| Wylie | e-texts based on the ACIP/ALL Input |
པར་འགྱུར་རོ། །བགེགས་སེལ་བའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་ཀོས་ལའི་རྣལ་འབྱོར་བ། བརྟུལ་ཤུགས་སྤྱོད་པ་བཻ་རོ་ཙ་ནས་རང་འགྱུར་བྱས་པའོ།། །།འཁོར་ལོའི་??་ཌོཾ་བྷི་ཧེ་རུ་ཀ་ས་མཛད་པ།། རྒྱ་གར་སྐད་དུ། ཤྲི་ག་ཎ་པ་ཏི་ཙཀྲ་སཱུ་རྱ་དབང་འཁོར་ལོའི་གསལ་བྱེད་གི་སྔགས་པ་བསྐལ་བཟང་ཡོ་བྱད ་ཚོགས་ཀྱི་བདག་པོའིའི་འཁོར་ལོའི་གསལ་བྱེད། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །བླ་མའི་ཞབས་ཀྱི་ཆུ་སྐྱེས་ལ། །བཏུད་དེ་དེའི་མན་ངག་ནི། །ཁྲི་གཞི་རབ་གནས་བསྒྲུབ་པ་དང་།།བགེགས་དབང་འཁོར་ལོའི་གསལ་བྱེད་གི་སྔགས་པ་བསྐལ་བཟང་ཡོ་བྱད་ཚང། །རྒྱུ་སྐར་རྒྱལ་ལ་ལས་རྣམS་? ་ཐོག་མར་བྲི་བའི་ཆོ་ག་ནི། །ས་དང་ནམ་མཁའ་རང་གི། འཁོར་ལོ་གསུམ་གྱི་དབྱེ་བ་ཡིས། །བསྒྲུབ་པོའི་སྲོག་གི་འཁོར་ལོ་འབར། །ཁོར་ཡུག་རིམ་པ་དགུ་ཡི་དབུས། །ཞི་རྒྱས་ཟླ་བ་ནོར་བུ་དང། །དབང་དྲག་ཉིད་ཕྱེད་གྲུ་གསུམ་ཉིད། །ཐོག་མའི་སྡེ་ཆན་ཐ་མའི་མཐར། ་ཨོཾ་ཡིག་གིས་ནི་རབ་བརྒྱན་པའི། །ཡེ་གེ་དྲུག་བ་ནོར་བུའི་གཟུགས། ཨོཾ་ཨ་ག(རྒྱུད་འགྲེལ་སིདྡྷི?། སརྦ་ཨརྠས་དྷ་མེ་བྲ་ས་དྷ་ཡེ་སྭཱཧཱ། །ོཾ་བར་ཏཀ་ཡེ་སྭཱཧཱ། །ོཾ་བག་ཏྭེ?་???་།ོཾ་གན་པར་ཚ་ཡ་སྭཱཧཱ་།ཉེ་སྙིང། སྙིང་པོ་མིང་གི་སྙིང་པོ། །རོ་རི་ཀླུ་རྣམས་གོ་རིམ་བཞིན། །དབྱངས་དང་གསལ་བྱེད་བྱེད་སྤེལ་ཚིག་བཅས། ། ཨཱ་ལ་སོགས་པ་དབྱངས་ཡིག། ཀ་ཁ་ག ་ང་སོགས་གསལ་བྱེད། །ཡེ་དྷརྨཱ་སོ?་ནི་བརྟེན་འབྲེལ་སྙིང་ཁུ་གང་རྒྱས་བ་ལས་བཞི་རིམ་པ་ནི་།ཟླ་བ་ཡིད་བཞིན་ཞར་ལ་མཚོན། །བགེགས་བདག་རོལ་པའི་ལྟོ་བར་བྲི། །ཕྲིན་ལས་བཞི་ཡི་རིམ་པའོ། །ནམ་མཁའ་བཟློག་པའི་རིམ་པ་ཡི། །རྒྱ་མཚོ་ཡང་ནི་དེ་བཞིན ་ནོ། །དེ་ཉིད་བར་ནང་ཙ་ཀྲའོ། །ནམ་མཁའ་རྒྱ་མཚོའི་ཙཀྲ་ཡང། །ཁོར་ཡུག་རིམ་པ་ལྔ་དང་ལྡན། །ལྟེ་བར་ག་ལ་སྤེལ་ཚིག་བསྐོར། །དང་པོ་འདབ་བརྒྱད་མཚོ་སྐྱེས་ཏེ། །བརྒྱ་བྱིན་གཤིན་རྗེ་གནོད་སྦྱིན་ཆུར། །ཡི་གེ་བདུན་པ་སྤེལ་ཚིག་བཅས། མེ་རླུང་བདེན་བྲལ་བགེགས ་ཀྱི་སར། །ཉེ་སྙིང་སྙིང་པོ་ཡང་སྙིང་ངོ། །རྩ་བའི་སྔགས་རྣམས་རིམ་ལས་བྲི། །མིག་མེ་མཚོ་མཐར་ཨོཾ་དབྱངས་གསལ་།རྟེན་འབྲེལ་སྤེལ་ཚིག་བཅས་པ་བྲི། །དེ་ལྟའི་བར་མཆོག་འཁོར་ལོ་ཡང། །ལས་བཞིའི་དབྱེ་བས་སོ་སོར་འགྱུར། །རས་རྒྱས?་ནོར་བུའི་མདོག ་བཞིན་ནོ། །ཡར་ངོའི་ཚེས་ལ་སྐལ་བཟང་གིས། །ནྱ་གྲོ་ཏ་སོགས་དཀར་པོ་ལ། །འབྲས་ལ་སོགས་པའི་སྣག་ཚ་ཡིས། །དུར་བའི་སྙུག་སོགས་འཛིན་ལས་བྲི། །ཤར་ཏུ་ཕྱོགས་ཏེ་བྲིས་པས་ནི། །ཞི་བའི་ཆོ་གས་རབ་ཏུ་གནས། །དངུལ་ལ་སོགས་པའི་གཞུར་གཞུན ་མར་དང་འོ་སྦྲད་དག་གིས་དགང། །མཎྜལ་སྟེང་བཞག་རིན་ཆེན་སྣོད། །འབྲུ་བཅས་དབུས་སུ་གཞུག་པར་བྱ། །རང་ཉིད་ལྷག་པའི་ལྟར་དམིགས་ཏེ། །ཙཀྲ་ཚོགས་བདག་རབ་དཀར་གཟུགས། །ཐུགས་ཀར་འཁོར་ལོས་བརྒྱན་པ་བསམ། །བདག་གི་བཟླས ་བས་དེ་ཉིད་བསྐུལ། །བདག་ལ་ནང་གདོན་ལྕེ་འབབ་སོགས། །མི་འཐུན་ཕྱོགས་རྣམས་འདི?་བྱེད་ཅིང། །འདོད་པ་བསྒྲུབ་པར་བསྒོམ་པ་ཉིད། །བཟླས་པའི་སྦྱོར་བ་དང་ལྡན་པས། །ཞག་བདུན་པར་དུ་བསྒྲུབ?་པར་བྱ། །དེ་ནས་གྱུར?་དངད?། ར་དྲིལ། ། ་མཆན། བུད་གཡོན་བཅད་སྔ་དྲོའི་དུས། །གའུ་མདུན་བཞག་སྔར་བཞིན་བསྒོམ། །དེ་ཡིས་ནད་གདོན་འཇིགས་པ་དང། །རྒྱལ་པོ་ཚོམ་རྐུན་ལྕེ་འབབ་སོགས། །བསམ་སྦྱོར་ངན་རྣམས་ཞི་བར་བྱེད། །ཞི་བར་བྱེད་པའི་ཆོ་གའོ། །ནཱ་གྲོ་ཏ་སོགས་སེར་པོ་ལ། །ལྷ་? ་འཇམ་པའི་སླུ?་གུ་ཡིས། །འབྲས་བུ་ཚེ་དང་བསོད་ནམས་སྟེར། །རྒྱས་པར་བྱེད་པའི་མཛའ་རྟེན་ཅན། །ཆོ་ག་བཞིན་དུ་བྲིས་ནས་ནི། །རྒྱས་པའི་ཆོ་གས་རབ་ཏུ་གནས། །གསེར་ལ་སོགས་པའི་གའུར་གཞུག་།མར་དང་འོ་མ་སྦྲང་རྩིས་བཀད། །མཎྜ་ལ? ་རདནའི་སྣོད་མཛེས་སུ། བཞག་ལ་གསེར་ལྡན་ཆོགས་བདག་ནི། །བསྐུལ་བས་དོན་ཀུན་འགྲུབ་པར་འགྱུར། །སླར་ཡང་གསེར་མདོག་ཅན་གྱིས་དྲིལ། །བཅངས་ཞིང་སྤུང་ལ་མདུན་བཞག་སྟེ། །སྔགས་ཀྱིས་ཚེ་བདག་སྐུལ་བ་ཡིས། །འདོད་དགུ་འབྱུང་ཞིང་རྒྱས ་པར་བསམ། །བསོད་ནམས་ཚེ་དང་འབྱོར་པ་སོགས། །གྲགས་དང་དཔལ་ནི་རྒྱས་པར་བྱེད། །རྒྱས་པར་བྱེད་པའི་ཆོ་གའོ་།གྲོག་གུར་ཀུམ་གི་ཧཾ་ཆུས། །ཟངས་སོགས་སྙུག་གུས་ནུབ་བྱད་བྲི། །དབང་དང་དགུག་པའི་སྤེལ་ཚིག་བཅས། །དེ་ཉིད་ཆོ་གས་རབ་ཏུ ་གནས། །ཟངས་སོགས་གའུར་པྲ་ཚིལ་བསྡམས། །མར་སྤྲང་བླུགས་ཏེ་བསྡམ་པར་བྱ། །སྣོད་བཟང་མཎྜལ་སྟེང་བཞག་ལ། །ཚོགས་བདག་པདྨ་ར་གའི་མདོག་།བདག་གི་བཟླས་པས་བསྐུལ་བ་དང། །འཇིག་རྟེན་གསུམ་སོགས་འབྱོར་པ་བགུག?་།དབང ་དང་དགུག་པའི་དོན་གྲུབ་བསམ། །གང་ཞིག་དབང་དང་དགུག་འདོད་པས། །ཆོ་ག་འདི་ཡིས་འགྲུབ་པར་བྱེད། །དུར་ཁྲོད་རས་སོགས་ནག་པོ་ལ། །མི་རུས་སྒྲོ་རྐད་སྐུ་གུས་དྲི། །བསད་དང་རེངས་དན་དབྱེ་བ་དང། །བསྲུང་དང་བཟློག་པར་རོ་རས་ཉིད། །སྙུག ་མས་ལྷོ་ཕྱོགས་སྤེལ་ཚིག་བཅས། །དྲག་པོའི་ཆོ་གས་རབ་ཏུ་གནས། །ཚོགས་བདག་ནག་པོའི་ལུས་ལའོ། །མཎྜལ་སྟེང་བཞག་བསྐུལ་བ་ཡིས། །བདག་ལ་གནོད་པའི་སྐྱེ་བོ་རྣམས། །བསད་རེངས་རྨུགས་དང་བཟློག་པ་དང། །མེ་མཐུན་བསྲུང་ཞིང་དོན་གྲུབ་བསམ། ་སླར་ཡང་ལྕགས་ཀྱི་གའུར་གཞུག་།སྲོང་ལ་མདུན་བཞག་སྔར་བཞིན་བྱ། །དེ་ལྟའི་བསྲུང་འཁོར་ཆོ་ག་ཡིས། །ལྷ་ཡང་རུང་སྟེ་བརླག་པར་བྱེད། །ནང་གདོན་འཇིགས་པ་མ་ལུས་བསྲུང། །བྱང་སྟེམས་རིག་སྔགས་ངན་རྣམས་བཟློག་།གསང་སྔགས་མགོ་བོ་ནས ་དུ་བསྟན། །བསྲུང་དང་ཞི་རྒྱས་ཕྱི་རུ་སྟེ། །དེ་ལྟའི་ཆོ་ག་བཟང་པོ་ཉིད། །བརྩམས་པ་ཙམ་གྱིས་ཐུན་མོང་མཆོག་།འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྐལ་བཟང་རྣམས་ཀྱི་དོན་ལྡན་ནོ། །དཔལ་ལྡན་གཉིས་མེད་རོལ་པའི་གཞབས། །ཕུང་བ་བདུད་རྩིས་ཚིམ་བྱས་པའི ་འཁོར་ལོའི་ཆོ་གའི་དགེ་བ་དེས། །འགྲོ་ཀུན་ཕུན་ཚོགས་ཉིད་གྱུར་ཅིག་།དཔལ་ཆོ་གས་ཀྱི་བདག་པོའི་འཁོར་ལོའི་གསལ་བྱེད། །སློབ་དཔོན་ཆེན་པོ་ཌོཾ་བྷི་ཧི?་རུ་ཀས་མཛད་པ་རྫོགས་སྟོ།། ཤུ་བྷཾ།། །།སྔགས་ཀྱི་རྒྱལ་པོའི་?་དངོས་གྲུབ་? ་