CLOSE WINDOW

N3766: 'phags pa tshogs kyi bdag po la bstod pa
Wyliee-texts based on the ACIP/ALL Input

ལ་ལྷ་ཡུལ་ནས་དགུག་གོ་།ོཾ་པདྨ་ཀ་མ་ལ་ཡེ་སྟཝཾ། ཞེས་ཡི་གེ་བདུན་པ་གསུམ་གྱིS་གདན་དབུལ་ལོ། །ོཾ་ཨ་ག(རྒྱུད་འགྲེལ་ཞེས་པ་དངོས་གྲུབ་བླང་བའི་སྔགས་ཡི་གེ་བཅོ་བརྒྱད་པ་བརྒྱ་རྩ་བརྒྱད་བཟླས་སོ། །ོཾ་ཨ་མུ་ཀཾ་ཛཾ་ཝི་མ་ལ་ཡ། མོགྷ་ཛཾ་བྷ་ལ་ཨ་བྷ་བྷ་ཡེ། ཨ་མུ་ཀཾ་མ་ར་ཡ་ཧཱུཾ་ཕཊ་སྭཱཧཱ། །ཞེས་པ་ནོར་སྤེལ་བའི་སྔགས་ཡི་གེ་ཉེར་གཅིག་པ་བརྒྱ་རྩ་བརྒྱད་བཟླས་སོ། ། ་ཨོཾ་མུ་ལེ་བྷྲུཾ་ཞེས་པ་བཙུན་པའི་སྔགས་ཡི་གེ་བཞི་པ་བརྒྱ་རྩ་རེ་བཟླས་སོ། །བགེགས་བདག་ཆེན་པོ་སྐུ་མདོག་དམར་པོ་ཞགས་གཡས་བརྐྱང་བ། ཞལ་གཅིག་སྤྱན་གསུམ་པ། མཆེ་བ་གཙིགས་པ། གཡས་བརྐྱང་བ། ཞལ་གཅིག་སྤྱན་གསུམ་པ་།མཆེ་བ་གཙིགས་པ། སྤོཾ་ལ་ཐུང་བ། གསུས་ཁྱིམ་ཆེ་བ། ཐོར་ཆུགས ་འཁྱིལ་བ། འཇིགས་ཤིང་རྔམ་པ། གླང་པོའི་གདོང་ཅན། དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་བཅུ་གཉིས་ཀྱི་གཡས་དང་པོ་དགྲ་སྟེ། གཉིས་པ་གཏུན་ཤིང་།གསུམ་པ་མདའ་གཞུ། བཞི་པ་ཁ་ཊཝཱཾ་ག་།ལྔ་པ་ལྕགས་ཀྱུ། དྲུག་པ ་ཐོད་ལ་ཁྲག་གིས་གང་བ། །གཡོན་གྱི་དང་པོ་རྡོ་རྗེ་།གཉིས་པ་རལ་གྲི། གསུམ་པ་ཐོད་པ་ཤ་ཆེན་གྱིས་གང་བ། །བཞི་པ་ཕུབ་ཆུད་།ལྔ་པས་བ་དན་རྩེ་གསུམ་པ། དྲུག་པས་འཕང་མདུང་བསྣམས་པའོ། །པད་མ་དམར་པོ་དང་ཉི་མའི་དབུས་ན་ཞབས ་?་ཆོས་བརྐྱང་བའི་གར་སྟབས་ཀྱིས་བཞུགས་པའོ། །བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས། གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་ནག་པོ། །རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་མཁའ་འགྲོ་ནས་ཕྱུང་པ་རྫོགས་སོ། །།རྒྱ་གར་གྱི་པཎྜི་ཏ་ག་ཡ་དྷ་ར་དང་།ལོ ་ཙ་བ་གྱི་?་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ།། །།ཆོ་ག་?་བསྟོད་པ། རྒྱ་གར་སྐད་དུ་།ཨཱརྱ་ག(རྒྱུད་འགྲེལ་ལ་ཕྱག་འཚལ་ལོ། །ལོ་ཀ་མགོན་མཛད་གནང་བར་མཛད། །དཔལ་མཛད་དེ་བཞིན་ཕན་པར་མཛད། །མཉམ་པ་མེད་ཅིང་དཔེ་མེད་པ། །ཚོགས་བདག་དེ་ལ་ཕྱག་འཚལ་ལོ།། གསང་སྔགས་དབང་ཕྱུག་རིགས་སྔགས་རྒྱལ། །ལོངས་སྤྱོད་འབྱུང་གནས་གཏེར་གྱི་མཆོག་། ་འབྲས་བུ་མངོན་པར་སྟོན་པ་པོ། །ཚོགས་བདག་དེ་ལ་ཕྱག་འཚལ་ལོ། །དཔའ་བོ་ཆེན་པོ་བདུད་ལག་རྒྱལ། །སྟོབས་ཆེན་ཉོན་མོངས་གཡུལ་འཇོམས་ཤིང། །བགེགས་མ་གྲོ་མས་དུ(རྒྱུད་འགྲེལ་སྐུ། །རིན་ཆེན་ཆེན་པོ་རིན་ཆེན་འབྱུང། །རིན་ཆེན་བསྟན་པ་བསྲུང་མཛད་པ། །གླང་ཆེན་སྣང་ལྡན་གཙོ་ལ་འདུད། །ཚོགས་ཀྱི་བདག་པོ་རྫུ་འཕྲུལ་ཆེ། །ལྷ་དམག་དཀར་པོའི་དབུགས་འབྱིན་ཅིང། །ལྷ་མན་ནག་པོའི་གཡུལ་བཟློག་པ། །གླང་ཆེན་སྣ་ལྡན་གཙོ ་ལ་འདུད། །སྐུ་ནི་ཡོན་ཏན་རིན་ཆེན་ཏེ། །གསུང་ནི་ཡོན་ཏན་ངོ་བོ་ཉིད་།ཐུགས་ནི་ཡོན་ཏན་བདག་ཉིད་ཅན། །གླང་ཆེར་སྣར་ལྡན་གཙོ་ལ་འདུད། །འཕགས་པ་ཚོགས་ཀྱི་བདག་པོ་ལ་བསྟོང་པ། །སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། ་?་རྒྱབ་ཀྱི་?་མན་ངག། །རྒྱ་གར་སྐད་དུ་།མཧཱ་བི་ན་ཡ་ཀ་རཱུ་པ་ཨུ་པ་དེ་ཤར་ངན་ནཱ་མ། བོད་སྐད་དུ་། བགེགས་བདག་ཆེན་པོའི་སྐུ་བྲི་བའི་མན་ངག་ཡིད་བཞིན་ནོར་བུ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཁོར་ལོ་སྡོམ་པ་ལ་བཏུང་དེ། ་དགེགས?་བདག་ཆེན་པོའི་བྲིས་སྐུ་བྲི། །རོལ་གཡོགས་པའི་རས་སི་ནི། །མཚོན་གྱིས་བསྣུན་པའི་རས་དང་ཡང། །བུ་བཙས་ཤི་བའི་རས་དང་ནི། །བ་གླང་?་སོགས་ཁྱད་པར་ལས། །ནག་པོའི་བརྒྱད་དང་བཅུར་ཞི་ལ། །འབྱུང་པོའི་དཀྱིལ་འཁོར་བསྒྲུབ་པར་བྱ། །རི་མོ ་མཁན་ཡང་དམ་ཚིག་ལྡན། །སྒྲུབ་པོ་དག་གིས་བྲི་བར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །སྒོ་བསྲུང་དག་ནི་ཡང་དག་ལྡན། །དངོས་གྲུབ་ཀུན་གྱི་ཡོན་ཏན་གནས། །འདོད་པའི་ཡོན་ཏན་ལྔས་གང་བ། །མཆོད་པ་ལྔ་ཡིས་བརྒྱན་པ་ཡིས། །དཀྱིལ་འཁོར་ཉམས ་