CLOSE WINDOW

N3789: nor bdag gtso 'khor lnga'i bstod pa dbyig gi char 'bebs zhes bya ba
Wyliee-texts based on the ACIP/ALL Input

ལྷའི་བསྟོད་པ། དངོས་གྲུབ་བརྙེས་པའི་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པན་ཌི་ཏ་མཧ་འཛ་ན་དང། བོད་ཀྱི་ལོ་ཅཱ་བ་མལ་བློ་གྲོས་གྲགས་ཀྱིས་བསྒྱུར་ཅིང་ཞུས་པའོ།། །། ་རྗེ་བཙུན་ལྷ་དྲའི?་བསྟོད་པ་བཞུགས། །རྒྱ་གར་སྐད་དུ། བ་སུ་པ་ཏི་ཨུ་པ་དྷཡ་པཉྩ་སྟོཏྟར་བ་སུ་མེ་གྷ་ཨ་བེ་ཤ་ནཱ་མ། བོད་སྐད་དུ། ནོར་བདག་གཙོ་འཁོར་ལྔའི་བསྟོད་པ་དབྱིག་གི་ཆར་འབེབས་ཞེས་བྱ་བ། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག ་འཚལ་ལོ། །ེ་མ། འཇིག་རྟེན་དབང་ཕྱུག་ནོར་བདག་སྐུ་སྤྲུལ་འཕགས་པ་ནི། །གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །ཞལ་གཅིག་ཕྱག་གཉིས་དབུ་སྐྲ་གྱེན་རྫེས་ནོར་བུས་བརྒྱན། །ཤ་རྒྱས་བསུས་འཆད་སྣ་ཚོགས་དར་གྱི་ན་བཟའ་ ་ཀླུབས། །ཕྱག་གཡས་བེ་ཅོན་འཛིན་པས་འཇིག་རྟེན་དབང་དུ་སྡུད། །གཡོན་པ་ནེའུ་ལེ་འཛིན་པས་ལོངས་སྤྱོད་ཆར་བཞིན་འབབས། །སྐུ་མདོག་དཀར་ལ་དམར་པའི་མདངས་ཆགས་།འཕྲུག་པ་ཆིམས། ་སྣ་ཚོགས་རིན་རྒྱན་གྱིས་མཛེས་ལ་ཕྱག་འཚལ་བསྟོད། །གཡོན་གྱི་གྲུ་མོར་རྡོ་རྗེ་ཁ་ཊཝཱཾ་བསྣམས་པ་ནི། །ཉིད་ཀྱི་སྐུ་ལ་གཉིས་མེད་འཁྲིལ་བའི་ཡུམ་མཆོག་མཚོན། །སྤྱན་གསུམ་ཁྲོ་གཉེར་ཅུང་ཟད་བསྡུས་བཞི་ཁྲོའི་ཚུལ། །ཡིད་ལ་རེ་བའི་འབྲས་བུ ་བྱིན་ལ་ཕྱག་འཚལ་བསྟོད། །ཤར་དུ་ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་སྐུ། །རྡོ་རྗེ་མཁའ་འགྲོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་རྡོ་རྗེ་གཡོན་པ་རྟེན་འབྲེལ་རྫས་རྣམས་འཛིན། །བགེགས་རིགས་ཀུན་འཇོམས་རྡོ་རྗེ་མཁའ་འགྲོ ་ཕྱག་འཚལ་བསྟོད། །ལྷོ་རུ་སེར་སྣ་རྣམ་དག་མཉམ་ཉིད་ཡེ་ཤེས་སྐུ། །རིན་ཆེན་མཁའ་འགྲོ་སེར་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་ནོར་བུ་གཡོན་པ་རིན་ཆེན་བུམ་པ་བསྣམས། །དབྱིག་གི་ཆར་འབེབས་རིན་ཆེན་མཁའ་འགྲོ་ཕྱག་འཚལ ་བསྟོད། །ནུབ་ཏུ་འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་སྐུ། །པདྨ་མཁའ་འགྲོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་པདྨ་གཡོན་པ་འགུགས་བྱེད་ལྕགས་ཀྱུ་བསྣམས། །འགྲོ་རྣམས་དབང་བསྡུད་པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད ་ཁྱབ་དུ་ཕྲག་དོག་རྣམ་དག་བྱ་སྒྲུབ་ཡེ་ཤེས་སྐུ། །ལས་ཀྱི་མཁའ་འགྲོ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་རྒྱ་གྲམ་གཡོན་པ་ནེའུ་ལེའི་རྐྱལ་པ་བསྣམས། །ལས་ཀུན་འགྲུབ་བྱེད་སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། །ཅེས ་?་མེ་མཛད་ཡེ་ཤེས་ཀྱིས་ནོར་བདག་གཙོ་འཁོར་ལྔ་ཞལ་གཟིགས་པའི་དུས་སུ་བསྟོད་པ། །རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དང་ལོ་ཙ་བ་ཆེན་པོ་བརྩོན་འགྲུས་སེང་གེས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཡཀྵི་ཀ་ལི་མ་ར་ན་ས་དྷ ་