་ད་ཏཱ་རེ་ཏུ་རེ་སྭཱཧཱ་ཞེས་བཟླས་ལ་དབང་བསྐུར་བ་ནི་སྒོརླ་མ་ཉི་མ་སྦས ་པའི་ཉེར་ཅིག་མའོ། །སྐུ་གདུང་བསྟན་པ་དམ་པ་རིགས་བརྒྱའི་མངོན་པར་རྟགས་པ་ནི། བྷྲུཾ་ལས་ཕོ་བྲང་པད་མ་འདབ་བརྒྱད་འཁོར་ལོ་རྩིབས་བཅུ་དྲུག་ཁྱམས་སུམ་རྩེག་སྒོ་དང་བཅས་པ་བསྐྱེད་ལ། ལྷ་བསྐྱེད་པ་ནི། དབུས་སུ་རྣམ་པར་སྣང་མཛད་ཀྱིས ་གཙོ་བྱས་པའི་རིགས་ལྔ་ཡུམ་བཞི་དང་བཅས་པ། རྩིབས་བཅུ་དྲུག་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་བཅུ་དྲུག་དང། གྲུ་ཆད་ལ་སྒེག་སོགས་བཞི་དང། ཁྱམས་ནང་མ་ལ་སྐལ་བཟངས་བཅུ་དྲུག་དང། བར་པ་ལ་དཔེ་བྲལ་བཅུ་དྲུག ་དང་བདུག་སོགས་བཞི་དང། ཕྱི་མ་ལ་ཉན་ཐོས་བཅུ་དྲུག་དང་དང་རྒྱལ་བཅུ་གཉིས་དང། སྒོ་ལ་སྒོ་མ་བཞི་དང། རྟ་བབས་ཀྱི་མཆོད་རྟེན་ལ་རྒྱལ་པོ་ཆེན་པོ་བཞི་བསྐྱེད་པའོ། །སྤྱན་དྲངས་མཆོད་པ་བྱས་ནས། ཨོཾ་ཧཱུཾ་ཏྲཾ་ཧྲི་ཨ། ཞེས་རིགས་ལྔ་སྤྱིའི་སྙིང་པོ ་བཟླས་ལ་དབང་བསྐུར་པ་ནི་སྐུ་གདུང་འབར་བའོ། །བཅོམ་ལྡན་འདས་མི་བསྐྱོད་ཀ་ཀ་ནིའི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་པདྨ་འདབ་མ་བརྒྱད་པ་གྲུ་ཆད་ལ་སྒོ་བཏོད་པ་བསྐྱེད་ལ། །དེར་ལྷ་བསྐྱེད་པ་ནི་བྷུཾ་ལས་རྡོ་རྗེ། དེ་ལས་སངས་རྒྱས་མི་བསྐྱོད་པ། པདྨ ་འདབ་བརྒྱད་ལ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། སྒོ་མ་བཞི་རྣམས་བསྐྱེད་ལ་སྤྱན་དྲངས་མཆོད་པ་བྱ། ཀ་ཀ་ནི་ཅི་རིགས་པར་བཟླས་ལ། སྟོང་པ་བྱས་ནས་དབང་བསྐུར་བ་ནི་མི་བསྐྱོད་པའོ། །གཙོ་མོ་ཆེན་མོའི་བརྒྱུད་གཟུངས་ཀྱི་རྗེས་སུ་འབྲངས་བའི་མངོན་པར ་རྟོགས་པ་ནི། བྷྲུཾ་ལས་པདྨ་འདབ་བརྒྱད་རིམ་པ་གསུམ་བསྐྱེད་ལ། ལྷ་བསྐྱེད་པ་ནི། དབུས་སུ་བཅོམ་ལྡན་འདས་ཐུབ་པ། པདྨ་ནད?་མལ་བྱང་ཆུབ་སེམས་དཔའ་བརྒྱད། བར་པ་ལ་ཉན་ཐོས་བརྒྱད། པདྨ་ཕྱི་མ་ལ་ཕྱོགས་སྐྱོང་བཅུ། གྲུ་ཆད་ལ་བདུག ་སོགས་བཞི། སྒོ་བཞིང་རྒྱལ་པོ་ཆེན་པོ་བཞི་བསྐྱེད་ལ། མུ་ནི་བཟླས་པ་བྱས་ལ་དབང་བསྐུར་བ་ནི་ཁ་འབང་མའི་དལ་གྱི་ཆོ་གའོ། །རྡོ་རྗེ་རྣཾ་པར་འཇོམས་པའི་མངོན་བར་རྟོགས་པ་ནི། བྷྲུཾ་ལས་འཁོར་ལོ་རྩིབས་བཞི། ཁྱམས་དངབཅས་པ་བསྐྱེད་ལ། དེར?་ལྷ? ་བསྐྱེད་པ་ནི་དབུས་སུ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཡེ་སྭཱཧཱ། མཐིད་ཁ། ཕྱག་གཡས་རྡོ་རྗེ་རྒྱ་གྲམ་བསྣུན་པ། གཡོན་སྡིགས་འཛུབ་དང་དྲིལ་བུ་དཀུར་བརྟེན་པ། ཞབས་སྐྱང་སྐུམ་དུ་བཞུགས་པའོ། །ཤར་དུ་རྡོ་རྗེ་རྟུམ?་པོ་མཐིད?་ཁ་? ་རྩེ་ཅིག?་པ་ཐོཌ?་པ་ལྷོར་?་ཀི་ལ་ཡ་འཐིད་ལ་ཕུར་པ་ཐོཌ་བའོ། །ནུབ་ཏུ་རྡོ་རྗེ་བེ་ཙོན?་སྐུ་མདོག་འཐིང་ཁ་བེ་ཅོན་ཐོཌ་བཁྱད་དུ་རྡོ་རྗེ་ཐོ་བ་འཐིད་ཁ་ཐོ་བ་ཐོཌ་པའོ། །གཡོན་ཐམས་ཅད་དྲིལ་བུ་དཀུར་རྟེན་པ། ཁྱམས་ལ་ཕྱོགས་སྐྱོང་བཅུ་དང་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་བསྒྲོམས?་ལ། རྣམ་འཇོམས ་ཀྱི་སྔགས་ཅི་རིགས་པར་བཟླས་ལ། དབང་བསྐུར་བ་ནི་དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ཆོ་གའོ། །གཙུག་ཏོར་རྣམ་པར་རྒྱལ་བའི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་པདྨ་འདབ་བཞི་སྒོ་དང་བཅས་པ་བསྐྱེད་ལ། དེར་ལྷ་བསྐྱེད་པ་ནི་དབུས་སུ་རྣམ་པར ་རྒྱལ?་མ་དཀར་མོ། །ཞལ་གསུམ་གཡས་སེར། གཡོན་སྔོ། ཁྲོ་མོའི་ཆ་ལུགས་སྤྱན་གསུམ་པ་དང། ཕྱག་བརྒྱད་གཡས་ན་རྡོ་རྗེ་དང་འོད་དཔག་མེད་དང་མཆོག་སྦྱིན་མཛད་པ། གཡོན་ན་སྡིགས་འཛུབ་ཞགས་པ་དང་མི་འཇིགས་པ་སྦྱིན་བ་དང ་གཞུ་དང་བུམ་པ་འཛིན་པའོ། །གཡས་ན་སྤྱན་རས་གཟིགས་དཀར་པོ་པདྨ་དང་རྔ་ཡབ་འཛིན་པའོ། །གཡོན་ན་གསང་བདག་གོས་སྔོན་པོ་རྡོ་རྗེ་དང་རྔ་ཡབ་འཛིན་པ། རྒྱབ་དང་མདུན་ན་ལྷའི་བུ་གཉིས་ཀྱིས་ཡེ་ཤེས་ཀྱི་བུམ་བ་འཛིན ་པའོ། །སྒོ་བཞིར་ཁྲོ་བོ་བཞི་ནི། མི་གཡོ་སྔོན་པོ་རལ་གྲི་འཛིན་པ་གཡོན་སྡིགས་འཛུབ་ཅན། འདོད་པའི་རྒྱལ་པོ་སྔོན་པོ་ལྕགས་ཀྱུ་བསྣམས་པ། དབྱུག་པ་སྔོན་པོ་དབྱུག་པ་ཐོགས་པ། སྟོབས་པོ་ཆེ་སྔོ་ནག་རྡོ་རྗེ་ཐོགས་པའོ། །ོཾ་བྷྲུཾ་སྭཱཧཱ་ཞེས་བཟླས ་པའམ། གཟུངས་ཅི་རིགས་པར་བཟླས་ནས་དབང་བསྐུར་བ་ནི་རྣམ་རྒྱལ་མའོ།། །།གཙུག་ཏོར་གདུགས་དཀར་མོ་ཅན་གྱི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་པདྨ་འདབ་བརྒྱད་འཁོར་ལོ་རྩིབས་བཅུ་དྲུག་དང་བཅས་པ་གུ་ཆད་ལ་སྒོ་བཏོད་པ་ཅན ་བསྐྱེད་ལ། ལྷ་བསྐྱེད་པ་ནི། དབུས་སུ་པདྨ་དང་ཟླ་བའི་སྟེང་དུ་གཙོ་མོ་གདུགས་དཀར་མོ་ཞལ་གསུམ་སྔོ་བ་དང་དམར་བ་དང། ཕྱག་བརྒྱད་མ་གདུགས་དང། འཁོར་ལོ་དང། གཞུ་དང། ལྕགས་ཀྱུ་བསྣམས་པའོ། །གཡོན་ན་རྒྱལ་མཚན་དང་རྡོ་རྗེ?་དང ་མདའ་དང་ཞགས་པའོ། །ཤར་དུ་དྲག་ཤུལ་ཆེན་མོ་སྔོན་མོ་དང། ལྷོར་རྟུམ་མོ་ཆེན་མོ་སེར་མོ་དང། ནུབ་ཏུ་འབར་མ་ཆེན་མོ་དམར་མོ། །བྱང་དུ་སྟོབས་ཆེན་མོ་ལྗང་ཁུ། གཡས་བུམ་པ་འཛིན་པ། གཡོན་དཀུར་བརྟེན་པའོ། །རྩིབས་བཅུ་དྲུག་གི་ཤར ་མ་བཞི་ལ། གོས་དཀར་མོ། །དམར་མོ། །ཁྲོ་གཉེར་ཅན་ལྗང་ཁུ། ཕྲེང་བ་མ་སེར་མོ། པད་མའི་རྡོ་རྗེ་སྔོན་མོ། །བཞི་ཟུད་པ་ལ་འཛིན་པའོ། །ལྷོའི་བཞི་ལ་གཞན་གྱིས་མི་ཐུབ་མ་སྔོན་མོ། སྒྲོལ་མ་ལྗང་ཁུ། མཆོད་མ་དཀར་མོ། གཟི་བརྗིད་མ་སེར་མོ། ་བཞི་རྡོ་རྗེ་དང་དབྱུག་པ་ཐོགས་པའོ། །ནུབ་ཏུ་ལུ་གུ་རྒྱུད་མ་དམར་མོ། །སྤོས་མ་སེ་མོ། །སྟོབས་ཆེན་མ་དཀར་མོ། རྡོ་རྗེ་རིགས་འཛིན་མ་ལྗང་ཁུ། བཞི་པོ་ནི་རྡོ་རྗེ་དང་བགྲང་ཕྲེང་བསྣམས་པའོ། །བྱད་དུ་རྡོ་རྗེ་རིན་ཆེན་མ་དམར་མོ། གཙུག་ཏོར་འགྱིད ་མ་དཀར་མོ། གསེར་ཅན་མ་ལྗང་ཁུའོ། །སྒྲོལ་མ་ལྗང་ཁུའོ། །བཞི་པོ་ནི་སྣ་ཚོགས་རྡོ་རྗེ་དང་ཕྲེང་བའོ། །གྲུ་ཆང་ལ་སྒྲོལ་མ་དཀར་མོ། པདྨའི་སྤྱན་དམར་མོ། །ཟླ་བའི་འོད་སྔོན་མོ། ཕྱག་རྒྱའི་ཚོགས་ལྗང་ཁུ། བཞི་པོ་འདི་སྐྱབས་སྦྱིན་བྱས་པའོ། །སྒོ་མ་བཞི ་དལ་གཞན་དང་འཐུན་ནོ། །ོཾ་མ་མ་ཧཱུཾ་ནི་སའཝཧཱ། ཅེས་བཟླས་ལ་དབང་བསྐུར་བ་ནི་གཙུག་ཏོར་དཀར་མོའི་འོ། །རི་ཁྲོད་ལོ་མ་ཅན་པ་རྣ་ཤ་བ་རི་སེར་མོའི་མངོན་པར་རྟོགས་བི་ན། བྷྲུཾ་ལས་ཕོ་བྲང་རྩིབས་བཞི་པ་སྐྱེད་ལ། ལྷ་བསྐྱེད་པ་ནི་ཟླ་བའི་དལ ་པཾ་ལས་པདྨ། པཾ་ལས་རྡོ་རྗེ། དེ་ལས་བཅོམ་ལྡན་འདས་མ་སྐུ་མདོག་སེར་མོ་ཞལ་གསུམ། གཡས་དཀར་བ། གཡོན་དམར་བ། སྤྱན་གསུམ་ཁྲོ་མོ། ཤིང་ལོའི་ནམ་བཟའ་དང་རྒྱན་གྱིས་བརྒྱན་པའོ། །ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ་དང། ་དགྲ་སྟ་མངའ་བསྣམས་པའོ། །གཡོན་གསུམ་ན་སྡིགས་འཛུབ་དང་བཅས་པའི་ཞགས་པ་དང་ཤིང་ལོའི་ཆུན་པོ་དང་གཞུ་བསྣམས་པའོ། །མེ་ཏོག་གིས་བཅིངས་པའི་ཅོད་པན་ལ་མི་བསྐྱོད་པས་མཚན་པའོ། །ནད་རིགས་སྟོང་ཕྲག་བརྒྱད་ཅུའི་བདག་མོ་བསྐྱེད ་ནས་མནན་པ། གཡོན་པའི་ཁུ་ཚུར་གྱིས་འོག་གི་བགེགས་གཟིད་ཅིང་སྡིགས་པའོ། །ཕྱོགས་བཞི་ན་རྒྱལ་པོ་ཆེན་པོ་བཞིས་བདེན་པའི་བཀའ་བསྒོ་བའོ། །ོཾ་པི་ཤ་ཙི་པརྞ་ཤ་བ་རི་སརྦ་མཱ་ར་བྲ་ཤ་མ་ནི་སྭཱཧཱ། ཞེས་བཟླས་ནས་དབང་བསྐུར་བ་ནི། ཡུཾ་པརྞ་ཤ ་བ་རིའི་ཆོ་གའོ། །གནོད་སྦྱིན་འཛམ་བྷ་ལྷ་སེར་པོ་ཡབ་ཡུམ་གྱི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་པདྨ་འདབ་བརྒྱད་སྒོ་དང་བཅས་པ་བསྐྱེད་ལ། དེར་ཛ་དང་བཾ་གྱུར་པ་ལས། གནོད་སྦྱིན་གྱི་རྒྱལ་པོ་འཇམ་བྷ་ལྷ་ཞལ་ཅིག་ཕྱག་བཞི་པ་སྐུ་མདོག་སེར་པོ ་གསུས་ཕ་རབ་ཏུ་ཆེ་བ་གཡས་ན་པི་ཙི?་པུ་ར་དང། གཡོན་ནས་ནེའུ་ལའི་ཁ་ནས་ནོར་འཛག་པ་འཛིན་པ། ཕྱག་ཉིས་ཀྱིས་རང་འདོད་ཀྱིས་རིག་མ་ལྷ་མོ་ནོར་རྒྱུན་མ་གཡས་པི་ཙི་པུ་ར་དང། གཡོན་འབྲས་ཀྱི་སྙེ་མ་བསྣམས་པ། ཡབ་ཡུམ་རྩེ་བའི་རྩེད་མོ་མཛད ་པ་ལ་པདྨ་འདབ་མ་བརྒྱད་ཀྱི་སྟེང་དུ་འཁོར་གནོད་སྦྱིན་ཆེན་པོ་བརྒྱད་ཡུམ་ལྷ་མོ་བརྒྱད་ལ་འཁྱུད་པ། གཙོ་བོ་ཡབ་ཡུམ་ཇི་ལྟ་བར་བསྐྱེད་ལ་བཟླས་པ་བྱ་བ་ནི། ཨོཾ་ཛ་བྷ་ལྷ་ཛཱ་ལེན་ཏྲ་ཡེ་དུས་དུས་མ་ཀུནE་ཀུནE་སྭཱཧཱ། ཞེས་ཅི་རིགས ་བར་བཟླས་ལ་དབང་བསྐུར་བ་ནི། གནོད་སྦྱིན་འཛམ་བྷ་ལྷའི་ལོངས་སྤྱོད་ལ་མངའ་མཉེས་པའི་ཆོ་གའོ།། །།དཔལ་མགོན་པོ་མཧཱ་ཀ་ལའི་མངོན་པར་རྟོགས་པ་ནི། བྷྲུཾ་ལས་འཁོར་ལོ་རྩིབས་བརྒྱད་སྒོ་དང་བཅས་པ་བསྐྱེད་ལ། དེར་ཉི་ཟླ་པདྨའི ་སྟེང་དུ་བཾ་ལས་རོའི་གདན། དེའི་སྟེང་དུ་ཧཱུཾ་ལས་གྲི་གུག་།དེ་ལས་མ་ཧཱ་ཀཱ་ལ་ཞལ་ཅིག་ཕྱག་བཞི་པ། ཐུང་ལ་སྦོམ་པ་སྐུ་ཤ་རྒྱས་པ། སྤྱན་གསུམ་བགྲང་བ། ཞལ་གདངས་ཤིང་མཆེ་བ་བཙིགས་པ། ཕྱག་གཡས་གཉིས་ན་བྷེ་ཙའི་འབྲུ་བམ། ? ་གུག་ཐོགས་པ། འོག་མ་རལ་གྲི་།གཡོན་དང་པོ་ཐོད་པ་ཁྲག་གིས་བཀང་བ། འོག་མ་ན་ཁ་ཏྲཾ་ཁ་འཛིན་པ། སྟག་གིས་ལྤགས་པས་སྨད་དཀྲིས་པ། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། རྩིབས་བརྒྱད་ལ། འཁོར་བྱ་རོག་མ་བརྒྱད། གྲི་གུག་དང ་ཐོད་པ་ཐོགས་པ། ཞབས་སྐྱར་སྐུ་མ་གྱིས་བཞུགས་པ་སྐྱེད་ལ། སྤྱན་དྲངས་མཆོད་ལ། སྔགས་ནི། ཨོཾ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ཞེས་བཟླས་ལ་དབང་བསྐུར་བ་ནི་དཔལ་མ་ཧཱ་ཀཱ་ལའི་ཆོ་གའོ། །མངོན་པར་རྟོགས་པ་བརྒྱ་རྩ་བརྒྱད་པོ་ནི། དེ་ལྟར་མ་ལུས ་བཤད་པར་གྱུར་མོད་ཀྱང། །ཕྱིའི་རྒྱ་མཚོ་ལ་ནི་ཆུ་འཛིན་གྱིས། །ཆུ་བླངས་བས་ནི་ཟད་པར་མི་འགྱུར་རོ། །རྡོ་རྗེ་འཛིན་པ་བདུད་རྩིའི་ཆུ་རྒྱུད་རྣམས། །འཐོར་བ་ཅིག་དུ་བསྡུས་པའི་བསོད་ནམས་ཀྱིས། །གྲུབ་ཐབས་དཔག་ཏུ་མེད་བ་རྒྱུད་པའི་ཆོས། །མཁས ་པའི་དབང་ཕྱུག་གཞན་དོན་བྱེད་གྱུར་ཅིག་།ཇོ་བོ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ཏྲ་འཛོ་གིས་མཛད་པའི་མངོན་པར་རྟོགས་པ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ་རྫོགས་ཤོ།། །།པན་ཊི་ཀ་ཆེན ་བོ་དོན་ཡོད་རྡོ་རྗེས་རང་འགྱུར་དུ་མཛད་པའོ།། །།རྫོགས་པ་རྣལ་འབྱོར་གྱི་ཕྲེང་བ་བཞུགས་ཤོ།། །།རྒྱ་གར་སྐད་དུ། ཤྲི་མཉ་ཛུ་བཛྲ་མ་ཏི་ཀྲ་མ་ཨ་བྷི་ས་མ་ཡ་ས་མུན་ཙ་ནི་ས་པན་ན་ཡོ་ག་ཨ་བ་ལི་ན་མ། བོད་སྐད་དུ། འཇམ་དཔལ་འཇམ་པའི? ་