| Wylie | e-texts based on the ACIP/ALL Input |
འཁོར་ལོའི་ཆོ་གའི་དགེ་བ་དེས། །འགྲོ་ཀུན་ཕུན་ཚོགས་ཉིད་གྱུར་ཅིག་།དཔལ་ཆོ་གས་ཀྱི་བདག་པོའི་འཁོར་ལོའི་གསལ་བྱེད། །སློབ་དཔོན་ཆེན་པོ་ཌོཾ་བྷི་ཧི?་རུ་ཀས་མཛད་པ་རྫོགས་སྟོ།། ཤུ་བྷཾ།། །།སྔགས་ཀྱི་རྒྱལ་པོའི་?་དངོས་གྲུབ་? ་པའི་ཐབས་བཞུགས་སོ།། །།རྒྱ་གར་སྐད་དུ། མནྟྲ་རཱ་ཛཱ་ས་མ་ཡ་སིདྡྷི་སཱ་དྷྣ་ནཱ་མ། བོད་སྐད་དུ། སྔགས་ཀྱི་རྒྱལ་པོའི་དམ་ཚིག་དངོས་གྲུབ་སྒྲུབ་པའི་ཐབས་ཤེས་བྱ་བ། དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པ་ལ་ཕྱག་འཚལ་ལོ། །བླ་མ་དང་ནི་ལྷག་པ? ་ལྷ། །མཁའ་འགྲོའི་ཆོ་གསལ་ཕྱག་བཙལ་ནས། །ཐུན་མོང་སྒྲུབ་པའི་རིམ་པ་བྲི། །ཕྲིན་ལས་སྒྲུབ་པར་འདོད་པ་ཡིས། །གནས་ནི་ནགས་ཚལ་དུར་ཁྲོད་དམ། །རྩེ་མཐོ་བྲག་དམར་མེ་ཏོག་ལྗོངས། །དབེན་ཞིང་ཉམས་དགའ་སྒྲུབ་པའི་གནས། །དེ་རུ་འདུག ་ལ་སྤྲོས་པ་བཅད། །ཤོག་བུ་གྲོ་ག་དུར་ཁྲོད་རས། །དུང་དང་གུར་ཀུམ་སིནདུ?་པ། དུར་ཁྲོད་སོལ་བས་སྣག་ཚའོ། །མུ་གྱུར་གསུམ་པ་ཆུ་དཀྱིལ་འཁོར། །དབུས་ཀྱི་རི་མོའི་མཚན་ཉིད་ནི། །ས་དང་ཆུ་དང་མེད་བྱེ་ཡིས་རྡོ་རྗེ་བུམ་པ་ལྕགས་ཀྱུ་ཡི། །བསྣོལ་དང་བརྩེགས ་པ་གོ་བར་བྱ། །གྲུ་བཞི་རྡོ་རྗེས་མཚན་པ་ལ། །དང་པོའི་ཧཡ་གསུམ་ནང་དུ་བྲི། །དེ་ནས་རེ་ཁ་རྣམ་བཞི་ལ། །མུ་ཁྱུད་གསུམ་དང་ལྡན་པ་ལ། །ཡི་གེ་སུམ་བརྒྱ་རྩ་གཉིས་ཀྱི། །ཧཡ་ཀྱི་རིམ་པ་བྲི་བར་བྱ། །ཧཡ་རྣམས་ཐམས་ཅད་གཡོན ་བསྐོར་བྲི། །ནང་དུ་མིང་ཡིག་བྲི་བར་བྱ། །ཡི་གེ་སུམ་ཅུ་རྩ་བཞི་ལ། །ངན་ཉ་ན་མ་བཞི་སྤངསྣས། །གཞན་རྣམས་འཁོར་ལོར་དགོང་པར་བྱ། །ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛཧ་ཉ། ཊ་ཋ་ཌ་ཌཧ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། ཀ་ཀཱ་དྷ་ཡ ་གཉིས། ཁ་ཁཱ་ཧི་ཁཱ་ཧི། ག་གཱརྫཧ་ཡ་གཱརྫཧ་ཡ། གྷ་གྷཱ་ཏ་ཡ། གྷཱ་ཏ་ཡ། ཙ་ཙཱ་ལ་ཡ་གཉིས། ཚ་ཚཱ་ཏ་ཡ་གཉིས། ཛ་ཛཱམྦྷ་ཡ། ཛཧ་ཛཧཱ་ཏ་ཡ་གཉིས། ཊ་ཊཱ་ལ་ཡ་གཉིས། ཋ་ཋཱ་ཀ་ཡ་གཉིས། ཌ་ཌཱ་བྷ་ཡ་གཉིས། །ཌཧ་ཌཧཱ་ཀ་ཡ་གཉིས། ཎ་ཎཱ་ཤ་ཡ་གཉིས། ཏ་ཏཱ ་ཡ་གཉིས། ཐ་ཐཱ་བྷ་ཡ་གཉིས། ད་དཱ་ར་ཡ་གཉིས། དྷ་དྷཱ་ར་ཡ་གཉིས། ན་ནཱ་ཤ་ཡ་གཉིས། པ་པཱ་ཏ་ཡ་གཉིས། ཕ་ཕཱ་ཏཱ་ཡ་གཉིས། བ་བཱནདྷ་ཡ་གཉིས། བྷ་བྷེ་ད་ཡ་གཉིས། མ་མཱ་ར་ཡ་གཉིས། ཡ་ཡོ་ཧ་ཡ་གཉིས། ར་རོ་ཧ་ཡ་གཉིས། ལ་ལོ་བ་ཡ ་གཉིས། ཝ་ཝཱ་ཧ་ཡ་གཉིས། ཤ་ཤོ་ཥ་ཡ་གཉིས། ཥ་ཥུཥྚི་ཡ་གཉིས། ས་སཱ་དྷ་ཡ་གཉིས། ཧ་ཧཱ་ན་ཡ་གཉིས། ཀྵ་ཀྵོ་བྷ་ཡ་གཉིས། ཆེ་གེ་མོ་ཝ་ཤྱཾ་ཀྲིཏྟ་ཝ་ཤྱ་ཀུ་རུ་ཧོ(རྒྱུད་འགྲེལ་ཧཱ་སིདྡྷི་པཱུ་ཛ་ཨགནི་ཏ་བྷ་ན་ཏ་མཱ་ཥཎི?། རི་ཎི་བྷུཾ་ཨོཾ་ཀུ་སུ་མ་མཱ་ལི་བྷི་ཧཱུཾ་ཛ:ོཾ་བཛྲ་ཀུ་པ་ཛི་ཀཾ་བྷཻ་ཋ:ཋ:ཋ(རྒྱུད་འགྲེལ་ཏེ་མ་གྲུབ་ན། །འཁོར་ལོ་ཏིང་འཛིན་ཧཡ་ཀྱིས་སྤོགས། །ཌཱ་ཀི་མ་ཡི་རྫས་སྒྲུབ་འདི། །སྦོག་མི་དགོས་ཏེ་གདམས་པའི་མཆོག་།དུང་དང་ར་གན་ཟངས་དང་ལྕགས། །སྣོད་ཀྱི་བྱེ་བྲག་བསྟན་པའོ། །ལྷ་དང་འོད་ཟེར་འཁོར་ལོ་ལས། །སྒོམ་པའི་རིམ ་པ་དེ་ཡིས་ཤེས། །ཐུན་མོང་ལྷ་དང་ཁྱད་པར་ལྷ། །མཆོག་ཏུ་ཤིས་པའི་ལྷ་ཞེས་བྱ། །བརྒྱད་དང་ཉེར་ལྔའི་དུས་སུ་ནི། །རབ་ཏུ་གནས་དང་སྒྲུབ་པ་དང། །སྤོག་པའི་དབྱེ་བ་ཤེས་པར་བྱ། །སྔ་དྲོ་གུང་དང་ཉི་མའི་ཟེར། །དེ་བཞིན་དུས་ཀྱང་ཤེས་པར་བྱ། །ཆུ་ས་མོ་ཡི ་དབྱེ་བ་ཡིས། །བགྲང་ཕྲེང་གོས་དང་རང་མདེག་ཤེས། །མར་དང་སྤྲང་རྩི་བུ་རམ་དང། །ཞོ་དང་འབྲུ་དང་རིན་ཆེན་ལྔ། །དུག་ཡུངས་ཁྲག་སོགས་དབྱེ་བ་ཤེས། །མ་རུངས་ཞི་དང་ལོངས་སྤྱོད་རྒྱས། །དམིགས་བྱ་དབང་བསྡུད་ཚར་གཅོད་པ། །ནང་རེ་དུས་ཀྱི་དང་པོ་ལ?། ། ་གསང་སྔགས་ཉི་ཤུ་རྩ་གཅིག་བཟླས། །ཟླ་བ་གཅིག་དང་གཉིས་དང་ནི། །གསུམ་དང་བཞིན་འགྲུབ་པ་འགྱུར། །གཏོར་མ་མཆོད་པ་སྦྱིན་སྲེག་གིས། །ཐུན་མོང་ཁྱད་པར་མཆོག་གི་ལྷ། །མཉེས་པར་བྱས་ལ་དངོས་གྲུབ་བླང། །པར་ཆད་བསྲུང་བའི་ཆོ་ག་ལ ་རབ་ཏུ་འབར་པས་བསྒྲུབ་པར་བྱ། །ལུས་ངག་ཡིད་ཀྱིས་སྦ་པར་བྱ། །ཧོར་པ་མི་རོ་རྒྱལ་པོ་བཞིན། །ཤིན་ཏུ་གསང་སྟེ་སྤྱད་ན་འགྲུབ། །བླ་མ་དམ་ཚིག་ལྡན་པ་ལ། །ལུང་སྒྲུབ་པས་ནི་འདོད་པ་འགྲུབ། །དེ་ཡིས་མན་ངག་ཤེས་པར་བྱ། །རབ་འབྲིང་ཐ་མའི་དབྱེ ་པ་ཡིས། །རང་དང་བསྒྲུབ་བྱའི་བསོད་ནམས་བརྟག་།བསྒྲུབ་བྱའི་མཚན་ཉིད་དེ་ཡིས་ཤེས། །གྲུབ་ནས་གཞན་ལ་ལུང་མི་དཔོག་།སྒྲུབ་པོས་རབ་ཏུ་གནས་པ་དང། །འཁོར་ལོའི་རབ་གནས་གསོ་བར་བྱ། །ཆོས་དང་ལྡན་པའི་གང་ཟག་གིས། །ཆོས་ཀྱི ་དོན་དང་སེམས་ཅན་དོན། །བསྟན་པའི་དོན་དུ་སྤྱད་པ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། དེ་ལས་གཞན་པས་མི་འགྲུབ་སྟེ། །ལུས་ངག་ཉོན་མོངས་ཁོ་ནར་ཟད། །རྒྱལ་ཁམས་གཅིག་དང་གྲོང་ཁྱེར་གཅིག། ཕོ་མོའི་དབྱེ་བ་ཤེས་པར་བྱ། །ཆོས ་མཁས་དང་ནི་གནས་ལྔ་མཁས། །ས་ཡི་བདག་པོ་ཁྱིམ་གཅིག་གི་།དབྱེ་བ་རིམ་པས་ཤེས་པར་བྱ། །མཆོག་ཏུ་འཕགས་པའི་སྒྲུབ་ཐབS་འདི། །རང་དོན་བྲལ་བས་གཞན་དོན་དུ། བཀོད་པའི་དགེ་བས་སེམས་ཅན་གྱི། །འདོད་པ་འགྲུབ་པས་ཚིམ་གྱུར ་ཅིག། སྔགས་ཀྱི་རྒྱལ་པོ་དམ་ཚིག་གི་དངོས་གྲུབ་ཀྱི་མཆོག་སྒྲུབ་པའི་ཐབས་ཤེས་བྱ་བ། སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཀ་ལི་ཙཀྲ་སཱུརྱ?་ཝ་ཤཾ་ནཱ་མ་།བོད ་