| Wylie | e-texts based on the ACIP/ALL Input |
ཀར་བཞུགས་པའི་དུས་སུ། འབྲོམ་སྟོན་རྡོ་རྗེ་སྙིང་པོ། དྷ་ཏྭཱ?་མ་ཏི་ཟེར། ལ་གནང་བའོ། །དེ་ཡང་ཐང་པོ་སྟོན་པ་ཡིན་ནོ། །*། །རྐང་གྲངས་རིན་ཆེན་ཕྲེང་བ་བཞུགས་སོ།། །།རྒྱ་གར་སྐད་དུ། པ་ཏྲ་རད་ན་མ་ལ་ན་མ། བོད་སྐད་དུ། རྐང་གྲངས་རིན ་ཆེན་ཕྲེང་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དང་པོ་སློབ་དཔོན་མཚན་ཉིད་བཅུ་ལྡན་པ། །གཉིས་པ་སློབ་མའི་མཚན་ཉིད་ཉེར་བཞི་ལྡན། །ཉན་སོགས་འདོད་ལ་གསོལ་གསུམ ་གདབ་པར་བྱ། །བླ་མས་རབ་འབྲིང་ཐ་མའི་བསྙེན་པ་བྱ། །སློབ་མས་ལོང་སྤྱོད་རྫས་ནི་ཚང་བར་བཤམ། །ལོ་དང་ཟླ་བ་གཟའ་སྐར་ཤིས་པ་ལ། །སྔོན་འགྲོ་དཀོན་མཆོག་ཚོགས་བསགས་ཁྲུས་བྱས་ལ། །དང་པོར་རླུང་བཅད་ས ་གཞི་བཟུང་བ་ནི། །སྐྱབས་འགོ་རྣམ་གཉིས་སེམས་བསྐྱེད་སྡོམ་པ་དང། །གཏན་ཁྲིམས་ལྔ་དང་སོ་སོར་ཐར་དབང?་།དེ་ནས་སའི་ཆོ་ག་རྣམ་ལཱ?་བྱ། །གཉིས་པ་སྟ་གོན་གནས་པར་བྱ་བ་ནི། །ས་གཞི་བགེགས་སྐྲད་ལས ་རྣམས་བྱ་བ་ཤེས་།སྟ་གོན་རྣམ་པ་ལྔ་དག་ཚང་བར་བྱ། །ནུབ་གསུམ་པ་ནས་རིམས་ཀྱིས་འཇུག་པ་ནི། །ཕྱག་རྡོར་འགྲོ་བཟངས་བཅུ་བདུན་བདག་ཉིད་དང། །ཀླུ་གྲུབ་མདོ་ལུགས་ལྷ་དགུའི་བདག་ཉིད་དང། །ལྕགས་ཕུབ་མ ་ནི་བཅུ་གསུམ་བདག་ཉིད་དང། །འཇམ་དཔལ་གསང་ལྡན་ང་གསུམ་བདག་ཉིད་ལ། །ཙཎ་ཊ་གོ་མའི་བཅུ་བདུན་བདག་ཉིད་ལགས། །རྟ་མགྲིན་རྒྱལ་པོ་བཅུ་བདུན་བདག་ཉིད་ཡིན། །ཐུགས་རྗེ་ཆེན་པོ་བཅུ་གསུམ་བདག་ཉིད་ཅན། ། ་ཐུགས་ཀྱི་དཀྱིལ་འཁོར་བཅུ་གསུམ་བདག་ཉིད་ཅན། །མེ་ལྟར་འབར་བ་བཅུ་བདུན་བདག་ཉིད་དོ། །རྡོ་རྗེ་དབྱིངས་ནི་ང་གསུམ་བདག་ཉིད་དང། །དང་ལ་མཆོག་དང་པོ་དེ་གཅིག་གང་དག་ཏེ། །ཀུན་རིག་རྩ་བ་བརྒྱ་དང་ལྔའི་བདག་།གཙུག ་ཏོར་དགུན་ཨི་སོ་བདུན་བདག་ཉིད་དང། །དོན་གྲུབ་དལ་ནི་ང་བདུན་བདག་ཉིད་དང། །འགྲོ་བ་འདུལ་བ་ད་བདུན་བདག་ཉིད་དང། །ཁམས་གསུམ་རྣམ་རྒྱལ་ང་བདུན་བདག་ཉིད་ངོ། །ཚེ་དཔག་མེད་པ་བཅུ་གསུམ་བདག་ཉིད་ལགས། ། ་བདེ་བ་ཆེན་པོ་བརྒྱ་དང་སོ་བརྒྱད་བདག་།འཕགས་སྐོར་གསང་འདུས་སོ་གཉིས་བདག་ཉིད་དང། །ཡེ་ཤེས་ཞབས་ལུགས་བཅུ་དགུ་བདག་ཉིད་དོ། །རྡོ་རྗེ་ཧཱུཾ་མཛད་ཉི་ཤུའི་བདག་ཉིད་ཅན། །འཇམ་དཔལ་ནག་པོ་བཅུ་གསུམ་བདག་ཉིད་ལ། ། ་གདོང་དྲུག་ཁྲོ་བོ་ཉེར་གཅིག་བདག་ཉིད་ངོ། །གཤིན་རྗེ་གཤེད་དམར་བཅུ་བཞིའི་བདག་ཉིད་ཅན། །རྡོ་རྗེ་འཇིགས་བྱེད་ལྷ་དགུའི་བདག་ཉིད་དེ། །འཇིགས་བྱེད་ཡབ་ཡུམ་བཅོ་བརྒྱད་བདག་ཉིད་ཡིན། །རྡོ་རྗེ་འཇིགས་ཆུང་ལྷ་དགུའི་བདག་ཉིད་དེ ་ཞལ་བརྒྱད་བཅུ་དྲུག་ཕྱག་ཅན་ལྷ་དགུའི་བདག་།ཞལ་བཞི་ཕྱག་དྲུག་ལྷ་དགུའི་བདག་ཉིད་དོ། །ཞལ་གཅིག་ཕྱག་བཞི་ལྷ་དགུའི་བདག་ཉིད་ལ། །ཞལ་གཅིག་ཕྱག་གཉིས་པ་ཡང་ལྷ་དགུ་ཡིན། །བདག་མེད་མ་ནི་བཅོ་ལྔའི་བདག་ཉིད་དོ། ། ་ཞལ་བརྒྱད་མཚོན་རྣམས་བཅོ་བརྒྱད་བདག་ཉིད་ཡིན། །ཕྱག་དྲུག་པ་ནི་བཅོ་བརྒྱད་བདག་ཉིད་དོ། །ཕྱག་བཞི་པ་ནི་བཅོ་བརྒྱད་ཁོ་ན་ལགས། །ཕྱག་གཉིས་པ་ཡང་དེ་དང་མཚུངས་པའོ། །བདེ་མཆོག་འཁོར་ལོ་རེ་གཉིས་བདག་ཉིད་དང། ་སེར་པོ་ཞལ་གཅིག་ཕྱག་གཉིས་རོ་གཉིས་བདག་།སྔོན་པོ་ཞལ་གཅིག་པ་ཡང་དེ་དང་མཚུངས། །བདེ་མཆོག་ཡབ་བཀའ་ཉེར་དགུའི་བདག་ཉིད་ཅན། །བདེ་མཆོག་ཡུམ་བཀའ་སོ་བདུན་བདག་ཉིད་དོ། །ས་ར་ཧའི་བདེ་མཆོག་བཅུ་གསུམ་ཡིན། ་ཨ་བྷི་དྷ་ནའི་རྗེས་འབྲལ?་ལྷན་སྐྱེས་བདེ་མཆོ་ལྷ་ལྔའི་བདག་ཉིད་དང། །ཏེ་ལོ་པའི་བདེ་མཆོ་ལྷ་དགུ་ཡིན། །གཉིས་མེད་རྡོ་རྗེ་ལྷ་བརྒྱད་བདག་ཉིད་ཅན། །རྡོ་རྗེ་མཁའ་འགྲོ་ལྷ་དགུའི་བདག་ཉིད་དང། །སངས་རྒྱས་མཁའ་འགྲོ་ལྷ་དགུའི་བདག་ཉིད་ལ། །རིན ་ཆེན་མཁའ་འགྲོ་ལྷ་དགུའི་བདག་ཉིད་དེ། །པདྨ་མཁའ་གྲོ་ལྷ་དགུའི་བདག་ཉིད་ལགས། །ལས་ཀྱི་མཁའ་འགྲོ་ལྷ་དགུའི་བདག་ཉིད་ཡིན། །རྡོ་རྗེ་སེམས་དཔའ་བཅོ་བརྒྱད་བདག་ཉིད་དང། །རྣམ་པར་སྣང་མཛད་བཅོ་བརྒྱད་བདག་ཉིད་ལ། ། ་རིན་ཆེན་འབྱུང་ལྡན་བཅོ་བརྒྱད་བདག་ཉིད་དེ། །སྣང་བ་མཛའ་ཡས་བཅོ་བརྒྱད་བདག་ཉིད་ལགས། །དོན་ཡོད་གྲུབ་པ་བཅོ་བརྒྱད་བདག་ཉིད་དེ། །མི་བསྐྱོད་རྡོ་རྗེ་བཅོ་བརྒྱད་བདག་ཉིད་དོ། །ས་བྷུ་ཏྲིའི་ལྷ་མ?་ཉེར ་གསུམ་བདག་།མ་ཧཱ་མ་ཡ་ལྷ་དྲུག་བདག་ཉིད་ལ། །སྒྱུ་མ་ཆེན་མོ་ལྷ་དྲུག་བདག་ཉིད་དང། །ཀུ་ཀུ་རི་པའི་རྡོ་རྗེ་སེམས་དཔའ་གཉིས། །དྲང་སྲོང་རྒྱུ་སྐར་ཞེ་ལྔའི་བདག་ཉིད་དེ། །རྒྱལ་ཆེན་ཕྱོགས་སྐྱོད་ཉེར་གསུམ་བདག་ཉིད་ལ། །ཀླུ་ཆེན་བརྒྱད? ་ནི་བཅུ་གསུམ་བདག་ཉིད་དོ། །ནམ་མཁའ་ཨི་རྣལ་འབྱོར་ང་བདུན་བདག་ཉིད་ལ། །ཡེ་ཤེས་མཁའ་འགྲོ་བཅུ་གསུམ་བདག་ཉིད་དོ། །སངས་རྒྱས་ཐོད་པ་ཉེར་ལྔའི་བདག་ཉིད་དེ། །དེ་བཞིན་སངས་རྒྱས་ཐོད་པ་ལྷ་དགུའི་བདག་།རྡོ་རྗེ་སྒྲོལ་མ་བཅུ ་གཅིག་བདག་ཉིད་ལ། །ཀུ་རུ་ཀུལླེ་བཅུ་གསུམ་བདག་ཉིད་དེ། །འོད་ཟེར་ཅན་ནི་ཉེར་ལྔའི་བདག་ཉིད་ལ། །དབྱངས་ཅན་དཀར་མོ་བཅུ་གསུམ་བདག་ཉིད་ཡིན། །ཡུམ་ཆེན་མོ་ནི་ང་དགུའི་བདག་ཉིད་དོ། །དུས་ཀྱི་འཁོར་ལོ་བཞི་བརྒྱ་གྱ་བཞིའི ་བདག་།འཇམ་དཔལ་རྡོ་རྗེ་བཞི་བཅུ་རྩ་གསུམ་སྟེ། །དག་གི་དབང་ཕྱུག་བརྒྱ་དང་བཅུ་དགུ་ཡིན། །མཚན་བརྗོད་ཟབ་པ་ཉེ་གཅིག་བདག་ཉིད་ལ། །པདྨ་གར་དབང་བཅོ་བརྒྱད་བདག་ཉིད་དེ། །རྡོ་རྗེ་སེམས་དཔའ་བཅུ་བདུན་བདག་ཉིད་དང། ་ཨ་ར་པ་ཙ་ལྷ་ལྔའི་བདག་ཉིད་ཡིན། །གཟུངས་ཆེན་གྲ་ལྔ་བཅུ་བདུན་བདག་ཉིད་དེ། །མི་གཡོ་མགོན་པོ་བཅུ་གཅིག་བདག་ཉིད་དོ། །འཁོར་ལོ་ཆེན་པོ་བཅུ་བཞིའི་བདག་ཉིད་དེ། །བདུད་རྩི་ཐིགས་པ་ལྷ་ནི་གཅིག་པ་ལ། །དེ་བཞིན ་མདོར་བསྡུས་པའང་གཅིག་ཏུ་བཞེད། །མཆོད་རྡེན་སྔོན་པོའི་གཟུངས་ནི་ལྷ་བདུན་ལ། །གཏུམ་པོ་ཁྱུང་གཤམ་ལྷ་ནི་ལྔ་རུ་འདོད། །ཁྱུད་ནག་འབར་བ་ལྷ་དགུའི་བདག་ཉིད་ཡིན། །སྤྱན་རས་གཟིགས་དབང་ལྷ་བཅུའི་བདག་ཉིད་ལ ་སེང་གེ་སྒྲ་ནི་ལྔའི་ངོ་བོ་ཅན། །དོན་ཡོད་ཞགས་པའི་ལྷ་ནི་ལྔ་ཡིན་ཏེ། །ཕག་མོ་ཞལ་གསུམ་ཕྱག་དྲུག་བཅུ་གསུམ་བདག་།ན་རོའི་ཕག་མོ་བཅུ་གསུམ་བདག་ཉིད་དེ། །ཞལ་གཉིས་མ་ནི་བཅུ་གསུམ་བདག་ཉིད་ལ། །དོན་གྲུབ་མ་ནི་བཅུ ་གསུམ་བདག་ཉིད་ཅན། །དབུ་བཅད་མ་ནི་བཅུ་གསུམ་བདག་ཉིད་དོ། །ཏི་ལི། ཕག་མོ་ནག་མོ་ལྷ་ལྔའི་བདག་ཉིད་ཡིན། །མི་ཏྲི་མཁའ་སྤྱོད་ལྷ་དགུའི་བདག་ཉིད་དེ། །ཕག་མོ་ཞལ་བཞི་ས་བདུན་བདག་ཉིད་ལགས། །ཉི་མ་སྔས་པའི་སྒྲོལ་མ ་ཉེར་གཅིག་ལགས། །སྐུ་གདུང་བསྟན་པ་རིགས་བརྒྱའི་བདག་ཉིད་དང། །མི་བསྐྱོད་ཀག་ནི་བཅུ་གསུམ་བདག་ཉིད་ལགས། །གཙོ་མོ་ཆེན་མོའི་ལྷ་ནི་ས་ལྔ་ཡིན། །རྡོ་རྗེ་རྣམ་འཇོམས་ཉེར་གསུམ་བདག་ཉིད་ཅན། །གཙུག་ཏོར་རྣམ་རྒྱལ་ལྷ ་དགུའི་བདག་ཉིད་དོ། །གཙུག་ཏོར་གདུགས་དཀར་ཉེར་དགུའི་བདག་ཉིད་དོ། །སེར་མོ་ཤ་བ་རི་ནི་ལྷ་ལྔ་ལ། །གནོད་སྦྱིན་འཛམ་ལྷ་བཙོ་བརྒྱད་བདག་ཉིད་དོ། །མགོན་པོ་ནག་པོ་ལྷ་དགུའི་བདག་ཉིད་ལགས་།དཀྱིལ་འཁོར་ཆོ་ག་བརྒྱ་དང་རྩ་བརྒྱད ་ཀྱི། །སའི་ཆོ་གར་ལྡན་པས་ཐིག་གདབ་ལ། །ཚོགས་བསག་བྱིན་བརླབ་དཀྱིལ་འཁོར་གླིང་དགུར་བྲི། །བླ་མ་བསྐྱེད་རིམས་ལྡན་པས་བུམ་བསྙེན་བྱ། །བགེགས་གཏོར་བཏང་ཞིང་སློབ་མ་ཁྲུས་བྱས་ཏེ། །དཀྱིལ་འཁོར་གཞུག་ཕྱིར་གསོལ་གདབ ་ཡེ་ཤེས་དབབ། །ལཾ་དྲང་མེ་ཏོག་ངོར་ཞིང?་ལྷ་ངོ་བསྟན། །རིག་པའི་དབང་ལྔ་བརྟུལ་ཞུགས་དྲུག་གནས་དང། །རྡོ་རྗེ་སློབ་དཔོན་དབང་རྣམས་རྫོགས་པར་སྦྱིན། །བླ་མེད་རྒྱུད་ཀྱི་དབང་བཞི་རྫོགས་པར་བསྐུར། །གཏོར་ཆོག་བླ་མ་ཡི་དམ་ཆོས་སྐྱོང ་མཆོད། །བླ་མ་མཉེས་ཕྱིར་ཡོན་ནི་ཅི་དགྱེས་དབུལ། །བསྔོ་བ་རིན་པོ་ཆེ་ཡིས་རྒྱས་གདབ་པོ། །རྐང་གྲངས་རིན་ཆེན་ཕྲེང་བ་ཞེས་བྱ་བ་ཚིགས་སུ་བཅད་པ་སུམ་བཅུ་སོ་བཞི་པ། །ཇོ་བོ་སྤྱན་རས་གཟིགས་ཀྱི་དངོས་གྲུབ་བརྙེས་པ། རྣལ་འབྱོར་གྱི་དབང ་ཕྱུག་མི་ཊ་ཛཧོ་ཀིས་མཛད་པ་རྫོགས་ཤོ།། །།དེའི་སློབ་མ་པཎ་ཊི་ཏ་ཨ་མོ་གྷ་བཛྲས་རང་འགྱུར་དུ་མཛད་པའོ།། །།མངོན་པར་རྟོག་པ་མུ་ཏིག་ཕྲེང་བ་བཞུགས་སོ།། །།རྒྱ་གར་སྐད་དུ། ས་མ་ཏི་པ་ཏྲ ་