| Wylie | e-texts based on the ACIP/ALL Input |
བརྗོད་།དེ་ནས་སྦྱིན་སྲེག་བྱ་བ་ནི། མེ་གཏོང་དུས་སུ་རྫའི་འཁོར་ལོ་བཞུག་།འཁོར་ལོའི་ཡི་གེ་ཚོགས་བདག་མེ་ལྟར་བསྐྱེད། ཨོཾ་གྲུམ་དྲུཾ་ག་ན་པ་ཏི་ཡེ་སྭཱཧཱ། ཆོགས་བདག་བང་མཛོད་ཀྱི་ཕྱོགས་སུ་ཡོན་བདག་གི་ཚུལ་དུ་བཞུགས་སུ་བཅུག་གོ་།ཚོགས་ཀྱི་བདག་པོའི་སྦྱིན ་སྲེག་གི་ཆོ་ག་རྫོགས་ཤོ།། །།རྒྱ་གར་སྐད་དུ། ཨརྱ་ག་ན་པ་ཏི་སྟུ་སྟེ། བོད་སྐད་དུ། འཕགས་པ་ཚོགས་ཀྱི་བདག་པོ་དམ་ཐབ་ལ་སྟོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ ་འཇིག་རྟེན་མགོན་མཛད་སྣང་བ་མཛད། །དཔལ་མཛད་དེ་བཞིན་ཕན་པ་མཛད། །མཉམ་པ་མེད་ཅིང་དཔེ་མེད་པ། །ཚོགས་བདག་དེ་ལ་ཕྱག་འཚལ་སྟོད། །གསང་སྔགས་དབང་ཕྱུག་རིག་སྔགS་རྒྱལ། །ལོངས་སྤྱོད་འབྱུང་གནས་གཏེར་གྱི་མཆོག་།འབུས ་བུ་མངོན་རྟོགས་སྟོན་པ་ཡི། །ཚོགས་བདག་དེ་ལ་ཕྱག་འཚལ་བསྟོད། །དཔའ་བོ་ཆེན་པོ་བདུད་ལས་རྒྱལ། །སྟོབས་ཆེན་ཉོན་མོངས་གཡུལ་འཇོམས་པའི། །བགེགས་འཇོམས་སྡུག་བསྔལ་ཞི་མཛད་པ། །གླང་ཆེན་སྣ་ལྡན་གཙོ་ལ་འདུད། །རིན ་ཆེན་རྒྱལ་པོ་རིན་ཆེན་སྐུས། །རིན་ཆེན་རིན་ཆེན་ཆེན་པོ་འབྱུང། །རིན་ཆེན་བསྟན་པ་བསྲུང་མཛད་པ། །གླང་ཆེན་སྣ་ལྡན་ཁྱོད་ལ་འདུད། །ཚོགས་ཀྱི་བདག་པོ་རྫུ་འཕྲུལ་ཆེ། །ལྷ་དམག་དཀར་པོ་དབུགས་འབྱིན་ཞིང། །ལྷ་མིན་ནག་པོའི་གཡུལ ་ཟློག་པ། །གླང་ཆེན་སྣ་ལྡན་གཙོ་ལ་འདུད། །སྐུ་ནི་ཡོན་ཏན་རིན་ཆེན་སྟེ། །གསུང་ནི་ཡོན་ཏན་ངོ་བོ་ཉིད། །ཐུགས་ནི་ཡོན་ཏན་བདག་ཉིད་ཅན། །གླང་ཆེན་སྣ་ལྡན་གཙོ་ལ་འདུད། །ཚོགས་ཀྱི་བདག་པོའི་བསྟོད་པ་སློབ་དཔོན་ནག་པོ་ཞབས་ཀྱི་མཛད་པ་རྫོགས་སོ།། །།ཆོ་གས་ཀྱི་བདག་པོའི་གསང་བའི་སྒྲུབ་ཐབས་ཞེས་བྱ་བ། རྒྱ་གར་སྐད་དུ། གྷ་ན་པ་ཏི་གྷུ་ཧ་ས་དྷ་ན་མ། བོད་སྐད་དུ། ཚོགས་ཀྱི་བདག་པོའི་གསང་བའི་སྒྲུབ་ཐབས་ཞེས་བྱ་བ། ཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས ་དཔའ་འགྲོ་དོན་མཛད། །བསོད་ནམས་ཚོགས་སོགས་དགོས་པའི་ཕྱིར། །ཚོགས་ཀྱི་བདག་པོ་བསྒྲུབ་པར་བྱ། །མི་སྐད་ཁྱི་སྐད་མི་ཐོས་པའི། །གནས་ནི་གངས་རིམ་ཐོ་བའི་རྩེར། །ལྷ་ཆེན་གནས་པའི་ས་ཡིན་ཏེ། །ཚོགས་ཀྱི་བདག་པོ་སྒྲུབ་པར་བྱ། །ཟངས་མའི་མཎྜལ་གྲུ་བཞི ་ལ། སྤྱོད་པ་སྐྱེད་པ་ལ་དམར་པོ་བྲི་ཕྱིའི་རིག?་དཀར?་པོ་བྱ། བུཾ?་པ་ལྟ་བུའི་དཀྱིལ་ཚད་མེད་བ་འཁོར་བྲི། །དེ་སྟེངས་ཀ་ར་ཝི་ཏི་བཞག་།ནང་དུ་ཆུ་དང་འོ་མ་བླུག་།སྐྱེས་པའི་ས་བོན་ཤེལ་མདོག་གཞུག་།ག་པུར་ཛ་ཏི་ཙན་དན?་གདབ། དེ་སྟེངས་ཚོགས་ཀྱི་བདག་པོའི་རྟེན། བྱང་ཤར་ཁ་ལྟས་ས་ཆུ་ཡང་ན་བརྡལ?་དམར་པོར་བྱ་ལ། ། ་ཚོགས་ཀྱི་བདག་པོའི་སྐུ་བཞེངས་ཏེ། ཞལ་རིན་པོ་ཆེའི་ཐོག་ཏུ་གཟུགས་བཞག་རིན་ཆེན་ཐ?་དད་དུན?་རྫས་ཀུན། བུམ་པ་ཡིན་གཅིག་ཕྱག་བཞི་སྐུ་མདོག་དམར་?། གཡས་པ་སྣང་སྲིད་མེས་པོ་འཛིན། །གཡོན་ན་སོགས་?་རྣམས་ར་ནུའི་མཚན་མ་བསྣམས། ཕྱག་ནི་འདག?་གཉིས་ཐལ་དང་?་སྦྱར་སྤོས་གདོང ་སྐར་མ་རྒྱལ་ལ་འཛིན། །ཞབས་གཉིས་སྐྱིལ་སྤྲེའུའི་ཀྲུང་ཕྱེད་པས་བཞུགས་ཁོང་པར་སྤྲེའུ་གཞུག་པར་བྱ། །སྙིང་དུ་གཞུག་པར་བྱ། །གསང་སྔགས་བོ་རྟགས་འབྲུ་བཅུ་སྙིང་ཁར་གཞུག་།སྐུ་གཟུགས་ལེགས་མོ?་པར་ཚར་བ་དང། །བུམ་པའི་སྟེང་དུ་བཞུགས་སུ་གསོལ། །མཆོད་པ་གཏོར་མ ་མདུན་དུ་བཤམས། །དེ་ནས་རང་གི་ཡི་དམ་བསྒོམ། སྟོང་པའི་ངང་ལས་ཡི་གེ་གྷ། ?་སྙིང་དུ་མ་གཅིག། དེ་གྱུར་སྤྲེའུ་ཕྱག་བཞི་པ། སུམ་ཅུ་རྩ་གསུམ་?་ཤོག་ལ་རིན་པོ་ཆེས་དྲིས་བ། དྲིལ་ལ་གནས་ནས་ནི། །ཚོགས་ཀྱི་བདག་པོ་སྤྱན་དྲངས་བསྟིམ། །རང་བཞིན་དག་པ་ལྷའི་ཡུལ། །ལྷ་ཆེན་ཡབ ་ཡུམ་སྤྲུལ་པའི་སྲས། །ནོར་བུ་བྲི་མ་མེད་པ་ནི། །གཞོན་ནུ་སྟོབས་མདུན་དུ་ལྡན་གཅིག་གིས་སྲས། །ཕྱག་བཞིས་ཡེ་ཤེས་པ་གླིང་བཞི་ཁྱབ་པར་ཉུལ། །ལྷ་དམག་དཀར་པོའི་ཁ་ལོ་སྒྱུར། །གང་གིས་ཁྱོད་ཀྱི་མཚན་འཛིན་པ། །དེ་ལ་ནོར་གྱི་ཆར་པ་འབེབས། །ཐུགས་དམ ་རྒྱུད་བསྐུལ་སྤྱན་འདྲེན་ན། །ཐུགས་རྗེས་དགོངས་ནས་གཤེགས་སུ་གསོལ། །ོཾ་གྷ་ན་པ་ཏི་ཨ་ཀརཥ་ཡ་ཛ་ཛ། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་བྱ། །མཆོད་པས་མཆོད་ཅིང་གསང་སྔགས་བཟླ། །ཚོགས་ཀྱི་བདག་པོའི་ཐུགས་ཁ་ཡི། །ཟླ་བར་སྟེང་དུ་གྷ་ཡིག་དམར་པོ ་