| Wylie | e-texts based on the ACIP/ALL Input |
ཆོ་ག་།སློབ་དཔོན་ཆེན་བོ་མཆོག་གི་དངོས་གྲུབ་བརྙེས་པ་།ནག་པོ་ཞབས་ཀྱིས་མཛད་པ་རྫོགས་ཤོ།། །།པཎྜི་ཏ་ག་ཡ་དྷ་ར་དང་།ལོ་ཙ་བ་གྱི་རྡོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ།། །། སྦྱིན་སྲེག་གི་ཆོ་ག། རྒྱ་གར་སྐད་དུ་། ་ཧོ་མགྷཱི་བི་དི་ནཱ་མ། བོད་སྐད་དུ། བགེགས་བདག་གི་སྦྱིན་སྲེག་གི་ཆོག་རབ་ཏུ་བཤད་པ། དང་པོར་སྔོན་དུ་འགྲོ་བ་བརྩམ། །རྒྱས་པར་སེར་པོའི་ས་ལས་ནི། །རིན་ཆེན་རྣམ་པའི་ཐབ་ཁུང་ངམ། །ཡང་ན་གྲུབ་ཞི་མཉམ་པར་བྱ། །རྒྱ་རུ་ཁྲུད?་དཔངས་སུ་གང ་དེའི་ནང་དུ་སོར་མོ་བརྒྱད། །དོར་བ་དེར་ནི་ཁ་ཁྱེར་གནས། །ཀུན་ནས་སོར་མོ་བཞི་པ་ནི། །རིན་ཆེན་ཕྲེང་བས་རྣམ་པར་བརྒྱན། །ཐབ་ཁུང་དབུས་ནི་སེར་པོ་རུ། །འཁོར་ལོ་རྩིབས་བརྒྱད་ལྟེ་བ་ལ། །རྡོ་རྗེ་རིན་ཆེན་སེར་པོ་དྲུག་།སེར་པོའི་ས་དང་དྲི་ཡིས་ནི། །ཐབ་ཁུང ་ཀུན་ཏུ་བྱུག་པར་བྱ། །བུད་ཤིང་ཐབ་ཁུང་པས་ཐུང་ཚད། །དགོན་པ་ཡི་ནི་གཅི་བ་ཉིད། །འབུ་སྲིན་ཡོངས་སུ་སྤངས་པའོ། །ཡཾ་ཤིང་འབྲུ་དང་བསྲེག་པའོ།། ཤིང་ནི་བཤིས་པའི་ཆོ་གའོ། །ཡམ་ཤིང་ཞི་བ་བཞིན་དུ་བཟུང། །མཛེས་པ་དབུས་ཀྱི་ཆ་ལས་སྐྱེས། །ཁུ ་ཚུར་བཅངས་པའི་ཁྲུ་ཚད་ཙམ། །ཞོ་དང་འོ་མ་མར་ལ་བརྟག་།ཟས་ཀྱི་མཆོག་དང་ཞོའི་ཟས། །མར་ལ་སོགས་པའི་རོ་མཆོག་དང། །མར་དང་ལྡན་པའི་སྦྲང་རྩི་དང། །ས་ལེ་ཆུ་བླུགས་པདྨ་དང། །གྷྲི་ཧ་ཡན་གེ་སར་དང། བིལ་བའི་འབྲས་བུ་དུར་བ་རྣམས། ་འབྲས་བུར་བཅས་པའི་ཤིང་སྔོན་བཞིན། །རྒྱས་པའི་ལས་ལ་སྦྱིན་སྲེག་བྱ། །ཙམ་པ་ཀ་དང་ཨ་ཤོ་ཀ་།ན་ག་གེ་སར་ཟེ་འབྲུ་ཅན། །ཇི་ལྟར་མེ་ཏོག་ལ་སོགས་པ། །དྲི་མེད་རབ་དངས་འབྲས་བུར་བཅས། །ལྗོན་ཤའི་དྲི་མ་མེད་པ་ཡིས། །ཤིང་གི་མེ་ཏོག་རབ་ལྡན་པ།། ་སོར་མོ་ལྔ་པ་རབ་ཏུ་ལྡན། །སེར་པོའི་བརྒྱན་བཅས་སྔ་དྲོ་སྟེ། །ནོར་གྱིས་ཕོངས་ནས་རྒྱས་པར་བྱ། །བཟང་པོའི་འདུག་སྟངས་ཀྱི་བདུག་སྟེ། །ཡང་ན་རྒྱལ་པོ་རོལ་པས་སོ། །འབུམ་ཕྲག་གཅིག་ཏུ་སྦྱིན་སྲེག་བྱ། །གླིང་ཀུན་དབང་བསྒྱུར་རྒྱལ་པོ་ཡིས ་དཔལ་ཆེན་པོ་ལ་སྤྱོད་པར་འགྱུར། །བརྟུལ་ཤུགས་ཅན་སེམས་མགུ་སེམས་དང། །བྱང་དུ་ཁ་བལྟས་དགའ་ལྡན་པས། །རིན་ཆེན་འབྱུང་བའི་སྦྱོར་བ་ཡིས། །རྒྱས་པ་ཡི་ནི་ཆོ་ག་བཞིན། །ོཾ་གྱི་མཛའ་ཅན་སྔགས་བཟླས་སོ། །ཐབ་ཏུ་མེ་ལྷ་སེར་པོ ་བསྐྱེད། །བསངས་སྦྱངས་མཆོད་པས་མཉེས་པར་བྱ། །དེ་རྗེས་བགེགས་བདག་རྒྱས་པར་བསྐྱེད། །དགང་བླུགས་རྒྱས་པར་འབུལ་རིགས་བདག་བར་བྱ། །དངོས་གྲུབ་ཀུན་གཞན་དུ་བཤད་པའི་དང་ལས་རྣམས་ནི། །སྔགས་པས་སྦྱིན་སྲེག་མེད་མི་འགྲུབ། །དེ་ཕྱིར་སྔགས་དང་སྦྱིན་སྲེག ་བྱ། །འབད་དེ་བརྩམ་པར་བྱ་བ་ཡིན། །རྒྱས་པའི་ལས་སོ། །དབང་གི་ལས་ནི། དབང་ལ་དམར་བའི་ས་དག་ལ། །ཟླ་གམ་དང་ནི་མཚོ་སྐྱེས་འདྲ། །རྒྱལ་ཁྲུ་དོ་དཔངས་སུ་གང། །བྱུག་པ་དམར་པོ་ཁ་ཁྱེར་ནི། །ལྕགས་ཀྱུ་འབར་བས་རབ་ཏུ་བརྒྱན། །དབུས་སུ ་པདྨ་མཚོ་སྐྱེས་དམར། །དབང་ལ་བཤིས་པའི་ཤིང་བརྩིག་གོ་།འོ་མ་ཅན་དེ་དེ་དམར་པོའི་ཤིང། །ལྗོན་ཤིང་དྲི་མ་མེད་པ་ནི། །ཤིང་གི་མེ་ཏོག་དམར་པོ་ཅན། །དབང་ལ་བཤིས་ཁ་དོག་པའི་ཤིང་གིས་བརྩིག་།མཆོད་རྫས་མེ་ཏོག་དམར་པོ་སོགས། །ཞལ ་ཟས་ལ་སོགས་ཅི་འབྱོར་བཤམ། །སྲེག་རྫས་མིང་གཟུགས་མེ་ཏོག་དམར། །བ་གླང་ཤ་དང་གི་ཧཾ་སོགས། །སྔགས་པའི་ཆ་ལུགས་དམར་ཞིང་མཛེས། །དུས་ནི་ཉི་མ་ནུབ་ཁ་སྟེ། །ཆགས་ཤིང་གོས་ནི་དམར་པོ་གྱོན། །སེམས་དཔའ་ཨི་དཀྱིལ་?་དག་གིས ་གནས། །ཆགས་པ་རྡོ་རྗེ་སྦྱོར་ལྡན་པས། །ནུབ་ཏུ་ཁ་བལྟས་ཐུན་དང་པོར། །སྔགས་པ་བགེགས་བདག་ང་རྒྱལ་གྱིས་།ཡཾ་ལས་རླུང་གི་དཀྱིལ་འཁོར་ལས་།བཙུན་མོའི་པདྨ་འཇམ་གནས་པའི། །བསྒྲུབ་བྱ་རྗེས་སུ་ཆགས་པས་དམིཌ ་འོད་ཟེར་བསྐུལ་བའི་སྦྱོར་བ་དང། །སྔགས་པས་ཧོ(རྒྱུད་འགྲེལ་དགང་བླུགས་ལེགས་པར་དབུལ། །ལས་རྣམས་ཐམས་ཅད་འགྲུབ་པ་སྟེ། །ལས་ཀུན་གྱི་ནི་དེ་ཁོ་ན། །བསམ་པའི་ཁྱད་པར་གྱིས་ནི་བྱ། །སལ་ལས་དང་རྗེས་འཐུན་པའི། །ཐབས་?་ལས་རྣམས་ཐམས་ཅད་ལ། །སྔགས་པས་ཇི་ལྟ་བཞིན་དུ་བྱ། །གཞན ་གྱི་དཔུང་གཞོམ་སྦྱིན་བསྲེག་ནི། །བསྒྲུབ་པོ་རྒྱལ་པོའི་རྒྱུ་རུ་ནི། །གསང་སྔགས་སྟོང་ཕྲག་བཅུ་རུ་བཟླས། །ཕོ་ཉའི་སྟེང་དུ་རབ་གནས་ཏེ། །སྦྱིན་སྲེག་སྟོང་ཕྲག་ལྔ་རུ་བྱ།། ཤ་ཆེན་དང་ནི་འོ་མར་རྟགས། །དེ་ཡི་དགང་བླུགས་རིམ་བཞིན་བྱ། །དཔག་ཚོད་འབུམ ་ཕྲག་བརྒྱ་ཉིད་དུ། །དམག་མིས་གདབ་བརྙེད་པར་འགྱུར། །དཔལ་ཆེན་གྲུབ་པ་རྒྱལ་དབང་ཕྱུག་།དེ་བཞིན་གཞན་གྱི་བརྡོ་མི་ནུས། །མི་དང་གླང་པ་ཡཾ་ཤ་།དེ་བཞིན་བསྲེག་བླུགས་གཞན་དག་ལ། ཆང་དང་འོ་མར་མཉམ་བརྟགས་པ། །འབུམ་ཕྲག་གཅིག ་ཏུ་སྦྱིན་བསྲེག་བྱ། །གླིང་བཞི་དབང་བསྒྱུར་རྒྱལ་པོ་ཡི། །དཔལ་ཆེན་པོ་ལ་སྤྱོད་པར་འགྱུར། །དེ་ནས་དགུག་པའི་ཆོ་ག་བཤད། །ལི་ཁྲིའི་མདོག་དང་འདྲ་བར་བསྒོམ། །རླུང་དུ་སྟེང་བལྟས་ཕྱོགས་གོས་ཅན། །བསྒྲུབ་བྱ་གཡོག་བ་བསམ་བར་བྱ། །རོལ་མོའི་མཚམས ་རྔམ་གདན་ལ་གནས། །ཞགས་པ་ལྕགས་ཀྱུའི་སྦྱོར་བར་ལྡན། །ཛའི་མཛའ་ཅན་སྔགས་བཟླས་ཏེ། །བསྒྲུབ་བྱའི་སྙིང་ཁ་ཆུ་སྐྱེས་དབུག་།འཇིག་རྟེན་?་གསུམ་པོ་དེས་པར་དགུག་།?་དུ་དེ་ནས་གཞན་གྱི་ཆོ་ག་ཤེས་རིག་བཤད། །དགུག་སོགས་ཇི་ལྟར ་གསུངས་པ་ཡི། །ཐོད་བ་དུམ་བུ་གཅིག་པའང་རུང། །མཉམ་པར་མཛེས་ཤིང་བཟང་པོ་ལ། །བསྒྲུབ་པ་བྱ་བའི་ལུས་གྲི་ཞིང། །དེ་བཞིན་འདབ་མ་བརླན་ཅན་བརྒྱའི། །སྔགས་དང་མིང་ནི་ལྷན་ཅིག་ཏུ། །གསེར་གྱིས་ཤིང་གི་སྙུ་གུ་ཡིས། །བ་གླང་གི་ཧཾ་ཁྲག་གིས་བྲི། །ཁྲག་གིས ་སྔགས་པ་ཡི་ནི་གོས། །བསྒྲུབ་བྱ་ཡི་ནི་སྟེང་དུ་གཡོགས། །སྙིང་པོའི་སྔགས་ནི་གོ་བཟློག་ལ། །བཟླས་པ་སྦྱིན་ཟེར་ཡང་ཤིང་ལོ་ལ་བྲིས་བའི་ཐོད་པ་དུམ་བུ་གཅིག་བ་ལ། འདིག་སྔགས་དང་?་དང་བཅས་པ་བྲི་བ་མང་པོ་བྱས་པས་སྲེག་བྱ་བ་སྟེ། སྔགས་དང་འགྱིང་བར་བཅའ་ལུགས་ཀྱིས།། ་།།འདབ་མ་རེ་རེ་རབ་བླངས་ཤིང། །ཡིད་ལ་འདོད་པ་མྱུར་དུ་དགུག་།དེ་ནས་གཞན་ཡང་ཙན་དན་ཤིང། །དམར་པོའི་རང་བཞིན་གཟུགས་བརྙན་བྱ། །རང་གི་ཁྲག་དང་གི་ཧཾ་གིས། །བྲིས་ཏེ་དེ་སྙིང་ཁར་བཞུག་པར་བྱ། །ཚ་བ་གསུམ་གྱིས་ལུས ་ལ་བྱུག། ཟངས་མའི་ཁབ་ཀྱིས་བསྒྲུབ་བྱ་ཡི། །སྙིང་ཁ་ལྟེ་བ་གསང་བ་ཡི། །གནས་གསུམ་པོ་ནི་ཕུག་བྱས་ཏེ། །གང་འདོད་མཚན་མོ་ཕྱེད་ན་ནི། །དེ་ནི་མྱུར་དུ་དགུག་པར་འགྱུར། །གསེར་གྱི་ཙག་གི་བྷ་ག་ནི། །བྲིས་ཏེ་དེ་སྟེངས་ལག་གཡོན་གྱིས། །མནན་ཏེ་གར་གི་མིང་? ་ཏེ། །བརྒྱ་དང་རྩ་བརྒྱད་བཟླས་བྱས་ནི། །དེ་ནི་སྐད་ཅིག་དེ་ལ་འོང། །སྟེང་དུ་འཁོར་ལོའི་འདབ་བླངས་ཏེ། །བྱ་རོག་སྒྲོ་ཡི་སྙུག་གུ་ཡིས། །མིག་ཆུ་ཡི་མིང་དང་ནི། །སྤེལ་བའི་འཁོར་ལོ་བྲི་བར་བྱ། །འབད་དེ་སྟེང་གི་རླུང་སྦུར་ན། །དེ་ནི་སྐོད་པའི་ཆོ་ག་ཉིད། །སྤྲེའུ་འི་དུས? ་པའི་རང་བཞིན་ལ། །ཕུར་བུ་སོར་ཚད་དྲུག་བྱ་སྟེ། །ལན་བདུན་དུ་ནི་མངོན་བསྔགས་པས། །གང་གི་སྒོ་རུ་བརྐོས་པས་ན། །དེ་ཡི་རིགས་ནི་གཅོད་པར་འགྱུར། །བ་གླང་གླང་པོ་རྟ་བེད་དང། །རྔ་མོ་དམ་ཧེའི་གནས་རྣམས་སུ། །བརྐོས་ཏེ་སྤས་ན་བརླག་པར་འགྱུར།། ་རླུང་གི་དཀྱིལ་འཁོར་ཞོན་ནས་ནི། །མགྲིན་རིངས་སྟེང་དུ་རབ་གནས་བ། །བསྒྲུབ་བྱ་ཕྱོགས་ཀྱི་གོས་ཅན་ལྟ། །སྐྲ་གྲོལ་ཏིལ་གྱི་མར་ཁུས་བྱུག། ལྷ་རུ་ཕྱོགས་ཤིང་སྐྱབས་མེད་པ། །མྱོས་དང་བཅས་ཤིང་དུ་བཞིན་པ། །ཞགས་པ་ཡིས་ནི་ལག་བཅིངས་ཏེ། ་རྒྱབ་ནས་བསྣུན་བཞིན་པ་ནི་བསམ། །མཁས་པས་དེ་ཆེ་མེ་ཁ་ལྟ། །ཁམས་གསུམ་མནན་པའི་བསམ་པ་དང། །གལ་ཏེ་འདོད་པ་བསྒྲུབ་འདོད་ན། །ཛའི་མཛའ་ཅན་སྔགས་བཟླས་འགྲུབ་རྟད་མ་ཧེ་?་བཞོན་པས། གཉིས་པོ་དག? ་ནི་རྟག་པར་བསམ། བསྒྲུབ་བྱ་མཚོན་ཆས་རབ་སྤྲས་ལ། །ཕན་ཚུན་དུ་ནི་བརྩོད་པར་ལྡན། །བསྒྲུབ་པོ་འཁྲུལ་འཁོར་བསམ་གཏན་ཕྱོགས། །ཀུན་དུ་བརྩེ་བ་མེད་སེམས་པར། །མ་ཧེ་རྟ་ལ་ཞོན་པ་ཡིས། །ཆར་བཅས་འཁོར་གྱི་ཁྱད་པར་གྱིས། །མིང་གི་ཡི་གེ་དེ་རྣམS ་དང། །རཾ་དང་རཾ་གྱིས་ཀུན་ནས་སྤེལ། །དེ་བཞིན་སྤྱི་བོའི་སྟེང་དུ་རཾ། །ཡན་ལག་ལས་ནི་ཤེས་པར་བྱ། །རི་ཡི་རྩེ་མོར་གནས་གྱུར་པ། །རྡོ་རྗེ་དཀྱིལ་འཁོར་དཀྲུང་དེས་བསྟན་པར། །དེས་ནི་བསྒྲུབ་བྱ་ཡང་དག་མནན། །ལུས་དང་ངག་དང་སེམས་ནི་གཟིར། །དེས་ནི་མངོན ་དུ་གསུངས་པ་བཞིན། །མིང་གི་མཛའ་མར་སྤེལ་བར་བྱ། །འདི་ནི་མནན་པའི་ཚེ་གའོ། །ལས་མཛའ་བསྲེག་མནན་འཕང་གསུམ་སྦྱར། །བགེགས་ཀྱི་བདག་པོའི་སྦྱིན་སྲེག་།དཔལ་ནག་པོ་པས་མཛད་པ་རྫོགས་སྟོ།། །།པཎྜི་ཏ་ག་ཡ་དྷ་ར་དང ་ལོ་ཙ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིS་བསྒྱུར་བའོ།། ཤུབྷཾ་།།ཤིན་ཏུ་མྱུར་བའི་ལྷ་ཆེན་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས། །རྒྱ་གར་སྐད་དུ། པུ་ཎ་དེ་ཝ་མ་ཧཱ་བི་གྷ་རཱ་ཛཱ་སཱ་དྷ་ནཱ་མ། བོད་སྐད་དུ། ཤིན་ཏུ་མྱུར་བའི་ལྷ་ཆེན་པོ་བགེགས་ཀྱི་རྒྱལ་པོའི་སྒྲུབ ་