CLOSE WINDOW

N3788: 'phags pa 'dzam b+ha la la bstod pa zhes bya ba
Wyliee-texts based on the ACIP/ALL Input

རྒྱ་གར་གྱི་ལྔ་མཁན་པོ་བྷི་ན་ཡ་ཙན་ཏྲ་དང། བོད་ཀྱི་གནས་སྐབས་ཀྱི་ཕན་ཡོན་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་མཐར་ཐུག་གི་འབྲས་བུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཨཱརྱ་འཛམ་བྷ་ལ་སྟོང་?་ནམ། ་བོད་སྐད་དུ། འཕགས་པ་འཛམ་བྷ་ལ་ལ་བསྟོད་པ་ཞེས་བྱ་བ། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཆུ་ལ་གཟིགས་ཞིང་ཆུ་ལ་དགེས། །ཆུ་ཡི་ཚོགས་ལ་རྟག་ཏུ་བཞུགས། །ཆུ་སྐྱེས་འཇིག་རྟེན་ནོར་གསོལ་བ། །གནོད་བཅས ་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་གང་གིས་ཁྱབ་འཇུག་ལ། །དཔལ་གྱི་ལྷ་མོ་གནང་མཛད་ཅིང། །ལྷ་ཡི་ལྷ་ཡི་སྤྱི་གཙུག་དུ། རི་བོང་ཅན་གྱིས་བརྒྱན་པར་མཛད། །དོན་ཀུན་བྱེད་པའི་དཔག་བསམ་ཤིང། །གངས་ཀྱིས་ལྷ་གནས་སུ་བཞག ་[དྲ:?] ་ཅིང། ལྷ་ལ་འཕོ་མེད་གནས་ཐོབ་ཕྱིར། །བདུད་རྩི་གང་གིས་བྱིན་པ་དང།། ་དེ་ལྟར་གཞན་དོན་མཛད་ནས་ཀྱང། །གང་གི་མཛད་པ་རྒྱུན་མི་འཆད། །དེ་ཡི་སྦྱིན་པའི་སྟོབས ་མཐོང་ནས། །སངས་རྒྱས་ཀྱང་ནི་ངོ་མཚར་འགྱུར། །ཐམས་ཅད་མཁྱེན་པ་ཐོབ་པའི་རྒྱུ། །སྦྱིན ་པ་གང་གི་སྟོབས་ལས་བྱུང། །འཕགས་པ་འཛམ་བྷ་ལ་དེ་ཡི། །ཞབས་ལ་རྟག་ཏུ་གདུད་པར་བགྱི། ། ་གང་ལ་དང་ན་འཇིག་རྟེན་འདིའི། །དགེ་བའི་རྩ་བས་ཕོངས་པ་ཡང། །དགེ་བ་ཅན་བཞིན་ལོངས་སྤྱོད་ནི། ། ? ་བླ་ན་མེད་པ་ཐོབ་པར་འགྱུར། །བཙུན་མོ་དམ་པས་བསྐོར་བ་ཡི་།གཞལ་ཡས་ཁང་ལ་རྣམ་གནས་ནས། །གང་ལ་དང་ན་སྐལ་? ་ནི?། །ལོངས་སྦྱོད་ཀྱིས་གཞན་འབྱོར་བར་བྱེད། །འཇིག་རྟེན་སྡུག་བསྔལ་ཅན་གཟིགས་ནས། །སྡིག་སོགས་འཇོམས་པར་བྱེད་པ་གང། །སྤྲུལ་པ་སྣ་ཚོགས་སྤྲུལ ་ནས་ནི། །དཔལ་གྱི་འཇིག་རྟེན་རྒྱས་པར་མཛད། །སྔགས་རྒྱུད་དག་གི་འདོད་དོན་ཀྱང། །བསྒྲུབ་པའི་ཐབས་ལ་མཁས་པ་གང། །དེ་ལ་ནོར་རྒྱུན་མ་དག་གིས། །དོན་མེད་སྤངས་ནས་རྒྱས་པར་མཛད། །བརྒྱུད་པ་ལས་བྱུང་སྔགས་ཐོབ་ནས། །ཕྱི ་ནང་མཆོད་པ་ལ་མཁས་པ། །འཛམ་པ་ལའི་སྒྲུབ་བྱེད་ནི། །འཇིག་རྟེན་པ་དང་མཉམ་མེད་འགྱུར། །ཞེ་སྡང་ཅན་དུ་རིགས་མཐུན་པའི། །བུང་བ་ལྟ་བུའི་གཟུགས་འཛིན་ཅིང། །ནོར་ནི་རྒྱས་པར་བྱེད་པ་དང། །དགྲ་རྣམས་གསོད་པར་བྱེད་པ་ཡི། ་མི་བཟད་གཏེར་རྣམས་སྟེར་བའི་དང། །སྐལ་བཟང་བྱེད་དང་སྡུག་བསྔལ་སྤོང། །ཆོས་སྟོན་པ་དང་ལྟས་ངན་སེལ་བ་ཡི། །དུས་གསུམ་གཟིགས་མངའ་འཛམ་བྷ་ལ་ལ་འདུད། །སྦྱིན་བདག་ཆེན་པོ་གསང་བའི་བདག་།དཔལ་ལྡན་འཛམ་བྷ་ལ ་བསྟོད་པས། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ནས། །འགྲོ་རྣམས་དབུལ་དང་བྲལ་བར་ཤག་།ཆོས་དཔལ་ཞུ་བའི་ངོ་རུ་ནི། །ལུང་ལས་ཇི་ལྟར་འབྱུང་བ་བཞིན། །དཔལ་ལྡན་རིན་ཆེན་རྡོ་རྗེ་ཡིས། །བཅོམ་ལྡན་འཛམ་བྷ་ལ་བསྟོད་དོ། །འཕགས་པ་ནོར ་ལྷའི་བསྟོད་པ། དངོས་གྲུབ་བརྙེས་པའི་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པན་ཌི་ཏ་མཧ་འཛ་ན་དང། བོད་ཀྱི་ལོ་ཅཱ་བ་མལ་བློ་གྲོས་གྲགས་ཀྱིས་བསྒྱུར་ཅིང་ཞུས་པའོ།། །། ་