| Wylie | e-texts based on the ACIP/ALL Input |
པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང། ལོཙྪ་?་ནག་མཐུན་རྐྱེན་ཐམས་ཅད་ཚར་བས་ན་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །རྒྱལ་བའི་འབྱུང་གནས་ལ་གཏད་པའོ།། གསེར་གླིང་པའི་རྣལ་འབྱོར་གྱི་མཚན་ཡིན། །རྒྱ་གར་སྐད་དུ། བཱི་ན་ཡ་ཀ་ན་རཱ་ཛ་ས་དྷ་ནཱ་མ། བོད་སྐད་དུ། བགེགས་ཀྱི་རྒྱལ་པོའི ་སྒྲུབ་ཐབས་ཤེས་བྱ་བ། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །མ་མོའི་ཁྱིམ་དང་ཉམས་དགའ་བར། །སྒོམ་པ་བཟང་པོ་བྱས་པ་ཉིད། །འབད་པས་བྲིས་སྐུ་དམིགས་ནས་ནི། །སྔར་མཆོད་བློ་གྲོས་ལྡན་པ་ཡིས། །གར་མཁན་ཅིང་པ་རྟག་གནས་ལ། །དཔལ ་ཆགས་བདག་ཆེན་པོ་ཞབས་གཡས་བརྐྱང་བས་གནས་པ། །སྐུ་མདོག་དམར་པོ་འོད་མར་འབོད?་འབར་བ་དམར་པོས་འཁྲུགས་པ། ཞལ་ཅིག་པ། སྤྱན་གསུམ་པ། གླང་ཆེན་གདོང་རལ་པའི་དབུ་བརྒྱན་བཅིངས་པ། །མཆེ་བ་གཙིགས་པ། བོད་གེ་ཐུད་ལ་སྦོམ་ལ་རགས་པ། །གསུམ་པ ་འཁྱིལ་ཞིང་ཆེ་བ། །ཤིན་ཏུ་འཇིགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་བཅུ་གཉིས་པ། གཡས་དང་པོ་དགྲ་སྟ། གཉིས་པ་གཏུན་ཤིང། གསུམ་པ་མདའ་གཞུ་།བཞི་པ་ཁ་ཊཝཾ་ཀ་།ལྔ་པ་ལྕགས་ཀྱུ། དྲུག་ལ ་ཐོད་པ་ཁྲག་གིས་བཀང་པའོ། །གཡོན་པ་དང་པོ་རྡོ་རྗེ། གཉིས་པ་རལ་གྲི། གསུམ་པ་ཐོད་པ་ཆེན་པོས་བཀང་པ། །བཞི་པ་ཕུབ་ཆུང། ལྔ་པ་བ་དན་རྩེ་གསུམ་པ། དྲུག་པ་འཕང་མདུང་བསྣམས་པའོ། །པད་མ་དམར་པོ་དང་།ཉི་མའི་གདན་ལ་གནས་པའོ། ། ་ཨོཾ་ག(རྒྱུད་འགྲེལ་ལེ་དངོས་གྲུབ་གཉིས་བྱས། །སྔགས་པ་སྐལ་བཟང་མཐོང་ན་དགའ་། །རྒྱལ་པོའི་སྒོ་རུ་ཆེས་མཆོད་ཅིང། །དགྲ་རྣམས་ཐམས་ཅད་འཇིགས་པར་བྱེད། །བགེགས་རྣམས་ཉེ་བར་བཀྲོད་ཉིད་དོན་ཐམས་ཅད་?་སྤྲུལ་དང། །འདོད་པ་ཀུན་གྱིས་འབྲས་གཏེར་བར། །ཐེ་ཚོམ ་མེད་པ་ཉིད་དུ་འགྱུར། །དེ་ལྟའི་ཆོག་སྒྲུབ་པ་ཉིད། །མ་མོ་རྣམས་ནི་འགྲུབ་པའི་མཆོག་།དཔལ་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ཞེས་བྱ་བ། གྲུབ་པའི་རྟུལ་ཞུགས་བརྙེས་པ། སློབ་དཔོན་ནག་པོ་སྤྱོད་པ་བས་མཛད་པ་རྫོགས་སོ།། །། ་པཎྜི་ཏ་ག་ཡ་དྷ་ར་དང་ལོ་ཙྪ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ།། །།བདེ་མཆོག་གི་སྒྲུབ་ཐབས། རྒྱ་གར་སྐད་དུ། ཀར་མ་མ་ཎི་ཙཀྲ་སཾ་བྷ་སཱ་དྷ་ནཱ་མ། བོད་སྐད་དུ། སྣ་ཚོགས་ནོར་བུ་བདེ་མཆོག་འཁོར་ལོའི་སྒྲུབ་ཐབས་ཤེས ་