| Wylie | e-texts based on the ACIP/ALL Input |
སྤྱོད་ལམ་བྱའོ། །བསྡུས་པ་ལ་དགའ་བའི་གང་ཟག་ལ་བསྟན་པའོ། །འདི་རྡོ་བོས་དངོས་གྲུབ་འབྱུང་བའི་རྒྱུད་ལ་རྟེན་ནས་མཛད་པའོ། །དེས་འབྲོམ། དེས་སྤྱན་སྔ་བ་ལ་གནང་བའོ།། །།ནག་པོ་པའི་གདམས་ངག་ཚོགས་བདག་གི་སྒྲུབ་ཐབས་ཇོ་བོ་རྗེ་ནས་རྒྱུད་པ ་རྒྱ་གར་སྐད་དུ། ཨཱརྱ་ག་ན་པ་ཏི་ཙིནྟ་རད་ན། བོད་སྐད་དུ། འཕགས་པ་ཚོགས་ཀྱི་བདག་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཚོགས་ཀྱི་བདག་པོ་སྒྲུབ་པ་ལ། ཞི་བ་དང། ཁྲོ་བོ་གཉིས་ལས ་འདི་ཞི?་བར་སྒྲུབ་པའོ། །གནས་དབེན་པར་འདུག་ཏེ། མཎྜལ་ཁྲུ་གང་གྲུ་བཞིར་བྱས་ལ། བའི་རྣམ་ལྔས་ཆག་ཆག་བྱས། དབུས་སུ་མེ་ཏོག་དཀར་པོའི་ཚིམ་བུ་དགོད། །ཚོགས་ཀྱི་བདག་པོའི་བྲིས་སྐཱུམ། །ལུགས་སྐུ་གང་རུང་ཅིག་བཞུགས་སུ་གསོལ། །ལ་ཕུག ་?་ལ་དྷ་ལས་བྱས་པའི་གཏོར་མ་བཟང་དུ་བཤམས་ལ། གཏོར་གཞོང་དང། གཏོར་མས་ནམ་མཁའ་ཁེངས་པ། རོ་མཆོག་བརྒྱ་དང་ལྡན་པའི་ཞལ་ཟས་སུ་བྱིན་གྱིས་བརླབས་ལ་བཞག་།དེ་ནས་རང་ཡི་དམ་གྱི་ལྷར་བསམS་པའི་མདུན་དུ། པདྨ་དང་ཟླ་བའི་ ་སྟེང་དུ། ཡི་གེ་ག་དཀར་པོ་ཤེལ་གོང་ལྟར་དཀར་བ་བསམས་ཏེ། དེ་འོད་དུ་ཞུ་བ་ལས་ལྷ་ཚོགས་ཀྱི་བདག་པོ། །སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གླང་པོ་ཆེའི་མགོ་ཅན། མཆེ་བ་ཡ་ཅིག་ཆག་པ། ཕྱག? ་གཡས་དང་པོ་ན་དགྲ་སྟེ?། འོག་མ་ན་ལ་ཕུག་།གཡོན་དང་པོ་ན་ཁ་ཊཝཾ་རྩེ་གསུམ། འོག་མ་ཐོད་པ་རིན་པོ་ཆེས་གང་བ་བསྣམས་པ། ལྷུ་ཚིགས་ཐམས་ཅད་རིན་པོ་ཆེས་བརྒྱན་པ། །བྱི་ལའི་ཁྲི་ལ་བཞུགས་པ་གཅིག་བསྐྱེད་དོ། །དེ་ནས ་ལག་པ་གཡོན་པའི་ཁུ་ཚུར་བཅངས་ཏེ། གུང་མོའི་རྒྱབ་དུ་མཛུབ་མོ་བཙུགས་ལ། གཡས་པའི་གྲུ་མོ་གཙུགས་ནས། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས། རི་རབ་ཀྱི་རྩེ་མོ་ནས། ལྷ་གཡས་བརྒྱད?་ཆེན་པོ་ཆོ་གས་བདག་སྤྱན་དྲངས་པར ་བསམས་ལ། མདུན་སྐྱེད་ལ་སྟིམ་མོ། །དེ་ནས་བཟླས་པ་བྱས་ཏེ། ཨོཾ་པ་ར་ཏ་ཀ་སྭཱཧཱ། ཞེས་པ་མཐིལ་དུ་ཉེ་བའི་སྙིང་པོ་དེ་འབུམ་ཕྲག་གཅིག་བཟླས་ན། འཛམ་བུའི་གླིང་གི་ནོར་ཐམས་ཅད་འོངས་ཏེ་ཕྱུག་པོར་འགྱུར་རོ། །ོཾ་བྷ་ག་ཝ་ཏེ། ཨེ་ཀ ་དིཥྚ་བིནདྷ?་ཧཱུཾ་ཕཊ། སྙིང་གི་སྙིང་པོའོ། །དེ་བཟླས་ནས་ཟླ་བ་དྲུག་མཆེད་པ་བྱས་ན། མིའི་མཛའ་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །ོཾ་བྲུཾ་ག་ན་པ་ཏི་ཡེ་སྭཱཧཱ་།ཞེས་པ་མིང་གི་སྙིང་པོའོ། །དེ་ཟླ་བ་གཅིག་བཟླས་ན། སྐྱེས་པ ་དང་བུད་མེད་རྒྱས་པའི་ཐུགས་ལས?། དང་རྒྱལ་པོ་དང་བཙུན་མོ་ལ་སོགས་པ་ཐམས་ཅད་བདག་གི་དབང་དུ་འགྱུར་རོ། །དམ་ཚིག་ཏུ་ཆོས་ལ་གནས་པར་བྱའོ། །འཕགས་པ་ཚོགས་ཀྱི་བདག་པོ་ཡིད་བཞིན་ནོར་བུའི་བསྒྲུབ་ཐབས། རྣལ་འབྱོར་གྱི ་དབང?་དྷ?་ཀ་བརྟུལ་ཞུགས་སྤྱོད་པ་ནག་པོ་པས་མཛད་པ་རྫོགས་སོ།། །།ཤིན་ཏུ་ཟབ་པར་འདུག་སྟེ། སྤྱན་སྔ་རྣལ་འབྱོར་གྱི་ཞལ་ནས། ང་ལ་མགོན་པོ་དང། ནོར་ལྷ་མང་པོ་ཡོད་དེ། འདི་ལས་མྱུར་བ་མི་འདུག་གསུང་ངོ།། ་