| Wylie | e-texts based on the ACIP/ALL Input |
དཔལ་ཚོགས་ཀྱི་བདག་པོའི་རྟོག་པ་ཆེན་པོ་དབང་གི་ལེའུ་ལ་བརྟེན་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་བཻ་རོ་ཙ་ནའི་ཞལ་སྔ་ནས། བོད་ཀྱི་ལོཙྪ་བ་ལྡི་རི་ཆོས་ཀྱི་གྲགས་བས་སྒྱུར་བ་རྫོགས་སོ།། །།བསྟོད་པ་བྱ་བ་ནི། ཧྲི། གསུང ་ལས་སྐྱེས་པའི་མགོན་པོ་ཚོགས་བདག་ནི། །པདྨ་ར་ག་ཉི་མ་གཞོན་ནུའི་གདོང། །གླང་ཆེན་ཞལ་ལ་ལྷའི་ནོར་བུས་བརྒྱན། །སྤྱན་གསུམ་རབ་མཛེས་ཨུད་པལ་ཟེ་འབྲུ་ལྟར། །རབ་རྒྱས་གཟིགས་པས་འགྲོ་བའི་དབུལ་བ་སྐྱོག་མཆེ་བ་དཀར་པོ་རིན་ཆེན་མདངས་དང ་ལྡན། །རིན་ཆེན་ཕྱག་རྒྱ་གཡས་ན་བགྲང་ཕྲེང་དང། །ཞལ་ཟས་དུ་མ་ལ་དུའི་བཟེད?་ཞལ་འཆང། །གདུག་པ་ཀུན་སྒྲོལ་དགྲ་སྟ་དམར་པོ་འཆང། །འབྱུང་པོའི་ཁ་ཟས་ལ་ཕུག་གཡོན་ན་འཛིན། །ལྷ་ལས་སྤགས་པའི་རྒྱན་དང་ཆ་ལུགས་ཅན། །རལ་པའི ་ཐོར་ཚུགས་ཁྲོ་བོ་སྤྲིན་ལྟར་འཕྲོ། ཧྲི་ཡི་སྒྲ་འབྱིན་གསུང་གི་ད་རོ་ཡིས། །ཁམས་གསུམ་དབང་བསྡུད་ཡིད་ལ་རེ་བ་སྐོང། །དབང་སྔོན་ནམ་བཟས་སྐུ་སྨད་མཛེས་པར་བརླུབས། །པད་དཀར་ཟླ་བའི་འོད་ཀྱི་གདན་ལ ་ནི། །ལོངས་སྤྱོད་བུམ་པ་སྔོན་པོ་པི་དུར་མདོག་།རབ་ཏུ་མནན་ནས་འདོད་པའི་འབྲས་བུ་སྟེར། །ལྷ་ཆེན་འདོད་པའི་དབང་ཕྱུག་ཁྱོད་ལ་སྟོང། །རྒྱལ་བའི་བསྟན་པ་རབ་ཏུ་སྐྱོང་ལ་སྟོང། །མུ་སྟེགས་བྱེད་སོགས་དབང་དུ་བྱེད་ལ་སྟོང། །ལོངས ་སྤྱོད་མི་ཟང་ནམ་མཁའ་ཨི་མཛོད་ལ་སྟོང། །དམ་ཚིག་འཛིན་ལ་དངོས་གྲུབ་མ་ལུས་རྩོལ་ཞེས་སྟོང་ངོ། །བླ་མ་ཆེན་པོ་ཙཎྜ་པས་མཛད་དོ།། །།རྒྱ་གར་སྐད་དུ། ག:ན་པ་ཏི་ཀྲ་དྷ་ཡ་ས་དྷ་ནི། བོད་སྐད་དུ། ཚོགས་ཀྱི་བདག ་