| Wylie | e-texts based on the ACIP/ALL Input |
རྫོགས་སོ།། །།པཎྜི་ཏ་སྠ་བི་རའི?་ཞལ་སྔ་ནས་དང། ཤཱཀྱའི་དགེ་སློང་བ་རི་ལོ་ཙ་བས་བསྒྱུར་བའོ།། ཤུ་བྷཾ། །།ཆོགས?་བདག་དཀར་པོའི་སྒྲུབ་ཐབས་མན་ངག་ཆ་ལག་དང་བཅས་པ་བཞུགས་སོ།། རྒྱ་གར་སྐད་དུ། ཤྲི་ག་ན་པ་ཏི་ཤན་ཏ་ནས་དྷ་ན ་མ། བོད་སྐད་དུ། དཔལ་ཚོགས་ཀྱི་བདག་པོ་ཞི་བའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དང་པོར་གནས་དབེན་ཞིང་ཡིད་དུ་འོང་བར། མཎྜལ་གྲུ་བཞི་པ་བ་ཡི་རྣམ་ལྔས་བྱུག་གོ་།སྨན་དང་དྲི་ཞིམ་པོའི་ཆུས་ཆག་ཆག? ་བདག་ཙནདན་དཀར་པོའི་དྲིའི་ཐིག་ལེ?་མི་བྱ་སྟོག?་དཀར་པོའི་ཚོམ་བུ་གཅིག་དགོད། མར་མེ་དང་དྲི་དང་སྤོས་དང་ལྷ་བཤོས་དགྲམ། །གཏོར་མ་ཆན་ནམ་བག་བྱེ་ལ་སྤྲུས་པའི་ཟན་དཀར་གསུམ་མངར་གསུམ། ལ་ཕུག་རེ་རེ། ལ་དུའི་དི་ལུ་དེ་དེ་བཞུག་།ལུགས་སྐུ་འམ་བྲིས་སྐུ ་ཡོད་ན་བཞུགས་སུ་གསོལ། །དེ་ལྟར་བཤམ་དེ་ནས་དང་པོ་དཀོན་མཆོག་གསུམ་ལ་མཆོད་པ་ཕུལ་ལ། བདག་ཉིད་ཡི་དམ་ལྷར་བསྐྱེད། ད་ནས་མདུན་དུ་ཨ་ལས་ཟླ་བའི་སྟེང་དུ་ཡི་གེ་ཧཱུཾ་དཀར་པོ་གཅིག་བསམ། དེ་ལས་དཔལ་ཚོགས་ཀྱི་བདག་པོ་སྐུ་མདོག ་དཀར་པོ་གླང་པོ་ཆེའི་མགོ་ཅན་ཕྱག་གཡས་གཉིས་ན། ལ་ཕུག་དང་དགྲ་སྟ་བསྣམས་པ། གཡོན་གཉིས་ན་ཐོད་པ་ནོར་བུས་བཀང་བ་དང། ཁ་ཏྭཾ་ཁ་སྣམས་པ། རིན་པོ་ཆེ་དང་ལྷའི་མེ་ཏོག་གིས་བརྒྱན་པ། བྱི་བ་སྔོན་པོའི་ཁྲིལ་བཞུགས་པ་གཅིག་གསལ ་བར་སྒོམ། དེ་ནས་བདག་ཉིད་ཀྱི་ཐུགས་ཁ་ནས། འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དཔལ་ཚོགས་བདག་སྤྱན་དྲངས་ལ། མདུན་གྱི་དེ་ལ་བསྟིམས་ལ། དམ་ཚིག་གི་ཕྱག་རྒྱ་བསྟན། །སྐུ་ཁྲུས་གསོལ། །མཆོད་པ་སྔགས་ཀྱིས ་དབུལ། དེ་ནས་ཟླས་པ་བྱ་བ་ནི། ཨོཾ་བ་ར་ཏ་ཀ་སྭཱཧཱ། ཨོཾ་བ་ག་བ་ཏེ་ཨེ་ཀ་དཾ་ཥཌ?་སིན?་དྷ་སིདྷི་ཧཱུཾ། ཨོཾ་བྲུཾ་ག་ན་པ་ཏི་ཡེ་སྭཱཧཱ། ཞི་བའི་ཡི་གེ་འབྲུ་བདུན་པ། འབུམ་ཕྲག་གཅིག་ཟླས་པ་བྱས་ན་ཇི་ལྟར་འདོད་པའི་དངོས་གྲུབ་ཀྱང་གཏེར། བསམས་པ་ཡང་འགྲུབ། ་ལོངས་སྤྱོད་ཆེ། །ཡོ་བྱད་ཀྱང་འཕེལ་བར་འགྱུར་ཞི་རོ། །ཁམས་གསུམ་གྱི་ནོར་ཐམས་ཅད་རྒྱས་པ་འོང་སྟེ་ཕྱུག་པོར་ངེས་འགྱུར་རོ། །ཉེ་བའི་སྙིང་པོ་ཟླ་བ་དྲུག་མཆྡ་པ་དང་ཟླས་པ་བྱས་ན་མི་ཐ་མལ་པ་ཡང་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་དང་བསོད ་ནམས་མཉམ་པར་འགྱུར་རོ། །མིང་གི་སྙིང་པོ་ཟླ་བ་དྲུག་དུ་ཟླས་པ་དང་མཆོད་པ་བྱས་ན། རྒྱལ་པོ་དང་བློན་པོ་དང། སྐྱེས་པ་དང། བུད་མེད་ལ་བྷ་ག་བ་ཏེ་སོགས་པ་ཐམས་ཅད་བདག་གི་དབང་དུ་འགྱུར་རོ། །ཟླས་པ་ཐོན་ནས། དཀར་གཏོར་ལ་སྔགས ་བཏབ་སྟེ་དབུལ་བར་བྱའོ། །དམ་ཚིག་གན་པ་ཏི་ནི་ཆོས་ལ་གནས་པར་བྱ་དགོས་སོ། །གཏོར་མ་ནི་ཁམས་ལས་ཁ་ཟས་རོ་བརྒྱ་པ། ནམ་མཁའ་ཁེངས་པར་སྒོམ་མོ། །དེ་ལ་གསོལ་བར་བསམ་མོ། ཕྱག་འཚལ་དཔལ་ལྡན་ཆོགས་བདག་དགྱེས ་ཕྱག་འཚལ་དཔལ་ལྡན་ཞི་བ་ཆེ། །ཕྱག་འཚལ་དཔལ་ལྡན་ཁྲོ་བོ་ཆེ། །ཚེ་འདི་ཉིད་ལ་དངོས་གྲུབ་ནི། །ཅི་འདོད་པ་ནི་བསྩོལ་བར་མཛོད།། ལྷའི་རྒྱལ་པོའི་མངའ་ཐང་ནི། །བསྒྲུབ་པ་པོ་ལ་བསྩོལ་བར་མཛོད། །ཤིན་ཏུ་ཐུགས་རྗེའི་བདག་ཉིད་ལས། ། ་ཚོགས་བདག་ཆེན་པོ་ཐུགས་རྗེ་ཆེ། །ཐུགས་རྗེ་ཆེན་པོས་དབུལ་པ་བསྐྱོབ། །ནོར་ལྷ་ཆེན་པོ་ཁྱོད་ཉིད་ལ། །བདག་ཉིད་དང་བས་ཕྱག་འཚལ་བསྟོད། །དཔལ་ལྡན་ཚོགས་བདག་ཆེན་པོ་ནི། །སྐུ་མདོག་དཀར་པོ་གླང་ཆེན་དབུ། །གཡས་ཀྱི་ཕྱག་ན་ལ ་ཕུབ་བསྣམས། །གཡོན་ན་ཡིད་བཞིན་ནོར་བུ་བསྣམས། །འོག་མ་དགྲ་སྟ་ཁ་ཏྲཾ་ཀ་།གསུས་ཆེན་རྒྱན་རྣམས་ཀུན་གྱི་བརྒྱན། །ཟླ་བ་བྱི་བའི་ཁྲི་ལ་བཞུགས། །ཕྱག་འཚལ་དཔལ་ལྡན་ཆོགས་བདག་བའོ། །ལ་ཕུག་གཏོར་མ་འདི་ལ་ཞེས་ལ། །ཚེ་དང་ལོངས་སྤྱོད ་འཕེལ་བ་དང། །ནད་དང་འབྱུང་པོ་ཞི་བར་མཛོད། །མི་དང་ལྷ་ཀླུ་གནོད་སྦྱིན་རྣམས། །བདག་གི་བྲན་དུ་འགྱུར་བར་ཤོག་།ལྷའི་ལོངས་སྤྱོད་མང་པོ་ལས། །འདོད་པའི་ཡོན་ཏན་འབྱུང་བར་ཤོག་།དངོས་གྲུབ་སྒྲུབ་པའི་དབང་ཕྱུག་ཅན། །གདུལ་བྱའི་དབང་གི་སྐུ་སྤྲུལ་པ།། ་ལྷ་ཆེན་ཚོགས་བདག་ཆེན་པོ་ཡིས། །འཇིག་རྟེན་འདིར་ཡང་བསྲུང་ཞིང་དངོས་གྲུབ་སྩོལ། །ཕྱི་མ་བྱང་ཆུབ་ཐོབ་པའི་གྲོགས་མཛོད་ཅིག་།ཟླས་པ་ཐོན་ཁར་གཏོར་མ་སྔགས་ཀྱིས་བཏབ་ཏེ་དབུལ་བར་བྱའོ་དེ་ནས་ཡེ་ཤེས་སེམས་དཔའ་གཤེགས། །དམ་ཚིག་པ་སྡུས་ལ ་སྤྱོད་ལམ་བྱའོ། །བསྡུས་པ་ལ་དགའ་བའི་གང་ཟག་ལ་བསྟན་པའོ། །འདི་རྡོ་བོས་དངོས་གྲུབ་འབྱུང་བའི་རྒྱུད་ལ་རྟེན་ནས་མཛད་པའོ། །དེས་འབྲོམ། དེས་སྤྱན་སྔ་བ་ལ་གནང་བའོ།། །།ནག་པོ་པའི་གདམས་ངག་ཚོགས་བདག་གི་སྒྲུབ་ཐབས་ཇོ་བོ་རྗེ་ནས་རྒྱུད་པ ་