CLOSE WINDOW

N3779: tshogs kyi bdag po'i gsang ba'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

དཔའ་འགྲོ་དོན་མཛད། །བསོད་ནམས་ཚོགས་སོགས་དགོས་པའི་ཕྱིར། །ཚོགས་ཀྱི་བདག་པོ་བསྒྲུབ་པར་བྱ། །མི་སྐད་ཁྱི་སྐད་མི་ཐོས་པའི། །གནས་ནི་གངས་རིམ་ཐོ་བའི་རྩེར། །ལྷ་ཆེན་གནས་པའི་ས་ཡིན་ཏེ། །ཚོགས་ཀྱི་བདག་པོ་སྒྲུབ་པར་བྱ། །ཟངས་མའི་མཎྜལ་གྲུ་བཞི ་ལ། སྤྱོད་པ་སྐྱེད་པ་ལ་དམར་པོ་བྲི་ཕྱིའི་རིག?་དཀར?་པོ་བྱ། བུཾ?་པ་ལྟ་བུའི་དཀྱིལ་ཚད་མེད་བ་འཁོར་བྲི། །དེ་སྟེངས་ཀ་ར་ཝི་ཏི་བཞག་།ནང་དུ་ཆུ་དང་འོ་མ་བླུག་།སྐྱེས་པའི་ས་བོན་ཤེལ་མདོག་གཞུག་།ག་པུར་ཛ་ཏི་ཙན་དན?་གདབ། དེ་སྟེངས་ཚོགས་ཀྱི་བདག་པོའི་རྟེན། བྱང་ཤར་ཁ་ལྟས་ས་ཆུ་ཡང་ན་བརྡལ?་དམར་པོར་བྱ་ལ། ། ་ཚོགས་ཀྱི་བདག་པོའི་སྐུ་བཞེངས་ཏེ། ཞལ་རིན་པོ་ཆེའི་ཐོག་ཏུ་གཟུགས་བཞག་རིན་ཆེན་ཐ?་དད་དུན?་རྫས་ཀུན། བུམ་པ་ཡིན་གཅིག་ཕྱག་བཞི་སྐུ་མདོག་དམར་?། གཡས་པ་སྣང་སྲིད་མེས་པོ་འཛིན། །གཡོན་ན་སོགས་?་རྣམས་ར་ནུའི་མཚན་མ་བསྣམས། ཕྱག་ནི་འདག?་གཉིས་ཐལ་དང་?་སྦྱར་སྤོས་གདོང ་སྐར་མ་རྒྱལ་ལ་འཛིན། །ཞབས་གཉིས་སྐྱིལ་སྤྲེའུའི་ཀྲུང་ཕྱེད་པས་བཞུགས་ཁོང་པར་སྤྲེའུ་གཞུག་པར་བྱ། །སྙིང་དུ་གཞུག་པར་བྱ། །གསང་སྔགས་བོ་རྟགས་འབྲུ་བཅུ་སྙིང་ཁར་གཞུག་།སྐུ་གཟུགས་ལེགས་མོ?་པར་ཚར་བ་དང། །བུམ་པའི་སྟེང་དུ་བཞུགས་སུ་གསོལ། །མཆོད་པ་གཏོར་མ ་མདུན་དུ་བཤམས། །དེ་ནས་རང་གི་ཡི་དམ་བསྒོམ། སྟོང་པའི་ངང་ལས་ཡི་གེ་གྷ། ?་སྙིང་དུ་མ་གཅིག། དེ་གྱུར་སྤྲེའུ་ཕྱག་བཞི་པ། སུམ་ཅུ་རྩ་གསུམ་?་ཤོག་ལ་རིན་པོ་ཆེས་དྲིས་བ། དྲིལ་ལ་གནས་ནས་ནི། །ཚོགས་ཀྱི་བདག་པོ་སྤྱན་དྲངས་བསྟིམ། །རང་བཞིན་དག་པ་ལྷའི་ཡུལ། །ལྷ་ཆེན་ཡབ ་ཡུམ་སྤྲུལ་པའི་སྲས། །ནོར་བུ་བྲི་མ་མེད་པ་ནི། །གཞོན་ནུ་སྟོབས་མདུན་དུ་ལྡན་གཅིག་གིས་སྲས། །ཕྱག་བཞིས་ཡེ་ཤེས་པ་གླིང་བཞི་ཁྱབ་པར་ཉུལ། །ལྷ་དམག་དཀར་པོའི་ཁ་ལོ་སྒྱུར། །གང་གིས་ཁྱོད་ཀྱི་མཚན་འཛིན་པ། །དེ་ལ་ནོར་གྱི་ཆར་པ་འབེབས། །ཐུགས་དམ ་རྒྱུད་བསྐུལ་སྤྱན་འདྲེན་ན། །ཐུགས་རྗེས་དགོངས་ནས་གཤེགས་སུ་གསོལ། །ོཾ་གྷ་ན་པ་ཏི་ཨ་ཀརཥ་ཡ་ཛ་ཛ། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་བྱ། །མཆོད་པས་མཆོད་ཅིང་གསང་སྔགས་བཟླ། །ཚོགས་ཀྱི་བདག་པོའི་ཐུགས་ཁ་ཡི། །ཟླ་བར་སྟེང་དུ་གྷ་ཡིག་དམར་པོ ་སྔགས་ཀྱིས་བསྐོར། །ོཾ་གྷ་ན་མ་གྷ་ན་སྭཱཧཱ། ཨོཾ་རད་ན་རད་ན། རོད་ན་རོད་ན། གྷ་ན་པ་ཏི། གྷ་གྷ་གྷ་གྷ་གྷ་གྷ་གྷ་གྷ་གྷ་པ་ཏི་སྭཱཧཱ། ཨོཾ་ཙུ་རུ་ཙུ་རུ་མ་ནུ་མ་ཏྲ། ཏུ་རུ་ཏུ་རུ་གྷ་གྷ་ཏ་མ་གྷ་ན་པ་ཏི་ཡེ་སྭཱ་ཧཱ། རྩ་སྔགས ་གཟུངས་སྔགས་དང་བཅས་པ། ཞག་གཟུགས?་སྔགས་བདུན་རྩ་སྨྲ་བ་བཅད་ལ་གཟུངས་སྔགས་བཟླས། །ཚོགས་བདག་ཐུགས་དཀྱིལ་ཡི་གེ་ལ། འོད་འཕྲོས་ཁམས་གསུམ་ནོར་བཅུར་བསྡུས། །ལྷ་ཆེན་ཞལ་ནས་སྙིང་ཁར་ཞུགས། །གསང་བ་གཞལ་འདུད ་ནས་ནི་བུམ་པ་སྤྲེལ་བཞག་བདུན་འཁྱིལ། །དངོས་གྲུབ་ཚུལ་དུ་བཏུང་བར་བྱ། །དེ་ནས་ལས་ལ་སྦྱར་བ་ནི། གང་འདོད་རྟེན་ནི་ཕྱར་ཞིང་གཡབ། །འཁོར་ལོ་ལས་ལ་སྦྱར་བར་བྱ། །སྲིད་པའི་མེས་པོ་ཟངས་ལ་བྱ་ནད་བུ་པོའོ། བར?་དུ་བྱས?་བདོད་མཚན་མ་གཞུག་?། རྩ་བའི་སྔགས ་ལ་བྱུང?་ནས་ལས་སྔགས་བཟླས། ཅ་རྩིའི?་རྣམ་པར། སྤེལ་ཚིགས་ཤམ་བུ?་?་བུ་བསྐྱུར་བར་བྱ། །ཞག་བདུན་ལས་ལ་སྦྱར་སོ་སོའི་བྱས་ན། །?་ནས་སྲིད་པའི་?་བཞིན་དུ། རྒྱལ་པོ་དང་སྣས་བརྒྱན། །པོ་རྟགས་ཡུལ་འཁོར་མཐོངབར་འཕྱར་ཞིང་གཡབ། །ལྷ་དང་མིའི་བུ་མོ་འདུད།། ་ཡང་ན་ཆེ་གེ་མོ་བཱ་ཤི་ཀུ་རུ་སྭཱཧཱ། ར་ནུ་མཚན་མ་ལ་ཞག་མིང?་དང་དབང་ནི་བདུན་ལས་ལ་སྦྱར་བྱས་ནས། །དར་རམ་འཕན་ཤིང་རྩེ་ལ་འཕྱར། །ལྷ་དང་མིའི་བུ་མོ་འདུད། །ཉེར་གཅིག་ཚར་ནས་རྨི་ལམ་དུ་འབྱུང་བ་དང། ཡིད་འཕྲོག་མིས་མ་མཐོང་བར་སྔགས་ཀྱང་འདི་ཉིད་དོ། །ོཾ་གྷ་ན་མ་གྷ་ན་ཛ་ཡ་སྭཱཧཱ ་ཨོཾ་བྷ་བྷ་སེང་སེང་།ཁཾ་ཁཾ། ཡེར་ཡེར། ང་རབ་གྷུ་མི་ཧ་ས་མཾ?་ཁཱི། ཆེ་གེ་མོ་བ་ཤིཾ་ཀུ་རུ་ཡེ་ཡང་ན་མཐོང་ས་ནས་གཡབ་བོ།། སྭཱཧཱ། །དེ་ནས་འཁོར་ལོའི་ལས་སྦྱོར་ནི། །མཎ་དྷལ་སྟེང་དུ་མདའ་བཞི་གཟུགས། །དེ་སྟེང་བཞག་པའི་འཁོར་ལོ་བསྲེག། རྩ་སྔགས?། རྩིབས་དྲུག?་འོད་ཟེར་ལྕགས ་ལས་སྦྱོར་སྔགས་ཀྱུ་ལྟར་སྤྲོས་པའི། །བསྒྲུབ་བྱ་དབང་མེད་དགུག་པར་བྱ། །དུད་པ་གང་དུ་སོང་བའི་ཐ་མར་སྒྲུབ?་བྱ་བྲག་པ་དང་ཟས་བསྲེག་གནས། །འོད་ཀྱིས་བཀུག་ཅིང་རང་ལ་བཞུང། །ཞག་རྣལ་འབྱོར་བས་གྲངས་བདུན་གྱིས་འདོད་?་འཚོང?་འདས་ལ་བྲི། སྨད་འཚོང་མའི་ཁྱིམ་གྱི་མས?།། ་པ་འགྲུབ། དེ་ནས་མཆོད་དང་གཏོར་མ་དང། །བསྟོད་པ་དང་ནི་བཟླས་པ་དང། །དངོས་གྲུབ་བསླང་དང་གསོལ་བ་གདབ། །ཡེ་ཤེས་གཤེགས་ཅིང་དམ་ཚིག་བསྡུ། །སྐུ་གཟུགས་སྦ་ཞིང་མཆོད་པར་བྱ། །སྐར་མ་རྒྱལ་ལ་ཟླ་རེ་ཞིང། །མཆོད་ནས་གང་འདོད་གསོལ་བ ་བྱུང་བའི་མངོན?་དུ་གྱུར་བའི་བར་དུ་དཀར་གསུམ་མ་དང་གསུམ་ལ་དུལ་ཕུབ?་གདབ། །བརྩོན་འགྲུས་ཅན་གྱི་སྒྲུབ་པ་བརྩམ། །འདོད་པ་ཐམས་ཅད་འགྲུབ་པར་འགྱུར། །འདི་སྦྱར་བ་ལས་རྒྱུན་དུ་མཆོད་ཅིང་བསྟེན་ན་ཡེ་ཤེས་པ་གཤེགས་ལ་དབེན་པར་བཞུགས་ལ་གང་འདོད་གསོལ། །བསོད་ནམས་གང། །དེས་ནི་འགྲོ ་བ་མ་ལུས་པ། །འདོད་དགུའི་དཔལ་དང་ལྡན་འགྱུར་ཏེ། །བླ་མེད་བྱང་ཆུབ་ཐོབ་པའི་ཤོག་།ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་སློབ་དཔོན་དི་པཾ་ཀ་ར་ཛྙཱ་ནས་མཛད་པའོ།། རྫོགས་སོ།། །།རྒྱ་གར་སྐད་དུ། ག་ན་པ་ཏི་སྟོད་ཏྲཾ། ་