CLOSE WINDOW

N3764: dpal rdo rje mkha' 'gro'i bsgrub thabs shes bya ba
Wyliee-texts based on the ACIP/ALL Input

ཚོགས་ནོར་བུའི་སྒྲུབ་ཐབས་འདི། །འཁོར་ལོ་སྡོམ་པ་ཉིད་ཐོབ་ཤོག་།སྣ་ཚོགས་ནོར་བུ་བདེ་མཆོག་འཁོར་ལོའི་སྒྲུབ་ཐབས་ཤེས་བྱ་བ། །སློབ་དཔོན་ནག་པོ་པས་མཛད་པ་རྫོགས་སོ།། །། ་པཎྜི་ཏ་ག་ཡ་དྷ་ར་དང། ལོ་ཙ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ།། །།འབྱུང་པོ་འདུལ་བྱེད་?་བསྒྲུབ་ཐབས། རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀི་ནི་སཱ་དྷཱ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོའི་བསྒྲུབ་ཐབས་ཤེས་བྱ་བ། ཧེ་རུ་ཀ ་དཔལ་ཕྱག་འཚལ་ནས། །རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་བཤད། །འདི་ཉིད་ཆོ་གས་བསྒྲུབས་གྱུར་ན། །མ་མོ་རྣམས་ཀྱང་བསྒྲུབ་པའི་མཆོག་།དེ་དབུས་ཁྲོ་བོ་ཆེན་པོ་ནི། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །ཁྲོ་བཅས་ཞལ་ནི ་བཞད་པ་དང། །སྐུ་མདོག་སྔོ་ནག་འཇིགས་ཆེན་པོ། །ཐོད་པའི་ཕྲེང་བས་བརྒྱན་པའོ། །རོ་དང་ཉེ་སྟེང་གཡོན་བརྐྱང་ཞིང། །གཡས་སྐུ་མ་སྟག་ལྤགས་ཀྱིས་བརྒྱན་པ། །གར་ལྡན་སུམ་ཅུ་གསུམ་འཇིགས་མཛད། །སྤྱན་གསུམ་ཆེར་བསྒྲད་བགེགས་ཀུན་གནོན ་རྡོ་རྗེ་ཐོད་ཁྲག་ཐུགས་ཁར་འཛིན། །འོག་མས་མདའ་གཞུ་རྒྱབ་ནས་འགེངས་ཚོགས་བདག་སྟོང་པའི་ངང་ཉིད་ལས། ། ལས་པདྨ་རཾ་ཉིད་ལས། །ཉི་སྟེངས་ཧཱུཾ་ལས་རྡོ་རྗེ་ལས། །རང་ཉིད་ཁྲོ་རྒྱལ་གསལ་བའི་མདུན། །ག(རྒྱུད་འགྲེལ་དགུག་སྔགས་བརྒྱ་ཡིས་སྤྱན་དྲངས་ཏེ། ཕྱག་མཆོད་བསྟོང་བས་དངོས་གྲུབ་བླངས། །གལ་ཏེ་འགོར་ན་རང་ཉིད་ལུས། །ཧཱུཾ་མཛད་སྐྱེད་རིམ་བརྟན་བྱས་ནས། །གསང་སྔགས་འབུམ་བཟླས་ཞབས་འོག་བཅུག་།ཕྱག་གཡས་མཐེ་བོང་མཐེ་ཆུང་མནན། །མཛུབ་གསུམ ་རྡོ་རྗེའི་ཕྱག་རྒྱ་ཡིས། །གཟིར་ཏེ་ཐུགས་ཀའི་པད་སྟེང་གི་།རཾ་ལས་མེ་འབར་ཚིག་པ་ཡིས། །སྐྲག་སྟེ་ཐལ་སྦྱར་གུས་བཏུད་ནས། །བཀའ་ཉན་དངོས་གྲུབ་སྟེར་བར་བསམ། །ལྷ་ཆེན་གཟིར་བའི་མན་ངག་གཞན། །མི་བྲི་སྡིག་ཆེ་ཞལ་ལས་ཤེས། །གྲུབ་པ ་བརྙེས་པའི་རྣལ་འབྱོར་པ་ནག་པོ་སྤྱོད་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ག་ཡ་དྷ་ར་དང། བོད་ཀྱི་ལོ་ཙྪ་བ་འབྲོག་གི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །།?་རྒྱལ་ཀྱི་གྲུབ་ཐབས། ། ་རྒྱ་གར་སྐད་དུ། བི་ན་ཡ་ཀ་རཱ་ཛ་སཱ་དྷ་ནཱ་མ། བོད་སྐད་དུ། བགེགས་ཀྱི་རྒྱལ་པོ་བསྒྲུབ་པའི་ཐབས་ཤེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་བཤད། །ལྷ་མོ་སྐལ་བ་ཆེན་མོ་ཉོན། །མ་མོའི་ཁྱིམ? ་དང་ཉམས་དགའ་ཨི་གནས། །བློ་ལྡན་མཆོད་པ་སྔོན་འགྲོ་བས། །སྒོམ་པ་བཟང་པོ་བྱ་བ་ཉིད། །འབད་པས་བྲིས་སྐུ་དམིགས་ནས་ནི། །སྐུ་མདོག་དམར་པོ་ཆེར་འབར་བ། །སྐྱིལ་ཀྲུང་འགྱིང་བའི་གར་གྱིས་བཞུགས། །ཞལ་གཅིག་པ་ལ་སྤྱན་གསུམ་པ། །རལ་པའི་ཐོར་ཅུག ་དག་གིས་བརྒྱན། །དམར་པོ་འབར་འཁྱིལ་འཇིགས་པའི་གཟུགས། །མཆེ་བ་གཙིགས་པ་ཡང་དག་བྲི། །དགྲ་སྟ་གཏུན་ཤིང་ཉིད་དང་ཡང། །དེ་བཞིན་དུ་ནི་མདའ་དང་གཞུ། །ཁ་ཊཝཱཾ་ག་དང་ལྕགས་ཀྱུ་དང། །ཐོད་ཁྲག་དམར་པོ་འཁྱིལ་བ་དང། །དེ་བཞིན་རྡོ་རྗེ་རལ་གྲི ་དང། །ཤ་ཆེན་ཐོད་པ་འཛིན་པ་དང། །ཕུབ་ཆུང་བ་དན་རྩེ་གསུམ་དང། །འཕང་མདུང་དག་དང་བཅུ་གཉིས་སོ། །ོཾ་ག(རྒྱུད་འགྲེལ་སྔགས་སོ། །སྟོང་ཕྲག་བརྒྱ་ཡིས་འགྲུབ་འགྱུར་བས། །དེ་ནས་ལས་རྣམས་ཡང་དག་བརྩམ། །ལན་གཅིག་ཡོངས་བཟླས་ཐིག་ལེ་བྱ། །སྔགས་པ་སྐལ་བཟང་མཐོང་དགར་འགྱུར། །རྒྱལ་པོའི་སྒོ་དྲུང་ཚེས་མཆོད་ཅིང། །དགྲ་རྣམས་འཇིགས་པས་འདུན་པར་འགྱུར། །བགེཌ ་རྣམས་སྐྲག་ཅིང་ཞི་བར་འགྱུར། །འདོད་པ་ཀུན་གྱི་འབྲས་སྟེར་བར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ོཾ་ག(རྒྱུད་འགྲེལ་