| Wylie | e-texts based on the ACIP/ALL Input |
གྱི་བཀའ་དྲིན་ལས། ལེགས་པར་སྦྱར་བའི་སྐད་ཀྱི་ཆ་ཤས་རིག་པ་གཞོན་ནུ་དཔལ་ལྡན་བླ་མ་དམ་པའི་དབེན་གནས་ལྷ་ཁང་སྟེང་དུ་བསྒྱུར་བའོ།། །།བླ་མ་སྒྲུབ་པའི་རྒྱ་གཞུང་ཀྱི་སྒྲུབ་ཏི་བློ?་བས་མཛད་པ་བཞུགས་སྟོ།། །།*། །རྒྱ་གར་སྐད་དུ། གུ་རུ་ན་མོ་ལོ་ཀ། བོད་སྐད་དུ། ་བླ་མའི་སྒྲུབ་ཐབས། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་ཆེན་ཚེ་འདིར་ཐོབ་འདོད་བས། །ལམ་གྱི་མཐར་ཐུག་བླ་ན་མེད་པའི་ལམ། །མོས་གུས་མཐར་ཐུག་བླ་མའི་མོས་གུས་ཡིན། །སྒྲུབ་པ་ཟབ་མོ་བླ་མའི་སྒྲུབ་པ་སྟེ། །དམ ་ཚིག་ཟབ་མོ་བླ་མའི་དམ་ཚིག་ལ་།རྟེན་འབྲེལ་ཟབ་མོ་བླ་མའི་རྟེན་འབྲེལ་མཆོག་།འབྲས་བུ་མཐར་ཕྱིན་བླ་མའི་འབྲས་བུའོ། །དེ་ཕྱིར་བླ་མ་སྒྲུབ་ལ་མཁས་པར་བྱ། །བླ་མས་གཞིའི་རང་བཞིན་ལས། །རྒྱུ་དང་མི་རྒྱུ་རྟེན་པར་བྱེད། །བླ་མ་ཡེ་ཤེས་མེ་ཆེན་ལས།། ་སྒྲིབ་གཉིས་བག་ཆགས་བསྲེག་པར་བྱེད། །བླ་མའི་བྱིན་རླབས་རླུང་གིས་ནི། །ཡོན་ཏན་གོང་དུ་གཡོ་བར་བྱེད། །བླ་མའི་ཐུགས་རྗེ་ཆུའི་ལས། །འགྲོ་བ་ཀུན་གྱི་གསོ་སྐྱེད་མཛད། །བླ་མ་ཤེས་རབ་ཟབ་པ་ཡིས། །མ་རིག་མུན་པ་སེལ་པར་བྱེད། །བླ་མ་ཐབས་ཀྱིས་ཉི་མ་ཡི། ་ཉོན་མོངས་རླན་རྣམ་སྐེམས་པར་བྱེད། །བླ་མ་མཁའ་ལྟར་དག་བ་ལས། བདག་འཛིན་ཐམས་ཅད་འཇིག་པར་བྱེད། །བླ་མའི་བྱིན་རླབས་སྨན་གྱིས་ནི། །ནད་རྣམ་ཐམས་ཅད་སེལ་བར་བྱེད། །བླ་མ་དཔག་བསམ་ཤིང་བཞིན་དུ། །འདོད་པའི་འབྲས་བུ་སྟེར་བར་བྱེད། ་བླ་མ་ལྟ་བའི་ཤེལ་བཞིན་དུ། །མཆོག་དང་ཐུན་མོང་དངོས་གྲུབ་འགྱུར། །བླ་མ་ཡིད་བཞིན་ནོར་བུ་ལྟར། །ཕུན་སུམ་ཚོགས་ཀུན་བསྐྱེད་པར་བྱེད། །དེ་ཕྱིར་དེ་ལ་དམ་པར་བྱོས། །བླ་མ་ཕྱི་ལྟར་སྒྲུབས་པའི་མན་ངག་རྣལ་འབྱོར་གྱི་དབང་ཕྱུག་ཏི་ལོ་བས་མཛད་བ ་རྫོགས་ཤོ།། །རྒྱ་གར་ཤར་ཕྱོགས་ཛཱ་གད་ལིའི་པཎྚི་ཏ་བི་བུ་ཏི་ཙནྟྲས། དཔལ་ཁན་པའི་དུར་ཁྲོད་དུ་སྒྲ་རང་སྒྱུར་དུ་བསྒྱུར་པའོ།། །།ཕྱི་སྒྲུབ་ཀྱིས་རྟེན་འབྲེལ་པཎ་ཆེན་བྷི་བུ་ཏི་ཙནྟྲས་མཛད་པ་བཞུགས་སོ།། །།བླ་མ་མཆོག་ལ་ཕྱག་འཚལ་ལོ། །རྒྱལ་སྲས་ནཱ་རོ ་