| Wylie | e-texts based on the ACIP/ALL Input |
དམ་པར་བྱོས། །ཞེས་གསུངས་སོ། །བླ་མ་གུས་པས་བརྟེན་པ། དཔལ་འཇིགས་མེད་གྲགས་པ་ལ། བླ་མ་ཏིལློ་པས་གསུངས་པའོ།། །།བླ་མ་སྒྲུབ་པའི་རྒྱ་བཞུང་ནང་སྒྲུབ་ནཱ་རོ་པས་མཛད་པ་བཞུག་སྟོ།། །།*། །རྒྱ་གར་སྐད་དུ། གུ་རུ་མི་ཏིན?་མ། བོད་སྐད་དུ། ་བླ་མ་སྒྲུབས་པ། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །ེ་མ་ཧོ་སངས་རྒྱས་སྐུ་གསུང་ཐུགས། །ེ་མ་ཧོ་མཁའ་འགྲོ་གསང་བའི་སྐད། །གསང་བའི་མཛོད་ཏོལ་བླ་མ་སྒྲུབ་པ་བྲི་བར་བྱ། །དུས་གསུམ་སངས་རྒྱས་དང་ནི་ཡི་དམ་ཕྱི་ནང་ལྷ། །རྒྱལ་སྲས་རྣམས་དང་དཔའ་ཨོ་རྣལ ་འབྱོར་མ་འཁོར་ལོ། །འདི་སྒྲུབས་པས་ནི་ཀུན་གྱི་དངོས་གྲུབ་ཐོབ། །དུར་ཁྲོད་རི་ཁྲོད་གནས་དང་ཞིང་རྣམས་ན། །མཁའ་འགྲོ་མ་རྣམས་འདུ་བའི་གནས་དག་དང། །བཀྲ་ཤིས་གནས་སུ་དམ་ཚིག་རྫས་རྣམས་བསགས། །ནང་གི་ཁྲུས་བྱས་འབོལ་པའི་སྟན་དག་ལ། །བྱམས ་དང་སྙིང་རྗེ་དགའ་བ་བཏང་སྙོམས་སྒོམ། །ཛ:ཧཱུཾ་བཾ་ཧོ:ས་དཀྱིལ་འཁོར་སྤྱན་དྲངས་ལ། །མཧཱ་གུ་རུ་ན་མ་ཏེ། ན་མ:མི། ན་མོ་ན་མ:ཆུ་གསུམ་སྔོན་དུ་འགྲོ་བ་ཕྱིའི་མཆོད་པས་མཆོད། །ཤ་ལྔ་བདུད་རྩི་ལྔ་སོགས་ནང་གི་མཆོད་པས་མཆོད། །གསང་བའི་མཆོད་པས ་དགྱེས་པར་མཛད་ནས་ནི། །ཡན་ལག་བདུན་བརྒྱས་བསྡུས་གང་རུང་བྱ། །ོཾ་སྭ་བྷ་ཝ་ཞེས། ཆོས་ཀྱི་དག་པ་རྣམ་དག་དྲན་པར་བྱ། །དག་པ་ལུས་ཀྱིས་དཀྱིལ་འཁོར་སྒོམ་བྱ་སྟེ། །ཆུ་སྐྱེས་དང་ནི་ཉི་ཟླའི་གདན་ལ་ནི། །ཞལ་གཅིག་ཕྱག་གཉིས་འགྱི་བའི་སྐུ་མངའ་ཞིང།། ་སྒྲིག་ཅིང་དཔའ་ལ་ཞི་བའི་ཚུལ་འཛིན་ཅིང། །དུས་པའི་རྒྱན་སྤྲས་གར་གྱི་ཉམས་དགུར་ལྡན། །རྡོ་རྗེ་དྲིལ་བུ་འཛིན་ཞིང་ཕག་མོ་ལ་ནི་འཁྱུད། །གང་གྱིས་རོལ་པས་སྙོམས་པར་ཞུགས་པར་བསམ། །རྡོ་རྗེ་ཕག་མོའི་མཚན་ཉིད་ཅི་འདྲ་བཤད་པས་གསལ། །རྡོ་རྗེ་མ་ནི་སྔོ་ཞིང་ཌ་མ ་རུ་དང་རྡོ་རྗེ་འཛིན། །རིན་ཆེན་མ་ནི་སེར་ལ་རིན་ཆེན་འཛིན། །པདྨའི་རིགས་ནི་དམར་ཞིང་ཀ་པཱ་ལ་ཡང་འཛིན། །ལས་ཀྱི་རིགས་ནི་རྡོ་རྗེ་རྒྱ་གྲམ་ལྗང་མདོག་མ། །བདེ་ཆེན་རིགས་ནི་དཀར་ཞིང་འཁོར་ལོ་འཛིན། །སྣ་ཚོགས་རིགས་ནི་ཕྱག་མཚན་སྣ་ཚོགས་ཅན། །གཙོ་བོ་སྐོར་ལ ་མཆོད་པ་བྱེད་བར་བསམ། །དེ་དག་ཀུན་ཀྱང་བཅུ་དྲུག་ལོ་ལོན་གཅེར་བུ་ཤ་རྒྱས་ཤིང། །སྐུ་ལ་དྲི་ཞིམ་དབུ་སྐྲ་དམར་སེར་གྱེན་དུ་བརྗེས། །བསིལ་བུ་ཐུར་དུ་འཕྱང་ཞིང་ཧི་ཧིའི་སྒྲ་སྒྲོག་ཅིང། ཧ་ཧ་རྒོད་ཅིང་ཌ་མ་རུའི་སྒྲ་ཡང་འབྱིན། །ཕྱག་རྒྱ་ལྔ་དང་ལྡན་པར་རབ་ཏུ་སྒོམ། །ཡི་གེ ་བཞི་དང་ཕྱག་རྒྱའི་སྦྱོར་བ་ཡི། །སངས་རྒྱས་ས་ན་རབ་ཏུ་བཞུགས་བ་རྣམས། །དེ་རྗེས་མདོག་སེར་?་སྣང་ལྷ་ཚོགས་རྣམས་ལ་དགུག་གཞུག་བྱ། །དེ་རྗེས་ལྷ་མོ་རྣམས་ལ་དབང་སྐུར་ཞིང། །རིགས་ཀྱི་བདག་པོས་རྣམ་བར་བརྒྱན་བྱས་ནས། །ཕྱི་ནང་གསང་གསུམ་རྡོ་རྗེ ་འཛིན་པས་མཆོད། །དེ་རྗེས་བསྟོང་པ་དག་གི་བསྟོང་པར་བྱ། །ཡི་གེ་གསུམ་གྱིས་སྦྱོར་བས་བདུད་རྩི་མྱང་ཞིང་ལྷ་མོ་མྱོས་པར་བྱ། །མེ་ལོང་ནད་གི་གཟུགས་བརྙན་བཞིན། །རྫོགས་པར་སྒོམ་པ་གནས་བྱ་སྟེ། །མཁའ་འགྲོ་གསང་པའི་སྐད་ནི་སྒྲགས་པར་བྱ། །ོཾ་ཨཱ:གུ ་རུ། སིདྡྷི་ཧཱུཾ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱ:ཧཱུཾ། བཛྲ་ཌ་ཀི་ནི། རཌན་ཌ་ཀི་ནི། པདྨ་ཌ་ཀི་ནི། བུདྷ་ཌ་ཀི་ནི། བྷི་ཤ་ཌ་ཀི་ནི། སིདྷི་ཤན་དྷི་ནཾ་ཀུ་རུ་ཡེ་སྭཱཧཱ། བུཥྚཾ་ཀུ་རུ་ཡེ་སྭཱ་ཧཱ། ཝ་ཤད་ཀུ་རུ་ཡེ་སྭཱཧཱ། མ་ར་ཡ་ཕཊ་།དི་རི་དི་རི་ཧྲིཾ་ཧྲིཾ་ཕེཾ་ཕེཾ། ཨི་དཾ་བྷ ་ལིང་ཏ་ཁ་ཁ་ཁཏི་ཁཏི། མ་མ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡི་གེ་ཕྲེང་བ་དཔའ་བའ་ཨི་མིག་གི་བལྟས་ནས་ནི། །བློ་དང་ལྡན་པས་གསང་སྔགས་བཟླས་བྱས་ནས། །སངས་རྒྱས་སྲེག་འཕྲོག་དཔའ་བོ་མཁའ་འགྲོ་འདུ། །ས་རྣམས་གཡོ་ཞིང་དངོས་གྲུབ་ཆར་ཡང་འབབ། །དུས ་དང་བསམ་པ་དམིགས་པར་བྱེད་པ་ལས། །རྡོ་རྗེ་མཁའ་འགྲོ་ཞི་བའི་ལས་རྣམས་འགྲུབ། །རྒྱས་པ་རིན་ཆེན་མཁའ་འགྲོ་དབང་ནི་པདྨའོ། །འཇིག་རྟེན་མཁའ་འགྲོ་དྲག་པོའི་ལས་བྱེད་ཅིང། །མངོན་སྤྱོད་ལས་ལ་གཤེགས་ཅིང་བྱང་ཆུབ་ཐོབ། །ཀ་པཱ ་ལ་ནི་དམ་ཚིག་རྫས་ཀྱིས་བསྐང། །སྦྱང་ཞིང་ཡི་གེ་རྣམས་ཀྱིས་བྱིན་གྱིས་རློབས། །གོང་གི་ཕྲེང་སྔགས་ཀྱིས་ནི་དབུལ་བར་བྱ། །དེ་རྗེས་འདོད་པའི་དོན་ལ་གསོལ་བ་བཏབ། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་དང། །ཁྱད་པར་རྩ་བའི་དམ་ཚིག་བསྲུང ་བར་བྱ། །ཕམ་བ་ལྟུང་བ་ཉེས་བྱས་ཕྲ་མོ་བསྲུངས། །གསང་དབང་སྦྱང་སྒྲུབས་ཤེས་པར་བྱ་བའི་དམ་ཚིག་བསྲུངས། །ཉམས་ན་ཚེ་འདིར་སྡུག་བསྔལ་ཕྱི་མ་དམྱལ་བར་ལྟུང། །དམ་ཉམས་དེའི་རྗེས་ཕྱོགས་སུ་ཡང་འགྲོ་མི་བྱ། །དབུ་མར་ཚོགས་འཁོར་སྦྱིན་བསྲེག ་འབུམ་ཕྲག་བདུན། སྤོས་པོ་།མེ་ཏོག་ཚོམ་བུ་འམ་གསང་སྔགས་བྱེ་བ་བཟླས། །སྲོག་ཆགས་བྱེ་བའི་ཚེ་སྐྱབས་ཚེ་བཤགས་པའི་གདམས་པའོ། །ལུས་ལ་ཁྲག་ཕྱུང་མཎྜལ་བརྒྱ་རྩ་འབུལ། །རྟགས་མཐོང་སྣང་ཐོབ་བསྐད་བ་ཚད་འཁྱོལ་ཉེས་བདག་།དུས་གསུམ ་སངས་རྒྱས་བས་ཀྱང་བླ་མ་དམ་པ་ལྷག་།རྡོ་རྗེ་འཆང་དང་གཉིས་སུ་མེད་པར་སྒོམས་བྱས་ན། །བཟང་པོའི་རྒྱལ་བ་ཐམས་ཅད་སྤོམས་པར་འགྱུར། །བླ་མ་སྒྲུབ་ཅིང་རིག་པ་འདི་སྒྲགས་ན། །རྒྱལ་བ་ཀུན་གྱི་དངོས་གྲུབ་དེའི་ཐོབ། །དེའི་སྐུ་མཐོད་རྒྱལ་བའི་དཀྱིལ་འཁོར ་མཐོང། །གསུང་ཐོས་བས་ནི་རྒྱུད་སྡེ་ཐོབ་འཐུང་ཤིང། །དྲན་པ་ཙམ་གྱིས་སྒྲིབས་སྦྱང་ཡོན་ཏན་བསྐྱེད། །སྐུ་གསུང་ཐུགས་ཀྱི་དྲག་པོའི་ཚུལ་བཟུང་ནས། །ལུས་ངག་ཡིད་གསུམ་སྒྲིབས་པ་དེ་དག་གིས། །སྤྱི་གཙུག་ཞབས་བཞག་བུམ་དབང་རབ་ཏུ་ཐོབ། །དེ་བཞིན ་གསང་བ་ཤེས་རབ་བཞི་པ་དང། །མཆོག་གི་དབང་བསྐུར་བློ་ལྡན་གྱིས་ནི་ཞུས། །དམ་པ་འདི་མཆོད་བདེ་གཤེགས་མ་ལུས་མཆོད། །ལུས་ངག་ཡིད་གསུམ་རྩེ་བའི་ཞབས་ཏོག་བྱ། །སྒྲིབ་པ་སྦྱོང་དང་ཚོགས་གཉིས་རྫོགས་པར་འགྱུར། །དམ་ཚིག་མི་ཉམས་ཉམས ་ན་བཤགས་པས་མཆོད། །མཁའ་འགྲོ་མི་འཁུ་མི་བསྡོང་དབང་དུ་འདུས། །དངོས་གྲུབ་མ་ལུས་འགྲུབ་ཅིང་གྲུབ་པ་ཉམས་མི་འགྱུར། །གྲུབ་པ་བརྒྱད་དང་ཕྲ་མོ་རྣམས་ནི་མངོན་དུ་གྱུར། །ེ་མ་ཧོ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་མཉེས་ན་ནི་སངས་རྒྱས་ཀུན་མཉེས་ཤིང།། ་དེ་བསྙས་པས་ནི་སངས་རྒྱས་ཀུན་བསྙས་འགྱུར། །སྲོག་པས་གཙེས་པར་བཟུང་ཞིང་མིག་འབྲས་ལྟ་བུར་བརྩེ། །གཅུག་གི་ནོར་བུ་ལྟ་བུར་གསོལ་བ་གདབ། །ངེས་ནི་ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར། །དུས་གསུམ་སངས་རྒྱས་ཀུན་གྱི་ཞབས་ཏོག་དུ། །རྡོ་རྗེ་འཛིན་པའི ་སྒྲུབས་པ་འདི་བྱས་པས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོག་ཤོག། དྲི་མ་དང་བཅས་སྣོད་མིན་སྤེལ་བྱས་ནས། །རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱིས་དངོས་གྲུབ་འཇིག་བྱེད་ཅིང། །ལོག་འདྲེན་གསུམ་པོས་བསད་ནས་སེམས་ཅན་དམྱལ་བར་ལྟུང། །རིན་ཆེ་ལྟ་བུའི་གང་ཟག་གིས ་ནི་སྒྲུབ་པར་བྱ། །བླ་མ་ནང་གི་སྒྲུབས་པ་དཔལ་ན་རོ་པས་མཛད་པ་རྫོགས་ཤོ།། །།པཎྜི?་ཏ་བི་བུ་ཏི་ཙནྟྲ་ས་སྒྲ་རང་འགྱུར་དུ་བསྒྱུར་པའོ།། །།བླ་མ་གསང་གྲུབ་ཀླུ་སྒྲུབ་ཀྱིས་མཛར་བ་བཞུག་ཤོ།། །།*། །རྒྱ་གར་སྐད་དུ། གུ་ཧཡ་སིདྷི་ན་མ། བོད་སྐད་དུ། ་