| Wylie | e-texts based on the ACIP/ALL Input |
ཚོགས་ཀྱི་བདག་པོ་འདོད་པའི་དབང་ཕྱུག་གི་སྒྲུབ་ཐབས། རྒྱ་གར་སྐད་དུ། མཧཱ་ག་ན་པ་ཏི་དྷ་ཏུ་ཏྲི་ཀར་ཏ་ཤི་ཀུ་རུས་དྷཱ་ནཱཾ། བོད་སྐད་དུ། ཚོགས་ཀྱི་བདག་པོ་ཆེན་པོ་ཁམས་གསུམ་དབང་སྡུད་དམར་པོའི་སྒྲུབ་པའི་ཐབས། འཇིག་རྟེན་དབང་ཕྱུག ་ལ་ཕྱག་འཚལ་ལོ། །དེ་ནས་ལྷ་ཆེན་དབང་ཕྱུག་དཔལ། །ཚོགས་ཀྱི་བདག་པོ་སྒྲུབ་པར་བྱ། །ནགས་ཚལ་རི་བོ་དམར་པོ་རུ། །ནུབ་ལྟ་ས་དབེན་པར་མཎྜལ་ནི། །ཟླ་ཁཾ་ར་ག་སྟ་བུ་ལ། །ཙན་དན་གུར་གུམ་དག་གིས་ཕྱུག་།མེ་ཏོག་དམར་པོའི་ཆོམ?་བུ་མགོན? ་སྐུ་དང་བུམ་པ་ལེགས་པར་དགྲམ། །རྣམ་ལྔ་ལ་སོགས་མཆོད་པ་ནི། །རིག་པ་འཛིན་པས་ཅི་ནུས་བཤམ། །ལ་དུ་ལ་ཕུག་གཏོར་མ་ཡང། །མེ་ཏོག་དམར་པོས་བརྒྱན་པ་དགོད། །པདྨའི་སྡོང་པོའི་ཕྲེང་བ་དག་།ལེགས་པར་བཟུང་ལ་བཟླས་པ་བྱ། །དབུ་? ་དེ་ནས་བདག་ཉིད་མགོན་མཎྜལ་སྟེ། པོ་ནི། །འོད་དཔག་མེད་པའི་ཁྲོ་བོར་བསྐྱེད། །དེའི་ཐུགས་ཀའི་འོད་ཟེར་གྱིས། །མཎྜལ་སྟེང་གི་ཚོམ་བུ་ལས། །ལྷ་ཆེན་འདོད་པའི་དབང་ཕྱུག་ནི། །སྐུ་མདོག་དམར་པོ་རི་ལས་སྐྱེད། །གཡས་པས་ཞལ་གཅིག་ཕྱག་བཞི ་འགྲང་ཕྲེང་དང། །ལ་ཕུག་འཛིན་པའི་ཕྱག་རྒྱ་དང། །ལ་དུའི་ཕོར་པ་རྟ་མགྲིན་དུ?་གཡས་ལོགས་སུ། །ཕྲེང་བ་འཛིན་པའི་འོག་ཏུ་བསམ། །དགྲ་?་སྟེང་གི་སྦུ?་སྟ་དམར་པོ་གཡོན་ཡིན་པར། །གླང་ཆེན་གདོང་ལ་རལ་པ་ཅན། །མུ་ཏིག་ལ་སོགས་བརྒྱན་གྱིས་སྤྲས། །སྐུ ་སྨད་དབང་?་དང་པོ་གཡོན?་དང་པོ་སྔོན་དར་གྱིས་བླུབས། །དོ་ཤལ་ལ་སོགས་ཕྲེང་བས་མཛེས། །ཟླ་བ་པད་དཀར་སྟེང་ན་ནི། །གཡས་རྐྱང་བ་ཡི་ཚུལ་གྱིས་ནི། །བུམ་པ་སྔོན་པོའི་འོག་མ་ཁྲི་ལ་བཞུགས། །འོད་ཟེར་དམར་འཕྲོས་ལྕགས་ཀྱུ་ཅན། །ཡེ་ཤེས་དགུག་སོགས་ཚོ ་ག་སྔར?་ནི། །མཁས་པས་ཚུལ་བཞིན་བྱས་ནས་ཀྱང། །སྤྲོ་སྡུ་མན་ངག་ཅན་གྱིས་ནི། །སྒྲུབ་བྱ་གང་འདོད་ཡིད་ལ་དམིགས་པའི་ཏིང་འཛིན་སྒོམ། །བཟླས་པས་སྐུ་གསུང་ཐུགས་རྣམས་བསྐུལ། །ོཾ་སྐུ་བསྡུལ་བའི་སྙིང་པོ་ཧྲི:ཎ་པ་ཏ་ཡེ། མཧཱ་རཀྵ་ས་མ་འབུམ་? ་ཡ་ཧཱུཾ་ཛ(རྒྱུད་འགྲེལ་དངོས་གསུང་བསྐུལ་བ་གྲུབ་གསོལ་བ་གདབ། །དང་པོ་ཐུགས?་སྐུལ་བ་ཐེག་ཆེན་བསམ་པ་ལས། །ཉེ་བའི་སྙིང་པོས་གསུམ་ཀ་ཐུལ་གསུང?་ཆོ་ག་རྫོགས་ནས་དངོས་གྲུབ་བླང། །འབུམ་གྲག་གཅིག་རྟགས་བཟང་མཐོང་ནས་སྦྱིན་སྲེག་ནི། །བླ་མའི་ནན་ངག་བཞིན་དུ་བྱ། །དེ་ལས་དངོས་? ་དུ་མ་འབྱུང། །འདི་ལ་ཐེ་ཚོམ་ཡོད་མིན་ཏེ། །ངེས་པ་ཉིད་དུ་འགྲུབ་པར་བཤད། །ཡང་ན་ཚོགས་བདག་ཆེན་པོ་དེ། །གཙུག་ལག་ཁང་ཆེན་ནང་དུ་ནི། །འདོད་ཡོན་དུ་མས་བསྐོར་བ་ནི། །རབ་ཏུ་བསམ་བྱ་སྤྲོ་བསྡུ་བྱ། །དེ་ལྟར་ཉིད་འཛིན་འབད་པ་ན། །རྒྱལ ་སྲིད་ལོངས་སྤྱོད་དཔག་མེད་ནི། །འཁོར་ལོ་སྒྱུར་ལྟར་ལྷ་དང་མཉམ། །མགོན་པོ་ཉིད་ཀྱིས་སྟེར་བར་ནི། །ལུང་བསྟན་རྒྱལ་བ་མཆོག་གིས་གསུངས། །དཔལ་ཚོགས་ཀྱི་བདག་པོ་འདོད་པའི་དབང་ཕྱུག་སྒྲུབ་པ་ཞེས་བྱ་བ། རྒྱ་གར་གྱི་བླ་མ་ཆེན་པོ་ཙན་ཊ་པས། ་དཔལ་ཚོགས་ཀྱི་བདག་པོའི་རྟོག་པ་ཆེན་པོ་དབང་གི་ལེའུ་ལ་བརྟེན་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་བཻ་རོ་ཙ་ནའི་ཞལ་སྔ་ནས། བོད་ཀྱི་ལོཙྪ་བ་ལྡི་རི་ཆོས་ཀྱི་གྲགས་བས་སྒྱུར་བ་རྫོགས་སོ།། །།བསྟོད་པ་བྱ་བ་ནི། ཧྲི། གསུང ་ལས་སྐྱེས་པའི་མགོན་པོ་ཚོགས་བདག་ནི། །པདྨ་ར་ག་ཉི་མ་གཞོན་ནུའི་གདོང། །གླང་ཆེན་ཞལ་ལ་ལྷའི་ནོར་བུས་བརྒྱན། །སྤྱན་གསུམ་རབ་མཛེས་ཨུད་པལ་ཟེ་འབྲུ་ལྟར། །རབ་རྒྱས་གཟིགས་པས་འགྲོ་བའི་དབུལ་བ་སྐྱོག་མཆེ་བ་དཀར་པོ་རིན་ཆེན་མདངས་དང ་ལྡན། །རིན་ཆེན་ཕྱག་རྒྱ་གཡས་ན་བགྲང་ཕྲེང་དང། །ཞལ་ཟས་དུ་མ་ལ་དུའི་བཟེད?་ཞལ་འཆང། །གདུག་པ་ཀུན་སྒྲོལ་དགྲ་སྟ་དམར་པོ་འཆང། །འབྱུང་པོའི་ཁ་ཟས་ལ་ཕུག་གཡོན་ན་འཛིན། །ལྷ་ལས་སྤགས་པའི་རྒྱན་དང་ཆ་ལུགས་ཅན། །རལ་པའི ་