| Wylie | e-texts based on the ACIP/ALL Input |
མཛད་སྦྱར་བ་པ་རྫོགས་སོ།། །།བལ་པོ་དE་བ་པུརྣ་མ་ཏི་དང། བོད་ཀྱི་ལོཙྪ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།དགེའོ།། གནོད་སྦྱིན་?་སྒྲུབ་ཐབས་ཟབ་མོ་ཡང་དག་བཞུགས། རྒྱ་གར་སྐད་དུ། ཨ་པ་ར་ཙིཏྟ ་རང་ན་ཕ་ལས་ཏ་ན་མ། བོད་སྐད་དུ། ཨ་པ་ར་ཙི་ཏ་རིན་ཆེན་བྷ?་གདབ?་?་གྲོས་བཟང་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གནས་དབེན་ཞིང་ཡིད་དུ་འོང་བར་མ་འདལ་དང་མཆོད་པ་བཤམས་ལ། སེམས་སྐྱེད ་བཞི་བསམ་བར་བྱ་སྟེ། དཀོན་མཆོག་ལ་མཆོད་པ་དང། བླ་མ་ལ་ཞབས་རྟོག་བྱ་བ་དང། དབུལ་འཕོངས་རྣམས་ལ་སྦྱིན་པ་བཏང་བ་དང། །རང་སྒྲུབ་པ་བྱེད་པའི་ཡོ་བྱད་ཀྱི་ཆེད་དུ་གནོད་སྦྱིན་གཏེར་གྱི་བདག་པོ་སྒྲུབ ་སྙམ་དུ་སེམས་སྐྱེད་དོ། །དེ་ནས་ཡན་ལག་བདུན་པ་དང། །ཚད་མེད་པ་བཞི་དང། སྟོང་པ་ཉིད་དུ་བསྒོམ་པར་བྱའོ།། དེ་ལ་ཡན་ལག་།།གནོད་སྦྱིན་འདིར་སྒྲུབ་ཐབས་ལ་དོན་གསུམ་སྟེ། དང་པོ་རང་ལ་ཁུ་མདོག་མི་ཡོད་པའི་ཕྱིར་རང་ཆས་སུ་བཞུག་པ་དང། སྒྲུབ ་པ་བྱ་བ་དང། ལས་ལ་སྦྱར་ཞིང་མ་གྲུབ་ན་སྤོགས་ཆོག་བྱའོ། །གནས་དབེན་ཞིང་ཡིད་དུ་འོང་བར་ཕྱག་ན་རྡོ་རྗེའི་སྟེན་ཐངས་སྐུ་འམ། ལུགས་མ་བཞུགས་པའོ། །མཆོད་པ་དང་གཏོར་མ་བཤམས་ལ། གཏོར་མས་བར་ཆོད་སེལ་གཅིག་བྱས་ལ་རྟག་གཏོར ་བྱའོ།། །།དེ་ནས་རང་བཛྲ་པ་ནི་སྐྱེད་ལ་ཡེ་ཤེས་སེམས་པ་སྤྱན་དྲངས་ལ་སྟིམ། འདུན་པ་བྱས་ལ་གསོལ་བ་གདབ་དེའི་ཐུགས་ཁར་ཨ་ལས་ཟླ་བའི་སྟེང་ཧཱུཾ་གི་མཛའ་མ་སྔགས་ཀྱིས་སྐོར་བར་དམིགས་ལ། ཨའོཾ་ཙན་དྷ་མ་ཧ་རོ་ཤ་ཎ། ་ཆོས་སྐྱོང་ལ་ཧཱུཾ་ཕཊ་ཅེས་ཟླས་བ་ཞག་ལྔ་བྱ་བ་ནི་སྙེན་པའོ། །དེ་ནས་སྒྲུབ་པ་བྱ་བ་ནི། ཚེས་གཅིག་ལ་གནས་དེར་མ་འདལ་པདྨ་འདབ་བརྒྱད་པ་གཅིག་བྲི། འདབ་མ་བཞི་སེར། མཚམས་བཞི་མཛེས་ཚོན། །དེའི་དབུས་སུ་ཁ་དོག་དཀར་པོར་སྐྱེད་ན་ནག ་པོར་བྲི། །ཁ་དོག་ནག་པོར་སྐྱེད་ན་སེར་པོར་དྲི། ལྟེ་བ་ལ་ཧྲི་བྲི། སྒོ་གཅིག་ཤར་དུ་ལྟ་བར་བྱ། །གཏོར་མ་གཉིས་བྱས་ལ། གཅིག་རྟར་བཟུང། ཅིག་འཕྲལ་བཏང་ངོ། ནོར་གང་འདོད་པའི་ཚིག་ཟངས་ཀྱི་བྱང་བུ་ལ་བྲི། དེ་ཡང་འདོད་ཡོན་ལྔ་ལ་ལོངས་སྤྱོད་དུ ་དང། ཅེས་བསམ་ཕུན་སུམ་ཚོགས་པའི། །དངོས་གྲུབ་ཆེན་པོ་བདག་ལ་སྩོལ་ཞེས་བྱའོ། །བླ་རྡོ་རྗེ་བཟུང། རྟག་གཏོར་ལ་འབྲུ་སྣ་དང། རིན་པོ་ཆེ། དེ་དར་དམར་སེར་ཁ་?་སྐད་དང་དབང་?་དེར་གཞུག། མེད་ན་འཚལ་རིན་པོ་ཆེ་བྲི། དང། །ཤིང་ཐོག་དང་དར་ཟབ ་།གཟུགས་སོ། མཆོད་པ་བཤམ། རང་ཕྱག་རྡོར་སྙིང་པོ་བརྒྱ་ཙམ་ཟླས་པ་ནི་སྙེན་པའོ། །དང་འདྲའོ་དེ་ནས་སྐད་ཅིག་གིས་མ་དལ་ཁར་གནོད་སྦྱིན་སྐུ་མདོག་དཀར་པོ། ཞལ་གཅིག་པ་ཕྱག་གཉིས་པ། གཡས་ན ་ལྕགས་ཀྱུ། གཡོན་ན་རིན་པོ་ཆེའི་བུམ་པ་བསྣམས་པ། རིན་པོ་ཆེ་བུམ་བའི་སྟེང་ན་ཞབས་གཡས་པ་སྐུམ་པས་བཞུགས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དར་སྔོན་པོའི་ཤམ་ཐབས་ཅན། སྤྱན་ཆེ་བ་ལུག་ལ་ཁད་པ་ཅིག་དུ་བསམས ་ལ། །དེ་ནས་སྤྱན་དྲང་བ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་ཐུགས་ཁའི་ཧཱུཾ་གི་འོད་ཟེར་དང། །སྙིང་པོའི་ཞབས་ལ་ཛ་ཧཱུཾ་བཾ་ཧོ་རྟགས་ལ་རི་རབ་ཀྱི་བྱང་ཤར་མཚམས་ནས་སྤྱན་དྲངས་ནས་གཉིས་སུ་མེད་པར་སྟིམ། དེ་ནས་སྙིང་པོའི་ཞབས་སུ། །པུས ་བ་པུ་ཙ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་རྟགས་ལ་མཆོད་པ་འབུལ། སྙིང་པོའི་ཞབས་ལ་བྷ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི་རྟགས་པ་འམ། ཨཱ་ཁ་རོ་རྟགས་ལ་གཏོར་མ་འབུལ། །དེ་ནས་སྟོད་པ་བྱ། ཁོ་ལ་དམིགས་པ་གསལ ་བས་འོད་གཟེར་པར་འཕྲོས་བས་མཆོད་པར་བསམ། ཚུར་འདུས་པས་ནོར་སྟེར་བར་བསམས་ལ་ཟླས་པ་བྱ། ཟླས་པ་རྫོགས་ནས་བུ་ཙ་བྱ། །གཏོར་མ་འབུལ་སྟོད་པ་བྱའོ། །དེ་ནས་གསོལ་བ་བཏབ་པ་ནི། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ་འདོད་ཡོན་ལྔ་ལ་ལོངས་སྤྱོད་དང། །ཅི་བསམས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། །ང་ཡི་བཀའ་ལས་མ་འདའ་ཅིག་།ང་ཡི་བཀའ་ལས་འདས་གྱུར་ན། །ཕྱག་ན་རྡོ་རྗེས་མགོའོ་ཁོས། མི་ཡིས་སེམས་བརྒུལ་གཅིག ་བྱའོ། །དེ་ནས་སྙིང་པོའི་ཞབས་སུ་མུ་ཞེས་བཤགས་པ་འམ། ཡང་ན་ལུས་དང་གྲིབ་མ་བཞིན་བྱ་བ་མན་ངག་ཡིན་ནོ། །དེ་ལྟར་ཐུན་དྲུག་དུ་ཞག་གཅིག་བཞིན་སྒྲུབས་པས། ཉའི་ནུབ་མོ་གནོད་སྦྱིན་བྱོན་ཏེ། ?་རང་ལྟན་མཐོན་པོའི་ཕྱག་རྒྱ་མི་གཤིག། ་འཇིགས་པ་མེད་པའི་སེམས་ཀྱིས་དངོས་སུ་བྱོན་ནས་མཆོད་པ་བྱ། །གཏོར་མ་འབུལ་གུ་གུལ་སྲེག། ཉའི་ནུབ་མོ་ཐུད་ཀྱལ་དང་ཤ་ཁོག་ལ་སོགས་པ་ཙེར་ལ་ཁོལ་འབུལ། །གཏོར་མ་འབུལ་དུས་ཐམས་ཅད་དུ་ཧྲི་ལས་ཁོ་ནག་པོ་འམ་དཀར་པོར་སྐྱེད་ལ ་འབུལ་ལོ། །རང་དེར་སྒོམ་པའི་ལག་ལེན། ཕྱག་རྒྱ་རྡོ་རྗེ་བསྡམས་སྦོས་ལ་སོགས་པ་ལ་གྲུ་མེ་རྒྱུན་དུ་གཉིས་སྦྱར་ཏེ། བསྒྲེང་བ་ལ་རང་གི་ཚལ་མ་རླན། དེ་བཟུང་ལ་ཐ་ཚིགས་བྱ་བ་ནི་དམ་སྲེ་བའི། དངོས་གྲུབ་ཀྱི་ཚིག་བྲིས་པའི་བྱང་བུ་ཟུང་ལ། སྔར་གྱི་ཚིག ་གིས་གསོལ་བ་བཏབ་པའོ། །དངོས་གྲུབ་གང་འདོད་བླང་ངོ། །རྟགས་རབ་འབྲིང་མཛའ་མ་གསུམ་གང་བྱུང་ཡང། མཆོད་སྟོང་ལ་སོགས་དེ་ལྟར་བྱའོ། །དེ་ནི་འགྲུབ་པའོ།། །།དེ་ནས་ལས་སྦྱར་ནི་འདིའོ། །སྐྱ་རེངས་ཤར ་བའི་མཐོ་རིངས་ཁ་ལྕགས་ཀྱུས་རྫས་ཅི་འདོད་དགུག་བར་བསམ་ནོར་དྲེང་བའི་སྙིང་བོ་རྦལས་སོ། །སྔར་ལྟད་གསོལ་?་སྐད་ཟེར་མདག་གི་མི་སྨྲའོ། བ་བཏབ་གོ། ནམ་ལངས་པ་དང་གཏོར་མ་ཐམས་ཅད་བཏང་ངོ། །མ་ལུས་གཤགས་པ་འམ་ལུས་དང་གྲིབ་མ་བཞིན་དུ ་བསམ་མོ། །དེ་ལྟར་བྱས་ན་ཁ་ཟླ་བ་ཕྱེད་ཀྱིས་འགྲུབ་བོ། །དེ་མ་འགྲུབ་ན་སྦོགས་པ་ཟླ་བ་ཕྱེད་བྱའོ། །དེས་ཀྱང་མ་འགྲུབ་ན་ཡང་ཟླ་བ་ཕྱེད་བྱ། དེ་མི་འགྲུབ་མི་སྲིད་དོ། །དེས་ཀྱང་མ་འགྲུབ་ན་ཁོ་བདག་མཆིའོ། །གཏོར་མ་དཀར་གཏོར་བྱ། འབྲས་ཆན་རྣམ་པ ་སྣ་ཚོགས་ཀྱིས། །དཀར་གཏོང་བཀར་ལ་གཞག་།ཉའི་ནུབ་མོ་ཁ་འོད་བས། ཤིན་ཏུ་འཇིགས་པར་མི་བྱའོ། །ཕྱག་རྒྱ་མི་བཤིག་གུ་གུལ་སྲེག། ཁོའི་གཟུགས་ལ་ངེས་པ་མེད། །རེས་དགའ་བྱིས་བ་ཁྱེའུའི་གཟུགས། །མིག་ནི་བག་ཙམ་ལྟུང ་ལ་ཁང། །བྱོན་པའི་དུས་སུ་དངོས་གྲུབ་བླང། །ཤེས་ཏུ་འཇམ་ཤིང་བཀྲ་ཤིས་གསོལ་བ་གཅིག་ཐུབ་ན་སིང་རྟ?་བྱའོ། འདོད་པ་ལྔའི་ལོངས་སྤྱོད་དང། །ཅི་བསམ་ཕུན་སུམ་ཚོགས་པ་དངོས་ཇི་ལྟར་བྱུང་ཡང་དངོས་གྲུབ་བླང་གྲུབ་ཆེན་པོ་བདག་ལ་སྩོལ། །ལྷུན་གྱིས་གྲུབ་པའི་མིཡིས་སེམས་དགུལ ་གཅིག་བྱ། །འདི་མིས་སྙིང་སྒུལ་བའི་སྔགས། །རྩ་སྔགས་ཉིད་ཀྱང་འདི་ཉིད་ཡིན། །ཡིད་འཕྲོགས་སྔགས་ཀྱང་འདི་ཉིད་ཡིན། །འོཾ་ཧྲི་ཛ་ཨ་པ་ར་ཙིད་ཏ་ཇ་ཛ། སྲོག་རྩ་བྲེང་བྲེང་ཐུལ་ཐུལ། ཐམས་ཅད་འདུས་པར ་འགྱུར་བ་ཡིན། །ལྷ་འདྲེ་མི་གསུམ་དབང་དུ་བསྡུས། །དེ་བས་བསོད་ནམས་སྐྱེད་བ་ཡིན། །གང་ན་འདུག་པའི་ས་ཕྱོགས་སུ། །དགྲ་ཡི་གནོད་པ་མི་འབྱུང་ངོ། །ཁྲོས་པS་མི་རྣམས་འཆི་བར་འགྱུར། །འདི་སྒྲུབས་ཡོན་ཏན་བསམ་མི་ཁྱབ། །ལྷ་མོ་ཀླུ་མོ ་སུམ་ཅུ་རྩ་གསུམ་ལྷའི་གནས་སྐྱེལ། །ལྷ་མིན་ཤིང་ཐོག་བདག་ལ་སྟེར། །རིན་ཆེན་སྟེར་རྣམས་བདག་ལ་རང་ལ་སྟེར། །བདག་ལ་ཤིན་ཏུ་ཆགས་པར་འགྱུར། །དེ་བས་དེ་མཐོང་ངོ་མཚར་ཆེ། །བསྒྲུབ་དུས་གསུམ་ལ་རབ་ཟླ་བ་ཕྱེད། འབྲིང ་གཉིས། མཛའ་མ་གསུམ། སྒྲུབ་དུས་གསུམ་ལ་རབ་ཀྱི་དངོས་འབྲིང་སྟུག་ཆོམ། མཛའ་མ་ས་འོག་གི་རྨི་ལམ་དུ་འོང། །དངོས་གྲུབ་གསུམ་ནི་།རབ་ལུང་སྟོན། འབྲིང་ལྷ་ཡུལ་དུ་ལྷ་མོས་ཁྲིད་དེ། མཛའ་མ་འཁོར་དང་ནོར་འདུ་།དེ་ལྟར ་གྲུབ་པའི་རྫས་དེ་ཆ་བཞིར་བྱས་ཏེ། ཆ་གཅིག་བླ་མ། ཆ་གཅིག་དཀོན་མཆོག། ཆ་གཅིག་འགྲོ་བ་རྣམས་ལ་སྦྱིན། །ཆ་གཅིག་རང་བཤད་དོ། །དེ་ནི་ནོར་འཕེལ་བའི་གདམ་དག་ཡིན་ནོ། །བསྒྲུབ་དུས་སུ་དམ་ཚིག་རྩ་བ་བཞི་སྲུང། ་ཤ་ཆད་སྒོག་རྩོད་སྲུང། སྨྲ་བ་ཅད་མཚམས་སྡམ། ཟས་དཀར་གསུམ་མདར་གསུམ་ལ་བྱའོ། །འདི་བླ་རྡོ་བཅད་བ་ནི་གཉིས་ཏེ། །བསེ་བྱང་ལ། གསེར་རམ་དངུལ་གྱི་འཁོར་ལོ་རྩིབས་བརྒྱད་བྲིས་ལ། རྩིབས་སྔགས་བྲི། དབུས་སུ་རྩ་ཀ ་ལ་བྲིས་ལ་དར་དུ་དྲིལ་ལ་བཟུང་ངོ། །ཁོ་བོའི་སྐུ་དེ་སྒྲུབ་དུས་ན་དྲིལ་རྦ་ལྡོམ་དུ་བཅུག་ལ་བསྒྲུབ་ཁང་དུ་བཞུག་།བྱེས་སུ་འགྲོ་ན་གར་འགྲོ་ཁྱེར་ལ་འགྲོ། ཡང་རྡོ་ཕ་བར་ལོང་བུ་ལ་རི་བོང་གི་ཁྲག་གིས་བྲིས་ཏེ། དར་སྙིང་པོ་དུ་དྲིལ་ཏེ་རྟག་ཏུ་བཅད་ངོ།། །། ་ལས་གྲུབ་པ་འམ་རྟགས་མ་བྱུང་ན། ཕ་ཝང་ལོང་བུ་དེ་རི་བོང་གི་སྙིང་དུ་བཞུག་།དེ་རི་བོང་གི་ཐོད་པར་བཞུག་།དེ་གཉིས་པྲ་བ་གཡག་པོ་རླུང་བུར་བཞུགས། །བྲིས་སྐུ་དང་བླ་རྡོ་རྣམས་ཉུངས་དཀར་གྱི་དུད་བ་ལ་བདུག་ཅིང་རང་ཕྱག་ན་རྡོ་རྗེའི་བསྡོག་པས་གནན་པས ་ཡེ་གེ་བཅུ་པ་ལ་ཁོ་བོའི་སྙིང་པོར་ལོག་པར་རྟགས་ལ་གཟེར་རོ། །དེ་ནས་སྒྲུབ་པ་ཀྱར་ན་འགྲུབ་དེས་སོ། །ཉ་ནམ་བྱུང་གི་སྐྱ་རེངས་ཤར་བ་ལ་ཀར་བཏང་ཞིང་ནོར་དྲད་བའི་སྙིང་པོ་ཟླས། དོན་གཉེར་རམ་ནོར་དགོས་པའི་ཚེ། དུས་ནམ་ཡང་འདྲིས་ཏེ་གཏོར་མ ་སྦྱིན་ལ་ནི་རོ་དྲང་བའི་སྙིང་པོ་ཟླས་ལ་གསོལ་བ་གདབ། ཟས་ནམ་ཟ་བའི་ཚེ་དཀོན་མཆོག་གསུམ་ལ་ཕུལ་བའི་རྗེས་ལ། ལྷ་བཤོས་ཀྱི་གཟུགས་རེ་བྱས་ལ། ནེ་བེ་ཏེ་ཧཱུཾ་ཞེས་བརྗོད་ལ་ཁོ་ལ་འབུལ་ལོ།། །།ཧཱུཾ་རི་རབ་རི་ཡི་རྩེ་མོ་ནས། ་བྱང་ཤར་མཚམས་ཀྱི་རྩེ་མོ་ནས། །ཕྱག་ན་རྡོ་རྗེར་རྫུན་འཕྲུལ་སྟོབས། །གཏེར་བདག་ཆེན་པོ་འདིར་གཤེགས་དང། །ནོར་བདག་ཆེན་པོ་འདིར་གཤེགས་དང། །ལས་རྣམས་སྒྲུབ་བྱེད་འདིར་གཤེགས་དང། །མཐུན་པའི་རྫས་ལ་འདིར་གཤེགས་དང། །བྱོན་ནས ་འདི་ཉིད་བཞུགས་སུ་གསོལ། །དམ་ཚིག་གཉན་པོ་སྲུང་བ་དང། །སྒྲུབ་པ་པོ་ལ་རྩེ་བའི་ཕྱིར། །འགྲོ་བའི་དོན་ལ་བཞུགས་སུ་གསོལ། །གནོད་སྦྱིན་རྒྱལ་པོ་རིན་ཆེན་སྦྱིན། །དགྱེས་པའི་ཞལ་ཟས་སྣ་ཚོགས་དང། །དར་སོགས་སྤྱན་གཟིགས་སྣ་ཚོགས་དང། ་སྐྱེམས་སོགས་སྣ་ཚོགས་བཞེས་སུ་གསོལ། །ཞེས་སྤྱན་དྲང་བའོ།། །།ཧྲི་ལས་མཁན་ཆེན་ཁྱོད་ཉིད་ལ། །མོས་པའི་ཚུལ་གྱིས་བདག་སྟོང་དོ། །ལྷ་རྣམས་ཀུན་གྱི་ཁ་ལོ་སྒྱུར། །ལྷ་ཡི་རྒྱལ་པོ་ཁྱོད་ལ་སྟོང། །ལྷ་མིན་མི་རྣམས་དབང ་དུ་བསྡུས། །གནོད་སྦྱིན་རྒྱལ་པོ་ཁྱོད་ལ་བསྟོད། །གང་ན་འདུག་པའི་ལ་ཕྱོགས་སུ། །རིན་ཆེན་ཆར་འབེབས་ཁྱོད་ལ་སྟོད། །དགྲའི་བར་ཆད་སེལ་བར་བྱེད། །མཐུ་སྟོབས་བདག་པོ་ཁྱོད་ལ་སྟོད། །ཁྱོད་ལ་མཆོད་ཅིང་བདག་བསྟོད་ན། །དངོས་གྲུབ ་ཐམས་ཅད་བདག་ལ་སྩོལ། །སྟོང་པའོ། །སྟོད་པའོ། །འོཾ་ཧྲི་ཛ་ཨཱ་པ་ར་ཙི་ད་ཏ་ཛ་ཛ་རྩ་སྔགས་སོ། །འོཾ་བྷུ་ད་ཏ་ཤྲི་ཨཱ་བ་ར་ཙིད་ཏ་ཛ་ཛ། །སརྦ་མ་ནེ་ཏྲི་སམ་རྦ་ཏྲི་སྭཱཧཱ། །ནོར་དྲང་བའི་སྔགས་སོ། །ཛ་ཛ་ཏ་ཙི་ཙ་ཙི་ར་མ? ་ཨ་ཛ་ཧྲི་ཨའོཾ། གནད་ལ་འབེབས་སྔགས་སོ། །འོཾ་ཤྲི་རི་ཧཱུཾ། སྲིང་མོའི་སྔགས་སོ། །ཡང་རིགས་གཅིག་ལ་རྡོ་རྗེ་ཕ་ཝང་ལོར་སྤུ་ལ་སྲོག་སྔགས་བྲིས་ལ་གྲ་བའི་བླུད་བུར་བཅུག་སྟེ། ཁ་ཅིངས་ལ་རྒུན་སྟེང་ནང་དུ་བཞུག་།ལས་མ་སྟུབ་ན། བཅོམ་ལྡན་འདས ་ཕྱག་ན་རྡོ་རྗེ་ཨ་པ་ར་ཙི་ཏས་དེའི་ལས་མ་སྟུབ་པོ། །བྱས་ལ་ལངས་ལ་བཏབ་པོ། །དེ་ནས་ཁོ་ཕྱུར་ལ་ཟངས་མའི་བྱང་བུ་ལ། །འདོད་དོན་གསོལ་པའི་ཚིག་བྲིས་ལ་ཁོ་ལ་སྟན་ནོ། །དེས་ནི་བར་དུ་མི་ཆོད་པ་ཡིན་གསུང་ངོ། །རྟགས་ནི་ཆོད་པ་མང་པོ་དང ་ནོར་དང་ལོངས་སྤྱོད་མང་པོ་སྟེར་བ་དང། རང་དབང་བ་ལས་རྨི་ལམ་དུ་འབྱུང་ངོ། །དེ་ལྟར་བྱུང་ན་གྲུབ་པ་ཡིན་པས། གཏོར་མ་ཁོ་ལ་སྔོས་ལ་སྟར་བཟུང་ངོ། །སྤོགS་ཆོག་མི་དགོས་སོ། །མ་གྲུབ་ན་སྦོགས་ཆོག་བྱ་བ་ནི་བཞི་སྟེ། གནན་པ་དང། ་གཟིར་བ་དང། སྦྱིན་སྲེག་དང་བཟུང་བའོ། །དེ་ལ་གནན་པ་ནི། འཁོར་ལོ་རྩིབས་བཅུ་པ་བྱས་ལ་དཀྱིལ་དུ་ཁོ་བོའི་གཟུགས་བྲི། མཛའ་མ་ལ་སྔགས་བྲི། ཕྱག་ན་རྡོ་རྗེ་འཁོར་ལོ་གཅིག་གིས་སྟེང་ནས་བཀབ་པོ། །དེ་གཉིས་ཁམ་ཕོར་ཁ་སྦྱར་གྱི་ནང ་དུ་གདུག་ལ་གུ་གུལ་གྱི་དུད་བས་བདུག། རྡོ་རྗེ་ཕ་ཝང་ལོང་བུ་དང། དར་ཟབ་དང་རིན་པོ་ཆེ་བརྡར་ལ་དེར་བཞུག་།རྡོ་རྗེ་རྒྱ་རམ་བྲིས་ལ་རང་གི་མལ་འོག་དུ་གནན་པ་བྱ། དེ་ནས་བཛྲ་པ་ནི་ཟླས་པ་བྱས་པས་ཁོམ་བཟོད་དེ་འོང། །དེ་ནས་ཡང་སྟོན། ་ལ་སྔོས་ཁུང་དུ་བཞག་ལ་སྙེན་བ་ཟླ་བ་ཕྱེད་བྱའོ། །དེས་ཀྱང་མ་གྲུབ་ན་གཟིར་བ་ནི། །ལིང་ག་དེ་གཏོར་མའི་སྟེང་དུ་བཞག་ལ། གུ་གུལ་དཀར་པོའི་དུད་པ་དང་མི་གཙང་མའི་ཤ་ཆེན་སྲེགས་ལ། ལག་དུ་རྡོ་རྗེ་ཐོགས། རང་ཕྱག་རྡོར་གྱི་སྔགས་བཤམ ་ལ་ཁོ་རང་གི་སྔགས་རྟགས་ལ་གཟིར་རོ། །དེས་ཁོ་ཉན་ན་གཏོར་མ་ཁོ་ལ་སྡོས་ཏེ་སྦྱིན་ལ། གནོད་སྦྱིན་ཨ་པར་ཙིར་ཏ་མིའི་སྙིང་སྐུལ་ཅིག། ངའི་གྲོགས་ཀྱིས་བྱའོ། །སྦྱིན་སྲེག་ལ་ཤིང་གང་?་རུང་བའི་མེ་བླང་དར་སྟང་ལ་འོག་མའི་འཁོར་ལོ་དེ་མེ་ལྕེ་ལ ་སྲེག་ཞིང། ཉུངས་དཀར་ལ་སྔགས་ལ་དང་པོ་ཐབས་སུ་སྲེག་གོ་།དེ་ནས་ཁོ་ལ་སྦྱིན་ལ་ལོངས་སྤྱོད་ལ་སོགས་པ་རྒྱས་པར་གྱུར་ཅིག་བྱས་ལ་།སྟར་བཟུང་པ་དེ་ཁོ་ལ་སྔོས་བྱིན་མི་སྟང་ངོ། །ཡི་དམ་ལྷའི་ཟླས་པ་དང་འདོན་འདོད་ཀྱི་བཟླས་ཞབས་ལ་ཁོའི་ཟླས ་པ་སུམ་བརྒྱ་ཙམ་རེ་མ་རྗོད་བར་བྱའོ། །དེས་ལྟར་བྱས་ན་ཁོ་དེ་བཞིན་དུ་བྱེད་པ་ལ་ལན་གསུང་ངོ། །གུ་གུལ་གྱི་སྤོས་སྲེག་ལ་ཉ་ལའོ། །ནུབ་རངས་པ་ལ་ཟླས་པ་བྱ། མཐོ་རངས་སྒྲུབ་པ་བྱ། བདག་གིས་ཇི་ལྟར་བྱ་ཟེར་ནས་འོད་སྟེ། དེའི་དུས་སུ་བདག ་གི་ཁོལ་པོ་གྱིས་བྱས་ལ། མི་བྱེད་ན་རྡོ་རྗེའི་དམྱལ་བར་སོང་བྱས་ལ་གལ་བཟུང། དང་པོ་མཎྜལ་མཛེས་པའི་ཐོག་དུ་རྒྱ་ཕོར་གྱི་ནང་དུ་ཆང་ཕུད་མཉམས་པ་དང། གཏོར་མ་རྒྱན་དང་བཅས་པ་དང། སྨན་དང་ཨ་མྲི་ཏ་དང། སྤྱན་གཟིགས་སྣ་ཚོགས ་དར་དམར་སེར་མཛེས་པའི་སྨན་དང། རྒྱན་ལ་སོགས་པ་སྲོག་གི་སྙིང་པ་ནས་སྒྲེང་ཞིང་སྟོང་བཙལ་བྱའོ། །རྟགས་ནི་སྲང་བའི་ཚོགས་དང། ཞུང་ཅན་གྱི་ཚོགས་དང། བཙུན་པ་དང་བན་དེ་ནག་པོ་དང། འོད་རྣམས་འབྱུང་ངོ། །སྨན་གྱི་དྲི་བཟང་པོ ་གྱུར་ན་ཤིན་ཏུ་བཟང་ངོ། །དམ་ཚིག་ཉམས་ན་སྲོག་ལ་འོད་དོ། །གནོད་སྦྱིན་ཨཱ་བ་ར་ཅི་ཏའི་སྒྲུབ་ཐབས་རྒྱལ་པོ་ཨིན་འདྲ་བྷུ་དྷིས་མཛད་པ་རྫོགས་སོ།། །།ནོར་ལྷ་བསང་པའི་བསྒྲུབ་ཐབས་བཞུགས། རྒྱ་གར་སྐད ་