| Wylie | e-texts based on the ACIP/ALL Input |
བཛྲ་མུ:སྭཱཧཱ་ཞེས་བས་གཤེགས་སུ་གསོལ་ལོ། །དགེ་འདུན་སྤྱན་དྲང་བ་ཞེས་བྱ་བ་འདི། །དཔལ་འབྱོར་རབ་བརྟན་གྱི་ཕྱག་དཔེ་རྒྱ་དཔེ་ལས། དཔལ་འབྱོར་རབ་བརྟན་དུ། ཞ་ལུ་ལོ་ཙཱ་བས་བསྒྱུར་ཅིང་ཞུས་སོ།། །།*། །རྒྱུད་སྡེ་ལྔའི་སྒྲུབ་ཐབས་དེ་ཁོ་ན་ཉིད་བསྡུས ་པ་བཞུགས་སྟོ?། །།རྒྱ་གར་སྐད་དུ། ཧེ་རུ་ཀ་པཉྩ་སཱ་དྷ་ན་མ། བོད་སྐད་དུ། བླ་མེད་རིགས་ལྔའི་སྒྲུབ་ཐབས་ཞེས་བྱ་བ། ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྟེན་གྱི་གང་ཟག་གནས་དང་ནི། །གྲོགས་དང་རྫས་དང་མཆོད་ཐབས་དངོས། །དེ་ལ་རྟེན་གྱི་གང་ཟག་ནི། ་དབང་གི་གནང་ཐོབ་དམ་ཚིག་ལྡན། བླ་མ་ལ་གུས་སྒྲུབ་ལ་བརྩོན། །ཤེས་རབ་སྙིང་རྗེ་དྲུག་ལྡན་ནོ། །གནས་ནི་རྒྱུད་མཐུན་དུར་ཁྲོད་ཉེར་བཞི་དང། །རི་རྩེ་ཆུ་དོགས་ཤིང་དྲུང་བས་མཛའ་སོགས། །ལྷ་ཁང་ཁང་སྟོང་འཇིགས་ཤིང་སྐྱི་གཡའ་བ། །ཡིད་འཐད ་དབེན་ཞིང་བྱིན་ཆེ་ཉམས་དགའ་ཨོ། །གྲོགས་ནི་བཟང་ཤེས་མཐུན་དང་སྔགས་ཞིང་སྐྱེས། །རྫས་ནི་བྲིས་སྐུ་ཕྱག་མཚན་ལ་སོགས་རྟེན། །མཆོད་པ་ཕྱི་ནང་གཏོར་མ་ཆོགས། །འཚོ་བའི་ཡོ་བྱད་གང་དགོས་བསྒྲུབ། །ཐབས་དངོས་སྦྱོར་བ་དངོས་གཞི་རྗེས། །སྦྱོད་བ་བསོད ་ནམས་ཡེ་ཤེས་ཚོགས། །བསོད་ནམས་ཚོགས་ལ་ཕྱི་ནང་གསང། །ཕྱི་ནི་ཚོགས་བསག་སྦྱིན་པ་བཏང། །ནང་ནི་དབང་བསྐུར་ཚོགས་གཏོར་བཏང། །གསང་བ་བསྲུང་འཁོར་རྒྱུན་གཤེགས་སོ། །བསྲུང་འཁོར་གནས་དང་རྣལ་འབྱོར་དང། །བདག་གི་ལུས་དག ་ཡིད་གསུམ་བསྲུངས། །གནས་ནི་སུམ་བྷས་ཁྲོ་ཚོགས་སྤྲོ། །ཕུར་བུས་བཏབ་ལ་ཐོབས་བརྡུང། །རྡོ་རྗེ་དགུར་མེ་འབར་བསྒོམ། །རྣལ་འབྱོར་བསྲུང་བ་བསྲུང་འཁོར་དང། །བླ་མ་ཡི་དམ་སྐྱབས་སུ་འགྲོ་།བདག་བསྲུང་ལྷར་སྐྱེད་ལུས་བསྲུང་ཞིང། །བདུད་རྩི་རིལ་བུ་ལྕེ ་བཞག་དག་།ཡིད་ནི་ཚོགས་ཞིང་སྤྱན་སྔ་རུ། །བཅུ་གསུམ་རྣམ་དག་ཚང་མེད་བསྒོམ། །དངོས་གཞི་བསྲུང་འཁོར་ནང་དུ་ནི། །ཆོས་འབྱུང་འབྱུང་བཞི་གཞལ་ཡས་བསམ། །དུར་ཁྲོད་བཅས་དབུས་བདུད་བཞིའི་སྟེང། །བསྐྱེད་རྫོགས་བཟླས་པའི་ཉམས ་ལེན་ནི། །བསྐྱེད་རིམ་སྦྱོར་བའི་ཏིང་ངེ་འཛིན། །དཀྱིལ་འཁོར་རྒྱལ་མཆོག་ལS་རྒྱལ་མཆོག་སྦྱོར་བ་མངོན་བྱང་ལྔ་ཡིས་སུ། མཚོན་ཆ་ཡབ་ཡུམ་བསྐྱེད་པ་ཡི། མཁའ་གསང་བྱིན་བརླབས་འཁོར་རྣམས་སྦྲོ། །ཡབ་ཡུམ་འོད་ཞུ་གླུས་བསྐུལ་བཞེངས། །གནས་ལྔར་དཀྱིལ ་འཁོར་བསྐྱེད་པ་ནི། །སྔོན་བྱང་ལྔའམ་ཆོ་ག་གསུམ། །སྐད་ཅིག་དག་ལས་ལྤ་ལ་གྱི་བསྒོམ། །འཁོར་རྣམས་སྐད་ཅིག་དག་གིས་སོ། །བཅོམ་ལྡན་སྐུའི་སྣང་བ་ལས། །སྤྱི་བོ་བདེ་ཆེན་འཁོར་ལོ་རུ། །རེ་མིག་དགུ་དང་ལྷ་རྣམས་བཅས། །དེ་ལ་གསང་འདུས ་དཀྱིལ་འཁོར་བསྒོམ། །བཅོམ་ལྡན་གསུང་གི་སྣང་བ་ལས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །པདྨ་འདབ་བཞི་དག་ལ་ནི། །མ་ཧཱ་མ་བའི་དཀྱིལ་འཁོར་བསྒོམ། །བཅོམ་ལྡན་ཐུགས་ཀྱི་སྣང་བ་ལས། །སྙིང་ཁ་ཆོས་ཀྱི་འཁོར་ལོ་རུ། །པདྨ་འདབ་བརྒྱད ་དག་ལ་ནི། །ཀྱེ་རྡོར་སྤྲུལ་པའི་ལྷ་དགུ་བསྒོམ། །བཅོམ་ལྡན་ཡོན་ཏན་སྣང་པ་ལS། །ལྟེ་བ་སྤྲུལ་པའི་འཁོར་ལོ་རུ་འཁོར་ལོ་ལྔ་དང་ལྡན་བའ?། །བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་བསྒོམ། །བཅོམ་ལྡན་འཕྲིན་ལས་སྣང་བ་ལས། །རྟེན་འབྲེལ་གསང་བའི་འཁོར་ལོ ་རུ། །པདྨ་འདབ་བརྒྱད་སྒོ་བཞི་ལ། །རྡོ་རྗེ་འཇིགས་བྱེད་དཀྱིལ་འཁོར་བསྒོམ། །དེ་རྣམས་དཀྱིལ་འཁོར་རྒྱལ་མཆོག་གོ་།ཡེ་ཤེས་སྤྱན་དྲངས་མཆོད་བསྟོང་སྟིམ། །སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་བརླབས། །དབང་བསྐུར་རྒྱས་བཏབ་བདུད་རྩི་མྱང།། ་མཆོད་བསྟོད་ཆོས་འཁོར་བསྐོར་བ་ནི། །ལས་རྒྱལ་མཆོག་ཏུ་བཤད་པའོ། །རྫོགས་རིམ་འོད་གསལ་ཡོངས་རྫོགས་དང། །ཐིག་ལེ་ངོ་བོ་ཉིད་རྣམས་སོ། །གཙོ་བོ་འོད་ཀྱི་སྣོད་བཅུང་ནས། །སྐུ་སོགས་ཐིག་ལེའི་པར་དུ་བསྡུ། །ཡོངས་རྫོགས་རྩ ་གསུམ་འཁོར་ལོ་བཞི། །དགའ་བཞི་སྣང་སྟོང་ཟུང་འཇུག་གོ་།ཐིག་ལེ་འབྲས་བུའི་དབང་དང་བཅས། །ངོ་བོ་སྣ་ཚོགས་ཟུང་འཇུག་གོ། བཟླས་བ་བསམ་གཏན་རྡོ་རྗེའི་དང། །ཕྲེང་བ་ལས་བཞིའི་བཟླས་པ་བྱ། །བསྔོ་བ་ལྗང་ཁྲུས་ཟས་གཏོར་མ། །སྤྱོད་ལམ ་རྗེས་ཆགས་ཧལ་བ་ཡི། །རྣལ་འབྱོར་བརྒྱད་ཀྱིས་ཉམས་སུ་བླངས། །མ་ཡེངས་ལ་ཟླ་ཙམ་གྱིས་འགྲུབ། །ས་ལམ་རིམ་བགྲོད་རྟོགས་པ་འཆར། །དག་པ་མཁའ་སྤྱོད་སྔོན་སངས་རྒྱ། །དེ་སྐད་ཨ་ཏ་ཡ་ན་དང། །ཛྙ་ན་བཛྲ་ཞལ་ནས་གསུངས། །རྒྱུད ་ཀུན་སྙིང་བོ་ཅིག་བསྡུས་ནས། །ཉམས་སུ་ལེན་བའི་ལམ་རིམ་ནི། །བཀོད་པའི་དགེ་བས་མཁའ་མཉམ་ཀུན། །ཡེ་ཤེས་ལྔ་ལྡན་སྐུ་ཐོབ་ཤོག་།འདི་ལ་ཉེས་པའི་ཚོགས་མཆིས་ན། །བླ་མ་ཌ་ཀིས་བཟོད་པར་གསོལ། །དཔལ་རྒྱུད་སྡེ་བླ་མེད་རིགས་ལྔའི ་སྒྲུབ་ཐབས་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ། །སློབ་དཔོན་ཆེན་པོ་གྷནྟ་བཛྲ་བས་མཛད་པ་རྫོགས་སོ། །རྒྱ་གར་གྱི་པཎྜི་ཏ་བཻ་རོ་ཙ་ན་རཀྵི་ཏ་དང། བོད་ཀྱི་ལོཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ།། ། *། །དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོ ་མཐོང་མ། ལྷོར་མི་ཐུབ་མ། བྱང་ཤར་དུ་དགེ་བ་མོ། ནུབ་བྱང་དུ་གྲགས་ཅན་མ། ལྷོ་ནུབ་ཏུ་དུས་མཚན་མ། ཤར་ལྷོར་གྲིབ་གནོན་མ། ཤར་སྒྲོ་མཛེས་མ། བྱང་སྒོར་སའི་ལྷ་མོ། ནུབ་སྒོར་སྐལ་བཟངས་མ། ལྷོའི་སྒོར་ཡིད་འོང་མ། འདི་རྣམས་ཐམས་ཅད་ཕྱག ་མཚན་གྲི་གུག་དང་ཐོད་པ། སྐུ་མདོག་ནག་མོ། རིགས་ལྔ་སོ་སོས་དབུ་ལ་མཚན་པའོ། །ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ། །སྙིང་པོའི་སྔགས་ནི་ཨོཾ་བུད་དྷ་ཀ་པཱ་ལ་ནི་ཨ:ཧི་ཏཻ་ཧཱུཾ་ཕཊ། ཞེས་བཟླས་ནས་དབང་བསྐུར་བ་ནི་སངས་རྒྱས་ཐོད་པའོ། །སངས་རྒྱས་ཐོད་པ་ལྷ ་དགུའི་མངོན་པར་རྟོགས་པ་ནི། ཚོགས་སོག་པ་སྔོན་དུ་སོང་ནས། འདིར་བྷྲུཾ་ལས་པདྨ་འདབ་བརྒྱད་སྒོ་དང་བཅས་པ་བསྐྱེད་པའི་ནང་དུ་གཙོ་པོ་ཡབ་ཡུམ་སྔར?་གསུང་ནི་མ་ཉི། པ་ལྟ་བུ་ལ། འཁོར་བརྒྱད་ནི་ཤར་ནས་རིམ་པ་བཞིན་དུ་སྣ་ཚོགས་བདེ་མ་དང། འདོད་མ་དང ་ས་འོག་གནས་མ་དང། ལེགས་བཟང་མ་རྣམས་ནི་སྐུ་མདོག་སྔོན་མོ། རུས་པའི་རྒྱན་དང་སྟག་གི་ཤམ་ཐབས་ཅན་ལ། ཕྱག་བཞིའི་གཡས་གཉིས་ན་ཌ་མ་རུ་དང་ཐོད་པ། གཡོན་གཉིས་ན་དྲིལ་བུ་དང་ཁ་ཏྲཾ་ཁ། ཟུར?་བཞིར་ཆར་འཚོང་མ་དང་གཡུང་མོ་? ་བཞི་མ་དང། ནམ་མཁའ་གནས་པ་དང་དེ་རྣམས་ནི་སེར་མོ་ན་བཟའ་སེར་མོ་དང་དང་སྟག་གི་ཤམ་ཐབས་གསོལ་བ། ཕྱག་གཡས་གཉིས་ཀྱིས་གྲི་གུག་དང་ཌ་མ་རུ། གཡོན་གཉིས་ཀྱིས་ཁ་ཏྲཾ་ཁ་དང་པདྨ་བཟུང་བའོ། །རུས་པའི་རྒྱན་?་དང་མི་མགོ་ལྔ་? ་ཕྲེད་པས་བརྒྱན་པའོ། །ཐུགས་ཁའི་ས་བོན་ཧཱུཾ་ངོ། །སྔགས་ནི། ཨོཾ་བྷུད་བྷ་ཀ་པཱ་ལི་ནི་ཨཱ་ཧི་ཧཻ་ཧཱུཾ་ཕཊ་ཞེས་ཅི་རིགས་པར་བཟླས་པ་དབང་བསྐུར་བ་ནི་ལྷ་དགུ་མའོ། །རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག་གི་མངོན་པར་རྟོགས་པ་ནི། ཚོགས་སོག་པ་སྔོན ་དུ་སོང་ནས་འདིར་བྲུཾ་ལས་པདྨ་འདབ་མ་བརྒྱད་པ་སྒོ་དང་བཅས་པ་བསྐྱེད་ལ། ལྷ་བསྐྱེད་པ་ནི། དབུས་སུ་རྡོ་རྗེ་སྒྲོལ་མ་སྐུ་མདོག་གསེར་བཙོམ་ལྟ་བུ། ཞལ་བཞི་ནི་སེར་བ་དང། དཀར་བ་དང། སྔོ་བ་དང། དམར་བའི་ཞལ་ལ། ཕྱག་བརྒྱད་ན་རྡོ་རྗེ་དང། ཞགས་པ་དང ་